Wylie | e-texts based on the ACIP/ALL ![]() ![]() |
། །།གསང་འདུས་ཀུན?་སྙིང་གི་འགྲེལ་ཆེན་དུམ་བུ་གཉིས་པ་བཞུགས་སོ།། །།དེ་ནས་ད་ནི་ལེའུ་བཞི་པའི་འོག་དུ་།ལེའུ་ལྔ་པ་སྤྱོད་པ་ཀུན་གྱི་མཆོག་གི་ལེའུ་བཤད་པར་བྱ་སྟེ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །གནས་ཀྱི་དབང
ཕྱག་ཀུན་མཆོག་གིས། །སྦྱོར་བ་ཀུན་མཆོག་ཆོས་ཀྱི་དོན། །སྦྱོང་པའི་མཚན་ཉིད་བཤད་དུ་གསོལ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། དེ་ནས་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ
ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དེ?། བརྗོད་དུ་ཡོད་པ་དང་?་བརྗོད་དུ་མེད་པ་ཐམས་ཅད་ཀྱིས་ལེའུ་བཞི་པ་བཤད་པར་རྫོགས་པར་སོང་བའི་འོག་ཏུ། ལེའུ་ལྔ་པའི་དོན་ཐོས་པར་བྱ་བའི་ཕྱིར་མཚོན་པའི་དོན་དུ
གསུངས་སོ། །རྒྱལ་པོ་ཞེས་པ་ནི་ཉིད་ཀྱི་འཁོར་གྱི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་ཐམས་ཅད་ཀྱི་དབུས་ན་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཡེ་ཤེས་ཀྱི་ཆོ་ང་འཕྲུལ་སྣ་ཚོགས་ཀྱི་བྱེ་བྲག་འགྲོ
ཞིང་མཛེས་པས་རྒྱལ་པོའོ། །གཞན་ཡང་བདུད་དང་བགེགས་ཀྱི་དཔུང་བཅོམ་སྟེ་རྒྱལ་བ་ཐོབ་པས་རྒྱལ་པོའོ། །དེ་ལྟར་རྒྱལ་པོའི་དོན་དུ་ཤེས་པར་བྱའོ། །རྡོ་རྗེ་འཛིན་པ་ཞེས་པ་ནི་བྱེ་བྲག་རྣམ་པ་གཉིས་ཏེ། ཕྱི་དང་ནང་ངོ། །ཕྱི་ནི་གཡས་དང་པོ
ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་འགྱིང་བག་གི་ཚུལ་དུ་འཛིན་པ་དེ་ནི་མ་རུངས་བ་གནོད་པ་བྱྡ་པ་ཐམས་ཅད་མེད་པར་བྱྡ་པའི་མཚོན་གྱི་ངོ་བོ་སྟེ། དེ་ལྟར་ཕྱིའི་རྡོ་རྗེ་འཛིན་གྱི་དོན་དུ་གསུངས་སོ། །ནང་གི་དེ་བཞིན་གཤེགས་པ་ཐམས
ཅད་ཀྱི་སྐུ་རྡོ་རྗེ་དང། གསུང་རྡོ་དང། ཐུཌ་རྡོ་གསུམ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་སྐུ་ཕྱག་རྒྱས་མི་ཕྱེད་པ་གཉིས་སུ་མེད་པའི་ངོ་བོར་འཛིན་པས་དེ་ལྟར་ནང་གི་རྡོ་རྗེ་འཛིན་གྱི་དོན་དུ་གསུངས་སོ། །གནས་ཀྱི་དབང་ཕྱུག་ཅེས་པ་ནི། སྟོང་གསུམ་གྱི
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་ལྷ་དང་མི་ལ་སོགས་པ་སེམས་ཅན་མ་ལུས་པ་རྣམ་ཀྱི་དོན་གྱི་ཕྱིར་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། ཡེ་ཤེས་ཀྱི་སྒྱུ་འཕྲུལ་གྱི་བྱེ་བྲག་གིས་ཐབས་སྣ་ཚོགས་ཀྱིས་བྲན་བཞིན་དུ
འདུལ་བར་མཛད་དོ། །གཞན་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུའི་བྱེ་བྲག་གི་བདག་ཉིད་སྟན་པ་རྡོ་རྗེ་མི་བསྐྱོད་པའི་ཕྱག་རྒྱའི་ངོ་བོ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་གནས་པས
དེའི་ཕྱིར་གནས་ཀྱི་དབང་གི་དོན་དུ་གསུངས་སོ། །ཀུན་མཆོག་ཞེས་པ་ནི་མདུན་དུ་སྨོས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ལྷ་དང་མི་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ནང་ན་སྟོན
པ་རྡོ་རྗེ་མི་བསྐྱོད་པ་ཡེ་ཤེས་ཐམས་ཅད་ཀྱི་སྟོབས་དང། ཆོས་འཕྲུལ་དང། མངོན་པར་ཤེས་པ་དང་ལྡན་པ་དེའི་ཕྱིར་ཀུན་མཆོག་ཅེས་གསུངས་སོ། །སྤྱོད་པ་ཀུན་ཞེས་པ་ནི་བྱེ་བྲག་རྣམ་པ་གསུམ་དུ་དབྱེ་སྟེ། ཕྱི་དང
ནང་དང་གསང་བའོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། ཕྱི་དང་ནང་གི་ནི་སྔགས་པས་ཕ་རོལ་ལྟ་ཕྱིན་པ་བཅུའི་ངོ་བོ་བླ་ན་མེད་པའི་འབྲས་བུ་མ་གྲུབ་གྱི་བར་དུ་སྤྱད་པར་བྱ་སྟེ། ཐུགས་མཉམ་པའི་ཐུགས་རྗེ་ཆེན་པོ་སྐྱེས་ནས
སེམས་ཅན་ཐམས་ཅད་ལ་འབྱོར་པའི་བྱེ་བྲག་ཕུན་སུམ་ཚོགས་པ་རྣམ་པར་དག་པ་གསུམ་གྱི་ཚུལ་དུ་སྦྱིན་པར་བྱ་སྟེ། རྣམ་པར་དག་པ་གསུམ་གྱི་ཚུལ་ནི། དང་པོ་འབྱོར་པ་ཕུན་སུམ་ཚོགས་པ་ལ་བསྟན་པ་དང། ངེས་པ་དང
བདག་གིར་ཡིན་པར་འཛིན་པའི་སེམས་སྤངས་ཏེ། མི་རྟག་པ་དང། འཇིག་པ་དང། སྟོང་པའི་ངོ་བོར་ཤེས་ནས་སྦྱིན་པར་བྱ་བ་དང། དེ་བཞིན་དུ་སྦྱིན་པའི་དུས་སུ་སྦྱིན་པ་པོས་བདག་གིས་སྦྱིན་པ་དང། སྦྱིན་པ་པོ་གཞན་དང་གྲགས
པ་མཉམ་པར་འདོད་པའི་ཕྱིར་སྦྱིན་པ་འཛིན་པའི་སེམས་སྤངས་ནས་སྦྱིན་པར་བྱ་བ་དང། དེ་བཞིན་དུ་ལེན་པ་པོ་ཡོན་ཏན་དང་མི་ལྡན་ཏེ། སྡིག་པ་ཅན་ལ་བྱིན་ན་བདག་གིས་བསོད་ནམས་ཀྱི་འབྲས་བུ་མི་འཐོབ་སྟེ། ཡོན་ཏན
དང་བསོད་ནམས་དང་ལྡན་པ་ལ་བྱིན་ན། བསོད་ནམས་ཀྱི་འབྲས་བུ་ཐོབ་པར་གཉིས་སུ་འཛིན་པའི་རྟོག་པ་སྤངས་ནས་སྦྱིན་པར་བྱ་བ་དང། གསུམ་མོ། །མདོར་བསྡུས་པ་སྦྱིན་པའི་རྫས་དང། སྦྱིན་པ་པོ་དང། ལེན་པ་པོ་གསུམ
མི་དམིགས་པ་སྟོང་པའི་ངོ་བོར་སྦྱིན་པར་བྱའོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་ཤེས་པར་བྱའོ། །དེ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བརྒྱུད་ཀྱི་ནང་ནས་འབྱུང་བའི་དམ
ཚིག་སྡོམ་པའི་མཆོག་རྡོ་རྗེ་སློབ་དཔོན་ལས་མནོས་པ་ནས། བླ་ན་མེད་པའི་འབྲས་བུ་མ་གྲུབ་ཀྱི་བར་དུ་དམ་ཚིག་གི་སྡོམ་པ་དུས་རྟག་ཏུ་མི་ཉམས་པར་བསྲུང་བར་བྱ་སྟེ། དམ་ཚིག་གི་སྡོམ་པའི་དོན་གསལ་བར་བསྟན་པར་བྱའོ། །
གཤད་གཅི་ཤ་དང་ཁྲག་དང་ནི། །ལྔ་པ་སེམས་ལས་བྱུང་བའོ། །ཞེས་འབྱུང་ངོ། །དེ་བཞིན་དུ་ཕྱིའི་དམ་རྫས་རྣམ་པ་ལྔ་བླངས་ཏེ། གླངས་པོ་ཆེའི་ཤ་དང་ཤ་ཆེན་དང། རྟ་ཤ་དང། ཁྱི་ཤ་དང། བ་གླང་ཤའོ། །མདོར་བསྡུ་བ་དེ་དག
སྔགས་པས་ཉིན་མཚན་དུ་བཟའ་བར་བྱའོ། །དམ་རྫས་དེ་དག་བཟའ་ཞིང་བརྡ་སྐད་གྱི་ཚུལ་ཁྲིམས་བཞི་བསྒྲུང?་བར་བྱ་བ་བསྟན་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱི
བླང། །བུད་མེད་དག་ཀྱང་བསྟེན་པར་བྱ། །ཞེས་འབྱུང་སྟེ། དེ་བཞིའི་དོན་ནི་ལེའུ་བཞི་པར་རྒྱས་པར་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན
པར་མིང་བཏགས་པ་མ་གྲུབ་ཀྱི་བར་དུ་དུས་རྟག་ཏུ་རྒྱུན་མི་འཆད་པར་སྤྱད་པར་བྱའོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱད་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་ནི་སྔགས་པས་གསང
སྔགས་ཀྱི་བསྒྲུབ་པ་མ་གྲུབ་ཀྱི་བར་དུ་ཉན་ཐོས་ལ་སོགས་པ་ཏི་རྟི་ཀ་དང། གཞན་ཡང་མའི་རིགས་གང་ཡང་རུང་བས་སྨོད་པའི་ལས་ཀྱི་བྱེ་བྲག་སྣ་ཚོགས་བྱེད་ན། ཐུགས་རྗེ་ཆེན་པོའི་སེམས་བསྐྱེད་ནས་བཟོད་པ་བྱ་སྟེ། སེམས་ཅན
དེ་དག་ལ་བུ་བཞིན་དུ་བལྟ་བར་བྱའོ། །དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པར་བྱ་བ་ནི། ཅི?་ལྟར་རྒྱལ་པོས་འབངས་ལ་བཀའ་སྩལ་པ་ཐོས་མ་ཐག་ཏུ་?
ཀྱིས་མྱུར་བ་མྱུར་བར་དོན་བྱེད་པ་དེ་བཞིན་དུ་སྔགས་པས་རང་དགའ་བའི་ལྷ་རྗེས་སུ་དྲན་པས་བསྒོམ་པ་དང། བཟླས་པ་དང། གཞན་ཡང་དམ་རྫས་རྣམས་ཅི་ལྟར་འབྱུང་བའི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་བཟླ་བར་བྱའོ། །
དེ་དག་ལ་སོགས་པ་དགེ་བའི་ལས་ཐམས་ཅད་ལ་དུས་རྟག་ཏུ་བརྩོན་འགྲུས་བྱའོ། །འོན་ཏེ་ངེས་པར་འགྲུབ་པར་འགྱུར་རོ། །དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱད
པ་ནི་སྔགས་པས། བསྒྲུབ་པའི་དངོས་གྲུབ་ཀྱི་འབྲས་བུ་མ་གྲུབ་ཀྱི་བར་དུ་བསམ་གཏན་གྱི་བྱེ་བྲག་རྣམ་པ་གསུམ་གཉིས་སུ་མེད་པར་རྒྱུན་མི་འཆད་པར་བྱའོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། ཕྱིའི་རྫས་ཀྱི་དངོས་པོ་ཐམས་ཅད
ཀྱི་ཁ་དོག་དང། དབྱིབས་ཇི་སྙེད་མིག་གིས་མཐོང་བ་ཐམས་ཅད་རང་དགའ་བའི་ལྷའི་སྐུ་ཕྱག་རྒྱ་དང་གཉིས་སུ་མེད་པའི་ངོ་བོར་བསྒོམ་པར་བྱ་བ་དང། གཞན་ཡང་སྔགས་པས་བདག་གིས་བྱས་པ་དང་ཕྱི་མའི་སེམས་ཅན་གྱིས་བྱས་པ་དང?
རང་བཞིན་གྱིས་གྲགས་པའི་སྒྲ་ཇི་སྙེད་པ་དེ་དག་རང་དགའ་བའི་ལྷའི་སྔགས་ཀྱིས་བཟླས་པ་དང། གཉིས་སུ་མེད་པར་བསྒོམ་པར་བྱ་བ་དང། གཞན་ཡང་སྔགས་པས་ཁ་ཟས་ཀྱི་བྱེ་བྲག་ཅི་ཟ་བ་དེ་དག་ཕྱིའི་དམ་རྫས་ཀྱི་ངོ་བོ
ཤ་རྣམ་པ་ལྔ་དང་གཉིས་སུ་མེད་པར་བསྒོམ་བ་དང། དེ་བཞིན་དུ་བཏུང་བར་བྱ་བ་ཇི་སྙེད་པ་རྣམས་ནང་ནས་འབྱུང་བའི་བདུད་རྩི་རྣམ་པ་ལྔའི་ངོ་བོ་ཡིན་པར་བསྒོཾ་པ་དང་གསུམ་མོ། །དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པར
བྱ་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་ནི་དང་པོ་སྔགས་པས་སངས་རྒྱས་ཀྱི་ཆོས་ཕྱི་ནང་མ་ལུས་པ་སློབ་དཔོན་ལས་རིམ་པར་ཐོས་པར་བྱའོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་རིག་བྱེད་ཐམས་ཅད་བསླབ
པར་བྱའོ། །དེ་ལྟར་ཐོས་པའི་ཆོས་ཐམས་ཅད་སེམས་བརྟན་པ་དང་བརྩོན་པས་དོན་བསམ་པར་བྱ་སྟེ། དེ་ལྟར་བསམས་པས་ཕྱིའི་ཆོས་ཐམས་ཅད་ཀྱི་ནང་ན། ཐེག་པ་ཆེན་པོ་གསང་སྔགས་ཀྱི་དོན་ནི་ཤེས་རབ་ཀྱིས་རྟོགས་པར་འགྱུར་རོ། །བཤད
པར་བྱ་སྟེ། སྐྱེ་བ་འདིས་སྐྱེ་ཤི་ལས་ཀྱིས་འཁོར་བ་མེད་པར་བྱ་བའི་ཕྱིར་བླ་ན་མེད་པའི་དངོས་གྲུབ་ཀྱི་འབྲས་བུ་སྒྲུབ་པར་བྱེད་དོ། །དེ་ལྟར་སེམས་ཀྱི་དོན་རྟོགས་པས་གསང་སྔགས་ཀྱི་དོན་གྱི་མན་ངག་བླ་ན་མེད་པའི་དངོས་གྲུབ་ཀྱི་འབྲས་བུ?་མ
གྲུབ་ཀྱི་བར་དུ་སེམས་བརྟན་པས་དུས་རྟག་ཏུ་རྒྱུན་མི་ཆད་པར་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །བཤད་པར་བྱ་སྟེ། སྔགས་པས་མདུན་དུ་སྨོས་པའི་ཚུལ་བསྒོམས་པས་དང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་ཤེས་རབ
རིག་པ་ཐམས་ཅད་ཀྱི་ངོ་བོ་འགྲུབ་སྟེ། དེ་གྲུབ་པའི་འོག་ཏུ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་དོན་ཁྱད་པར་རྟོགས་ནས་ཤེས་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཇི་ལྟ་བ་བཞིན་དུའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ
ན་མེད་པའི་ཤེས་རབ་ཀྱི་དོན་བསྟན་པར་བྱ་སྟེ། དོན་བསྟན་པར་མ་སྐྱེས་པ་སྟོང་པའོ། །གཞན་ཡང་རིག་པའི་ཡེ་ཤེས་ཐམS་ཅད་ཀྱི་སྙིང་པོའི་ངོ་བོ་ཡིན་ཏེ། དེ་ལྟ་བུའི་བླ་ན་མེད་པའི་ཤེས་རབ་གོང་དུ་སྨོས་པའི་བསྒོམས་པས་མ་རིག་པའི་དྲིང་བ
བཅད་ནས་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་འབྲས་བུའི་ངོ་བོ་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་ཤུགས་ཀྱིས་ཉོན་མོངས་པའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་དོན་དུ་ཤེས་པར་བྱའོ། །དེ་ནས
ཐབས?་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་ནི་སྔགས་པས་བླ་ན་མེད་པའི་དངོས་གྲུབ་མ་གྲུབ་ཀྱི་བར་དུ་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཀྱི་ནང་ནས་འབྱུང་བ། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའ་སེམས་ཅན་ཐམས་ཅད་འཁོར་བར་འཁོར་པའི་སྐྱེ?་ཤི
མེད་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་སྒྱུ་འབྲུལ་གྱི་སྤྲུལ་པའི་བྱེ་བྲག་སྣ་ཚོགས་མཛད་པ་དེ་བཞིན་དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་དུས་རྟག་ཏུ་བྱའོ། །དེ་ལྟར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་དོན་དུ་ཤེས་པར་བྱའོ། །
དེ་ནས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པས་ནི་སྔགས་པས་བླ་ན་མེད་པའི་དངོས་གྲུབ་ཀྱི་འབྲས་བུ་མ་གྲུབ་ཀྱི་བར་དུ་དུས་རྟག་ཏུ་བསྒོམ་པ་དང། བཟླས་པ་དང། ནད་གི་སྨད་དུ་བྱུང་བའི་གཏོར་མ་དང། དེ་བཞིན་དུ་ཕྱི་དང་ནང་གི
མཆོད་པ་བྱ་སྟེ། བྱེ་བྲག་དེ་དག་རྫོགས་པའི་འོག་ཏུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། སེམས་ཅན་མ་ལུས་པ་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང
ཐུགས་རྡོ་རྗེ་གསུམ་དོན་དམ་པར་གཉིས་སུ་མེད་པ་དང། གཉིས་སུ་མེད་པའི་དངོས་གྲུབ་ཀྱི་འབྲས་བུའི་ངོ་བོ་གྲུབ་པར་གྱུར་ཅིག་པར་སྨོན་ལམ་གདབ་བོ། །དེ་ལྟར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་དོན་དུ་ཤེས་པར་བྱའོ། །
དེ་ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པར་བྱ་བ་ནི། སྔགས་པས་བླ་ན་མེད་པའི་དངོས་གྲུབ་ཀྱི་འབྲས་བུ་མ་གྲུབ་ཀྱི་བར་དུ་དུས་རྟག་ཏུ། བཛྲ་ཧཱུཾ་ཀ་ར་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་བཅུ་སྤྲོ་བ་དང་བསྡུ་བའི་སྟེབས་ཀྱིས་གནོད་པ་བྱེད་པ
མ་རུངས་པ་ཐམས་ཅད་གཞོམ་པའི་ཕྱིར། དེ་ལྟར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་ནི། སྔགས་པས་བླ་ན་མེད་པའི་འབྲས་བུ་མ་གྲུབ་ཀྱི་བར་དུ།
རྟག་དུ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་ཏེ། དེ་བཞིན་གཤེགས་པ་རྣམ་ལ་ལྔ་ཉིད་ཀྱི་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པར་བརྟག་སྟེ། དེའི་འོག་ཏུ་སྔགས་པས་རང་དགའ་བའི་ལྷ་གང་ཡིན་པ་མདུན་དུ་སྨོས་པའི་དེ་བཞིན
གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་གཉིས་སུ་མེད་པའི་སྐུ་ཕྱག་རྒྱ་དེ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་པར་བྱའོ། །གཞན་ཡང་བསྒོམ་པའི་དུས་སུ་ཉིད་ཀྱི་ལྷའི་སྔགས་དེ་ཉིད་རིགས་ཀྱི་ཡེ་ཤེས་ཀྱི
ངོ་བོ་ཡིན་ཏེ། ཡེ་ཤེས་དེ་ཡང་གོང་དུ་སྨོས་པའི་ཡེ་ཤེས་རྣམ་པ་ལྔ་དང་གཉིས་སུ་མེད་པར་རྟག་ཏོ་།དེ་ལྟར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་གོང་དུ་སྨོས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི
སྤྱོད་པ་སྤྱད་པར་བྱ་བདེ་ཕྱི་ནང་ཕྱེ་ནས་བསྟན་པར་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་བཞིའི་སྤྱོད་པ་ནི་ཕྱིའི་ཡིན
པར་བསྟན། ཕ་རོལ་ཏུ་ཕྱིན་པ་གཞན་པ་དྲུག་ནི་ནང་གི་ཡིན་པར་བསྟན་ཏོ། །དེ་ནས་སྤྱོད་པ་ཀུན་ཞེས་པའི་དོན་གསལ་བར་བྱེ་བྲག་ཏུ་བསྟན་པར་བྱ་སྟེ། སྔགས་པས་གསང་བའི་སྒྲུབ་པ་ཆེན་པོ་བསྒྲུབ་པའི་དུས་སུ་དཔལ་རྡོ་རྗེ་སེམས་དཔའ་
དང་གཉིས་སུ་མེད་པར་བསྒོམ་པའི་སྦྱོར་བས་སམ། ཡང་ན་རང་གི་མོས་པའི་ལྷའི་ཚ་བའི་ང་རྒྱལ་དུ་བསྒོམ་པའི་སྦྱོར་བས་ཕྱིན་ཅི་མ་ལོག་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ་ཐབས་དང་ཤེས་རབ་རོལ་པ་བྱའོ། །བཤད་པར་བྱ་སྟེ།
ཕྱི?་ནང་གཉིས་ཏེ་ཕྱི་དང་ནང་ངོ། །ཕྱིའི་མི་མ་དང་སྲིང་མོ་དང་བུ་མོའོ། །དེ་དག་དང་འདོད་ཆགས་ཆེན་པོའི་སེམས་དགའ་བས་འགྱིང་བག་གི་ཚུལ་གྱིས་བྱེ་བྲག་སྣ་ཚོགས་སུ་སྤྱད་པར་གསུངས་སོ། །ནང་གི་ནི་མ་སྤྱད་པའི་དུས་སུ་རྡོ་རྗེའི
རིགས?་མཉེས་པར་བྱེད་པ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་ངོ་བོར་བརྟག་གོ་། སྲིང་མོ་སྤྱད་པའི་དུས་སུ་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ནང་ན་རང་དགའ་བའི་ལྷ་གང་ཡིན་པའི
སྒོམ་པའི་སྦྱོར་བ་བྱས་ཏེ། དེའི་ཡེ་ཤེས་རབ་ལྷ་མོ་སེམས་མ་རྡོ་རྗེ་མར་གཉིས་སུ་མེད་པར་བརྟག་པར་བྱའོ། །བུ་མོ་སྤྱད་པའི་དུས་སུ་ཡ་མཱནྟ་ཀ་དང་པྲཛྲམནྟ?་ཀ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་བཅུའི་ནང་ན་རང་དགའ་
བའི་ལྷ་གང་ཡིན་པའི་སྒོམ་པའི་སྦྱོར་བ་བྱས་ཏེ། དེའི་ཤེས་རབ་ལྷ་མོ་ཁྲོ་མོའི་རྒྱལ་མོ་དང་གཉིས་སུ་མེད་པར་ངོ་བོར་བརྟག་པར་བྱའོ། །དེ་ལྟར་མདོར་བསྡུས་པ་གསང་བའི་སྤྱོད་པ་ཀུན་ཞེས་པའི་དོན་དུ་ཤེས་པར་བྱའོ། །མཆོག་ཅེས་པ་ནི
མདུན་དུ་སྣོས་པའི་ཕྱི་དང་ནང་དང་གསང་བ་གསུང་གྱི་སྤྱོད་པའི་བྱེ་བྲག་སྤྱད་པར་བྱ་བ་དེ་ནི། ལྷ་དང་མིའི་ཐེག་པ་དང། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་སོགས་པ་སྤྱོད་པ
ཐམས་ཅད་ཀྱི་ནང་ན་འདི་ནི་སྤྱོད་པའི་མཆོག་ཡིན་ནོ། །བཤད་པར་བྱ་སྟེ། སྤྱོད་པ་འདི་སྤྱོད་པས་སྐྱེ་བ་འདི་ལ་གཟུགས་ཀྱི་ཕུང་པོ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ངོ་བོར་འགྲུབ་པར་འགྱུར་ཏེ། དེའི
ཕྱིར་མཆོག་ཅེས་གསུངས་སོ། །ཆོས་ཀྱི་དོན་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །སྤྱོད་པའི་མཚན་ཉིད་ཞེས་པ་ནི་མདུན་དུ་སྨོས་པའི་བྱེ་བྲག་རྣམ་པ་གསུམ་གྱི་སྤྱད་པ་སྤྱོད་པའི་དུས་སུ། སྔགས་པས་སྟོན་པ་མི་བསྐྱོད
རྡོ་རྗེ་འཛིན་དང་གཉིས་སུ་མེད་པའི་ང་རྒྱལ་བྱས་ནས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྤངས་ནས་སྤྱད་པར་བྱའོ། །དེ་ལྟར་སྤྱོད་པའི་མཚན་ཉིད་ཀྱི་དོན་དུ་གསུངས་སོ། །བཤད་དུ་གསོལ་ཞེས་པ་ནི་སྟོན་པ་མི་བསྐྱོད་རྡོ་རྗེ་འཛིན་ཁྱོད
ཀྱིས་བདག་ཅག་འཁོར་ཐམས་ཅད་ལ་བཤད་དུ་གསོལ་ཞེས་པའོ། ། །།ད་ནི་གོང་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་འོག་ཏུ་སྟོན་པ་མི་བསྐྱོད་རྡོ་རྗེ་འཛིན
གྱིས་སྤྱོད་པའི་མཚན་ཉིད་བཤད་པར་སྟན་པར་བྱ་སྟེ། རྣམ་པར་མི་རྟོག་ལས་བྱུང་བ། །འདོད་ཆགས་ཞེ་སྡང་གཏི་མུག་རིགས། །རྒྱ་ཆེན་གྲུབ་པ་ཐེག་ཆེན་མཆོག་།བླ་ན་མེད་པ་བསྒྲུབ་པར་བྱ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཅི་ལྟར
ཡིན་ན། རྣམ་པར་མི་རྟོག་ཞེས་པ་ནི་ཕྱིན་ཅི་ལོག་གི་རྟོག་པ་བཟའ་མི་བཟའ་དང་བྱ་མི་བྱ་རྣམ་པར་སྤང་བར་བྱ་སྟེ། དེའི་འོག་ཏུ་གསང་སྔགས་ཀྱི་སྤྱོད་པ་སྤྱད་པར་བྱའོ། །དེ་ལྟར་རྣམ་པར་མི་རྟོག་པའི་དོན་དུ་གསུངས་སོ། །ལས་བྱུང་བ
ཞེས་པ་ནི། གཟུགས་ཀྱི་ཕུང་པོ་ལ་གནས་པའི་ཉོན་མོངས་པ་རྣམ་པ་ལྔ། སྒྲུབ་པ་པོས་གོང་དུ་སྨོས་པའི་རྣམ་པར་རྟོག་པ་སྤངས་ནས་གསང་སྔགས་ཀྱི་བསྒྲུབ་པ་ཆེན་པོ་བྱས་ནས་དེ་བཞིན་གཤེགས་པ་རྣཾ་པ་ལྔའི་ཡེ་ཤེས་རྣཾ་པ་ལྔའི་ངོ་བོ་དངོས
གྲུབ་ཀྱི་འབྲས་བུ་འགྲུབ་པོ། །དེ་ལྟར་ལས་འབྱུང་བའི་དོན་དུ་གསུངས་སོ། །འདོད་ཆགས་ཞེ་སྡང་གཏི་མུག་རིགས་ཞེས་པ་ནི་མདུན་དུ་སྨོས་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཉོན་མོངས་པ་རྣམ་པ་ལྔ་སྟེ། འདོད་ཆགས
དང་ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། ཕྲག་དོག་དང། དེ་ལྡས་བླ་ན་མེད་པའི་ཡེ་ཤེS་ཀྱི་འབྲས་བུ་ལ་གནོད་པ་བྱེད་པ་དེ་རྣམས་སྒྲུབ་པ་པོས་སྔགས་ཀྱི་སྒྲུབ་པ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པའི་དུས་སུ་དེ་བཞིན་གཤེགས
པ་རྣམ་པ་ལྔ་དང་གཉིས་སུ་མེད་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། འདོད་ཆགས་ནི་སྣང་བ་མཛའ་ཡས་བླ་ན་མེད་པའི་འདོད་ཆགས་ཀྱི་ངོ་བོ་དང་གཉིས་སུ་མེད་པ་སོ་སོར་རྟོག
པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་ནི་མི་བསྐྱོད་པ་བླ་ན་མེད་པའི་ཞེ་སྡང་གི་ངོ་བོ་དང་གཉིས་སུ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ
བཞིན་དུ་གཏི་མུག་ནི་རྣམ་པར་སྣང་མཛད་བླ་ན་མེད་པའི་གཏི་མུག་གི་ངོ་བོ་དང་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །རྒྱ་ཆེན་ཞེས་པ་དཔལ་རྡོ་རྗེ་སེམས
དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་ངོ་བོ་ཁྱབ་ནས་གནས་པ་ནི་ང་རྒྱལ་ཏེ་། རིན་ཆེན་འབྱུང་ལྡན་བླ་ན་མེད་པའི་ང་རྒྱལ་གྱི་ངོ་བོ་དང་གཉིས
སུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །གྲུབ་པ་ཞེས་བྱ་བ་ཕྲག་དོག་གི་དོན་ཡོད་གྲུབ་པ་བླ་ན་མེད་པའི་ཕྲག་དོག་གི་ངོ་བོ་དང་གཉིས་སུ་མེད་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་གྱི་འབྲས་བུ་འགྱུར་པར
འགྱུར་རོ། །ཐེག་པ་མཆོག་ཞེས་པ་ཐེག་པ་འོག་མ་ཐམས་ཅད་པས་ཐེག་པ་ཆེན་པོ་གསང་སྔགས་འདི་ཐམས་ཅད་བྱ་བ་དང། ཐམས་ཅད་བཟའ་བ་སྟེ། སྦྱོད་པ་དེ་ལྟར་སྦྱད་ན་སྒྲུབ་པ་པོས་འགྲུབ་པས་དེ་ལྟར་ཐེག་ཆེན་མཆོག་གི་དོན་དུ
གསུངས་སོ། །བླ་ན་མེད་པ་ཞེས་བྱ་བ་ནི་མདུན་དུ་སྨོས་པའི་ཐེག་པ་ཆེན་པོ་མཆོ་ག་བསྟེན་པས་སྒྲུབ་པ་པོ་འགྲོ་བ་རིགས་དྲུག་ཏུ་འཁོར་བའི་སྐྱེ་ཤི་རྒྱུན་བཅད་དེ། དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོ་ཕྱག་རྒྱ་ཆེན་པོ་འགྲུབ
པར་འགྱུར་རོ། །དེ་ལྟར་བླ་ན་མེད་པའི་དོན་དུ་གསུངས་སོ། །བསྒྲུབ་པར་བྱ་ཞེས་པ་ནི་མདུན་དུ་བཤད་པས་བདེ་སྟེ་བཤད་མི་དགོས་སོ། །རིགས་ངན་སྨྲེ་ཤ་ཅན་ལ་སོགས། །གསོད་པ་དོན་དུ་གཉེར་བ་རྣམས། །ཐེག་པ་བླ་ན་མེད་པ་ཡི
ཐེག་མཆོག་འདི་ལས་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། རིགས་ངན་ནི་སྙིང་རྗེའི་སེམས་དང་བྲལ་བས་དུས་རྟག་ཏུ་མི་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་རིགས་ཇི་སྙེད་གསོད་པ་ལ་རིགས་ངན
ཞེས་གསུངས་སོ། །སྨྲེ་ཤ་ཅན་ནི་དང་པོ་རྗེའུ་རིགས་སུ་སྐྱེས་པ་ལས་མུ་གེ་བྱུང་བའི་དུས་སུ་བཀྲེས་པས་ཉམ་ཐག་པས་དམངས་རིགས་ཀྱི་ཁ་ཟས་ཀྱི་ལྷག་མ་ཟོས་པ་དང། ཉེས་པ་དེས་རྒྱལ་པོ་རང་གི་རིགས་ལས་དམན་པའི་རིགས་སུ་ཕབ
པའོ། །བཤད་པར་བྱ་སྟེ། རིགས་གྱུར་པས་འཚོ་བའི་དོན་དུ་མདའ་གཞུ་དང་མདུད་ལ་སོགས་པ་མཚོན་ཆ་སྣ་ཚོགས་བྱེད་ཅིང་འཆོང་བས་སྨེ་ཤ་ཅན་ཞེས་གསུངས་སོ། །སོགས་པ་ཞེས་པ་དང། བཤན་པ་དང། ཉ་བ་དང། ཁྲུས་མཁན
དང། གར་མཁན་དང། རྒྱལ་རིགས་ལས་སྡིག་པས་ཕབ་པས་ཞིང་རྨོབ་ལ་སོགས་ཏེ། དམན་པའི་ལས་བྱེད་པས་རིགས་ངན་སྡིག་པ་ཅན་དུ་གྱུར་པ་སྟེ་དེ་ལྟར་སོགས་པའི་དོན་ནོ། །གསོད་པ་དོན་དུ་གཉེར་བ་ཞེས་པ་གོང་དུ་སྨོས
པའི་རིགས་ངན་དེ་རྣམས་མི་ལ་སོགས་པ་སེམས་ཅན་ཐམས་ཅད་གསང་པའི་སྡེག་པའི་སེམས་རྩེ་གཅིག་པ་ལ་ཞུགས་པས་དེའི་ཕྱིར་གསོད་པའི་དོན་དུ་གསུངས་སོ། །ཐེག་པ་བླ་ན་མེད་པའི་ཞེས་པ་གོང་དུ་སྨོས་པའི་ཐེག་པ
དམན་པ་རྣམས་ཀྱི་ནང་ན་ཐེག་པ་ཆེན་པོ་ལ་བརྟེན་ནས། སྒྲུབ་པ་པོ་ཚོ་འདི་ཉིད་ལ་མི་གཙང་བའི་གྲོང་ཁྱེར་གྱི་ངོ་བོ་གཟུགས་ཀྱི་ཕུང་པོ་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ
ཤེས་ཀྱི་དངོས་གྲུབ་བླ་ན་མེད་པའི་འབྲས་བུ་བསྐྱེད་པའི་གནས་ཀྱི་སྙིང་པོའི་ངོ་བོ་འགྲུབ་པར་འགྱུར་བས་དེའི་ཕྱིར་ཐེག་པ་བླ་ན་མེད་པའོ། །ཐེག་བ་མཆོག་འདི་ལ་ཞེས་པ་ལྷ་དང་མི་ལ་སོགས་པ་ཐེག་པ་འོག་མ་ལྡེའི་ནང་ནས། ཐེག?་པ
ཆེན་པོ་གསང་སྔགས་འདི་ནི་བདེ་བ་རི་སྤྱོད་པའི་བྱེ་བྲག་སྣ་ཚོགས་སྦྱོར་བས་འབྲས་བུ་བླ་ན་མེད་པ་འགྲུབ་པར་འགྱུར་བས་དེའི་ཕྱིར་ཐེག་མཆོག་འདི་ལ་ཞེས་གསུངས་སོ། །འགྲུབ་པར་འགྱུར་ཞེས་པ་ནི་གོང་དུ་སྨོས་པའི་རིགས་ངན་སྨེ་ཤ?
ཅ་ཨན་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྲོག་གཅོད་པར་དམ་བཅས་པའི་སྡིག་ཅན་ཞེ་སྡང་ཆེན་པོའི་སེམས་ཀྱིས་དུས་རྟག་ཏུ་སྲོག་གཅོད་པའི་ལས་བྱེད་པ་དེ་རྣམས་དགེ་བའི་བཤེས་གཉེན་གྱིས་རྒྱུད་བཀྲོལ་ནས་དད་པ
ཆེན་པོས་བྱང་ཆུབ་སེམས་བསྐྱེད་ནས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་དུ་བཅུད་པས་འགྲུབ་པར་འགྱུར་བའི་རིམ་པ་གསལ་བར་བཤད་པར་བྱ་སྟེ། ཙན་ད་ལ་དང། བཤན་པ་དང། ཉ་པ་དང། ཁྲུས་མཁན་ཏེ། དེ་ལྟ་བུའི་དགོས་ངན་རྣམས་ནི
རྡོ་རྗེའི་སྟོན་པ་རྡོ་རྗེ་མི་བསྐྱོད་བ་དང་གཉིས་སུ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ་འགྲུབ་པ་འགྱུར་རོ། །དེ་བཞིན་དུ་སྨེ་ཤ་ཅན་ནི་སྐུའི་རིགས་དེ་བཞིན་གཤེགས་པ་རྣམ་པར་སྣད་མཛད་དང་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི
འབྲས་བུའི་ངོ་བོ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་གར་མཁན་ནི་པདྨའི་རིགས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་དང་གཉིས་སུ་མེད་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་རིགས་ལས་ཕབ
པའི་སྡིག་པ་ཅན་ང་རྒྱལ་ཅན་ནི་ང་རྒྱལ་གྱི་རིགས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་དང་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ཞིང་པ་ལ་སོགས་སྤ་དམན་པའི་ལས་བྱེད་པའི་རིགས་ཐམS
ཅད་ནི་ཕྲག་དོག་གི་རིགས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་གཉིས་སུ་མེད་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ་འགྲུབ་པར་འགྱུར་རོ། །དེ་ལྟར་རིགས་ངན་སྡིག་པ་ཅན་རྣམས་ཀྱང་དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་ཀྱི་འབྲས
བུའི་ངོ་བོ་འགྲུབ་པར་འགྱུར་ན། གཞན་བྲམ་ཟེ་དང། རྒྱལ་རིགས་ལ་སོགས་པ་རིགས་མཐོ་བ་རྣམས་ཀྱིས་གཞུང་འདི་ལྟར་སྤྱད་ན། ཐེ་ཙོམ་མེད་བར་འགྱུར་རོ། །དེ་ལྟར་མདོར་བསྡུས་པ་འགྲུབ་པར་འགྱུར་བའི་དོན་དུ་གསུངས་སོ། །མཚམS
མེད་བྱེད་ལ་སོགས་པ་ཡི། །སེམས་ཅན་སྡིག་པ་ཆེན་པོ་ཡང། །ཐེག་པ་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། མཚམས་མེད་བྱེད་ལ་སོགས་པ་ཡིན་ཞེས་པ་ནི། མ་བསད་པ་དང
པ་བསང་པ་དང། དགྲ་བཅོམ་པ་བསད་པ་དང། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང། དགེ་འདུན་མཐུན་པའི་དབྱེན་བྱེད་པ་སྟེ། །དེ་ལྟར་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པའི་བྱེ་བྲག་སྣ་ཚོགས་བྱས་ན། མནར
མེད་པ་ལ་སོགས་པ་དམྱལ་པའི་སྡུག་བསྔལ་གྱི་རིམ་པར་བསྐལ་པ་གྲངས་མེད་པར་གནས་པར་དེ་ལྟར་མཚམས་མེད་བྱེད་ལ་སོགས་པའི་དོན་དུ་གསུངས་སོ། །གཞན་ཡང་མན་ངག་གི་དོན་བཤད་པར་བྱ་སྟེ། མ་བསད་པ་ཞེས་པ་ནི་འཁོར
པ་མི་སྤོང་བར་འཆིད་པར་བྱེད་པའི་ཕྱིན་ཅི་ལོག་གི་སྲེང་པ་སྟེ། དེའི་སྒྲུབ་པ་པོས་ཆོས་ཐམས་ཅད་སྟོང་པའི་ངོ་བོར་བསྒོམ་པའི་ཐབས་ཀྱིས་སྤང་བར་བྱ་སྟེ། དེ་ལྟར་མ་བསད་པའི་དོན་དུ་ཤེས་པར་བྱའོ། །ཕ་བསད་པ་ནི་ཕྱིན་ཅི་ལོག་གི་གཏི
མུག་མ་རིག་པ་ཐམས་ཅད་འབྱུང་བའི་གནས་ཀྱི་ངོ་བོ་ཡིན་ཏེ། དེའི་དབང་གིས་སྡིག་པའི་བྱེ་བྲག་སྣ་ཚོགས་བྱེད་པ་དེ་སྒྲུབ་པ་པོས་ཕྱིའི་ཕྱིན་ཅི་ལོག་པའི་ཆོས་ཐམས་ཅད་སྤངས་པ་མ་ཡིན་པར་ཤེས་པའི་ཐབས་ཀྱིས་སྤང་བར་བྱ་སྟེ། དེ
ལྟར་ཕ་བསད་པའི་དོན་དུ་ཤེས་པར་བྱའོ། །དགྲ་བཅོམ་པ་བསད་པ་ནི་ཕྱིན་ཅི་ལོག་པའི་ཞེ་སྡང་དགྲ་ཆེན་པོའི་ངོ་བོ་སྡིག་པའི་ཕུང་པོ་བྱེད་མཁན་དམྱལ་བར་འགྲོ་བའི་དེང་དཔོན་དེ། སྒྲུབ་པ་པོས་སེམས་ཅན་ཐམས་ཅད་ལ་ཕ་བཞིན་དུ་བྱམས་པའི
སེམས་བསྐྱེད་པ་བསྒོམ་པའི་ཐབས་ཀྱིས་སྤང་བར་བྱ་སྟེ། དེ་ལྟར་དགྲ་བཅོམ་པ་བསད་པའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་སྐུ?་ལ་ངན་སེམས་ཀྱི་ཁྲག་ཕྱུར་བའི་དོན་ནི་ཕྱིན་ཅི་ལོག་གི་འདོད་ཆགས་ཧ་ལ་ཧ་ལའི་དུག་པས་ཁྱད་པར
ད་ཨུ་འདོད་ཆགས་སྤྱོད་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ལམ་ལས་ཕྱིར་ལྡོག་པར་བྱེད་པ་དེའི་སྐྱོན་གྱིས་རབ་ཏུ་ཚ་བའི་དམྱལ་བའི་གནས་སུ་སྐྱེ་བ་དེ་སྒྲུབ་པ་པོས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི
ངོ་བོ་བླ་ན་མེད་པའི་བདེ་བའི་སེམས་སུ་གྱུར་པར་བསྒོམ་པའི་ཐབས་ཀྱིས་སྤང་བར་བྱ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བའི་དོན་དུ་ཤེས་པར་བྱའོ། །དགེ་འདུན་མཐུན་པའི་དབྱེན་བྱེད་པའི་ནི་ཕྱིན་ཅི་ལོག་པའི
ཕྲག་དོག་ལ་སོགས་པ་རིགས་མཐོན་པོར་སྐྱེ་བ་ལས་ཉམས་པར་བྱེད་དེ། སྒྲུབ་པ་པོས་ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་བསྒོམས་པའི་ཐབས་ཀྱིས་སྤང་བར་བྱ་སྟེ། དེ་ལྟར་དགེ་འདུན་མཐུན་པའི་དབྱེན་བྱེད་པའི་དོན་དུ་ཤེས་པར་བྱའོ།།
གཞན་ཡང་མཚམས་མེད་པ་ལྔའི་དོན་དུ་ཤེས་པར་བྱ་སྟེ་། སྲེད་པ་ལམ་ཡིན་པར་གདགས་པ་ཅིའི་ཕྱིར་ཞེ་ན། སྲེད་པའི་རྣམ་པར་སྨིན་པའི་འབྲས་བུས་སེམས་ཅན་ཐམས་ཅད་འགྲོ་བ་རིགས་དྲུག་གི་འཁོར་བར་བསྐལ་བ་གྲངས་མེར
པར་མའི་མངལ་བཞིན་དུ་ཉོན་མོངས་པའི་སྡུག་བསྔལ་གྱི་སྤྱོད་པ་ཐམས་ཅད་སྤྱོད་ཅིང་གནས་པས། དེའི་ཕྱིར་སྲེད་པ་ལམ་བསད་པའི་དོན་དུ་གསུངས་སོ། །གཏི་མུག་ལ་ཕ་ཞེས་མིང་བཏགས་པ་དོན་ཅིའི་ཕྱིར་ཞེ་ན། གཏི་མུག་ལས
མ་ཨ་རིག་པ་ཐམས་ཅད་བྱུང་བའི་དབང་གི་ལས་ཀྱི་བྱེ་བྲག་སྣ་ཚོགས་པ་བྱེད་པས་སྡིག་པ་བསགས་པའི་ས་བོན་གྱིས་མདུན་དུ་སྨོས་པའི་འགྲོ་བ་རིགས་དྲུག་གི་འཁོར་བའི་གནས་སུ་བསྐལ་པ་གྲངས་མེད་པར་སྐྱེ་བ་ལེན་པར་བྱེད་པས་དེའི
ཕྱིར་གཏི་མུག་ལ་ཕའི་དོན་དུ་གསུངས་སོ། །ཞེ་སྡང་ལ་དགྲ་བཅོམ་པར་གདགས་པ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་པ་ལྔ་ལ་སོགས་པ་ཐམས་ཅད་ཀྱི་ནང་ན་ཞེས་སྡང་གཙོ་བོ་ཡིན་ཏེ། དེ་ཐེག་པ་དྲུག་གི་བྱེ་བྲག་གིས་ཡེ་ཤེས་ཀྱི
འབྲས་བུ་བསྒྲུབ་པའི་སྒྲུབ་པ་པོ་ཞེ་སྡང་གི་སྒྲར་འགྱུར་བ་ལས། ཞེ་སྡང་སྒྲུབ་པ་པོའི་དགྲར་གྱུར་ཏེ། བསོད་ནམས་དང་ཡེ་ཤེས་འཇོམས་པར་བྱེད་པས་དེའི་ཕྱིར་ཞེ་སྡང་ལ་དགྲ་བཅོམ་པར་གདགས་པའི་དོན་དུ་གསུངས་སོ། །འདོད་ཆགས་ལ
དེ་བཞིན་གཤེགས་པའི་སྐུ་ལ་དན་སེམས་ཀྱི་ཁྲག་ཕྱུང་ཞེས་མིང་གདགས་པ་དོན་ཅིའི་ཕྱིར་ཞེ་ན། རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བརྗོད་དུ་ཡོང་པ་དང་བརྗོད་དུ་མེད་པ་ཐམས་ཅད་དང་གཉིས་སུ་མེད་པའི་ངོ་བོ་རྡོ་རྗེ་སློབ
དཔོན་ལ་སྡིག་ཅན་གང་ཞིག་གིས་བསང་པར་ངན་སེམས་སྐྱེས་ནས་དུས་རྟག་ཏུ་རྩེ་གཅིག་ཏུ་ཆཌ་པ་མི་རྗེད་པར་འཛིན་པ་དེའི་ཕྱིར་འདོད་ཆགས་ལ་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པའི་དོན་དུ་གསུངས་སོ། །ཕྲག་རྡོག་ལ
དགེ་འདུན་འཐུན་པའི་དབྱེན་ཕྱེད་པ་ཡིན་པར་གདགས་པ་དོན་ཅིའི་ཕྱིར་ཞེ་ན། ཕྲག་དོག་གི་སྒོ་ནས་རྫུན་སྨྲ་བས་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ལ་སོགས་པ་ཐེག་པའི་བྱེ་བྲག་ཐམས་ཅད་ཀྱི་དགེ་བ་བྱེད་པའི་དགེ་འདུན་མཐུན་པའི་དབྱེན
བྱེད་པའི་རྣམ་པར་སྨིན་པའི་འབྲས་བུ་དེ་ཉིད་ཀྱིས། ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ཐེག་པ་ཐམས་ཅད་ཀྱི་སྒོ་ནས་དགེ་བ་བྱས་པས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ། ས་ཐོབ་པར་བྱ་བའི་ཕྱིར་སྤྱད་པས་འཇིགས་པར་འགྱུར་པའི
ཕྱིར་ཕྲག་དོག་ལ་དགེ་འདུན་མཐུན་པའི་དབྱེན་བྱེད་པར་གདགས་པའི་དོན་བུ་གསུངས་སོ། །གཞན་ཡང་གོང་དུ་སྨོས་པའི་སྲེད་པ་དང་གཏི་མུག་ལ་སོགས་སྦ་ཉོན་མོངས་པ་རྣམ་པ་ལྔ་ལ་མཚམས་མེད་པ་བྱེད་པ་ལྔ་ཞེS་མིང་བཏགས་པར་རྣམས
དེ་ལྟར་བླ་ན་མེད་པའི་འབྲས་བུ་ཡེ་ཤེས་རྣམ་པ་ལྔར་འགྲུབ་པར་འགྱུར་བའི་དོན་བསྟན་པར་བྱ་སྟེ། གསེར་སྔགས་ཀྱི་སྒྲུབ་སྒྲུབ་པར་བྱེད་པའི་སྒྲུབ་པ་པོས་དང་པོ་གོང་དུ་སྨོས་པའི་སྲེད་པ་དུས་རྟག་ཏུ་རང་གི་སེམས་ལ་སྐད་ཅིག་ཙམ་མི་སྐྱེ་བར
བསྒོམ་པས་སྤང་བར་བྱའོ། །བཤད་པར་བྱ་སྟེ། སྒྲུབ་པ་པོ་ལ་ནོར་གྱི་འབྱོར་པ་ཅི་ཡོད་པ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་སྦྱིན་པར་བྱའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་སྐུ
ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་མདུན་དུ་ཅི་ལྟར་སྨོས་པ་དེ་བཞིན་གཉིས་སུ་མེད་པར་བསྒོམ་པའི་ང་རྒྱལ་བྱ་སྟེ་། དེ་ལྟར་བྱས་པས་ཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་ཉོན་མོངས
བ་སྲེད་པ་མ་ལྟ་བུ་དེ་གསོད་མཁན་མཚམས་མེད་པའི་སྡིག་པ་དང་བཅས་པ་འགྲུབ་པར་འགྱུར་བའི་དོན་དུ་གསུངས་སོ། །དེ་བཞིན་དུ་གོང་དུ་སྨོས་པའི་ཕྱིར་ཅི་ལོག་གི་གཏི་མུག་དེ་དུས་རྟག་ཏུ་རང་གི་སེམས་ལ་སྐད་ཅིག་ཅམ་ཡང་མི
སྐྱེ་བར་བསྒོམ་པས་སྤང་བར་བྱའོ། །བཤད་པར་བྱ་སྟེ་ཕྱི་དང་ནང་གི་རིག་པ་ཕུན་སུམ་ཚོགས་པ་ཐམས་ཅད་ལ་གོམས་པའི་ཐབས་ཀྱིས་ཆོས་ཐམས་ཅད་ཤེས་པར་བྱའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྐུ
ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་མདུན་དུ་ཇི་ལྟར་སྨོས་པ་བཞིན་དུ་གཉིས་སུ་མེད་པར་བསྒོམ་པའི་ང་རྒྱལ་བྱ་སྟེ། དེ་ལྟར་བྱས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་ཉོན་མོངས
པའི་གཏི་མུག་ཕ་ལྟ་བུ་དེ་གསོར་མཁན་མཚམས་མེད་པའི་སྡིག་པ་དང་བཅས་པས་འགྲུབ་བར་འགྱུར་དོན་དུ་གསུངས་སོ། །དེ་བཞིན་དུ་མདུན་དུ་སྨོས་པའི་ཕྱིན་ཅི་ལོག་གི་ཞེ་སྡང་དེ་དུས་རྟག་ཏུ་རང་གི་སེམས་ལ་སྐད་ཅིག་ཙམ
ཡང་མི་སྐྱེ་བར་བསྒོམ་པས་སྤང་བར་བྱའོ། །བཤད་པར་བྱ་སྟེ། ཅི་ལྟར་པས་བུ་ལ་བྱམས་པའི་སེམས་ཀྱི་ལྟ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སེམས་རྩེ་གཅིག་པས་བལྟ་བར་བྱའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ
རྡོ་རྗེ་མི་སྐྱོད་པ་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པའི་མདུན་དུ་ཇི་ལྟར་སྨོས་པ་བཞིན་དུ་གཉིས་སུ་མེད་པར་བསྒོམ་པར་བྱ་སྟེ། དེ་ལྟར་བྱས་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་ཉོན་མོངས
པ་ཞེ་སྡང་དགྲ་བཅོམ་པའི་ངོ་བོ་དེ་གསོད་མཁན་མཚམས་མེད་པའི་སྡིག་པ་དང་བཅས་པ་འགྲུབ་པར་འགྱུར་བའི་དོན་དུ་གསུངས་སོ། །དེ་བཞིན་དུ་གོང་དུ་སྨོས་པའི་ཕྱིན་ཅི་ལོག་གི་འདོད་ཆགས་དེ་དུས་རྟག་ཏུ་རང་གི་སེམས་ལ་སྐད་ཅིག
ཙམ་ཡང་མི་སྐྱེ་བས་བསྒོམ་པས་སྤང་བར་བྱའོ། །བཤད་པར་བྱ་སྟེ། བླ་ན་མེད་པའི་འདོད་ཆགས་ཀྱི་སྤྱོད་པ་སྤྱད་པར་བྱའོ། །དེ་ཡང་རྣམ་པ་གཉིས་ཏེ་དང་པོ་སྒྲུབ་པ་པོས་བླ་ན་མེད་པའི་ཡེ་ཤེས་ཆེན་པོའི་འབྲས་བུ་ཐོབ་པར་འགྱུར་བའི
ཐབས་སྟན་པར་བྱ་སྟེ། བླ་ན་མེད་པའི་ཡེ་ཤེས་ཆེན་པོའི་འབྲས་བུ་མ་གྲུབ་ཀྱི་བར་དུ་ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་མི་བརྗེད་པར་བྱ་བ་ལ་འདོད་ཆགས་ཀྱི་དོན་དུ་གསུངས་པ་དང། གཞན་ཡང
ཕྱིན་ཅི་ལོག་གི་འདོད་ཆགས་བུད་མེད་དང། ཆགས་པའི་སྤྱོད་པ་སྤྱད་པའི་དུས་སུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཆེན་པོའི་སེམས་སྤང་བར་བྱ་སྟེ། དེའི་འོག་ཏུ་གསང་སྔགས་ཀྱི་ཆོ་ག་བསྒོམ་པའི་ངོ་བོ་ཐབས་དང་ཤེས་རབ་རོལ་པ
འདོད་ཆགས་ཆེན་པོ་བདེ་བར་གྱུར་པའི་ཕྱིར་བྱའོ། །དྲེའི་འོག་ཏུ་དེ་བཞིན་གཤེགས་པ་སྣང་པ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་མདུན་དུ་ཇི་ལྟར་སྨོས་པ་བཞིན་དུ་གཉིས་སུ་མེད་པར་བསྒོམ་པའི་ང་རྐྱལ
བྱ་སྟེ། དེ་ལྟར་བྱས་པས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་ཕྱིན་ཅིག་ལོག་གི་འདོད་ཆགས་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མཚམས་མེད་པའི་སྡིག་པ་དང་བཅས་པ་འགྲུབ
བར་འགྱུར་བའི་དོན་དུ་གསུངས་སོ། །དེ་བཞིན་དུ་མདུན་དུ་སྨོས་པའི་ཕྱིན་ཅི་ལོག་གི་ཕྲག་དོག་དེ་དུས་རྟག་ཏུ་རང་གི་སེམས་སྐད་ཅིག་ཙམ་ཡང་མི་སྐྱེ་བར་བསྒོམ་པས་སྤང་བར་བྱའོ། །བཤད་པར་བྱ་སྟེ། སྒྲུབ་པ་པོས
བླ་ན་མེད་པའི་སངས་རྒྱས་དང་བྱང་ཆུབ་ཀྱི་འབྲས་བུ་མ་གྲུབ་ཀྱི་བར་དུ་ཚིག་ཅི་སྨྲ་བ་ཐམས་ཅད་བདེན་པ་སྨྲ་བར་དམ་བཅའ་བར་བྱའོ། ། །།དེ་ལྟར་བྱས་པས་རང་གི་ལུས་ལ་གནས་པའི་ཉོན་མོངས་པ་ཐམས་ཅད་ཀྱིས
སེམས་ཅན་ཐམས་ཅད་བླ་ན་མེད་པའི་སངས་རྒྱས་དང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ལ་གནོད་པའི་བྱེ་བྲག་སྣ་ཚོགས་བྱད་པར་དམ་བཅས་པ་དགེ་འདུན་དུ་མིང་བཏགས་པ་དེ་དག་ཕྱེ་ནས་མེད་པར་བྱ་སྟེ། དེའི་འོག་ཏུ་དེ་བཞིན་གཤེགས་པ
དོན་ཡོད་གྲུབ་པ་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་མདུན་དུ་ཇི་ལྟར་སྨོས་པ་དེ་བཞིན་དུ་གཉིས་སུ་མེད་པར་བསྒོམ་པའི་ང་རྒྱལ་བྱ་སྟེ། དེ་ལྟར་བྱས་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ
ལྟར་ཕྱིན་ཅི་ལོག་གི་ཕྲག་དོག་དགེ་འདུན་མཐུན་པའི་དབྱེན་བྱེད་པའི་ངོ་བོ་དེ་མཚམས་མེད་པའི་སྡིག་པ་དང་བཅས་པར་འགྲུབ་པར་འགྱུར་བའི་དོན་དུ་གསུངས་སོ། ། །།གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱིས
མཚམས་མེད་པ་རྣམ་པ་ལྔ་ལ་བརྡ?་སྐད་ཉོན་མོངས་པ་ལྟར་བཏགས་པའི་མན་ངག་བཤད་པའི་དོན་འདིར་སྒྲ་དྲངས་ནས་བཤད་པ། ། །།སྲེད་པ་དང། གཏི་མུག་དང། ཞེ་སྡང་དང། འདོད་ཆགས་དང། ཕྲག་དོག
དང། དེ་ལྟར་ཉོན་མོངས་པ་རྣམ་པ་ལྔ་མ་རིག་པའི་འཁོར་ཐམས་ཅད་ཀྱིས་བསྐོར་བ་དེས། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སངས་རྒྱས་དང། བྱང་ཆུབ་བསྒྲུབ་པའི་ལམ་ལ་གནོད་པ་བྱེད་པར་དམ་བཅས་པ་དགེ་འདུན་གྱི
ངོ་བོ་ཡིན་པར་བསྟན་ཏོ། །བཤད་པར་བྱ་སྟེ་།གོང་དུ་སྨོས་པའི་གནོད་པ་བྱེད་པ་སྒྲུབ་པ་པོ་རང་གི་ལུས་ལ་གནས་པ་དེ་དང་ཕྱེ་ནས་མེད་པར་བྱ་བའི་ཐབས་བསྟན་པར་བྱ་སྟེ། སྒྲུབ་པ་པོས་ཆོས་ཐམས་ཅད་མ་སྐྱེས་པ་ནམ་མཁའ་ལྟ་བུ་སྟོང་བའི
ངོ་བོ་དོན་དམ་པ་བྱང་ཆུབ་སེམས་བསྒོམ་བར་བྱ་སྟེ། དེ་གོམས་པའི་སྟོབས་ཀྱིས་གནོད་པ་བྱེད་པ་རྣམས་མེད་པར་འགྱུར་རོ། །དེའི་འོག་ཏུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དེ་ལས་ལངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་དང་གཉིས
སུ་མེད་པའི་ང་རྒྱལ་དུ་བསྒོམས་ཏེ། ཁྲུས་མཁན་གྱི་བུ་མོ་མཚན་ཐམས་ཅད་དང་ལྡན་པ། གསང་སྔགས་ཀྱི་རྒྱུད་ནས་བྱུང་བའི་དབང་ཐམས་ཅད་རྫོགས་པ། ལོ་བཅུ་གཉིས་ལོན་པ་བཟུང་སྟེ། ཤེས་རབ་མ་དེ་ཡེ་ཤེས་ཀྱི་ལྷ་མོ
མཱ་མ་ཀཱི་དང་གཉིས་སུ་མེད་པའི་མཚན་ཉིད་དུ་བྱིན་གྱིས་བརླབས་ཏེ། ཤེས་རབ་མ་དེ་དང་ལྡན་པས་འདོད་ཆགས་ཆེན་པོའི་སེམས་དགའ་བས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྤངས་ཏེ། ཐབས་དང་ཤེས་རབ་རོལ་པ་བྱས་ནས་བདེ་ལ
གྱུར?་པའི་དུས་སུ་འདོད་ཆགས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་རྡོ་རྗེའི་ལམ་ནས་འོད་དུ་ཞུ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་ངོ་བོར་གྱུར་པར་བསམ། དེའི་སྟེང་དུ་ས་བོན་ཡི་གེ་ཨོཾ་ཁ་དོག་དཀར་པོ་ཟླ་བ་སྟོང་གི་འོད་དང་མཉམ་པར་ཆོས་ཀྱི
དབྱིངས་ཀྱི་ཡེ་ཤེས་ཀྱི་?་གཟི་བརྗིད་ཀྱིས་རབ་ཏུ་འབད་བར་བསམས་ཏེ། དེ་འོད་དུ་ཞུ་བས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ། དེའི་སྟེང་དུ་ས་བོན་ཡི་གེ་ཨ་དཀར་པོ
སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་གཟི་བརྗིད་ཀྱིས་མེ་ཕུང་ལྟར་རང་ཏུ་འབར་བསམས་ཏེ། དེ་འོད་དུ་ཞུ་པའི་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བ་རི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་བསམ། དེའི་སྟེང་དུ་ས་བོན
ཡི་གེ་ཧཱུཾ་ཁ་དོག་ནག་པོ་ཉི་མ་སྟོང་དང་མཉམ་པར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་གྱིས་རབ་ཏུ་འབར་བ་བསམས་ཏེ། དེ་འོད་དུ་ཞུ་བའི་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ
མེད་པར་ཐིམ་པར་གྱུར་བར་བསམ་མོ། །དེ་ལྟར་བྱིན་གྱིས་བརླབས་པའི་ཆོ་ག་བྱས་ནས། ཤེས་རབ་མའི་བྷ་གའི་དབུས་ནས་གསང་བའི་ཡེ་ཤེས་ཀྱི་ཁུ་བ་བླངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྔགས་ཀྱི་ཚིག
ོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། ། །།བཟླ་ཞིང་བཟའ་བར་བྱ་སྟེ་།དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་འབྲས་བུའི་ངོ་བོ་སྒྲུབ་པ་པོས་མ་གྲུབ་ཀྱི་བར་དུ། དུས་རྟག་ཏུ་གསང་སྔགས་ཀྱི་སྤྱོད་པ་སྤྱད་པར་བྱ་སྟེ
བཤད་པར་བྱའོ། །མདུན་དུ་སྨོས་པའི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་ངོ་བོར་བྱིན་གྱིས་བརླབས་ནས་རྡོ་རྗེ་རོལ་པ་བྱས་དཔལ?་རྡོ་རྗེ་སེམས་དཔའ་མཉེས་པར་འགྱུར་བ་དེའི་ཕྱིར་གོང་དུ་སྨོས་པའི་ཉོན་མོངས
ལ་དགེ་འདུན་དུ་མིང་བཏགས་པ་རྣམས་དབྱེན་བྱེད་པ་འམ་མེད་པར་བྱེད་པ་ནི། མཱ་མ་ཀཱི་ཡིན་པར་བསྟན་ཏོ། །ཆོ་གའི་ཐབས་དེས་སྒྲུབ་པ་པོ་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པར་ཤེས་པར་བྱའོ།། །།སེམས་ཅན
སྡིག་པ་ཆེན་པོ་ཡང་ཞེས་པ་ནི་རྣམ་པ་གསུམ་སྟེ། ཕྱི་དང་ནང་དང་གསང་བའོ། །དེའི་དོན་གསལ་བར་བཤད་པར་བྱ་སྟེ། ཕྱིའི་སྡིག་པ་ཆེན་པོ་བྱེད་པ་ནི་བུམ་ཟེ་གསོད་པའོ། །ནང་གི་སྡིག་པ་ཆེན་པོ་བྱེད་པ་ནི། དུས་རྟག་ཏུ་སེམས་ཅན
གསོད་པ་ལ་སོགས་པ་གནོད་པའི་བྱེ་བྲག་སྣ་ཚོགས་བྱེད་པའི་ཕྱིན་ཅི་ལོག་གི་ཞེ་སྡང་ཆེན་པོའོ། ། །།གསང་བའི་སྡིག་པ་ཆེན་པོ་བྱེད་པ་ནི་།སྒྲུབ་པ་པོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པའི་དད་པ་དང། བརྩོན
འབྲུས་མེད་པར་བྱེད་པའི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་དགྲའི་ངོ་བོ་སྟེ། ཆོས་ཐམས་ཅད་རྣམ་པར་དག་པར་བསྒོམ་པའི་ཐབས་ཀྱིས་སྤང་བར་བྱ་སྟེ། རྣམ་པ་དེ་གསུམ་ལ་ནི་སྡིག་པ་ཆེན་པོ་བྱེད་པའི་དོན་དུ་གསུངས་སོ། །སྡིག་པ་ཆེན་པོ་བྱེད
པ་དོན་གཞན་ཡང་བཤད་པར་བྱ་སྟེ། །བརྡའ་སྐད་དུ་བསྟན་པ། སྡིག་པ་ཆེན་པོ་བྱེད་པ་ནི་བགེགས་ཀྱི་རྒྱལ་པོ་བ་ནི་ཡ་ཀ་ལ་སོགས་པ་གནོད་པ་བྱེད་པ་མ་རུངས་པ་ཐམས་ཅད་ཀྱིས། བྱང་ཆུབ་ཀྱི་ལམ་དུ་ཞུགས་པའི་སེམས་ཅན་ཐམས་ཅད་ལ་གནོད
པའི་བྱེ་བྲག་སྣ་ཚོགས་ཀྱི་ངོ་བོས་སྡིག་པ་བྱེད་དེ། དེ་ལྟར་སྡིག་པ་ཆེན་པོ་བྱེད་པ་དེ་ལ་སྡིག་པ་ཆེན་པོ་བྱ་བར་བསྟན་པར་བྱ་སྟེ། ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀ་དང། པྲཛྙཱནྟ་ཀ་དང། པདམཱནྟ་ཀ་དང། བིགྷྣཾ་ཏ་ཀ་ལ་སོགས་པ་བཅུས་གང་དུ་སྨོས་པ
བགེགས་ཀྱི་རྒྱལ་པོ་བིན་ཡ་ཀ་ལ་སོགས་པ་གནོད་པ་བྱེད་པ་མ་རུངས་པ་ཐམས་ཅད་གཞོམ་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ཆེན་པོ་བསྒྱིངས
པའི་བྱེ་བྲག་སྣ་ཚོགས་སྒོ་བའི་བྱིན་གྱིས་བརླབས་ཀྱིས་གཞོམ་པར་བྱ་སྟེ། དེའི་མན་ངག་བསྟན་པར་བྱའོ། །སྒྲུབ་པ་པོས་གསང་སྔགས་ཀྱི་སྒྲུབ་པ་ཆེན་པོ་གྲུབ་པར་བྱ་བཱི་ཐབS་ཀྱི་ཚུལ་བརླབS?་དང་ཤེས་རབ་རོལ་པའི་སྤྱོད་པ་སྤྱད་པའི་དུས་སུ། དང་པོ་གོང
དུ་སྨས?་པའི་སྐད་ཀྱི་སྲེག་པ་ཆེན་པོ་བྱེད་པ། ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀ་དང། པྲཉྫཱསྟ་ཀ་དང། པདམཱནྟ་ཏ་ཀ་དང། བིགྷྣཱཾ་ཊ་ཀ་ལ་སོགས་པ་བཅུ་བསྒོམས་ལ། གནོད་པ་བྱེད་པ་མ་རུངས་པ་ཐམས་ཅད་གཞོམ་བའི་ཆོག་བྱ་སྟེ། ལེའུ་གསུམ
པ་ནས་འབྱུང་བའི་ཚུལ་དུ་དང་ལོ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་ཚ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པར་བསྐྱེད་དེ། བསྐྱེད་མ་ཐག་ཏུ་སྒྲུབ་པ་བོས་གཉིས་སུ་མེད་པའི་ང་རྒྱལ་བྱས་ནས། ཉིད་ཀྱི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས
དཔའ་ཨི་གནས་ནས་ས་བོན་ཡིག་འབྲུ་ཧཱུཾ་ཁ་དོག་ནག་པོ་བསྐལ་བའི་མེ་བཞིན་དུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་རབ་ཏུ་འབང་བ་འོད་དུ་ཞུ་ནས། ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་དེ་ལས་ཁྲོ་བོའི
རྒྱལ་པོ་ཆེན་པོ་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། སྐུ་མདོག་ནག་པོ་མདུན་དུ་སྨོས་པའི་ཚུལ་དུ་ཞལ་གསུམ་སྤྱན་གསུམ་པ། རལ་པ་གྱེན་དུ་བརྫེས་པ་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། སྐུ་དང་གསུམ་པ་ཆེ་བ། བསྐལ་པའི་མ་ལྟར
ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་རབ་ཏུ་འབར་བ། ཕྱག་དྲུག་སྟེ། གཡས་དང་པོ་ན་རྡོ་རྗེ་ལྕགས་ཀྱུ་འཛིན། གཡོན་དང་པོ་ན་རྡོ་རྗེ་ཞགས་པ། ཕྱག་ཕྱི་མ་རྣམས་མཚོན་མཚོན་ཆ་སྣ་ཚོགས་སོ། །དེ་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ
ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་བཞིན་དུ་དེའི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་པའི་གནས་ནས་ས་བོན་ཡིག་འབྲུ་མདུན་དུ་སྨོས་པའི་ཚུལ་ལས་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་བསམ་པ། །དེ་སྤྲོས་མ
ཐག་ཏུ་བདག་པོ་ཡ་མཱནྟ་ཀས་འཆི་བདག་གི་བདུད་གཞིན་རྗེ་ལ་ཁྲོད་པོ་ཆེན་པོ་གཟིགས་ཤིང། རྡོ་རྗེ་ལྕགས་ཀྱུས་སྙིང་ཁ་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ་ནས་བཅིང་ངོ། །གཞན་ཡང་སྦྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུས
འཆི་བདག་གི་བདུད་གཤིན་རྗེའི་འཁོར་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ཁ་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ་ནས་བཅིངས་སོ། །མདོར་བསྡུ་བ་ཆོག་དེ་ལྟར་སྒྲུབ་པ་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ་མོ། །དེ
བཤུག་མ་ཐག་ཏུ་འཆི་བདག་གཤིན་རྗེའི་འཁོར་ཐམས་ཅད་དང་བཅས་པ་འགུགས་མཁན་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་གཤིན་རྗེ་གཤེད་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་བཞིན་དུ་སྤྲོས་པ་རྣམས་ཀྱིས། རྡོ་རྗེའི
མཆེན་ཆའི་བྱེ་བྲག་སྣ་ཚོགས་ཀྱི་གཟུགས་ཀྱི་ཕུང་པོ་གཏུབ་པར་མཛད་དེ། གཟུགས་ཀྱི་ཕུང་པོའི་ཡན་ལག་དང་ཉིད་ལག་གི་དུམ་བུའི་ཕུང་པོ་སྟེ། གཙོ་བོ་བདག་པོའི་ངོ་བོ་ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོ་སྤྲིན་ཐམས་ཅད་ཀྱིས། ཉིད་ཉིད
ཀྱི་སྐུ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་འབར་བ་ཆེན་པོའི་འོད་སྤྲོ་བར་མཛད་པས་འབར་བར་མཛད་དེ། དེའི་འོག་ཏུ་འབར་བའི་ངོ་ཁྲོ་བོའི་རྒྱལ་པོ་བདག་པོའི་ངོ་བོ་གཤིན་རྗེ་གཤེད་ལ་སོགས་པ་སྤྲིན་ཕུར་ལྟ་བུ་རྣམས་ཀྱི་སྐུ་ལ
གཉིས་སུ་མེད་པར་བསྡུ་བར་མཛད་དོ། །དེའི་འོག་ཏུ་བདག་པོའི་ངོ་བོ་ཡ་མཱནྟ་ཀའི་སྐུ་ལས་སྤྲུལ་པའི་ཁྲོ་བོ་སྤྲིན་ཕུང་ལྟ་བུ་རྣམས་སྤྲོ་བའི་གནས་སུ་འདུས་པར་མཛད་པར་བསམ་མོ། །དེའི་འོག་ཏུ་བདག་པོའི་ངོ་བོ་ཡ་མཱནྟ་ཀའི་སྐུ་ཕྱག
རྒྱ་སྒྲུབ་པ་པོ་ཉིད་ཀྱི་སྤྲོ་བའི་གནས་སུ་གཉིས་སུ་མེད་པར་འདུས་པར་བསམ་མོ། །དེ་ལྟར་གཤིན་རྗེ་གཤེད་སྤྲོ་བའི་ཆོ་གའི་ཐབས་ཀྱིས་གནོད་པ་བྱད་པ་མ་རུངས་པ་འཇོམས་པར་བྱ་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེའི་འོག་ཏུ་ཉིད
ཀྱི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་པའི་གནས་སུ་ས་བོན་ཡིག་འབྲུ་ཁ་དོག་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། གཟི་བརྗིད་ཀྱི་བསྐལ་པའི་མེ་བཞིན་དུ་འབར་བ་བསམས་ཏེ། དེ་འོད་དུ་ཞུ་བའི་ས་བོན་ལས་ཁྲོ་བོའི་རྒྱལ་པོ་གཞན
གྱིས་མི་ཐུབ་པའི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། སྐུ་མདོག་སྤྲིན་དཀར་པོ་ལྟར་ཤིན་ཏུ་དཀར་བ། མདུན་དུ་སྨོས་པ་ཞལ་གསུམ་པ་སྤྱན་གསུམ་པ། རལ་པ་གྱེན་དུ་བརྫེས་པ། སྤྲུལ་གྱི་རྒྱན་གྱིས་བརྒྱན་པ། སྐུ་འཇིགས་པ་ཆེན་པོ་མེ་ལོང
ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗོད་ཀྱིས་བསྐལ་པའི་མ་བཞིན་དུ་རབ་ཏུ་འབར་བ་ཕྱག་དྲུག་པ། ཕྱག་གཡས་དང་པོ་ན་རྡོ་རྗེ་ལྕགས་ཀྱུ་འཛིན་། གཡོན་དང་པོ་ན་རྡོ་རྗེ་ཞགས་པ། ཕྱག་ཕྱི་མ་རྣམས་ནི་མཚོན་ཆ་སྣ་ཚོགས་སོ། །དེ་ཉིད་ཀྱི
སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་ཇི་ལྟ་བ་དེ་བཞིན་དུ། ཉིད་ཀྱི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་གྱི་ས་བོན་ཡིག་འབྲུ་ལས་ཁྲོ་བོ་སྤྲིན་བཞིན་དུ་སྤྲོ་བར་བསམ་མོ
དེ་སྤྲོས་མ་ཐག་ཏུ་བདག་པོའི་ངོ་བོ་གཞན་གྱིས་མི་ཐུབ་པས་ཉོན་མོངས་པའི་བདུད་གཏི་མུག་གི་བདག་ཉིད་ཚངས་པ་ལ་ཁྲོས་ཏེ། ཟིགས་ཤིན་རྡོ་རྗེ་ལྕགས་ཀྱུས་སྙིང་ཁ་ནས་བཟུང། རྡོ་རྗེ་ཆགས་པས་མགུལ་པ་ནས་བཅིངས། གཞན་ཁྲོ
བོའི་སྤྲུལ་བ་སྤྲིན་རྣམས་ཀྱིས་ཚངས་པའི་འཁོར་རྣམས་རྡོ་རྗེ་ལྕགས་ཀྱུས་སྙིང་ཁ་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ་ནས་བཅིངས། མདོར་བསྡུས་པ་ཆོག་དེ་ལྟར་སྒྲུབ་པ་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ་མོ། །དེ་ལྟར་བཀུག་མ
ཐག་ཏུ་ཚངས་པ་འཁོར་ཐམས་ཅད་དང་བཅས་པ་འགུགས་པར་མཛད་མཁན་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་གཞན་གྱིས་མི་ཐུབ་པ་ལ་སོགས་པ། སྤྲུལ་པའི་ཁྲོ་བོ་སྤྲིན་བཞིན་སྤྲོས་པ་རྣམས་ཀྱིས་རྡོ་རྗེ་མཚོན་ཆའི་བྱེ་བྲག་སྣ
ཚོགས་ཀྱིས་གཟུགས་ཀྱི་ཕུང་པོ་གཏུབ་པར་མཛད་དེ། གཟུགས་ཀྱི་ཕུང་པོའི་ཡན་ལག་དང་ཉིད་ལག་གི་དུམ་བུའི་ཕུང་པོ་དེ་གདུབ་མཁན་ཁྲོ་བོའི་རྒྱལ་པོ་དེ་རྣམས་ཀྱིས་ཉིད་ཉིད་ཀྱི་སྐུ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འབར་བ་ཆེན
པོའི་འོད་སྤྲོ་བར་མཛད་པས་འབར་བར་མཛད་དོ། །དེའི་འོག་ཏུ་འབར་བའི་ངོ་བོ་དེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོ་གཞན་གྱིས་མི་ཐུབ་པ་ལ་སོགས་པ་སྤྲིན་ཕུང་ལྟ་བུ་རྣམས་ཀྱི་སྐུ་ལ་གཉིས་སུ་མེད་པར་བསྡུ་པར་མཛད་དོ།།
དེའི་འོག་ཏུ་བདག་པོའི་ངོ་བོ་གཞན་གྱིས་མི་ཐུབ་བའི་སྐུ་ལས་སྤྲུལ་པའི་ཁྲོ་བོ་སྤྲིན་ཕུང་ལྟ་བུ་རྣམས་སྤྲོ་བའི་གནས་སུ་འདུས་པར་མཛད་པར་བསམ་མོ། །དེའི་འོག་ཏུ་བདག་པོའི་ངོ་བོ་གཞན་གྱིས་མི་མཐུབ་པའི་སྐུ་ཕྱག་རྒྱ་སྒྲུབ་པ་པོ་ཉིད་ཀྱི་སྤྲོ
བའི་གནས་སུ་མེད་པར་འདུས་པར་བསམ་མོ། །དེ་ལྟར་གཞན་གྱིས་མི་ཐུབ་པ་སྤྲོ་བའི་ཆོ་གའི་ཐབས་ཀྱིས་གནོད་པར་བྱེད་པ་མ་རུངས་པ་གཞོམ་པར་བྱ་བའི་དོན་དུ་ཤེས་པར་བྱའོ།། །།དེ་ནས་དེའི་འོག་ཏུ་ཉིད་ཀྱི་གསང་བའི
ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་ཡིག་འབྲུ་ཧཱུཾ་ཁ་དོག་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བར་བསམས་ཏེ། དེ་འོད་དུ་ཞུ་བའི་ས་བོན་ལས་ཁྲོ་བོའི
རྒྱལ་པོ་པདྨནྟ་ཀའི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། སྐུ་མདོག་བནདུ་ཀའི་མེ་ཏོག་ལྟར་ཤིན་ཏུ་དམར་བ་མདུན་དུ་སྨོས་པ་ལྟར་ཞལ་གསུམ་སྤྱན་གསུམ་པ། རལ་པ་གྱེན་དུ་བརྫེས་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། འཇིགས་པ་ཆེན
པོར་བྱེད་པ། གསུས་པ་ཆོ་ག་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས། བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བ། ཕྱག་དྲུག་པ། ཕྱག་གཡས་དང་པོ་ན་རྡོ་རྗེ་ལྕགས་ཀྱུ་འཛིན། གཡོན་དང་པོ་ན་རྡོ་རྗེ་ཞགས་པ་འཛིན། ཕྱག
ཕྱི་མ་རྣམས་ནི་མཚོན་ཆ་སྣ་ཚོགས་སོ། །ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཇི་ལྟར་དེ་བཞིན་དུ། ཉིད་ཀྱི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་གྱི་ས་བོན་ཡིག་འབྲུ་ལས
ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་བསམ་མོ། །ངོ?་སྤྲོས་མ་ཐག་ཏུ་བདག་པོའི་ངོ་བོ་པདམཱནྟ་ཀས་ལྷའི་བུ་ཀ་མ་དེ་བ་ལ་ཁྲོས་ཏེ་གཟིགས་ཤིང་རྡོ་རྗེ་ལྕགས་ཀྱུས་སྙིང་ཀ་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས། གཞན
ཁྲོ་བོའི་སྤྲུལ་པ་སྤྲིན་རྣམས་ཀྱིས་ལྷའི་བུ་ཀ་མ་དེ་བ་འཁོར་རྣམས་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས། མདོར་བསྡུས་པ་ཆོག་ངེས་སྒྲུབ་པ་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ་མོ། །བཀུག
མ་ཨ་ཐག་ཏུ་ལྷའི་བུ་ཀ་མ་དེ་བ་འཁོར་ཐམས་ཅད་དང་བཅས་པ་འགུགས་པར་མཛད་མཁན་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་པདྨནྟ་ཀ་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་ཕུང་ལྟ་བུ་རྣམས་ཀྱིས་རྡོ་རྗེ
མཚོན་ཆའི་བྱེ་བླག་སྣ་ཚོགས་ཀྱིས་གཟུགས་ཀྱི་ཕུང་པོ་གཏུབ་པར་མཛད་དེ། དེའི་གཟུགས་ཀྱི་ཕུང་པོའི་ཡན་ལག་དང་ཉིད་ལག་གི་དུམ་བུའི་ཕུང་པོ་དེ་གཏུབ་མཁན་ཁྲོ་བོ་དེ་རྣམས་ཀྱིས་ཉིད་ཉིད་ཀྱི་སྐུ་ལས་སོ་སོར་རྟོག་པའི
ཡེ་ཤེས་ཀྱི་འབར་བ་ཆེན་པོའི་འོད་སྤྲོ་བར་མཛད་པས་འབར་བར་མཛད་དོ། །དེའི་འོག་ཏུ་འབར་པའི་ངོ་བོ་དེ་ཁྲོ་བོའི་རྒྱལ་པོ་བདག་པོ་པདམཱནྟ་ཀ་ལ་སོགས་པ་སྤྲིན་ལྟ་བུ་རྣམས་ཀྱི་སྐུ་ལ་གཉིས་སུ་མེད་པར་འདུས་པར་མཛད་དོ། །དེའི་འོག
ཏུ་བདག་པོའི་ངོ་བོ་པདམཱནྟ་ཀའི་སྐུ་ལ་ཁྲོ་བོའི་སྤྲིན་ཕུད་ལྟ་བུ་རྣམས་སྤྲོ་བའི་གནས་སུ་འདུས་པར་མཛད་པར་བསམ་མོ། །དེའི་འོག་ཏུ་བདག་པོའི་ངོ་བོ་པདམཱནྟ་ཀའི་སྐུ་ཕྱག་རྒྱ་སྒྲུབ་པ་པོ་ཉིད་ཀྱི་སྤྲོ་བའི་གནས་སུ་གཉིས་སུ་མེད
པར་བསམ་མོ། །དེ་ལྟར་པདམཱནྟ་ཀའི་སྤྲོ་བའི་ཆོ་གའི་ཐབས་ཀྱིས་གནོད་པ་བྱེད་པ་མ་རུངས་པ་གཞོམ་པར་བྱ་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེའི་འོག་ཏུ་ཉིད་ཀྱི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་པའི་གནས་ནས་ས་བོན
ཡིག་འབྲུ་ཧཱུཾ་ཁ་དོག་ནག་པོ་མ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་བསྐལ་པའི་མེ་ལྟར་རབ་ཏུ་འབར་བར་བསམས་ཏེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་དེ་ལས་ཁྲོ་པོའི་རྒྱལ་པོ་ཆེན་པོ་བིགྷྣཱཾ་བྷ
ཀའི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། སྐུ་མདོག་སྤྲིན་ནག་པོ་ལྟ་བུ་མདུན་དུ་སྨོས་པའི་ཚུལ་དུ་ཞུལ་གསུམ་སྤྱན་གསུམ་པ་རལ་པ་གྱེན་དུ་བརྫེས་པ་གདེངས་པའི་ཚུལ་སྤྲུལ་གྱི་རྒྱན་གྱིས་བརྒྱན་པ། སྐུ་བསྐལ་པའི་མེ་ལོང
ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བ། ཕྱག་དྲུག་ལ་ཕྱག་གཡས་དང་པོ་ན་རྡོ་རྗེ་ལྕགས་ཀྱུ་འཛིན། གཡོན་དང་པོ་ན་རྡོ་རྗེ་ཞགས་པ་འཛིན། ཕྱག་མཚན་ཕྱི་མ་རྣམས་ནི་རྡོ་རྗེ་མཚོན་ཆ་སྣ་ཚོགས་སོ། །དེ་ཉིད་ཀྱི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན
སུམ་ཚོགས་པ་ཇི་ལྟ་བ་བཞིན་དུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་མདུན་དུ་སྨོས་པའི་ཚུལ་གྱི་ས་བོན་ཡི་གེ་འབྲུ་ལས་སྤྲུལ་པའི་ཁྲོ་བོ་སྤྲིན་བཞིན་སྤྲོ་བར་བསམ་མོ། །དེ་ལྟར་སྒྲོས་མ་ཐག་ཏུ་བདག་པོའི་ངོ་བོ
བིགྷྣཱཾ་ཏ་ཀས་ཕུང་པོའི་བདུད་ཀྱི་ངོ་བོ་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་ལ་ཤིན་ཏུ་ཁྲོས་ཏེ་གཟིགས་ཤིང་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་བཟུང་རྡོ་རྗེ་ཞགས་པས་མགུལ་པ་ནས་བཅིངས། གཞན་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱི་ས་བི་ན་ཡ་ཀའི?
འཁོར་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ་ནས་བཅིངས། དེ་ལྟར་མདོར་བསྡུས་འི་ཆོ་གས་སྒྲུབ་པ་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ་མོ། །དེ་བཀུག་མ་ཐག་ཏུ་ཕུང་པོའི་བདུད་ཀྱི་ངོ་བོ་བགེགས
ཀྱི་རྒྱལ་པོ་བི་ན་ཡ་ཀ་ལ་སོགས་པ་འཁོར་ཐམས་ཅད་དང་བཅས་པ་བཀུག་པར་མཛད་པ། ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་བིགྷྣཱཾ་ཏ་ཀ་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་རྣམས་ཀྱིས་རྡོ་རྗེ་མཚོན་ཆའི་བྱེ་བྲག་སྣ་ཚོགས་ཀྱིས
གཟུགས་ཀྱི་ཕུང་པོ་གདུག?་པར་མཛད་དོ། །དེ་གཟུགས་ཀྱི་ཡན་ལག་དང་ཉིད་ལག་གི་དུམ་བུའི་ཕུང་པོ་དེ། གཏུབ་མཁན་དེ་རྣམས་ཀྱིས་ཉིད་ཉིད་ཀྱི་སྐུ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའི་འབང་བ་ཆེན་པོའི་འོད་སྤྲོ་བར་མཛད་པས
འབར་བར་མཛད་དོ། །དེའི་འོག་ཏུ་འབར་བའི?་ངོ་བོ་དེ་ཁྲོ་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་བིགྷྣཱཾ་ཏ་ཀ་ལ་སོགས་པ་སྤྲིན་ལྟ་བུ་རྣམས་ཀྱི་སྐུ་ལ་གཉིས་སུ་མེད་པར་བསྡུ་བར་མཛད་དོ། །དེའི་འོག་ཏུ་བདག་པོའི་ངོ་བོ་བིགྷྣཱཾ་ཏ་ཀའི་སྐུ་ལ་སྤྲུལ་པའི་ཁྲོ་བོ་སྤྲིན
ཕུང་ལྟ་བུ་རྣམས་སྦྲོ་བའི་གནས་སུ་བསྡུ་བར་མཛད་པར་བསམ་མོ། །དེའི་འོག་ཏུ་བདག་བོའི་ངོ་བོ་བིགྷྣཱཾ་ཏ་ཀའི་སྐུ་ཕྱག་རྒྱ་སྒྲུབ་པ་པོ་ཉིད་ཀྱིས་སྤྲོ་བའི་གནས་སུ་མེད་པར་འདུས་པར་བསམ་མོ། །དེ་ལྟར་བིགྷྣཱཾ
ཏ་ཀའི་སྤྲོ་བའི་ཆོ་གའི་ཐབས་ཀྱིས་གནོད་པ་བྱེད་པ་གཞོམ་པར་བྱ་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེའི་འོག་ཏུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་ཡིག་འབྲུ་ཧཱུཾ་ཨཽཏཔ་ལ་སྔོན་པོའི་འདབ་མའི་ཁ་དོག
འདྲ་བ་མེ་འོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་བསྐལ་པའི་མེ་བཞིན་དུ་འབར་བ་བསམ་སྟེ། དེ་འདོ་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་དེ་ལས་ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ་པོའི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ
མདོག་ཨཽཏཔ་ལ་སྔོན་པོའི་འདབ་མའི་ཁ་དོག་ལྟ་བུ་མདུན་དུ་སྨོས་པའི་ཚུལ་དུ་ཞལ་གསུམ་སྤྱན་གསུམ་པ། རལ་པ་གྱེན་དུ་བརྫེས་པ། འཇིགས་པ་ཆེན་པོར་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་ལས་བསྐལ་པའི
མེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་རབ་ཏུ་འབར་བ། ཕྱག་དྲུག་པ་ཕྱག་གཡས་དང་པོ་ན་རྡོ་རྗེ་ལྕགས་ཀྱུ་འཛིན། གཡོན་དང་པོ་ན་རྡོ་རྗེ་ཞགས་པ། ཕྱག་མཚན་གཞན་རྣམས་ནི་རྡོ་རྗེ་མཚོན་ཆ་སྣ་ཚོགས་སོ། །དེ་ཉིད
ཀྱི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་བཞིན་དུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། མདུན་དུ་སྨོས་པའི་ཚུལ་གྱི་ས་བོན་ཡིག་འབྲུ་ལས་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་སྤྲོ་བར
བསམ། དེ་སྤྲོས་མ་ཐག་ཏུ་བདག་པོའི་ངོ་བོ་ཁྲོ་བོའི་རྒྱལ་པོ་ཆེན་པོ་འདོད་པའི་རྒྱལ་པོས་ཁྲོ་བོ་ཆེན་པོས་མེ་ལྷ་ལ་གཟིགས་ཤིང་རྡོ་རྗེ་ལྕགས་ཀྱུས་སྙིང་ག་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ་ནས་བཅིངས། གཞན་སྤྲུལ
པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས་མེ་ལྷའི་འཁོར་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ག་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ་ནས་བཅིངས། མདོར་བསྡུས་པ་ཆོ་ག་དེ་ལྟར་བྱས་པས་སྒྲུབ་པ་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ་མོ། །
ད་ཨེ་བསྐུག?་མ་ཐག་ཏུ་མེ་ལྷ་འཁོར་ཐམས་ཅད་དང་བཅས་པས་འགུག་པར་མཛད་པ་ཁྲོ་བོའི་རྒྱལ་པོའི་བདག་པོའི་ངོ་བོ་འདོད་པའི་རྒྱལ་པོ་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱི་རྡོ་རྗེའི་མཚོན་ཆའི་བྱེ་བྲག་སྣ་ཚོགས་ཀྱིས
གཟུགས་ཀྱི་ཕུང་པོ་གཏུབ་པར་མཛད་དེ། དེའི་གཟུགས་ཀྱི་ཕུང་པོའི་ཡན་ལག་དང་ཉིད་ལག་གི་དུམ་བུའི་ཕུང་པོ་དེ་གཏུབ་མཁན་དེ་ཁྲོ་བོ་དེ་རྣམས་ཀྱིས་ཉིད་ཉིད་ཀྱི་སྐུ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའི་འབར་བ་ཆེན་པོའི་འོད་སྤྲོ
བར་མཛད་པས་འབར་བར་མཛད་པར་བསམ་མོ། །དེའི་འོག་ཏུ་འབར་བའི་ངོ་བོ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་འདོད་པའི་རྒྱལ་པོ་ལ་སོགས་པ་སྤྲིན་ལྟ་བུ་རྣམས་ཀྱི་སྐུ་ལ་གཉིས་སུ་མེད་པར་འདུས་པར་བསམ་མོ། །དེའི་འོག་ཏུ
བདག་པོའི་ངོ་བོ་འདོད་པའི་རྒྱལ་པོས་ཉིད་ཀྱི་སྐུ་ལས་སྤྲོས་པའི་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་སྤྲོ་བའི་གནས་འདུས་པར་མཛད་པར་བསམ་མོ། །དེའི་འོག་ཏུ་བདག་པོའི་ངོ་བོ་འདོད་པའི་རྒྱལ་པོའི་སྐུ་ཕྱག་རྒྱ་སྒྲུབ་པ་པོ་ཉིད་ཀྱིས་སྤྲོས
པའི་གནས་སུ་གཉིས་སུ་མེད་པའི་འདུས་པར་བསམ་མོ། །དེ་ལྟར་འདོད་པའི་རྒྱལ་པོ་སྤྲོས་པའི་ཆོ་གའི་ཐབས་ཀྱིས་གནོད་པ་བྱེད་པ་མ་རུངས་པ་རྣམས་གཞོམ་པར་བྱ་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེའི་འོག་ཏུ་ཉིད་ཀྱི
གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་གྱི་ཡིག་འབྲུ་བི་ན་ཨ་ཛའ་ན་ལྟ་བུའི་མེ་ལོང་ལྟ་བུའི་ཡེ་ཤེས?་ཀྱི་གཟི་བརྗིད་ཀྱིས་བསྐལ་པའི་མེ་ལྟར་རབ་ཏུ་འབར་བར་བསམ་སྟེ། དེ་འོད་དུ་ཞུ་ནས་ཡེ་ཤ་ཀྱི་ཁུ་བའི་ངོ་བོར་གྱུར
པའི་ས་བོན་ལས་ཁྲོ་བོའི་རྒྱལ་པོ་ཆེན་པོ་དབྱུག་སྔོན་ཅན་གྱི་སྐུ་ཕྱག་རྒྱ་བསྐྱེད་དེ། །སྐུ་མདོག་བི་ན་ཨ་ཛཱ་ན་ལྟ་བུ་མདུན་དུ་སྨོས་པའི་ཚུལ་དུ་ཞལ་གསུམ་སྤྱན་གསུམ་པ། རལ་པ་གྱེན་དུ་བརྫེས་པའི་སྤྲུག
པའི་ཚུལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་བསྐལ་པཱི་མེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བ། ཕྱག་དྲུག་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་ལྕགས་ཀྱུ་འཛིན། གཡོན་དང་པོ་ན་རྡོ་རྗེ་ཞགས་པ། ཕྱག
མཚན་ཕྱི་མ་ནི་རྡོ་རྗེ་མཚོན་ཆ་སྣ་ཚོགས་སོ། །དེ་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དེ་བཞིན་དུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག
འབྲུ་ལས་སྤྲུལ་པའི་ཁྲོ་བོ་སྤྲིན་བཞིན་དུ་སྤྲོ་བར་བསམ་མོ། །དེ་སྤྲོས་མ་ཐག་ཏུ་བདག་པོའི་དབྱུག་པ་སྔོན་ཅན་གྱིས་ཁྲོ་བོ་ཆེན་པོས་ཁྱབ་འཇུག་ལ་འཇིགས་ཤིང་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་བཟུང། རྡོ་རྗེ་ཞགས་པས
མགུལ་ནས་བཅིངས། གཞན་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས་ཁྱབ་འཇུག་གི་འཁོར་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས། དེ་ལྟར་མདོར་སྡུ་བའི་ཆོ་གས
སྒྲུབ་པ?་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ་མོ། །དེ་བཀུག་མ་ཐག་ཏུ་ཁྱབ་འཇུག་འཁོར་ཐམས་ཅད་དང་བཅས་པ་དགུགས་པར་མཛད་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་དབྱུག་སྔོན་ཅན་ལ་སོགས་པ
སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས་རྡོ་རྗེ་མཚོན་ཆ་བྱེ་བྲག་གོ་སྣ་ཚོཌ་ཀྱིས་གཟུགས་ཀྱི་ཕུང་པོ་གཏུབ་པར་མཛད་དེ། དེའི་གཟུགས་ཀྱི་ཕུང་པོའི་ཡན་ལག་དང་ཉིང་ལག་གི་དུམ་བུའི་ཕུང་པོ་དེ་གཏུབ་པར་མཛད་པ་དེ་རྣམས
ཀྱིས་ཉིད་ཉིད་ཀྱི་སྐུ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའི་འབར་བ་ཆེན་པོའི་འོད་སྤྲོ་བར་མཛད་པས་འབར་བར་མཛད་དོ། །དེའི་འོག་ཏུ་འབར་བའི་ངོ་བོ་དེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་དབྱུག་སྔོན་ཅན་ལ་སོགས་པ་སྤྲུལ་པའི་ཁྲོ
བོ་སྤྲིན་ལྟ་བུ་རྣམས་ཀྱི་སྐུ་ལ་གཉིས་སུ་མེད་པར་བསྡུ་བར་མཛད་དོ། །དེའི་འོག་ཏུ་བདག་པོའི་ངོ་བོ་དབྱུག་སྔོན་ཅན་གྱི་སྐུ་ལ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་སྤྲོ་བའི་གནས་སུ་བསྡུ་བར་མཛད་པར་བསམ་མོ། །དེའི་འོག་དུ་བདག་པོ
དབྱུག་སྔོན་ཅན་གྱི་སྐུ་ཕྱག་རྒྱ་སྒྲུབ་པ་པོ་ཉིད་ཀྱི་སྤྲོ་བའི་གནས་སུ་གཉིས་སུ་མེད་པར་འདུས་པར་བསམ་མོ། །དེ་ལྟར་དབྱུག་སྔོན་ཅན་སྤྲོ་བའི་ཆོ་གའི་ཐབས་ཀྱིས་གནོད་པ་བྱེད་པ་མ་རུངས་པ་རྣམས་གཞོམ་པར་བྱ་བའི་དོན་དུ་ཤེས་པར་བྱའོ།།
དེ་ནས་དེའི་འོག་ཏུ་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཡིག་འབྲུ་ཧཱུཾ་ཁ་དོག་ནག་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བར་བསམས་ཏེ། དེ་འོད་དུ་ཞུ་ནས་ཡེ་ཤེས
ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་དེ་ལས་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྟོབས་པོ་ཆེའི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། སྐུ་མདོག་ཤིན་ཏུ་ནག་པ། མདུན་དུ་སྨོས་པའི་ཚུལ་དུ་ཞལ་གསུམ་སྤྱན་གསུམ་པ། རལ་པ་གྱེན་དུ་བརྫེས་པ། སྤྲུལ
གྱི་རྒྱན་གྱིས་བརྒྱན་པ། སྐུ་བསྐལ་པའི་མེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་རབ་ཏུ་འབར་བ། ཕྱག་དྲུག་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་ལྕགས་ཀྱུ། གཡོན་དང་པོ་ན་རྡོ་རྗེ་ཞགས་པ་འཛིན། ཕྱག་མཚན་ཕྱི་མ
རྣམས་ནི་རྡོ་རྗེའི་མཚོན་ཆ་སྣ་ཚོགས་སོ། །དེ་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཅི་ལྟ་བ་དེ་བཞིན་དུ། ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་གྱི་ས་བོན་ཡིག་འབྲུ་ལས
སྤྲུལ་བའི་ཁྲོ་བོ་སྤྲིན་བཞིན་སྤྲོ་བར་བསམ་སྟེ། དེ་སྤྲོས་མ་ཐག་ཏུ་བདག་པོའི་ངོ་བོ་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྟོབས་པོ་ཆེས་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ལ་ཁྲོ་བོ་ཆེན་པོས་གཟིགས་ཤིང། རྡོ་རྗེ་ལྕགས་ཀྱུས
སྙིང་ག་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ་ནས་བཅིངས། གཞན་ཡང་སྤྲུལ་བའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས་དབང་ཕྱུག་ཆེན་བོའི་འཁོར་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་གནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ
ནས་བཅིངས། དེ་ལྟར་མདོར་བསྡུས་པའི་ཆོ་གས་སྒྲུབ་པ་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ་མོ། །དེ་བཀུག་མ་ཐག་ཏུ་དབང་ཕྱུག་ཆེན་པོ་འཁོར་ཐམས་ཅད་དང་བཅས་པ་འགུག་ས་པར་མཛད་མཁན་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག
བོའི་ངོ་བོ་སྟོབས་བོ་ཆེ་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས། རྡོ་རྗེ་མཚོན་ཆའི་བྱེ་བྲག་སྣ་ཚོགས་ཀྱིས་གཟུགས་ཀྱི་ཕུང་པོ་གཏུབ་པར་མཛད་དེ། དེའི་གཟུགས་ཀྱི་ཡན་ལག་དང་ཉིད་ལག་གི་དུཾ་བུའི་ཕུང་པོ་དེ་གཏུབ་པར་མཛད
མཁན་ཁྲོ་བོ་དེ་རྣམས་ཀྱི་སྐུ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འབར་བ་ཆེན་པོའི་འོད་སྤྲོ་བར་མཛད་པས་འབར་བར་མཛད་དོ། །དེའི་འོག་ཏུ་འབར་བའི་ངོ་བོ་དེ་ཁོར་བོའི་རྒྱལ་པོ་ཆེན་པོ་བདག་པོ་ངོ་བོ་སྟོབས་པོ་ཆེ་ལ་སོགས་པ
སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱི་སྐུ་ལ་གཉིས་སུ་མེད་བར་འདུས་བར་མཛད་པར་བསམ་མོ། །དེའི་འོག་ཏུ་བདག་པོའི་ངོ་བོ་སྟོབས་བོ་ཆེའི་སྐུ་ལ་སྤྲུལ་པའོ་ཁྲོ་བོ་སྤྲིན་ལྟ་བུ་རྣམས་སྤྲོས་པའི་གནས་སུ་བསྡུ་བར་བསམ་མོ།།
དེའི་འོག་ཏུ་བདག་པོའི་ངོ་བོ་སྟོབས་པོ་ཆའི་སྐུ་ཕྱག་རྒྱ་སྒྲུབ་པ་པོ་ཉིད་ཀྱི་སྤྲོ་བའི་གནས་སུ་གཉིས་སུ་མེད་པར་བསྡུ་བར་བསམ་མོ། །དེ་ལྟར་སྟོབས་པོ་ཆེ་སྤྲོ་བའི་ཆོ་གའི་ཐབས་ཀྱིས་ཚུལ་གྱིས་གནོད་བ་བྱེད་བ་མ་རུངས་པ
རྣམས་གཞོམ་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་པའི་ཐུགས་ཀ་ཡེ་ཤེས་བའི་གནས་ནས་ས་བོན་ཡིག་འབྲུ་ཧཱུཾ་ཁ་དོག་མཐིང་ཤུན་ལྟ་བུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་བསྐལ་པའི་མེ་ལྟར་རབ་ཏུ་འབར་བར་བསམ་སྟེ། དེ་འོད་དུ་ཞུ
ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་བའི་ས་བོན་ལས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་འཕགས་པ་མི་གཡོ་བའི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། སྐུ་མདོག་མཐིང་ཤུན་གྱི་ཁ་དོག་ལྟ་བུ་མདུན་དུ་སྨོས་པའི་ཚུལ་དུ་ཞལ་གསུམ་སྤྱན་གསུཾ
བ། རལ་པ་གྱེན་དུ་བརྫེས་པ་རབ་ཏུ་འབར་བ། རྒྱན་ཐམས་ཅད་ཀྱིས་རྒྱན་བ། སྐུ་བསྐལ་པའི་མེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་རབ་ཏུ་འབར་བ། ཕྱག་དྲུག་པ། ཕྱག་གཡས་དང་པོ་ན་རྡོ་རྗེ་ལྕགས་ཀྱུ་འཛིན། གཡོན
དང་པོ་ན་རྡོ་རྗེ་ཞགས་པ། ཕྱག་མཚན་ཕྱི་མ་རྣམས་ནི་རྡོ་རྗེའི་མཚོན་ཆ་སྣ་ཚོགས་སོ། །དེ་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་བཞིན་དུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན
དུ་སྨོས་པའི་ཚུལ་གྱིས་ས་བོན་ཡིག་འབྲུ་ལས་སྤྲུལ་པའི་ཁྲོ་བོ་སྤྲིན་བཞིན་དུ་སྦྲོ་བར་བསམ་མོ། །དེ་སྤྲོས་མ་ཐག་ཏུ་བདག་པོའི་ངོ་བོ་ཁྲོ་བོའི་རྒྱལ་པོ་ཆེན་པོ་འཕགས་པ་མི་གཡོ་བས་ཁྲོས་ཏེ་ནག་པོ་ཆེན་པོ་ལ་གཟིགས་ཤིང་རྡོ་རྗེ
ལྕགས་ཀྱུས་སྙིང་ག་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས། གཞན་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས་ནག་པོ་ཆེན་པོའི་འཁོར་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ག་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ་ནས
བཅིངས། དེ་ལྟར་མདོར་བསྡུས་པའི་ཆོ་གས་སྒྲུབ་པ་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ་མོ། །དེ་བཀུག་མ་ཐག་ཏུ་ནག་པོ་ཆེན་པོ་འཁོར་ཐམS་ཅད་དང་བཅས་པས་འགུགས་པར་མཛད་པ། ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་འཕགས
པ་མི་གཡོ་བ་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས་རྡོ་རྗེའི་མཚོན་ཆའི་བྱེ་བྲག་སྣ་ཚོགས་ཀྱིས་གཟུགས་ཀྱི་ཕུང་པོ་གཏུབ་པར་མཛད་དོ། །དེའི་འོག་ཏུ་གཟུགས་ཀྱི་ཕུང་པོའི་ཡན་ལག་དང་ཉིད་ལག
གི་དུམ་བུའི་ཕུང་པོ་དེ་གཏུབ་མཁན་ཁྲོ་བོ་དེ་རྣམས་ཀྱིས་ཉིད་ཉིད་ཀྱི་སྐུ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའི་འབར་བ་ཆེན་པོའི་འོད་སྤྲོ་བར་མཛད་པས་འབར་བར་མཛད་དོ། །དེའི་འོག་ཏུ་འབར་བའི་ངོ་བོ་དེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག
པོའི་ངོ་བོ་འཕགས་པ་མི་གཡོ་བ་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱི་སྐུ་ལ་གཉིས་སུ་མེད་པར་བསྡུ་བར་མཛད་པར་བསམ་མོ། །དེའི་འོག་ཏུ་བདག་པོའི་ངོ་བོ་འཕགས་པ་མི་གཡོ་བའི་སྐུ་ལ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས
གཉིས་སུ་མེད་བར་བསྡུ་བར་བསམ་མོ། །དེའི་འོག་ཏུ་བདག་པོ་ངོ་བོ་འཕགས་པ་མི་གཡོ་བའི་སྐུ་ལ་ཕྱག་རྒྱ་ཆེན་པོ་ཉིད་ཀྱི་སྤྲོས་པའི་གནས་སུ་གཉིས་སུ་མེད་པར་བསྡུ་བར་བསམ་མོ། །དེ་ལྟར་འཕགས་པ་མི་གཡོ་བ་སྤྲོ་བའི་ཆོ་གའི
ཐབས་ཀྱི་ཚུལ་གྱིས་གནོད་པ་བྱེད་པ་མ་རུངས་པ་གཞོམ་པར་བྱ་བའི་དོན་དུ་ཤེས་པར་བྱའོ། ། །།དེ་ནས་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་ཡིག་འབྲུ་ཧཱུཾ་སྤྲིན་ནག་པོའི་ཁ་དོག་ལྟ་བུ་མེ་ལོང
ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་བསྐལ་བའི་མེ་བཞིན་དུ་རབ་ཏུ་འབར་བ་བསམ་སྟེ། དེ་འོང་དུ་ཞུ་བ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་ལས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བཛྲ་ཧཱུཾ་ཀ་རའི་སྐུ་ཕྱག་རྒྱ་བསྐྱེད་དེ། དེའི་སྐུ་མདོག་སྤྲིན་ནག
པོ་ལྟ་བུ་མདུན་དུ་སྨོས་པའི་ཚུལ་དུ་ཞལ་གསུམ་སྤྱན་གསུམ་པ། རལ་པ་གྱེན་དུ་བརྫེས་པ། རབ་ཏུ་འབར་བ། རུས་པའི་ཕྲེང་བ་བཅིངས་པ། སྤྲུལ་གྱི་རྒྱན་གྱིས་བརྒྱན་པ། སྐུ་བསྐལ་པའི་མེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི
བརྗིད་ཀྱིས་རབ་ཏུ་འབར་བ། ཕྱག་དྲུག་པ། ཕྱག་གཡས་དང་པོ་ན་རྡོ་རྗེ་ལྕགས་ཀྱུ། གཡོན་དང་པོ་ན་རྡོ་རྗེ་ཞགས་པ། ཕྱག་མཚན་ཕྱི་མ་ནི་མཚོན་ཆ་སྣ་ཚོགས་སོ། །དེ་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ། དེ་བཞིན་དུ
ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། མདུན་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག་འབྲུ་ལས་སྤྲུལ་པའི་ཁྲོ་བོ་སྤྲིན་བཞིན་དུ་སྤྲོ་བར་བསམ་མོ། །དོ་སྤྲོས་མ་ཐག་ཏུ་ཁྲོ་བོ་ཆེན་པོའི་ཉི་མ་དང་ཟླ་བ་ལ་གཟིགས་ཤིང
རྡོ་རྗེ་ལྕགས་ཀྱུས་སྙིང་ཀ་ནས་བ་ཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས། གཞན་ཡང་སྤྲུལ་པཱི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས། བཟའ་དང་སྐར་མ་དང། གཞན་ཡང་བར་སྣང་ལ་གནས་པའི་སེམས་ཅན་མ་རུངས་པ་ཐམས་ཅད་རྡོ་རྗེ
ལྕགས་ཀྱུས་སྙིང་ཀ་ནས་བཟུང། རྡོ་རྗེ་ཞགས་པས་འགུལ་པ་ནས་བཅིངས། དེ་ལྟར་མདོར་བསྡུས་པའི་ཆོ་གས་སྒྲུབ་པ་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ་མོ། །དེ་བཀུག་མ་ཐག་ཏུ་ཉི་མ་དང་ཟླ་བ་དང། གཟའ་དང། སྐར་མ་དང།
བ་ཨར་སྣང་ལ་གནས་པའི་མ་རུངས་པ་ཐམས་ཅད་འགུགས་པར་མཛད་པའི་ཁྲོ་བོ་ཆེན་པོ་བདག་པོའི་ངོ་བོ་བཛྲ་ཧཱུཾ་ཀ་ར་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས་རྡོ་རྗེ་མཚོན་ཆའི་བྱེ་བྲག་སྣ་ཚོགས་ཀྱིས་གཟུགས་ཀྱི་ཕུང་པོ
གཏུབ་པར་མཛད་དོ། །དེའི་གཟུགས་ཀྱི་ཕུང་པོའི་ཡན་ལག་དང་ཉིད་ལག་གི་དུམ་བུའི་ཕུང་པོ་དེ་གཏུབ་པར་མཛད་པའི་ཁྲོ་བོ་དེ་རྣམས་ཀྱིས་ཉིད་ཉིད་ཀྱི་སྐུ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འབར་བ་ཆེན་པོའི་འོད་སྤྲོ་བར་མཛད
བས་འབར་བ་མཛད་དོ། །དེའི་འོག་ཏུ་འབར་བའི་ངོ་བོ་ཁྲོ་བོའི་རྒྱལ་པོ། །བདག་པོའི་ངོ་བོ། བཛྲ་ཧཱུཾ་ཀ་ར་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན?་ལྟ་བུ་རྣམས་ཀྱི་སྐུ་ལ་གཉིས་སུ་མེད་པར་བསྡུ་བར་མདད་པར་བསམ་མོ། །དེའི་འོག་ཏུ
བདག་པོའི་ངོ་བོ་བཛྲ་ཧཱུཾ་ཀ་རའི་སྐུ་ཕྱག་རྒྱ་ལ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་གཉིས་སུ་མེད་པར་བསྡུ་བར་མཛད་པར་བསམ་མོ། །དེའི་འོག་ཏུ་བདག་པོའི་ངོ་བོ། །བཛྲ་ཧཱུཾ་ཀ་རའི་སྐུ་ཕྱག་རྒྱ་སྒྲུབ་པ་པོ་ཉིད་ཀྱི་སྤྲོ
བའི་གནས་སུ་གཉིས་སུ་མེད་པར་འདུས་པར་བསམ་མོ། །དེ་ལྟར་བཛྲ་ཧཱུཾ་ཀ་ར་སྤྲོ་བའི་ཆོ་གའི་ཐབས་ཀྱི་ཚུལ་གྱིས་མ་རུངས་པ་གནོད་པར་བྱེད་པ་གཞོམ་པར་བྱ་བའི་དོན་དུ་ཤེས་པར་བྱའོ།། །།དེ་ནས་གསང་བའི
ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། ས་བོན་ཡིག་འབྲུ་ཧཱུཾ་བི་ན་ཨ་ཛ་ནའི་ཁ་དོག་ལྟ་བུ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས། བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བར་བསམ་སྟེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི
ཁུ་བའི་ངོ་བོར་གྱུར་བའི་ས་བོན་དེ་ལས་ཁྲོ་བོའི་རྒྱལ་པོ་ཆེན་པོ་པདྨ་ཀུཎྜ་ལིའི་སྐུ་ཕྱག་རྒྱ་བསྐྱེད་དེ། དེའི་སྐུ་མདོག་ནི་ཨ་ཛ་ན་ལྟ་བུ། མདུན་དུ་སྨོས་པའི་ཚུལ་དུ། ཞལ་གསུམ་སྤྱན་གསུམ་པ། རལ་བ་གྱེན་དུ་བརྫེས་པ།
གདེངས་པའི་ཚུལ་དུ་རབ་ཏུ་འབར་བ། སྤྲུལ་གྱིས་བཅིངས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་བསྐལ་པའི་མེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་རབ་ཏུ་འབར་བ། ཕྱག་དྲུག་ལ། གཡས་དང་པོ་ན་རྡོ་རྗེ
ལྕགས་ཀྱུ་འཛིན། གཡོན་དང་པོ་ན་རྡོ་རྗེ་ཞགས་པ། ཕྱག་མཚན་ཕྱི་མ་རྣམས་ནི་མཚོན་ཆ་སྣ་ཚོགས་སོ། །དེ་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ཇི་ལྟ་བ་དེ་བཞིན་དུ། ཉིད་ཀྱི་གསང་བའི་ཐུགས་ཀ
ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་གྱིས་ས་བོན་ཡིག་འབྲུ་ལས་སྤྲུལ་པའི་ཁྲོ་བོ་སྤྲིན་བཞིན་དུ་སྤྲོ་བར་བསམ་མོ། །དེ་སྤྲོས་མ་ཐག་ཏུ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་པདྨ་ཀུཎྜ་ལིའི་ས་ཁྲོ་བོ
ཆེན་པོས་བ་རུ་ཎ་ལ་གཟིགས་ཤིང། རྡོ་རྗེ་ལྕགས་ཀྱུས་སྙིང་ཀ་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས། གཞན་ཡང་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས་ཀླུ་ལ་སོགས་པ་ས་འོག་ན་གནས་པའི་སེམས་ཅན་མ་རུངས་བ
ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ཀ་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་པ་ནས་བཅིངས། དེ་ལྟར་མདོར་བསྡུས་པའི་ཆོ་གས་སྒྲུབ་པ་པོ་ཉིད་ཀྱི་མདུན་དུ་དགུག་པར་བསམ། དེ་བཀུག་མ་ཐག་ཏུ་བ་རུ་ཎ་དང། ཀླུ་ཐམས་ཅད་ལ་སོགས
ཏ་ཨེ་ས་འོག་ན་གནས་པའི་སེམས་ཅན་མ་རུངས་པ་ཐམས་ཅད་དགུག་པར་མཛད་མཁན་ཁྲོ་བོ་དེ་རྣམས་བདག་པའི་ངོ་བོ་པདྨ་ཀུཎྜ་ལི་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་ཀྱིས་རྡོ་རྗེ་མཚོན?་ཆའི་བྱེ་བྲག་སྣ་ཚོགས་ཀྱིས་གཟུཌ
ཀྱི་ཕུང་པོ་གཏུབ་པར་མཛད་དོ། །དེའི་གཟུགས་ཀྱི་ཕུང་པོའི་ཡན་ལག་དང་ཉིད་ལག་གི་དུམ་བུའི་ཕུང་པོ་གཏུབ་པར་མཛད་མཁན་ཁྲོ་བོ་དེ་རྣམS་ཀྱིS་ཉིད་ཉིད་ཀྱི་སྐུ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའི་འབར་བ་ཆེན་པོའི་འོད་སྤྲོ་བར
མཛད་པས་འབར་བར་མཛད་དོ། །དེའི་འོག་ཏུ་འབར་བའི་ངོ་བོ་དེ་ཁྲོའི་རྒྱལ་པོ་ཆེན་པོ་བདག་པོའི་ངོ་བོ་པདྨ་ཀུཎྜ་ལི་ལ་སོགས་པ་སྤྲུལ་པའི་ཁྲོ་བོའི་སྤྲིན་ལྟ་བུ་རྣམས་ཀྱི་སྐུ་ལ་གཉིས་སུ་མེད་པར་བསྡུ་བར་མཛད་པར་བསམ་མོ། །དེའི
འོག་དུ་བདག་པོའི་ངོ་བོ་པདྨ་ཀུཎྜ་ལའི་སྐུ་སྤྲུལ་པའི་ཁྲོ་བོ་སྤྲིན་ལྟ་བུ་རྣམས་གཉིས་སུ་མེད་པར་བསྡུ་བར་བསམ། དེའི་འོག་ཏུ་བདག་པོའི་ངོ་བོ་པདྨ་ཀུཎྜ་ལིའི་སྐུ་ཕྱག་རྒྱ་སྒྲུབ་པ་པོ་ཉིད་ཀྱི་སྤྲོས་པའི་གནས་སུ་མེད་པར་བསྡུ་བར་བསམ།
དེ་ལྟར་པདྨ་ཀུཎྜ་ལིའི་སྤྲོ་བའི་ཆོ་གའི་ཐབས་ཀྱི་ཚུལ་གྱིས་གནོད་པ་བྱེད་པ་མ་རུངས་པ་གཞོམ་པའི་དོན་དུ་ཤེས་པར་བྱའོ། །བཤད་པར་བྱ་སྟེ། གོང་དུ་སྨོས་པའི་གཤིན་རྗེ་དང། གཞན་གྱིས་མི་ཐུབ་པ་ལ་སོགས
པ་ཨ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བཅུས་འཆི་བདག་གི་བདུད་གཤིན་རྗེ་ལ་སོགས་པ་གནོད་པ་བྱེད་པ་མ་རུངས་པའི་བདུད་དཔུང་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་ཆེན་པོའི་བྱེ་བྲག་སྣ་ཚོགས་ཀྱིས་བསྒྱིངས་པའི
ཁྲོ་བོ་སྤྲོས་ནས་བྱིན་གྱིས་བརླབས་ནས་བཅོམ་སྟེ་མེད་པར་མཛད་པ་དེའི་ཕྱིར། ཁྲོ་བོ་བཅུ་དོན་དམ་པར་བརྡ་སྐད་དུ་སྡིག་པ་ཆེན་པོ་བྱེད་མཁན་དུ་བཏགས་པར་ཤེས་པར་བྱའོ། །ཐེག་པ་བླ་ན་མེད་པའི་ཞེས་པ་མདུན་དུ་སྨོས
པ་ཨའི་ཐེག་པ་ཆེན་པོའི་རྒྱུད་ནས་འབྱུང་བའི་སྤྱོད་པའི་ངོ་བོ་ལ་བརྟེན་ནས་སྒྲུབ་པའི་འབྲས་བུ་གྲུབ་པའི་འོག་ཏུ་ཐེག་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྲས་བུ་གཅིག་པའི་ངོ་བོ་འདུས་པར་འགྱུར་བས་དེ་ལྟར་ཐེག་པ་མཆོག་གི་དོན
དུ་བསྣན་ཏོ། །བླ་ན་མེད་པའི་དོན་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཚུལ་གྱི་ཐེག་པ་ཆེན་པོའི་འབྲས་བུ་གྲུབ་པའི་དུས་སུ། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པ
ཐམས་ཅད་ཀྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་བྱིན་གྱིས་བརླབས་པས་ཡེ་ཤེས་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར་འགྱུར་བས་དེའི་ཕྱིར་བླ་ན་མེད་པའི་དོན་དུ་གསུངས་སོ། །ཐེག
མཆོག་འདི་ནི་འགྲུབ་པར་འགྱུར་ཞེས་པ་ནི། མདུན་དུ་སྨོས་པའི་མཚམས་མེད་པ་རྣམ་པ་ལྔ་བྱེད་པ་དང། གཞན་ཡང་བྲམ་ཟེ་གསོད་པའི་སྡིག་པ་ཆེན་པོ་བྱེད་པ་དེ་དག་གི་སྡིག་པ་ཟད་པར་བྱ་བའི་ཕྱིར་རྡོ་རྗེ་སློབ་དཔོན་ལས
ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་གྱི་དབང་ནོས་པ་དང། སྒོམ་པའི་མན་ངག་ནོས་ནས་སེམས་དད་བ་ཆེན་པོས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཆེན་པོ་སྤངས་ཏེ། དུས་རྟག་ཏུ་རྒྱུད་ནས་ཇི་ལྟར་འབྱུང་བའི་གསང་བའི
སྦྱོད་པ་སྤྱད་དེ། དེ་སྤྱད་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་འགྲུབ་སྟེ། བཤད་པར་བྱའོ། །ཐེག་པའི་མཆོག་འདི་ནི་ཐེག་པ་ཐམས་ཅད་ཀྱི་ནང་ས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་དཔལ་གསང་བ་འདུས་པ་ལ་སོགས་པའི་ཚུལ་གྱི
མན་ངག་བསྒོམ་པ་དང་སྤྱད་པས་ཚེ་འདི་ཉིད་ལ་གཟུགས་ཀྱི་ཕུང་པོ་མ་བོར་བར་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོ་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར་འགྱུར་རོ། །དེའི་ཕྱིར་ཐེག་མཆོག་འདི་ལ་འགྲུབ་པར་འགྱུར་བའི་དོན
དུ་གསུངས་སོ། ། །།སྙིང་ནས་སློབ་དཔོན་སྨོད་པ་དག་།བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། །སྲོག་གཅོད་པའི་སེམས་ཅན་དང། རྫུན་དུ་སྨྲ་ལ་དང་བ་དང། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སློབ
དཔོན་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སློབ་དཔོན་དབང་ཐམས་ཅད་རྫོགས་པ་དུས་རྟག་ཏུ་རྒྱུན་མི་གཅོད་པར་ཡེ་ཤེས་དང་གསང་བའི་དཀྱིལ་འཁོར་བསྒོམ་པ། དེ་བཞིན་དུ་སྔགས་ཀྱི་བཟླས་པ་དང། དམ་རྫས་ཐམས་ཅད་སྔགས
ཀྱིས་བྱིན་གྱིས་བརླབ་ཅིང་ཟ་བ་ཐུགས་རྗེ་དང་ལྡན་པ། སྦྱིན་པ་གཏོང་བ་ལ་དགའ་བ། དེ་དག་ལ་སོགས་ཏེ་ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་སློབ་དཔོན་ཡིན་པར་གསུངས་སོ། །སྙིང་ནས་སྨོས་པ་ཞེས་པ་གོང་དུ་སྨོས་པའི་སློབ་དཔོན་དེ་ལ།
ཉིད་ཀྱི་སློབ་མའམ། སྔགས་སྒྲུབ་པར་བྱེད་པ་གཞན་གྱིས་སྐྱོན་ཕྲ་མོ་ལ་འང་དཔྱ་སེམས་བྱེད་ན། དེ་ནི་ཁྱད་པར་དུ་སྡིག་པ་ཅན་དུ་བསྟན་ཏེ་བཤད་པར་བྱའོ། །མཚམས་མེད་པ་རྣམ་པ་ལྔ་བྱས་པ་དང། བྲམ་ཟེ་བསད་པས། ཁྱད་པར་དུ་རྡོ་རྗེ
སློབ་དཔོན་སྨོད་དེ་སྡིག་པ་ཆེ་བས། དེ་ལྟར་སྙིན་ནས་སློབ་དཔོན་སྨོད་པའི་དོན་དུ་གསུངས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་སྙིང་ནས་སྨོད་པར་བྱེད་པ་དེའི་འབྲས་བུ་བསྟན་པར་བྱ་སྟེ། བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར་ཞེས་པ། སྒྲུབ་པ་གང་བསྒྲུབS
ཀྱང་མི་འགྲུབ་སྟེ་བཤད་པར་བྱའོ། །རྡོ་རྗེ་སློབ་དཔོན་སྨོད་པའི་སྐྱོན་དེ་ནི་བགེགས་ཀྱི་གནོད་པའི་སྒྱུ་མའི་སྟོབས་ཀྱི་ངོ་བོ་ཡིན་ཏེ། ངེས་བླ་ན་མེད་པའི་དངོས་གྲུབ་ཀྱི་འབྲས་བུ་ཉམS་པར་འགྱུར་རོ། །འབྲས་བུ་ཉམས་པར་མ་ཟད་བསྐལ
པ་གྲངས་མེད་པར་མནར་མེད་པའི་དམྱལ་བར་གནས་པར་འགྱུར་རོ། །དེ་ལྟར་བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར་གྱི་དོན་དུ་ཤེས་པར་བྱའོ། །སྲོག་གཅོད་པའི་སེམས་ཅན་དང། རྫུན་དུ་སྨྲ་ལ་དང་པ་དང་ཞེས་པའི་ལེའུ་བཅུ་དྲུག་པ་ལས
འབྱུང་བ། ལེའུ་བཞི་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་རྒྱས་པར་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །གཞན་གྱི་ནོར་ལ་ཆགས་པ་དང། རྟག་ཏུ་འདོད་པ་སྤྱོད་པ་དང། །བཤད་ཅི?་གཟས་སུ་ཟ་བ་དང། དེ་དག་སྒྲུབ་པའི་སྣོད་དུ་འགྱུར་ཞེས
བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། གཞན་གྱི་ནོར་ལ་ཆགས་པ་དང། རྟག་ཏུ་འདོད་པ་སྤྱོད་པའི་དོན་ནི་སྲོག་གཅོད་པ་དང། བརྫུན་དུ་སྨྲ་བ་ལེའུ་བཅུ་དྲུག་པ་ནས་འབྱུང་བ། ལེའུ་བཞི་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་རྒྱས་པར
བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །བཤད་གཅི་ཟས་སུ་ཟ་བ་དང་ཞེས་པའི། སྔགས་པས་དུས་རྟག་ཏུ་བཤད་གཅི་ལ་སོགས་པ་དམ་རྫས་བཅུ་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་བྱེ་བྲག་གི་ཉིད་ཉིད་ཀྱི་སྔགས་ཀྱི་ཡིག་འབྲུས་བྱིན་གྱིས་བརླབ་ཅིང
བཟའ་བར་བྱའོ། །དེ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པའི་ཆོ་གའི་དོན་གསལ་བར་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཚུལ་གྱིས་ཕུང་པོར་ཆེན་པོ་བླངས་ཏེ། དེའི་ནང་དུ་དང་པོ་དྲི་ཆེན་གཞག་སྟེ། དྲི་ཆེན་གྱི་སྟེང་དུ་དེ་བཞིན་གཤེགས་པ་རྣམ
པར་སྣང་མཛད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་དཀར་པོ་ཟླ་བ་སྟོང་དང་མཉམ་པར་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་རབ་ཏུ་འབར་བ་བསམ་སྟེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་དྲི་ཆེན་ལ་གཉིས
སུ་མེད་པར་ཐིམ། དེའི་འོག་ཏུ་དྲི་ཆུ་བཞག་སྟེ། དེའི་སྟེང་དུ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་མཐིང་ཀ་ཉི་མ་སྟོང་དང་མཉམ་པར་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་མེ་ཕུང་བཞིན་དུ་རབ
ཏུ་འབར་བ་བསམས་ཏེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་དྲི་ཆུ་ལ་གཉིས་སུ་མེད་པར་ཐིམ། དེའི་འོག་ཏུ་བྱང་ཆུབ་ཀྱི་སེམས་བཞག་སྟེ། དེའི་སྟེང་དུ་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་ཨ་སོ་སོར
རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་དམར་པོ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་མེ་ཕུང་བཞིན་དུ་རབ་ཏུ་འབར་བ་བསམ་སྟེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ལ་གཉིས་སུ་མེད་པར་ཐིམ། དེའི་འོག་ཏུ་པདྨ་རཀྟ་བཞག་སྟེ། དེའི་སྟེང
དུ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་ས་བོན་སྔགས་ཀྱི་ཡིག་འབྲུ་སྭ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་སེར་པོ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་མེ་ཕུང་བཞིན་དུ་རབ་ཏུ་འབར་བ་བསམ་སྟེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་པདྨ
རཀྟ་ལ་གཉིས་སུ་མེད་པར་ཐིམ། དེའི་འོག་ཏུ་ནང་གི་ཤ་ལུད་པ་སྐན་དེའི་ངོ་བོ་བཞག་སྟེ། དེའི་སྟེང་དུ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་ལྗང་གུ་ཡེ་ཤེས་ཀྱི་གཟི་བརྗིད
གྱིས་རབ་ཏུ་འབར་བ་བསམ་སྟེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་ནང་གི་ཤ་ལ་གཉིས་སུ་མེད་པར་ཐིམ། དེའི་འོག་ཏུ་ཤ་ཆེན་བཞག་སྟེ། དེའི་སྟེང་དུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཀྵི་ཆོས་ཀྱི
དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་དཀར་པོ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་མེ་ཕུང་བཞིན་དུ་རབ་ཏུ་འབར་བ་བསམ་སྟེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་ཤ་ཆེན་ལ་གཉིས་སུ་མེད་པར་ཐིམ། དེའི་འོག་ཏུ་གླང་པོ་ཆེའི་ཤ་བཞག་སྟེ། དེའི
སྟེང་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཛྲི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་མཐིང་ཀ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་མེ་ཕུང་བཞིན་དུ་རབ་ཏུ་འབར་བར་བསམ། དེ་འོད་དུ་ཞུ་ནས་ཡེ་ཤེས
ཀྱི་ཁུ་བཱི་ངོ་བོ་གླང་པོ་ཆེའི་ཤ་ལ་གཉིས་སུ་མེད་པར་ཐིམ། དེའི་འོག་ཏུ་ཁྱི་ཤ་བཞག་སྟེ་།དེའི་སྟེང་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཁཾ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་མཐིང་ཀ་ཡེ་ཤེས་ཀྱི
གཟི་བརྗིད་ཀྱིས་མེ་ཕུང་བཞིན་དུ་རབ་ཏུ་འབར་བ་བསམ་སྟེ་། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་ཁྱི་ཤ་ལ་གཉིས་སུ་མེད་པར་ཐིམ་།དེའི་འོག་ཏུ་རྟ་ཤ་བཞག་སྟེ། དེའི་སྟེང་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགS་ཀྱི་དབང
ཕྱུག་གི་ངོ་བོ་ས་བོན་སྔགས་ཀྱི་ཡིག་འབྲུ་གཾ་ཁ་དོག་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་གཟི་བརྗིད་ཀྱིས་མེ་ཕུང་བཞིན་དུ་རབ་ཏུ་འབར་བ་བསམ་སྟེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་རྟ་ཤ་ལ་གཉིས་སུ་མེད་ཐིམ་།དེའི
འོག་ཏུ་བ་ལང་ཤ་བཞག་སྟེ་། དེའི་སྟེང་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཀྵཾ་ཁ་དོག་ལྗང་གུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་མེ་ཕུང
བཞིན་དུ་རབ་ཏུ་འབར་བ་བསམ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བ་ལང་གི་ཤ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཏོ། །དེའི་འོག་ཏུ་སྐུ་གསུང་ཐུགས་ཀྱི་ས་བོན་ཡིག་འབྲུ་གསུམ་གྱིས་ཁྱད་པར་དུ་བྱིན་གྱིས
བརླབ་པའི་ཆོ་ག་བསྟན་པར་བྱ་སྟེ། དམ་རྫས་བཅུ་མཉམ་པར་དུས་གཅིག་ཏུ་དང་པོ་སེམས་ཀྱི་རྣམ་པར་རྟོག་པ་སྤངས་སྟེ། ཐུགས་རྡོ་རྗེ་སྔགས་ཀྱི་ཡིག་འབྲུ་ཧཱུཾ་ཁ་དོག་མཐིང་ཀ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འབར་བ་དམ
རྫས་རྣམས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ། དེ་ཐིམ་པས་བྱིན་གྱིས་བརླབས་པའི་འོག་ཏུ། དམ་རྫས་རྣམས་ཀྱི་ཕྱིའི་དྲི་མི་ཞིམ་པ་རྣམས་མེད་པར་འགྱུར་རོ། །དེ་ལྟར་སྦྱར་བའི་ཆོ་གའི་དོན་དུ་གསུངས་སོ། །དེའི་འོག
ཏུ་དམ་རྫས་རྣམས་ཀྱི་སྟེང་དུ། སྔགས་ཀྱི་ཡིག་འབྲུ་ཨ་ཁ་དོག་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་འབར་བ་དམ་རྫས་རྣམས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ་མོ། །དེ་ཐིམ་པས་བྱིན་གྱིས་བརླབས་པའི
འོག་ཏུ་དམ་རྫས་རྣམས་འཕྲོ་བར་འགྱུར་རོ། །གཞན་ཡང་ལྷའི་དྲིའི་བྱེ་བྲག་སྣ་ཚོགས་འབྱུང་ངོ། །དེ་ལྟར་རྟོགས་པའི་དོན་དུ་ཤེས་པར་བྱའོ། །དེའི་འོག་ཏུ་དམ་རྫས་ཀྱི་སྟེང་དུ་སྔགས་ཀྱི་ཡིག་འབྲུ་ཨོཾ་ཁ་དོག་དཀར་པོ་ཆོས་ཀྱི
དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉི་མ་སྟོང་གི་འོད་དང་མཉམ་པར་དམ་རྫས་རྣམས་ལ་གཉིས་སུ་མེད་པར་ཐིམ་པར་འགྱུར་བར་བསམ་མོ། །དེ་མ་ཐིམ་པས་བྱིན་གྱིས་བརླབས་པའི་འོག་ཏུ་དམ་རྫས་རྣམས་འབར་བར་འགྱུར་ཏེ་། དམ་རྫས
རྣམས་ཡེ་ཤེས་རྣམ་པ་ལྔ་དང་གཉིས་སུ་མེད་པའི་ཁུ་བའི་ངོ་བོར་གྱུར་པར་བསམ་མོ། །དེ་ལྟར་འབར་བའི་ཆོ་གའི་དོན་དུ་གསུངས་སོ། །གཞན་ཡང་དམ་རྫས་ཡེ་ཤེས་ཀྱི་ཁུ་བ་དེ་སྔགས་ཀྱི་ཚིག་བརྗོད་ཅིང་བཟའ་བར་བྱ་སྟེ། སྔགས
ཀྱི་ཚིག་ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུ་དྡྷོ་ཧཾ། ཚུལ་དེ་ལྟར་གཤང་གཅི་ལ་སོགས་པ་དམ་རྫས་རྣམས་ཟས་སུ་བཟའ་བའི་དོན་དུ་ཤེས་པར་བྱའོ། །འདི་དག་བསྒྲུབ་པའི་སྣོད་དུ་འགྱུར་བ་ཞེས་པ་ནི། དམ་རྫས་རྣམས
སྔར་སྨོས་པའི་ཆོ་གས་སྔགས་པས་བཟའ་བར་བྱ་སྟེ། དེ་ནི་གསང་བའི་སྒྲུབ་པ་ཆེན་པོ་སྒྲུབ་པའི་བསོད་ནམས་ཀྱི་སྣོད་ཡིན་ནོ། །བཤད་པར་བྱ་སྟེ། བསོད་ནམས་ཀྱི་སྣོད་ཀྱི་ངོ་བོ་དེ་ལ་སངས་རྒྱས་ཐམས་ཅད་མཉེས་པར་བྱ་བར
འགྱུར་ཏེ། སངས་རྒྱས་ཐམས་ཅད་མཉེས་པའི་འབྲས་བུ་བསྟན་པར་བྱའོ། །སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་ངོ་བོ་དཔལ་རྡོ་རྗེ་སེམས་ཡིན་ལ། རྡོ་རྗེ་སེམས་དཔའ་དང་སྒྲུབ་པོ་དམ་རྫས
རྣམས་ཟ་བ་དེ་གཉིས་སུ་མེད་པའི་ངོ་བོར་འགྲུབ་པར་འགྱུར་རོ། །དེ་ལྟར་གྲུབ་པར་འགྱུར་བའི་དོན་དུ་གསུངས་སོ། །མ་དང་སྲིད་མོ་བུ་མོ་ལ། སྒྲུབ་པ་པོས་ནི་སྦྱང་བྱས་ན། ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱིས། །དངོས་གྲུབ
རྒྱ་ཆེན་དེས་ཐོབ་པོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། མ་བྱེ་བྲག་གཉིས་སུ་དབྱེ་སྟེ། དོན་དཾ་པ་དང། །ཡེ་ཤེས་ཀྱི་ཚུལ་ལོ། །དེ་ལ་དོན་དམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་གྱི་ལྷ་མོ་རྣམས་ཀྱི་ཡེ་ཤེས་ཀྱི་འབྲས
བུའི་ངོ་བོར་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་སྨོས་སོ། །དེ་དང་ཆོས་ཀྱི་སྐུ་གཉིས་སུ་མེད་པར་གནས་པའོ། །བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱུད་བཀའ་སྩལ་པའི་དུས་སུ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག
མའི་གནས་ནས་ཆོས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱའི་སྐུ་ངོ་བོ་རྒྱུད་བཀའ་སྩལ་པའི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་བྱུང་བཱི?་མའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཡིན་པས་དེའི་ཕྱིར་དོན་དམ་པའི་མའོ། །དེ་ནས་ཡེ་ཤེས་ཀྱི
ཚུལ་གྱི་མའི་དོན་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་དང་གཉིས་སུ་མེད་པ་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་བྱུང་བ་མཱ་མ་ཀཱི་ཡིན་ནོ། །བཤད་པར་བྱ་སྟེ་།སྟོན་པ་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ
མེད་པར་འཁྱུད་པའི་སྦྱོར་བའི་ཚུལ་དུ་གནས་པའི་མཱ་མ་ཀཱི་དེ། སྟོན་པ་རྡོ་རྗེ་མི་བསྐྱོད་པས་འདོད་ཆགས་ཆེན་པོའི་ཐུགས་དགྱེས་པ་ཐབས་དང་ཤེས་རབ་རོལ་པ་མཛད་ནས་གསང་བའི་དཀྱིལ་འཁོར་བསྐྱེད་པར
མཛད་པ། རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྐྱེད་པའི་གནས་ཀྱི་ངོ་བོ་མཱ་མ་ཀཱི་ཡིན་པས་དེ་ལྟར་ཡེ་ཤེས་ཀྱི་ཚུལ་གྱི་མའོ། །གཞན་ཡང་མའི་དོན་གྱི་བྱེ་བྲག་བསྟན་པར་བྱ་སྟེ། སྐུའི་དཀྱིལ་འཁོར་གྱི
དུས་སུ་རྣམ་པར་སྣང་མཛད་ཀྱི་ཤེས་རབ་ལྷ་མོ་སངས་རྒྱས་སྤྱན་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྐྱེད་པའི་གནས་ཀྱི་ངོ་བོ་མ་ཡིན་ནོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་གྱི་དུས་སུ་དཀྱིལ་འཁོར་གྱི་བདག་པོ་སྣང་བ་མཛའ་
ཡས་ཀྱི་ཤེས་རབ་ལྷ་མོ་ན་བཟའ་དཀར་མོ་དཀྱིལ་འཁོར་ལྷ་ཐམས་ཅད་བསྐྱེད་པའི་གནས་ཀྱི་ངོ་བོ་མ་ཡིན་ནོ། །གཞན་ཡང་མའི་དོན་བྱེ་བྲག་བསྟན་པར་བྱ་སྟེ་།སྒྲུབ་པ་བོས་སྒྲུབ་པ་ཆེན་པོ་བྱ་བའི་དུས་དུས་སུ་རང་གི་སེམས
ལས་འབྱུང་བའི་རྣམ་པར་རྟོག་པ་ཆེན་པོ་བདུད་ཀྱི་རྒྱལ་པོ་མ་ཏང་ཀ་རུ་དྲའི་ངོ་བོ་དགྲ་སྒྲུབ་པ་ཆེན་པོའི་འབྲས་བུ་ལ་གནོད་པ་བྱེད་པ་དེ་གཞོམ་པའི་ཐབས་སྟན་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། རང་གི་དགའ་
བའི་ལྷ་གང་ཡིན་པ་དང་གཉིས་སུ་མེད་པའི་ང་རྒྱལ་བྱ་སྟེ། གོང་དུ་སྨོས་པའི་རྣམ་པར་རྟོག་པ་ཆེན་པོ་དེ་སྤངས་ནས་རང་གི་སེམས་བསྟན་པར་བྱ་སྟེ་།ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་རྣམ་པར་དག་པའི་ངོ་བོ་བསྒོམ་པར
བྱ་སྟེ། དེ་མ་ཐག་ཏུ་རང?་བསྐྱེད?་པའི་མ་རྡོ་རྗེ་རིགས་གྱི་ཤེས་རབ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་ང་གཉིས་མེད་པར་བྱིན་གྱིས་བརླབ་པར་བྱའོ། །བཤད་པར་བྱ་སྟེ། སྔར་སྨོས་པའི་ཚུལ་དུ་དེ་བཞིན་གཤེཌ་པ་རྣཾ་པ་ལྔའི་ཡེ་ཤེས་རྣམ་པ་ལྔའི
སྔགས་ཀྱི་ཡིག་འབྲུ་ས་བོན་གྱིས་། སྐྱེ?་བུའི?་མའི་གནས་ལྡར་བྱིན་གྱིས་བརླབ་བར་བྱ་སྟེ། དེ་ལྟར་བྱས་མ་ཐག་ཏུ་མ་ཤེས་རབ་མ་ཡིན་པས་ལག་པ་འཁྱུད་དེ་སོ་སོར་སྒྲོས་ཙུམ་པ་ན་བྱ་ཞིང། གསང་བའི་དབང་པོ་གཉིས་མཉམ
པར་སྦྱར་ཏེ་། འདོད་ཆགས་ཆེན་པོའི་སེམས་དགའ་བས་ཡི་གེ་ཧཱུཾ་བཟླ་ཞིང་གསང་བའི་དབང་པོ་གཉིས་དལ་ནས་དལ་ནས་སྐྱོད་ཅིང་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱའོ། །རོལ་པ་བྱས་ནས་བདེ་བར་གྱུར་པའི
དུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བ་མདུན་དུ་སྨོས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཟའ་བྱའོ། །དེ་ལྟར་ཕྱིའི་ཡེ་ཤེས་པའི་ཚུལ་གྱི་མའི་དོན་དུ་ཤེས་པར་བྱའོ། །སྲིང་མོ་ཞེས་པ་ཡང་བྱེ་བྲག་རྣམ་པ་གཉིས་ཏེ། ཡེ་ཤེས
ཀྱི་ཚུལ་དང། ཕྱིའི་གསང་བའི་ཚུལ་ལོ། །དེ་ལ་ཡེ་ཤེས་ཀྱི་ཚུལ་ནི་སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ཤེས་རབ་སེམས་མ་རྡོ་རྗེ་མ་རྣམས་སྲིང་མོའི་ངོ་བོར་སྨོས་སོ། །བཤད་པར་བྱ་སྟེ།
བ་ཡང་ཆུབ་སེམས་དཔའ་ཉིད་ཉིད་ཀྱི་ཤེས་རབ་སེམས་མ་རྡོ་རྗེ་མ་དང་ལྡན་པར་དུས་གཅིག་ཏུ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཤེས་རབ་ལྷ་མོ་མཱ་མ་ཀཱི་དང་ལྡན་པས་ཡབ་དང་ཡུམ་གྱི་ངོ་བོ་ལས་བསྐྱེད་པས་དེའི་ཕྱིར་ཡི་ཤེས་ཀྱི་ཚུལ་གྱིས
སྲིང་མོའོ། །གཞན་ཡང་སྲིད་མོའི་དོན་གྱི་བྱེ་བྲག་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཚུལ་དུ་སྒྲུབ་པ་པོS་སྒྲུབ་པ་ཆེན་པོ་སྒྲུབ་པའི་དུས་སུ་རང་གི་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཆེན་པོ་བདུད་ཀྱི་རྒྱལ་པོ་རུ་ཏྲའི་ངོ་བོ་དགྲ་སྒྲུབ་པ
ཆེན་པོའི་འབྲས་བུ་ལ་གནོད་པ་བྱེད་པ་དེ་གཞོམ་པའི་ཐབ་སྟེ་བསྟན་པར་བྱ་སྟེ། སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ནང་ནས་རང་དགའ་བའི་ལྷ་སེམས་པ་དེ་དང་གཉིས་སུ་མེད་པའི་ང
རྒྱལ་བྱའོ། །དེའི་འོག་ཏུ་མདུན་དུ་སྨོས་པའི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཆེན་པོ་སྤངས་ནས་རང་གི་སེམས་བརྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཚུལ་དུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་རྣམ་པ་དག་པའི་ངོ་བོ་བསྒོམ་པར
བྱ་སྟེ། དེ་ལྟར་བྱས་མ་ཐག་དུ་རང་གི་སྲིང་མོ་མདུན་དུ་སྨོས་པའི་སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ནང་ན་རང་དགའ་བའི་ལྷ་གང་ཡིན་པའི་རིགས་ཀྱི་སེམས་མ་རྡོ་རྗེ་མ་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ།།
གཞན་ཡང་དེ་བཞིན་གཤེགས་པ་རྣམ་པ་ལྔའི་སྔགས་ཀྱི་ཡིག་འབྲུ་ས་བོན་རྣམ་པ་ལྔས་སྲིང་མོའི་གནས་ལྔར་བྱིན་གྱིས་བརླབས་པར་བྱའོ། །དེ་ལྟར་བྱས་མ་ཐག་ཏུ་རང་གི་སྲིང་མོ་དེ་ཤེས་རབ་མའི་ངོ་བོ་ཡིན་པས་ལག་པ་གཡོན་གྱིས་འཁྱུད་ནས་སོ་སོར
སྒྲོས་ཚུམ?་པ་ན་བྱ་ཞེས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། འདོད་ཆགས་ཆེན་པོའི་སེམས་དགའ་བས་ཡི་གེ་ཧཱུཾ་བཟླ་ཞིང་གསང་བའི་དབང་པོ་གཉིས་དལ་ནས་དལ་ནས་བསྐྱོད་ཅིང་ཐབS་དང་ཤེས་རབ་རོལ་པ་བྱས་སྟེ། བདེ་བར་གྱུར་པའི
བྱང་ཆུབ་སེམས་འོད་དུ་ཞུ་བ་མདུན་དུ་སྨོས་པའི་ཚུལ་དུ་སྔགས་ཀྱི་ཡིག་འབྲུས་བྱིན་གྱིས་བརླབ་པ་བྱས་ནས་བཟའ་བར་བྱའོ། །དེ་ལྟར་ཕྱིའི་ཡེ་ཤེས་གསང་བའི་ཚུལ་གྱི་སྲིང་མོའི་དོན་དུ་ཤེས་པར་བྱའོ། །བུ་མོ་ཞེS་པ་བྱེ་བྲག་རྣམ་པ་གཉིས
སུ་དབྱེ་སྟེ་། ཡེ་ཤེས་ཀྱི་ཚུལ་དང། ཕྱིའི་གསང་བའི་ཚུལ་ལོ། །དེ་ལ་ཡེ་ཤེས་ཀྱི་ཚུལ་ནི་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་ཡི་གེ་ཧཱུཾ་ལས་ཡ་མཱནྟ་ཀ་དང། པྲཛྙཱནྟ་ཀ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ
བཅུ་ཉིད་ཉིད་ཀྱི་ཤེས་རབ་མ་རོ་ལངས་མ་དང། གཞན་གྱིས་མི་ཐུབ་མ་ལ་སོགས་པ་ཁྲོ་མོ་དབང་ཕྱུག་མ་བཅུ་སྤྲུལ་ཏེ། སྤྲུལ་མ་ཐག་ཏུ་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་གནས་པར་འགྱུར་རོ། །བཤད་པར་བྱ་སྟེ་།ཁྲོ་མོ་དབང་ཕྱུག
མ་བཅུ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རིགས་གསུམ་དུ་བསྡུ་བར་བྱ་སྟེ། ཡ་མཱནྟ་ཀའི་ཤེས་རབ་མ་རོ་ལངས་མ་དབང་ཕྱུག་མ་ནི་སྐུ་རྡོ་རྗེའི་རིགས་སོ། །པདམཱནྟ་ཀའི་ཤེས་རབ་ཁྲོ་གཉེར་ཅན་དབང་ཕྱུག་མ་ནི་གསུང་རྡོ་རྗེའི་རིགས་སོ། །པྲཛྙཱནྟ་ཀ
ལ་སོགས་པ་ཁྲོ་བོའི་རྒྱལ་པོ་བརྒྱད་ཀྱི་ཤེས་རབ་མ་གཞན་གྱིས་མི་ཐུབ་མ་དབང་ཕྱུག་མ་ལ་སོགས་པ་བརྒྱད་ནི་ཐུགས་རྡོ་རྗེའི་རིགས་སོ། །དེ་ལྟར་ཡེ་ཤེས་ཀྱི་ཚུལ་གྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རིགས
གསུམ་གྱི་ཁྲོ་མོ་དབང་ཕྱུག་མ་བཅུ་ནི་བུ་མོའི་ངོ་བོའོ། །གཞན་ཡང་བུ་མོའི་དོན་གྱི་བྱེ་བྲག་བསྟན་པར་བྱ་སྟེ་།མདུན་དུ་སྨོས་པའི་ཚུལ་དུ་སྒྲུབ་པ་པོས་སྒྲུབ་པ་ཆེན་པོ་སྒྲུབ་པའི་དུས་སུ་རང་གི་སེམས་ཀྱི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ
ཆེན་པོ་བདུད་ཀྱི་རྒྱལ་པོ་རུ་དྲའི་ངོ་བོ་དགྲ་སྒྲུབ་པ་ཆེན་པོའི་འབྲས་བུ་ལ་གནོད་པ་བྱེད་པ་དེ་གཞོམ་པར་བྱ་བའི་ཐབས་བསྟན་པར་བྱ་སྟེ། ཡ་མཱནྟ་ཀ་དང། པྲཛྙཱནྟ་ཀ་ལ་སོགས་ཏེ། ཁྲོ་བོའི་རྒྱལ་པོ་བཅུའི་ནང་ན། རང་དགའ་བའི་ལྷ
དང་གཉིས་སུ་མེད་པའི་ང་རྒྱལ་བྱའོ། །དེའི་འོག་ཏུ་མདུན་དུ་སྨོས་པའི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཆེན་པོ་སྤངས་ཏེ། རང་གི་སེམས་བརྟན་པར་བྱས་ནས་མདུན་དུ་སྨོས་པའི་ཚུལ་དུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་རྣམ
པར་དག་པའི་ངོ་བོ་བསྒོམ་པར་བྱའོ། །དེ་མ་ཐག་དུ་རང་གི་བུ་མོ་མདུན་དུ་སྨོས་པའི་ཡ་མཱནྟ་ཀ་དང། པྲཛྙཱནྟ་ཀ་ལ་སོགས་པ་ཁྲོ་བོའི་རྒྱལ་བཅུའི་ནང་ན་རང་དགའ་བའི་ལྷའི་རིགས་ཀྱི་བྱེ་བྲག་གི་ཤེས་རབ་ཁྲོ་མོ་དབང་ཕྱུག་མ་དང་གཉིས
སུ་མེད་པར་བྱིན་གྱིས་བརླབ་པར་བྱ་སྟེ། །དེ་བཞིན་གཤེགས་པ་རྣམ་པ་ལྔ་ཡེ་ཤེས་རྣམ་པ་ལྔའི་སྔགས་ཀྱི་ཡིག་འབྲུ་ས་བོན་གྱིས་བུ་མོའི་གནས་ལྔར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་མ་ཐག་ཏུ་རང་གི་བུ་མོ་ཤེས་རབ་མ་ཡིན་པས
ལག་པ་གཡོན་གྱིས་འཁྱུད་ནས་སོ་སོར་སྒྲོས་ཙུམ་པ་ན་བྱ་ཞིང་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། འདོད་ཆགས་ཆེན་པོའི་སེམས་དགའ་བས་སྔགས་ཀྱི་ཡི་གེ་ཧཱུཾ་བཟླ་ཞིང་གསང་བའི་དབང་པོ་གཉིས་དལ་ནས་དལ
ནས་བསྐྱོད་ཅིང་ཐབས་དང་ཤེས་རབ་རོལ་པ་བྱས་ནས་བདེ་བར་གྱུར་པའི་བྱང་ཆུབ་སེམས་འོད་དུ་ཞུ་བ་དེ་འདུན་དུ་སྨོས་པའི་ཚུལ་དུ་སྔགས་ཀྱི་ཡིག་འབྲུས་བྱིན་གྱིས་བརླབ་པར་བྱས་ནས་བཟའ་བར་བྱའོ། །དེ་ལྟར་ཕྱིའི་ཡེ་ཤེས་གསང་བའི་ཚུལ
གྱིས་བུ་མོའི་དོན་དུ་ཤེས་པར་བྱའོ། །སྒྲུབ་པ་པོས་སྤྱད་པར་བྱ་བ་ཞེས་པ་ནི་མདུན་དུ་སྨོས་པའི་མ་དང་སྲིང་མོ་དང་བུ་མོ་སྒྲུབ་པ་པོ་གང་ཡང་རུང་བས་བསྒྲུབ་པ་ཆེན་པོ་སྒྲུབ་པའི་དུས་སུ་རང་དགའ་བའི་ལྷ་དང་གཉིས་སུ་མེད་པར་བསྒོམ་པའི་ང
རྒྱལ་བྱས་ནས་སྤྱད་པར་བྱའོ། །དེ་ལྟར་སྤྱད་པའི་དོན་དུ་གསུངས་སོ། །ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱི་ཞེས་པ་ནི། ལྷ་དང་མི་ལ་སོགས་པའི་ཐེག་པ་ཐམས་ཅད་ཀྱི་ནང་ན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐེག་པ་ནི་མཆོག་ཏུ་གྱུར
པའོ། །དེ་ཅིའི་ཕྱིར་ན་།གསང་སྔགས་ཀྱི་སྤྱོད་པ་སྤྱད་པས་ཆོ་འདི་ལ་འབྲས་བུ་ཐོབ་པར་འགྱུར་བས་དེ་ལྟར་ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱི་དོན་དུ་གསུངས་སོ། །དངོས་གྲུབ་ཀྱི་རྒྱ་ཆེན་དེས། འཐོབ་པོ་ཞེས་པ་ནི་མདུན་དུ་སྨོས
པའི་ཚུལ་དུ་སྒྲུབ་པ་པོས་དཔལ་རྡོ་རྗེ་སེམས་པ་དང་གཉིས་སུ་མེད་པའི་ངོ་བོའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནི་དོན་དམ་པ་ཆོས་ཀྱི་སྐུ་ཏེ་།རྒྱ་ཆེན་པོ་ནི་འབྲས་བུ་ཐམས་ཅད་ཀྱི་ངོ་བོ་སྟེ་།དེ་ལྟར་དངོས་གྲུབ་རྒྱ་ཆེན་དེས་འཐོབ་པ
པོའི་དོན?་དུ་གསུངས་སོ། །སངས་རྒྱས་གཙོའི་ཡུམ་དག་ལ། །རྣམ་པར་མི་རྟོག་བློ་ཅན་གྱིས། །སྤྱད་པར་བྱས་ཀྱང་མི་གོས་ཏེ་།དེ་ནི་སངས་རྒྱས་འགྲུབ་པར་འགྱུར་།ཞེས་བྱ་བའི་དོན་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན། སངས
ར་གྱས་ཡུམ་ནི?་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་བསྐྱེད་པའི་གནས་ཀྱི་ངོ་བོ་མདུན་དུ་སྨོས་པའི་དོན་གྱིས་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཤེས་རབ་ལྷ་མོ་མཱ་མེ་ཀཱི་ཡིན་
པས་དེའི་ཕྱིར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུམ་ཡིན་པར་གསུངས་སོ། །གཙོ་བོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྫོགས་པའི་སངས་རྒྱས་རྣམས་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད
ཀྱི་བདག་པོ་དཔལ་རྡོ་རྗེ་སེམས་པ་ཡིན་ཏེ། དེ་དོན་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷ་མོ་དང་གཉིས་སུ་མེད་པར་འབྱུང་བའི་གནས་ཆོས་ཀྱི་དབང་ཕྱུག་མ་ཡིན་པས། གཙོ་བོའི་ཡིན་པའི་དོན་དུ་གསུངས་སོ། །
རྣམ་བར་མི་རྟོག་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །བློ་ཅན་ཞེས་པ་ནི་སྒྲུབ་པ་པོ་ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པ་དང། གཞན་ཡང་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་མ་ལུས་པའི་དོན་མི་བརྗེད་པར་ཤེས་པའོ། །
དེ་ལྟར་བློ་ཅན་གྱི་དོན་དུ་གསུངས་སོ། །སྤྱད་པར་བྱས་ཀྱང་ཞེས་པ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དེ་བཞིན་དུ
ཁྲོ་བོའི་རྒྱལ་པོ་ཆེན་པོ་ཐམས་ཅད་ཀྱི་སོ་སོའི་ཤེས་རབ་ལྷ་རྣམས་འདོད་ཆགས་ཆེན་པོའི་སེམས་དགའ་བས་ཐབས་དང་ཤེས་རབ་རོལ་པ་བྱ་སྟེ་སྤྱད་པར་བྱའོ། །བཤད་པར་བྱ་སྟེ་།དཔལ་རྡོ་རྗེ་སེམས་དཔའ་ལ་སོགས
པ་ཨ་དཀྱིལ་འཁོར་གྱི་ལྟ་ཐམས་ཅད་དོན་དམ་པར་ཆོས་ཐམས་ཅད་རྣམ་པར་དག་པ་ཡེ་ཤེས་ཀྱི་ངོ་བོར་གཅིག་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཀུན་རྫོབ་ཀྱི་བྱེ་བྲག་དུ་ཡེ་ཤེས་ཀྱི་ལྷ་མོ་རྣམས་ནུ་མ་དང་བྷ་ག་ཅན་དུ
སྤྲུལ་ཏེ། གསང་སྔགས་ཀྱི་ཆོས་ཀྱི་བྱེ་བྲག་ཏུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཤེས་རབ་ལྷ་མོ་ཇི་ལྟར་སྤྱད་པར་མཛད་པ་དེ་བཞིན་དུ། སྒྲུབ་པ་པོས་རང་དགའ་ཨི་བའི་ལྷ་དང་གཉིས་སུ་མེད་པར་བསྒོམས་ནས
རང་གི་མ་ལ་སོགས་པ་སྤྱད་པར་བྱའོ། །དེ་ལྟར་སྤྱད་པར་བྱ་བའི་དོན་དུ་གསུངས་སོ། །མི་གོས་ཏེ་ཞེས་པ་སྨོས་པའི་སྒྲུབ་པ་པོས་ཆོས་ཐམས་ཅད་རྣམ་པར་དག་པའི་སྦྱོར་བ་ཤེས་པས་སྤྱད་ན་དེའི་སྐྱོན་གྱིས་མི་གོས་སོ། །བསྟན་པར་བྱ་སྟེ།
ཅི་ལྟར་ནམ་མཁའ་རྣམ་པར་རྟོག་པ་དང། མཚན་མའི་སྐྱོན་ཐམས་ཅད་ཀྱིས་མི་གོས་པ་དེ་བཞིན་དུ་སྒྲུབ་པ་པོ་ལ་མི་གོས་སོ། །དེ་ལྟར་མི་གོས་པའི་དོན་དུ་གསུངས་སོ། །དེ་ནི་སངས་རྒྱས་འགྲུབ་པར་འགྱུར་ཞེས་པ་ནི། མདུན་དུ
སྨོས་པའི་སྒྲུབ་པ་པོས་སྒྲུབ་པ་ཆེན་པོ་བྱས་པས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་དེ་ནི་སངས་རྒྱས་འགྲུབ་པར་འགྱུར་བའི་དོན་དུ
གསུངས་སོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ངོ་མཚར་དུ་གྱུར། རྨད་དུ་གྱུར་ཏེ་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ།
ཅིའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་འདི་ལྟ་བུའི་ཚིག་དན་པ་གསུངས་ཞེས་གསོལ་ཏོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན་།དེ་ནས་དེའི་སྐབས་སུ་ཞེས་པ་ནི། སྟོན་པ་རྡོ་རྗེ་མི་བསྐྱོད་པས
བླ་ན་མེད་པའི་གསང་སྔགས་ཀྱི་སྤྱོད་པའི་དོན་མ་དང་སྲིང་མོ་བུ་མོ་སྤྱད་པར་བྱ་བའི་དོན་བཤད་མ་ཐག་ཏུ་འཁོར་རྣམས་རྟོག་པ་སྐྱེད་པས་། དེ་ནས་དེའི་སྐབས་སུ་ཞེས་གསུངས་སོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་པ་ནི། མདུན་དུ་སྨོས་པའི་འཁོར་ཐམས་ཅད་ཀྱི་ནང་ན་ཆེད་དུ་སྨོས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་ལ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པས
ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། དུས་རྟག་པར་བྱེ་བྲག་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐོར་བར་མཛད་པས་དེའི་ཕྱིར་སེམས་དཔའ་སེམས་དཔའ་ཆེན་པོའི་དོན་དུ་གསུངས་སོ། །ངོ་ཚར་དུ་གྱུར་པ
རྨད་དུ་གྱུར་ཞེས་པ་ནི་སེམས་ཀྱི་རྣམ་པར་རྟོག་པའི་ངོ་མཚར་སྐྱེས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་མ་ངེས་པའི་མཚན་དུ་རྟོགས་ནས་རྨད་དུ་འགྱུར་རོ། །དེ་ལྟར་མ་འོངས་པའི་སེམས་ཅན་གྱི་དོན་དུ་གསང་སྔགས་ཀྱི་སྤྱོད་པ་སྤྱད་པའི་སེམས
ཀྱི་རྣམ་པར་རྟོག་པ་བསལ་བའི་སྒོ་ནས་དང་པ་སྐྱེ་བར་བྱ་བར་བསྟན་ཏོ། །དེ་ལྟར་ངོ་མཚར་དུ་གྱུར་རྨད་དུ་གྱུར་པའི་དོན་ནོ། །བཅོམ་ལྡན་འདས་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པའོ། །དེའི་དོན་ནི་མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་། རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་ལ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་མ་ལུས་པ་ལ་བྱའོ། །བདག་པོ་ཞེས་པ་ནི་མདུན
དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་ཡིན་བས་སོ། །ཅིའི་སླད་དུ་ཞེས་པ་ནི་མདུན་དུ་སྨོས་པའི་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
རྣམས་ཀྱིས་སྟོན་བ་རྡོ་རྗེ་མི་བསྐྱོད་པ་ལ་གསོལ་བ། བདག་ཅག་གིས་གསང་སྔགས་ཀྱི་སྤྱོད་པའི་ཆོས་ཀྱི་ཐོག་མ་ནས་མ་མཐོང་མ་ཐོས་པ་ཞེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་ཞེས་པ་ནི་མདུན་དུ་སྨོས
པའི་འཁོར་གྱི་དེ་བཞིན་གཤེགས་པ་ཡིན་ཏེ། བཤད་པར་བྱའོ། །འཁོར་ཐམས་ཅད་ཀྱི་ནང་ན་དེ་བཞིན་གཤེགས་པ་གཙོ་བོར་སྨོས་སོ། །གཞན་ཡང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང། ཡ་མཱནྟ་ཀ་ལ
སོགས་པ་ཁྲོ་བོའི་རྒྱལ་པོ་ཐམས་ཅད་དེ། དེ་ལྟར་མདོར་བསྡུས་པ་ཤེས་རབ་ལྷ་མོ་དང་ལྡན་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་མ་ལུས་པ་ཡེ་ཤེས་དང་གསང་བའི་འཁོར་ཐམས་ཅད་སྟེ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
འཁོར་གྱི་ནང་དུ་ཞེས་པའི་དོན་དུ་ཤེས་པར་བྱའོ། །འདི་ལྟ་བུའི་ཚིག་ངན་པ་གསུང་ཞེས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཕྱིའི་ཀུན་རྫོབ་ཀྱི་འཁོར་བའི་ཆོས་ཀྱི་དོན་འདི་ནི་ཕྱིན་ཅི་ལོག་པ། བཅོམ་ལྡན་འདས
སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཁྱོད་ཀྱི་ཚིག་ངན་པ་གསུངས་པ་འདི་ནི་སྡིག་པའི་ངོ་བོ་སྟེ། དེའི་དོན་སྤྱད་པས་བསྐལ་པ་གྲངས་མེད་པར་དམྱལ་བ་ཐམས་ཅད་དུ་གནས་པར་འགྱུར་རོ། །དེ་ལྟར་ཚིག་ངན་པ་གསུང་ཞེས་པའི་དོན་དུ་གསུངས་སོ།།
གསུང་ཞེས་པ་དོན་གཞན་ཡང་བསྟན་པར་བྱ་སྟེ། སྟོན་པ་རྡོ་རྗེ་མི་བསྐྱོད་པས་མདུན་དུ་སྨོས་པའི་འཁོར་ཕུན་སུམ་ཚོགས་པའི་ནང་དུ་ཕྱིན་ཅི་ལོག་གི་ཚིག་གི་དོན་གྱིས་སེམས་ཀྱི་རྟོག་པ་ཆེན་པོ་བསྐྱེད་པས་འཇིགས
པར་འགྱུར་ཏེ། དེ་ལྟར་གསུང་ཞེས་པའི་དོན་དུ་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་གསན་ནས། །བྱང་ཆུབ་སེམས་དཔའ་
དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་།དེ་ནས་ཞེས་པ་ནི། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་སྟོན་པ་རྡོ་རྗེ་མི་བསྐྱོད་པས་གསང
སྔགས་ཀྱི་སྤྱོད་པའི་དོན་ཟབ་མོ་བཤད་པ་ཐོས་ནས། སེམས་རྣམ་པར་རྟོག་པ་ཆེན་པོའི་ཐེ་ཙོམ་སྐྱེས་ཏེ། གསལ་བའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་སྟོན་པའི་ཟུར་སྟོན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
བདག་པོས་ཞེས་པ་ནི། སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལ་བྱའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་གསན་ནས་ཞེས་པ་ནི། སྟོན་པ་རྡོ་རྗེ་མི་སྐྱོད་པས་གསང་སྔགས
ཀྱི་སྤྱོད་པ་ཟབ་མོའི་དོན་བཤད་པ་ཐོས་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་སེམས་རྣམ་པར་རྟོག་པའི་ཐེ་ཚོམ་སྐྱེས་པའི་འོག་ཏུ་སྟོན་པ་མི་བསྐྱོད་པའི་སླར་ཚིག་གི་ལན་གསུང་པ་སྟེ།
མདུན་དུ་སྨོས་པའི་འཁོར་ཕུན་སུམ་ཚོགས་པའི་ནང་ནས་བྱང་ཆུབ་སེམས་དཔའ་རྣམས་ཐེ་ཚོམ་སྐྱེས་པའི་ཚིག་སྟོན་པ་རྡོ་རྗེ་མི་བསྐྱོད་པས་གསན་པའི་དོན་ནོ། །བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནི
སྟོན་པ་མི་བསྐྱོད་པས། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བརྗོད་དུ་ཡོད་པ་དང། བརྗོད་བུ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གསང་སྔགས་ཀྱི་སྤྱོད་པའི་མཚན་ཉིད་ཀྱི་ངོ་བོ་ཆོས་ཀྱི་དོན་ལ་བསྐུལ་བའི་དོན་དུ་གསུངས་སོ།།
རིགས་ཀྱི་བུ་རྣམས་ཐོད་དེ་སྐད་མ་ཟེར་ཅིག། ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་འདི། །སྙིང་པོ་ཆོས་ཀྱི་དོན་ལས་འབྱུང། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར
ཡིན་ན། །རིགས་ཀྱི་བུ་ནི། རིགས་ཀྱི་མཆོག་ཆེན་པོ་གསུམ་སྟེ། བསྟན་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་གསུམ་གྱི་རིགས་ཡིན་ཏེ། སྐུའི་རིགས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །གསུང་གི་རིགས་ནི་དེ་བཞིན
གཤེགས་པ་སྣང་བ་མཛའ་ཡས་སོ། །ཐུགས་ཀྱི་རིགས་ནི་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་སྟེ་།རིགས་དེ་གསུམ་གྱི་བུའི་ངོ་བོ་ནི་མདུན་དུ་སྨོས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས
དཔའ་ཆེན་པོ་རྣམས་དང། གཞན་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྨོས་ཏེ། དེ་ལྟར་རིགས་ཀྱི་བུའི་དོན་ནོ། །དེ་སྐད་མ་ཟེར་ཅིག་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་མདུན་དུ་སྨོས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོཌ
པ་བྱང་ཆུབ་སེམས་དཔའ་དང། དཀྱིལ་འཁོར་གྱི་ལྷ་བརྗོད་དུ་མེད་པའི་འཁོར་ཕུན་སུམ་ཚོགས་པ་ཐམས་ཅད་གསང་སྔགས་ཀྱི་སྤྱོད་པའི་དོན་ཟབ་མོ་ལ་སེམས་རྣམ་པར་རྟོག་པ་ཆེན་པོའི་ཐེ་ཙོམ་སྐྱེས་པS་མ་དད་པའི་ཚིག་སྨྲས་པ་གསན་མ
ཐག་ཏུ་མ་འོངས་པའི་སེམས་ཅན་གྱི་སེམས་ཀྱི་རྣམ་པར་རྟོག་པའི་ཐེ་ཅོམ་གཅང་པའི་ཕྱིར་དེ་སྐད་མ་ཟེར་ཅིག་ཅེས་མ་དང་པའི་ཚིག་དགག་པའི་དོན་དུ་གསུངས་སོ། །ཡེ་ཤེས་སྙིང་པོ་ཅན་གྱི་ཞེས་པ་ནི། མདུན་དུ་སྨོས་པ་རྣམ་པར་སྣང
མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་གནS་པ་དང་འབྱུང་བའི་སྙིང་པོ་འདི་ནི་ཤིན་ཏུ་བརྟན་པ་བདུད་དགྲཻ་དཔུང་མ་རུང་བཅིས་ཀྱང་མི་གཡོ་བ། གནོད་བྱེད་མི་ནུས་པ། ངེས་པ། མི་ཟད་པ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས
རྣམ་པ་ལྔ་དང་གཉིས་སུ་མེད་པའི་ངོ་བོ། ཡེ་ཤེས་ཆེན་པོར་མིང་བཏགས་པའོ། །དེ་ལྟར་དོན་དམ་པ་ཡེ་ཤེས་ཀྱི་སྙིང་པོ་དེ་དང་།གཉིས་སུ་མེད་པ་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ནི་ཡེ་ཤེས་སྙིང་པོ་ཅན་གྱི་དོན
དུ་གསུངས་སོ། །སངས་རྒྱས་རྣམས་ཀྱི་ཞེས་པ་ནི་བྱེ?་ཕྱར?་སྣང?་མཛད་ལ་སོགས་པ་སངས་རྒྱས་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་ཐམས་ཅད་ཀྱི་མདུན་དུ་བཤད་པའི་གསང་སྔགས་ཀྱི་སྐྱོབ་པའི་ཆོས་ཀྱི་དོན་ཏེ་།དེ་ལྟར་སངས་རྒྱས་རྣམས
གྱི་དོན་ཏོ?། ཆོས་ཉིད་འདི་ཞེས་པ་ནི་མདུན་དུ་སྨོས་པའི་མ་དང?་སྲིང་མོ་དང་བུ་མོ་འདི་།རྣམས་སྒྲུབ་པ་པོས་སྤྱད་པར་བྱ་སྟེ། དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་སྤྱད་པར་བྱའོ། །ཆོས་ཉིད་ཀྱི་དོན་བྱེ་བྲག་བཤད་པར་བྱ་སྟེ། མདུན་དུ་བཤད
པའི་ཆོས་ཀྱི་བྱེ་བྲག་དེ་ནི་རང་བཞིན་གྱིས་གདོན་ནས་སྟོང་པ། ནམ་མཁའ་ལྟ་བུ། ངོ་བོ་མེད་པ། གཞན་ཡང་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའོ། །དོན་གཞན་ཡང་བསྟན་པར་བྱ་སྟེ།
མདུན་དུ་སྨོས་པའི་ཆོས་ཉིད་ཀྱི་ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ་ངོ་བོ་མེད་པ་དེ་བཞིན་དུ་གསང་སྔགས་ཀྱི་སྤྱོད་པའི་སྒྲུབ་པ་པོ་དེའི་གཟུགས་ཀྱི་ཕུང་པོ་དོན་དམ་པར་སྟོང་པ་ནམ་མཁའ་ལྟ་བུ་ངོ་བོ་མེད་པ་སྟེ། དེས་གསང་སྔགས་ཀྱི་སྤྱོད་པ་སྤྱད་ནས
གྲུབ་པའི་དུས་སུ་དོན་དམ་པའི་འབྲས་བུ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པའི་ངོ་བོར་འགྲུབ་པར་འགྱུར་ཏེ། ཆོས་ཀྱི་སྐུ་དེ་མདུན་དུ་སྨོས་པའི་ཚུལ་དུ་སྟོང་པ་སྐྱོན་ཐམས་ཅད་དང་བྲལ་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ནས
གནས་པའོ། །དེ་ལྟར་ཆོས་ཉིད་འདིའི་དོན་དུ་གསུངས་སོ། །སྙིང་པོ་ཆོས་ཉིད་ཀྱི་དོན་ཞེས་པ་ནི་མདུན་དུ་སྨོས་པའི་སྙིང་པོའི་ཡེ་ཤེས་དེ་ནི་ཡེ་ཤེས་ཆེན་པོའི་ངོ་བོར་མིང་བཏགས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དངོས
གྲུབ་ཐམས་ཅད་དང་གཉིས་སུ་མེད་པ་དོན་དམ་པ་ཆོས་ཀྱི་སྐུའོ། །དེ་ལྟར་སྙིང་པོ་ཆོས་ཀྱི་དོན་ཞེས་བྱའོ། །ལས་འབྱུང་བ་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ནི་ཡེ་ཤེས་ཀྱི་སྙིང་པོ་དང་གཉིས་སུ
མེད་པ་སྟེ། སྙིང་པོ་ཆོས་ཀྱི་སྐུ་དེའི་གནས་ནས་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་ས་བོན་ལས་སྐུ་ཕྱག་རྒྱའི་ངོ་བོ་ཉིད་ཉིད་ཀྱི་ཤེས་རབ་ལྷ་མོ་དང་གཉིས་སུ་མེད་པར་འཁྱུད་པའི་མཉམ་པར་སྦྱོར་བ་དང་ལྡན་པར་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ།
འགྲོ་བའི་དོན་གྱི་ཕྱིར་བྱུང་ངོ། །དེ་ལྟར་ལས་བྱུང་བའི་དོན་དུ་གསུངས་སོ། །བྱང་ཆུབ་སྤྱོད་པ་ཞེས་པ་ནི་མདུན་དུ་བཤད་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ནི་མ་དང་སྲིང་མོ་དང་བུ་མོ་རྣམས་སྤྱད་པར་བྱའོ། །བཤད་པར་བྱ་སྟེ། བླ་ན
མེད་པའི་བྱང་ཆུབ་ཀྱི་དོན་དེའི་ངོ་བོ་ནི་རང་བཞིན་གྱིས་སྟོང་པ་དངོས་པོ་མེད་པ་ཉོན་མོངས་པའི་སྡིག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་སྤྱོད་པའོ། །དེ་ལྟར་བྱང་ཆུབ་ཀྱི་སྤྱོད་པའི་དོན་དུ་གསུངས་སོ། །གནས་འདི་ཡིན་ཞེས་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི
སྤྱོད་པའི་ཚུལ་གྱི་ཆོ་གས་དེ་ཉིད་ཀྱི་སྤྱོད་པ་སྤྱད་པའི་འོག་ཏུ་སྒྲུབ་པོ་སྒྲུབ་པའི་དུས་སུ་དོན་དམ་པ་ཡེ་ཤེས་ཆེན་པོའི་འབྲས་བུའི་ངོ་བོ་ཆོས་ཀྱི་སྐུ་བསྟན་པ་སྙིང་པོ་གནས་པ་ཡིན་ནོ། །དེ་ལྟར་གནས་འདི་ཡིན་ཞེས་པའི་དོན་དུ་གསུངས་སོ། །
དེ་ནས་ཡང་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་འཇིགས་སྐྲག་ནས་བརྒྱལ་བར་འགྱུར་ཏེ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ནི་སྟོན་པ་རྡོ་རྗེ
མི་བསྐྱོད་པས་གསང་སྔགས་ཀྱི་སྤྱོད་པ་སྙིང་པོའི་དོན་ཆོས་ཉིད་ཀྱི་ངོ་བོ་ལས་བྱུང་བ་མདུན་དུ་བཤད་མ་ཐག་ལ་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་ཡང་ཤིན་ཏུ་རྣམ་པར་རྟོག་པ་ཆེན་པོའི་སེམས་སྐྱེས་ནས་འཇིགས་པ་དང། སྐྲག་པ
དང། བརྒྱལ་བར་གྱུར་པར་བསྟན་ཏོ། །དེ་ལྟར་དེ་ནས་ཡང་ཞེས་པའི་དོན་ནོ། །བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །སངས་རྒྱས་ཀྱི་ཞིང་བྱེ་བྲག་རྣམ་པ་གཉིས་ཏེ་ཕྱི་དང་ནང་ངོ། །དེ་ལ་ཕྱིའི
སངས་རྒྱས་ཀྱི་ཞིང་ནི་སྡོར?་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པའོ། །ནང་གི་སངས་རྒྱས་ཀྱི་ཞིང་ནི་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་རྒྱུད་བཀའ་སྩལ་པའི་གནས་ནང་དཔག་ཚད་བཅུའི་ཁྱོན་དེའོ། །
རྡུལ?་ཕྲ་མོ་དང་མཉམ་པ་ཞེས་པ་ནི་། སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཉིད་ཉིད་ཀྱི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། རིགས་གསུམ་གྱི་བྱེ་བྲེག་གི་སོ་སོའི་སྔགས་ཀྱི་ཡིག་འབྲུའི་ས་བོན་ལས་སྒྲིབ་པ་ཐམས་
ཅད་རྣམ་པར་སེལ་བ་ལ་སོགས་པ་བརྗོད་དུ་ཡོད་པ་དང་། བརྗོད་དུ་མེད་པའི་རྡུལ་ཕྲ་མོ་ཐམས་ཅད་དང་མཉམ་པ་རྣམས། མདུན་དུ་སྨོས་པའི་སངས་རྒྱས་ཀྱི་ཞིང་དུ་སྤྲོ་བར་མཛད་པས་གནས་པར་གྱུར་པའོ། །དོན་གཞན་ཡང?
བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གི་སྐུ་ཕྱག་རྒྱའི་སྦོམ་ཕྲ་དང་ཆེ་ཆུང་གི་ཚང་རྡུལ་ཕྲ་མོ་དང། མཉམ་པར་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་མདུན་དུ་བཤད་པའི་ཆོས་ཀྱི་དོན་ཐོས་མ་ཐག་ཏུ་སེམས
རྣམ་པར་རྟག་པས་འཇིགས་པར་འགྱུར་བར་སྟན་ཏོ། །དེའི་ཚུལ་བསྟན་པར་བྱ་སྟེ། འཇིགས་སྐྲག་ནས་བརྒྱལ་ཏེ་ཞེས་པ་གསང་སྔགས་ཀྱི་སྤྱོད་པ་སྤྱད་པར་བྱ་བའི་ཆོས་ཉིད་དོན་ཐོས་ན། ས་མ་འོངས་པའི་སེམས་ཅན་དང། ཉན་ཐོས
ལ་སོགས་པ་ཐེག་པ་འོག་མ་ལ་གསང་སྔགས་ཀྱི་སྤྱོད་པ་འདི་ལ་འཇུག་པར་བྱ་བའི་ཕྱིར། ཕྱིན་ཅི་ལོག་གི་རྣམ་མང་རྟོག་པ་ཆེན་པོའི་སེམས་ཐེ་ཚོམ་སྐྱེ་བོ་སྤངས་ནས་རྟོགས་པར་འགྱུར་བའི་དོན་དུ་སྒྲིབ་པ་ཐམས་ཅད་རྣམ་པར
མའི་སྤྲུལ་པ་མཛད་པའོ། །གཞན་ཡང་དོན་གསལ་བར་བཤད་པར་བྱ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་རྣམས་རིགས་གསུམ་གྱི་བྱེ་བྲག་དུ
བསྟན་ཏོ་། སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱལ་གནས་པའི་མིག་གི་དབང་པོ་དང། རྣ་བའི་དབང་པོ་དང། སྣའི་དབང་པོ་དང། ལྕེའི་དབང་པོ་དང། ལུས་ཀྱི་དབང་པོ་དང། དེ
ལྟར་ཡིན་ནོ། །གཞན་ཡང་སོ་སོའི་གནས་ཀྱི་རིམ་པ་བྱ་སྟེ། མིག་གི་དབང་པོའི་ངོ་བོ་སའི་སྙིང་པོའོ། །རྣ་བའི་དབང་པོའི་ངོ་བོ་ཕྱག་ན་རྡོ་རྗེའོ། །སྣའི་དབང་པོའི་ངོ་བོ་ནམ་མཁའ་ཨི་སྙིང་པོའོ། །ལྕེའི་དབང་པོའི་ངོ་བོ་འཕགས་པ་འཇིག་རྟེན་དབང་ཕྱུག་གོ། ལུས
ཀྱི་དབང་པོའི་ངོ་བོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པའོ། །ཚུལ་དེ་ལྟར་རིགས་མ་ངེས་པའི་དོན་དུ་བསྟན་ཏེ། སྟོན་པ་རྡོ་རྗེ་མི་བསྐྱོད་པས་གསང་སྔགས་ཀྱི་སྤྱོད་པའི་ཆོས་ཉིད་དོན་བཤད་པ་ཐོས་མ་ཐག་དུ་དེ་བཞིན་གཤེཌ་པ་བླ་མས་ཅང་ནི་སེམས
རྣམ་བར་རྟོག་པ་ཆེན་པོ་སྐྱེས་པས་འཇིགས་པར་འགྱུར་ཏེ། མདུན་དུ་སྨོས་པའི་དབང་པོ་རྣམས་ཀྱི་སྟོབས་ཉམས་པར་འགྱུར་རོ། །དེ་ལྟར་བརྡ་སྐད་བྱང་ཆུབ་སེམས་དཔའ་རིགས་མ་ངོས་པ་རྣམས་འཇིགས་པར་གྱུར་པའི་དོན་དུ་ཤེས་པར
བྱའོ། །སྐྲག་པ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམS་ཅད་ཀིས་ཉིད་ན་ཡིད་ཀྱི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་རིགས་སོ་སོའི་བྱེ་བྲག་གི་བྱང་ཆུབ་སེམས་དཔའ་ཚད་མེད་རྡུལ
ཕྲ་མོ་དང་མཉམ་པ་རྣམས་མདུན་དུ་སྨོས་པའི་སངས་རྒྱས་ཀྱི་ཞིང་བྱེ་བྲག་རྣམ་པ་གསུམ་དུ་བརྗོད་དུ་མེད་པ་སྤྲོ་བར་མཛད་པ་དེ་དག་ཐམས་ཅད་ནི་རིགས་མེད་པ་སྟེ། སྟོན་པ་རྡོ་རྗེ་མི་བསྐྱོད་པས་གསང་སྔགས་ཀྱི་སྤྱོད་ལའི་ཆོས་ཉིད་ཀྱི་དོན
བཤད་པ་དེ་ཐོས་མ་ཐག་ཏུ་སེམས་རྣམ་པར་རྟོག་གེ་པ་ཆེན་པོ་སྐྱེས་ཏེ་། སྐྲག་ནས་མྱོས་པར་འགྱུར་རོ། །དེ་ལྟར་བརྡ་སྐད་བྱང་ཆུབ་སེམས་དཔའ་རིགས་མེད་པ་རྣམས་སྐྲག་པའི་དོན་དུ་ཤེས་པར་བྱའོ། །རྒྱལ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི
བ་སྐྱོད་པས་ཉིད་ཀྱིས་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔར་བརྒྱད་དཀྱིལ་འཁོར་གྱི་ངོ་བོ་དེ་དག་དེ་དག་རིགས་སོ་སོའི་བྱེ་བྲག་དུ་སྤྲུལ་ནས་དཀྱིལ
འཁོར་གྱི་རིམ་པ་གཉིས་པ་ལ་ཕྱོགས་བཞིར་གནས་སོ། །བཤད་པར་བྱ་སྟེ། དེ་རྣམས་ཀྱི་སྤྱི་བོ་ལ་ཉིད་ཉིད་ཀྱི་རིགས་ཀྱི་དེ་བཞིན་གཤེགས་པ་ཡེ་ཤེས་སེམས་པའི་སྐུ་ཕྱག་རྒྱས་དབང་བསྐུར་བའི་ཚུལ་དུ
གནས་བར་གྱུར་ཏེ། སའི་སྙིང་པོ་དང་བྱམས་པ་དང། ཀུན་ཏུ་བཟང་པོ་ནི་སྐུའི་རིགས་ཏེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་ཡེ་ཤེས་སེམས་པའི་སྐུ་ཕྱག་རྒྱས་དང་སྐུར་བར་མཛད་དོ། །འཕགས་པ་སྤྱན་རས་གཟིཌ
ཀྱི་དབང་ཕྱུག་ནི་གསུང་གི་རིགས་ཏེ། དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་ཡེ་ཤེས་སེམས་པའི་སྐུ་ཕྱག་རྒྱས་དབང་བསྐུར་བར་མཛད་དོ། །དེ་ལྟར་རིགས་ངེས་པ་ཅན་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་གསང་སྔགས
ཀྱི་སྤྱོད་པའི་ཆོས་ཉིད་ཀྱི་དོན་བཤད་པ་དེ་ཐོས་མ་ཐག་ཏུ་སེམས་རྣམ་པར་རྟོག་པ་ཆེན་པོ་སྐྱེས་ནས་རྨད་དུ་གྱུར་ཏེ། ལུས་འདས་ནས་སྐྱིལ་མོ་ཞིག་སྟེ། སོ་སོའི་སྟན་ལས་ལྷུང་སྟེ། རྡོ་བཞིན་དུ་མི་འགུལ་བར་རྒྱལ་བར་གྱུར་ཏོ།།
དེ་ལྟར་བརྡ་སྐད་ཀྱི་བར་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་བཤད་པར་རིགས་ངེས་པ་ཅན་ནི་བརྒྱལ་བའི་དོན་དུ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་དེ་དག་བརྒྱལ
པར་གྱུར་བ་གཟིགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ནི་འཇིགས
པ་དང་སྐྲག་བ་དང་བརྒྱལ་བར་གྱུར་པ་དེ་དག་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་མཐོང་མ་ཐག་དུ་དེ་དག་སླང་བའི་ཕྱིར་སྟོན་པ་རྡོ་རྗེ་མི་བསྐྱོད་བ་ལ་གསོལ་བ་བཏབ་པར་མཚོན་པའོ། །བཅོམ་ལྡན་འདས་ཞེས
བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་མཚན་དུ་སྨོས་ཏེ། དེའི་དོན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་?་ཞེས་པ་ནི་།རྣམ་པར་སྣང་མཛད་ལ་སོགས
བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པའོ། །བྱང་ཆུབ་སེམས་དཔའ་དེ་དག་བརྒྱལ་བར་གྱུར་པར་གཟིགས་ནས་ཞེས་པ་ནི། མདུན་དུ་སྨོས་པ་དེ་བཞིན་གཤེགས་པ་དེ་དག་གིས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པ་ལ་སོགས་པ་བྱང་ཆུབ་སེམས
དཔའ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ། ཐམས་ཅད་བརྒྱལ་བ་ལ་སོགས་པ་བྱེ་བྲག་རྣམ་པ་གསུམ་དུ་སེམས་རྣམ་པར་རྟོག་པ་ཆེན་པོའི་སྡུག་བསྔལ་སྐྱེས་པ་དེ་གཟིགས་པའོ། །བཅོམ་ལྡན་འདས་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཡོན་རྟན
གྱི་མཚན་དུ་སྨོས་ཏེ། དེའི་དོན་ནི་མདུན་དུ་བཤད་པ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་ཐམས་ཅད་དོ། །སྐུ་དང་གསུང་དང་ཐུགས་ཞེས
བ་ནི་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སོ། །བདག་པོ་ལ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས
པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་ངོ་བོའི་སྐུ་ཕྱག་རྒྱ་རྣམས་ཀྱི། བདག་པོ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཡིན་ནོ། །བཤད་པར་བྱ་སྟེ། སྟོན་པ་རྡོ་རྗེ་མི་བསྐྱོད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པར་སྣང་མཛད་ལ
སོགས་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་མ་ལུས་པ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་མི་བསྐྱོད་པ་ཡིན་ནོ། །
འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་མདུན་དུ་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པས་བྱང་ཆུབ་སེམས་དཔའ་དེ་དག་བསླང་བར་མཛད་པའི་ཕྱིར་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལ་གསོལ་བ་བཏབ་པའི
དོན་དུ་གསུངས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་བསླང་བར་གསོལ་།ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ཞེས་པ་ནི་སྒྲིབ་པ་ཐཾས་ཅད
རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་འཇིགས་པ་དང་སྐྲག་པ་དང་བརྒྱལ་བ་ཐམས་ཅད་དོ། །བསླང་བར་གསོལ་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པའི་དེ་བཞིན
གཤེགས་པ་ཐམས་ཅད་ཀྱིས་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཁྱོད་ཀྱིས་བསླང་བར་མཛོད་ཅེས་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་བྲུགS་རྡོ་རྗེ་དེ་བཞིན་གཤེགས་པས། ནམ་མཁའ་དང་མཉམ
པ་གཉིས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་འོག་ཏུ་སྟོན་པ་རྡོ་རྗེ
མི་བསྐྱོད་པས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བསླང་པའི་ཕྱིར་ཏིང་ངེ་འཛིན་མཛད་པ་མཚོན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་སྟེ། དེའི་དོན་ནི་མདུན་དུ་བཤད་པ་དང་སྦྱར་རོ། །དེ་བཞིན
གཤེགས་པ་ཐམས་ཅད་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་གྱི་ངོ་བོ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའོ། །སྐུ་དང་གསུང་དང་ཐུགས་ཞེས་པ་ནི། མདུན་དུ་ཇི་ལྟར་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །རྡོ་རྗེ་དེ་བཞིན
གཤེགས་པ་ཞེས་པ་ནི་བདག་པོ་སྟོན་པ་རྡོ་རྗེ་མི་བསྐྱོད་པར་ནི། དེ་བཞིན་གཤེགས་པ་ལ་སོགས་པ་འཁོར་ཐམས་ཅད་བསྐྱེད་པར་མཛད་མཁན་དུ་གསུངས་སོ། །ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པ་ནི། ནམ་མཁའ་ནི་སྐུ་དང
གསུང་ཐུགས་ཀྱི་རིགས་གསུམ་གྱི་ཡེ་ཤེས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་སྐུའི་རིགས། སོ་སོར་རྟོག་པའི་ཡེ་ཤེས་ནི་གསུང་གི་རིགས་། མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཐུགས་ཀྱི་རིགས་སོ། །དེ་དག་དོན་དམ་པར་གཉིས་སུ
མེད་པའི་ངོ་བོ་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཐམས་ཅད་ལ་ཁྱབ་ནས་གནས་པའོ། །མཉམ་པ་གཉིས་སུ་མེད་པ་ནི་མདུན་དུ་ཅི་ལྟར་མོས་པའི་སྐུ་དང་གསུང་དང་ཐུགས་རིགས་གསུམ་གྱི་ཡེ་ཤེས་ནི་དོན་དམ་པར་ནམ་མཁའ་
དང་མཉམ་པ་ཏེ། དེ་བཞིན་དུ་རྡོ་རྗེའི་རིགས་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་ནི་དོན་དམ་པར་སྐུ་དང་གསུང་དང་ཐུགས་ཀྱི་རིགས་གསུམ་གྱི་ཡེ་ཤེས་དང་གཉིས་སུ་མེད་པའི་ངོ་བོར་བསྟན་ཏོ། །བཤད་པར་བྱ་སྟེ།
མཱ་མ་ཀཱི་སྐུ་ཕྱག་རྒྱ་དེ་སྟོན་པ་རྡོ་རྗེ་མི་བསྐྱོད་པས་འདོད་ཆགས་ཆེན་པོའི་ཐུགས་དགྱེས་པས་གཉིས་སུ་མེད་པར་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱོར་བའི་ཚུལ་དུ་གནས་སོ། །དེ་ལྟར་མདོར་སྡུས་པ་ནམ
མཁའ་དང་མཉམ་པ་གཉིས་སུ་མེད་པའི་དོན་དུ་ཤེས་པར་བྱའོ། །རྡོ་རྗེ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་གསང་བའི་ཐུགས་ཀ་ན་རྡོ་རྗེ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡི་གེ་ཧཱུཾ་ཡེ་ཤེས་སེམས་པ་མར་མེ་ལྟ་བུ་མི་གཡོ་བ་རབ་ཏུ
འབར་བར་མཛད་པ་དེ་ལ་རྡོ་རྗེའི་དོན་དུ་གསུངས་སོ། །གཞན་ཡང་རྡོ་རྗེའི་དོན་དུ་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཡེ་ཤེས་སེམས་པ་དེ་ནི་དོན་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི
དངོས་གྲུབ་ཐམS་ཅད་ཀྱི་འབྲས་བུའི་ངོ་བོའོ། །གཞན་སྟོད་པ་ནམ་མཁའ་ལྟ་བུ་ཀུན་ལ་ཁྱབ་ནས་གནས་པ་མི་ཟད་པ་དེ་ནི་ཆོས་ཀྱི་སྐུའོ། །དེ་ལྟར་རྡོ་རྗེའི་དོན་ནོ། །ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ནི་སྔར་ཡང
ནས་ཡང་དུ་སྦྱར་བ་དེ་བཞིན་དུ་འདིར་སྦྱར་རོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོའི་འོད་ཀྱིས་རེག་པ་ཙམ་གྱིས། བྱང་ཆུབ་སེམས་དཔའ་དེ་དག་རང་རང་གི་སྟན་ལ་གནས
པར་གྱུར་ཏོ། །ཞེས་བྱ་བའི་དོན་བསྟན་པར་བྱ་སྟེ། ཇི་ལྟར་ཡིན་ན། སྙོམས་པར་ཞུགས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཤེས་རབ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེདཔར་འཁྱུད་ནས་མཉམ་པར་སྦྱོར་བས་ཐབས
དང་ཤེས་རབ་རོལ་པ་མཛད་ནས་བདེ་བར་གྱུར་པའི་དུས་སུ། མཱ་མ་ཀཱི་རི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་སྟེ། ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་ཏེ། དེ་ལྟར་སྙོམས་པར་ཞུགས་པའི་དོན་དུ་ཤེས་པར་བྱའོ། །ཐག་ཏུ་ཞེས
པ་ནི་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་མ་ཐག་ཏུ་དེའི་སྟོང་དུ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཧཱུཾ་རིན་པོ་ཆེ་ཨཻནྡྲ་ནཱ་ལའི་ཁ་དོག་ལྟ་བུ་མེ་ཕུང་བཞིན་དུ་འབར་ནས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར
ལ་གཉིས་སུ་མེད་པར་ཐོག་མོ། །དེའི་འོག་ཏུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཨོཾ་ཁ་དོག་རིན་པོ་ཆེ་ཤེལ་ལྟ་བུ་མེ་ཕུང་བཞིན་དུ་འབར་ནས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐི་མོ།།
དེའི་འོག་ཏུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཨ་རིན་པོ་ཆེ་པདྨ་ར་གའི་ཁ་དོག་ལྟ་བུ་མེ་ཕུང་བཞིན་དུ་འབར་ནས་། བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་མོ། །དེ་ལྟར་གསལ་བ་དང་ཡེ་ཤེས
གཉིས་སུ་མེད་པ་སྐུ་དང་གསུང་དང་ཐུགས་རིགས་གསུམ་གྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཐུགས་དགྱིས་པ་རྩེ་གཅིག་ཏུ་གྱུར་པ་མཛད་དོ། །དེ་ལྟར་ཐག་ཏུ་ཤེས་པའི་དོན་དེ་ནས་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི
བདག་པོ་ཞེས་པ་ནི། སྟོན་པ་མི་བསྐྱོད་པ་སྟེ། དེའི་དོན་ནི་མདུན་དུ་བཤད་པ་བཞིན་དུ་སྦྱར་རོ། །འོད་ཀྱིས་ཞེས་པ་ནི། དུན་དུ་སྨོས་པའི་གསང་བ་དང་ཡེ་ཤེས་ཀྱི་ས་བོན་མཱ་མ་ཀཱིའི་བྷ་གའི་དབུས་ན་གནས་པ་དེ་ལས་རིགས
གསུམ་གྱི་འོད་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་སྐུ་ཕྱག་རྒྱའི་ཀུན་ནས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་སྤྲོ་བར་མཛད་དོ། །བཤད་པར་བྱ་སྟེ་།དང་པོ་ནི་ཐུགས་རྡོ་རྗེ་ཉིད་ཀྱི་འོད་ཁ་དོག་སྔོན
པོ་སྒོ?་བར་མཛད་དེ། །དེའི་གྲིབ་མ་ནི་དམར་པོའོ། །དེ་ལྟར་ཐུགས་ཀྱི་རིགས་ཀྱི་འོད་སྤྲོ་པའི་དོན་དུ་གསུངས་སོ། །དེའི་འོག་ཏུ་སྐུའི་རིགས་ཀྱི་ཁ་དོག་དཀར་པོ་སྤྲོ་བར་མཛད་དོ། དེའི་གྲིབ་མ་ནོ་སེར་པོའོ། །དེ་ལྟར་སྐུའི་རིགས
ཀྱི་འོད་སྤྲོ་བའི་དོན་དུ་གསུངས་སོ། །དེའི་འོག་ཏུ་གསུང་གི་རིགས་ཀྱི་འོད་ཁ་དོག་དམར་པོ་སྤྲོ་བར་མཛད་དེ། དེའི་གྲིབ་མ་ནི་དཀར་པོའོ། །དེ་ལྟར་གསུང་གི་རིགས་ཀྱི་འོད་སྤྲོ་པའི་དོན་དུ་གསུངས་སོ། །རེག་པ་ཙམ་ཀྱིས་བྱང་ཆུབ
སེམས?་དཔའ་ཆེན་པོ་དེ་དག་རང་རང་གི་སྟན་ལ་གནས་པར་གྱུར་ཏེ། །ཞེས་པ་ནི་མདུན་དུ་སྨོས་པའི་རིགས་གསུམ་གྱི་འོད་སྤྲོས་མ་ཐག་ཏུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པ་ལ་སོགས་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་
མེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་རེག་གོ་། དེ་ལྟར་རེག་པའི་སོ་སོའི་རིགས་ཀྱི་བྱེ་བྲག་བསྟན་པར་བྱ་སྟེ། ཐུགས་ཀྱི་འོད་སྤྲོས་མ་ཐག་ཏུ་ཉིད་ཀྱི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ
རེག་གོ་། དེ་བཞིན་དུ་སྐུའི་རིགས་ཀྱི་འོད་སྤྲོས་མ་ཐག་དུ་ཉིད་ཀྱི་རིགས་ཀྱི་བྱང་ཆུབ་སེམS་དཔའ་ཐམས་ཅད་ལ་རེག་གོ་།དེ་བཞིན་དུ་གསུང་གི་རིགས་ཀྱི་འོད་སྤྲོས་མ་ཐག་དུ་ཉིད་ཀྱི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ལ་རེག་གོ་།གཞན་ཡང་རེག་པའི
ཡོན་ཏན་གྱི་དོན་གསལ་བར་བསྟན་པར་བྱ་སྟེ། གོང་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་ཕྱག་རྒྱའི་དབང་པོའི་ངོ་བོར་གནས་པའི་བྱང་ཆུབ་སེམས་དཔའ་ལ་རིག་སྒསུམ་གྱི་འོད་ཀྱིས་རེག་མ་ཐག་ཏུ་དབང་པོ་རྣམས་སྔ་བས
ཁྱད་པར་དུ་རྣོ་བ་དང་སྟོབས་དང་ལྡན་པར་འགྱུར་རོ། །དེ་ལྟར་རིགས་མ་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་བརྡ?་སྐད་ཀྱི་འཇིགས་པ་དང་བྲལ་བར་ཤེས་པར་བྱའོ། །དེ་ནས་མདུན་དུ་སྨོས་པའི་བརྡ་སྐད་སྒྲག་པའི་བྱང་ཆུབ་སེམས
དཔའ་ཆེན་པོ་བརྗོད་དུ་མེད་པ་རྣམས་ནི་རིགས་མེད་པ་ཡིན་ཏེ། ཐུགས་ཀྱི་རིགས་ཀྱི་འོད་སྤྲོས་མ་ཐག་ཏུ་ཉིད་ཀྱི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རེག་པར་གསུངས་སོ། །དེ་ནས་དེ་བཞིན་དུ་སྐུའི་རིགས་ཀྱི་འོད་སྤྲོས་མ་ཐག
ཏུ། སྐུའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་མདུན་དུ་སྨོས་པའི་སངས་རྒྱས་ཀྱི་ཞིང་བྱེ་བྲག་རྣམ་པ་གསུམ་དུ་རྡུལ་ཕྲ་མོ་དང་མཉམ་པའི་ཚེད་དུ་གང་ནས་གནས་པ་རྣམས་ལ་ཐུགས་ཀྱི་རིགས་ཀྱི་འོད་ཀྱིས་རེག་མ་ཐག་ཏུ། སེམས་རྣམ
པར་རྟོག་པ་སྐྱེས་པས་སྐྲག་ནས་མྱོས་པར་གྱུར་པ་དེ་མེད་པར་འགྱུར་ཏེ། དེ་མ་ཐག་ཏུ་ཁྱད་པར་དུ་སེམས་གསལ་བ་དྲི་མ་མེད་པར་འགྱུར་རོ། །དེ་ལྟར་རིགས་མེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བརྡའ་སྐད་ཀྱི་སྐྲག?་པ་དེ་མེད
པའི་དོན་དུ་ཤེས་པར་བྱའོ། །དེ་ནས་མདུན་དུ་སྨོས་པའི་རིག་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཉིད་ཉིད་ཀྱི་རིགས་ཀྱི་འོད་ཀྱིས་རེག་མ་ཐག་ཏུ་སེམས་རྣམ་པར་རྟོག་པ་སྐྱེས་ནས་སྐྲག་སྟེ་ལུས་འདར་ནས་སྐྱིལ་མོ་ཞིག་སྟེ་རང
རང་གི་སྟན་ལས་ལྷུང་ནས་བརྒྱལ་ཏེ་རྔོ་བཞིན་མི་འགུལ་བ་དེ་མེད་པར་གྱུར་པས་སེམས་འཇིགས་པ་དང་བྲལ་ནས་བརྩོན་འགྲུས་ཆེན་པོར་འགྱུར་རོ། །གཞན་ཡང་སྲོག་གི་དབང་པོ་རྒྱས་པར་འགྱུར་རོ། །དེ་བཞིན་དུ་ས་ལས་ལངས་ཏེ།
གཟི་བརྗིད་ཀྱི་ཕུང་པོའི་ངོ་བོ་སྐུ་ཕྱག་རྒྱ་སེམས་དགའ་བས་ངོ་མཚར་དུ་གྱུར་རོ། །དེ་མདོར་བསྡུ་བ་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དཀྱིལ་འཁོར་དུ་གྲལ་རིམས་བཞིན་དུ་རང་རང་གི་སྟན་ལ་རང་རང་གི་ཤེས་རབ་ལ་མོ་དང་འདོད
ཆགས་ཆེན་པོའི་སེམས་དགའ་བས་གཉིས་སུ་མེད་པར་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ་། བདེ་བའི་སྐྱིལ་མོས་གནས་པར་གྱུར་རོ། །དེ་ལྟར་འོད་ཀྱིས་རེག་པ་ཙམ་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམS
རང་རང་གི་སྟན་ལ་གནས་པར་གྱུར་ཞེས་པའི་དོན་དུ་ཤེས་པར་བྱའོ། །འོད་ཀྱིས་རེག་པར་མཛད་པའི་དོན་གཞན་དུ་ཡང་བཤད་པར་བྱ་སྟེ། རིགས་གསུམ་གྱི་བྱེ་བྲག་གི་ཀྱིས་རེག་པས་གསང་བ་དང་ཡེ་ཤེས་ཀིས་དབང་བསྐུར
བར་མཛད་པར་བསྟན་ཏེ། དབང་དེ་བསྐུར་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་འཇིགས་པ་དང་སྐྲག་པ་དང་བརྒྱལ་བར་གྱུར་པ་དེ་སྟོན་པ་རྡོ་རྗེ་མི་བསྐྱོད་པས་དབང་བསྐུར་བའི་ཐབས་ཀྱིས་སོས་ནས་ལངས་པར་གྱུར་ཏེ།
དེ་ནི་དོན་དམ་པར་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་གྱི་ངོ་བོ་ཡིན་ཏེ། མ་འོངས་པའི་སེམས་ཅན་རྣམས་གསང་སྔགས་ཀྱི་སྤྱོད་པ་སྤྱད་པར་བྱ་བ་དང་བ་ཆེན་པོའི་སེམས་རྣམ་པར་དག་པ་ཕྱིན་ཅི་ལོག་གི་རྣམ་པར
རྟོག་པའི་ཐེ་ཚོམ་སྐྱེ་བ་སྤང་བར་བྱ་བའི་དོན་དུ་ཡེ་ཤེས་ཀྱི་སྐུ་འཕྲུལ་གྱི་ངོ་བོ་བསྟན་པར་ཤེས་པར་བྱའོ། །དེ་ལྟར་མཛད་པ་ལ་དེ་བཞིན་གཤེགS་པ་ཐམས་ཅད་ལ་ཐུགས་ངོ་མཚར་དུ་གྱུར་རྨད་དུ་གྱུར། དགྱེས
པས་ཁྱབ་པར་གྱུར་པའི་ཚུལ་གྱིས་དོན་བསྟན་པར་བྱ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར། རྨད་དུ་གྱུར། དགྱེས་པས་ཁྱབ་པར་གྱུར་ནས། ཆོས་ཀྱི་དབྱིངས་འདི་སྐད་ཅེས་གསུངས་སོ། །ཞེས་བྱ
བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གསང་བ་དང་ཡེ་ཤེས་ཀྱི་དབང་བསྐུར་བའི་ངོ་བོའི་འོད་ཀྱིས་རེག་མ
ཐག་ཏུ་སོས་ཏེ་ལངས་པའི་འོག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལ་ཐུགས་དགྱེས་པར་བསྟོད་པའི་ངོ་བོའི་མཆོད་པའི་ཟུར་མཚོན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི
རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་འཁོར་གྱི་དེ་བཞིན་གཤེགས་པའོ། །ངོ་མཚར་དུ་གྱུར་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་མ་འོངས་པའི་སེམས་ཅན་གྱི་དོན་དུ་དང་པོ་ཡེ་ཤེས་ཀྱི་སྒྱུ་འཕྲུལ
བསྟན་པ་སྟེ། བཤད་པར་བྱའོ། །མདུན་དུ་སྨོས་པའི་གསང་སྔགས་ཀྱི་སྤྱོད་པ་སྤྱད་པར་བྱ་བའི་དོན་བཤད་པ་དེ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིགས་པ་དང། སྐྲག་པ་དང། བརྒྱལ
བར་གྱུར་པའི་དོན་མཁྱེན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ངོ་མཚར་དུ་གྱུར་པའི་དོན་ནོ། །རྨད་དུ་གྱུར་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྟོན་པ་རྡོ་རྗེ་མི་བསྐྱོད་པས་བདེ་བ་ཆེན་པོའི་ཏིང
ངེ་འཛིན་ལ་ཞུགས་པའི་ཐབས་ཀྱིས་གསང་བའི་ཡེ་ཤེས་ཀྱི་དབང་བསྐུར་བའི་ངོ་བོའི་འོད་ཀྱིས་རེག་མ་ཐག་ཏུ་སོས་ནས་ལངས་པར་གྱུར་ཏེ། དེ་ལྟར་གཉིས་པ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་གྱི་དོན་མཁྱེན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས
རྨད་དུ་གྱུར་པའི་དོན་ནོ། །དགྱེས་པས་ཁྱབ་པར་ཏེ་ཞེས་པ་ནི་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་གྱི་བྱེ་བྲག་གི་ཐུགས་རྗེ་ཆེན་པོའི་འཕྲིན་ལས་མ་འོངས་པའི་སེམས་ཅན་གྱི་དོན་དུ་མཛད་པ་ངེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
ཐུགས་དགྱེས་པར་གྱུར་ཏེ། ཉིད་ཉིད་ཀྱི་སྐུ་ཕྱག་རྒྱའི་གསང་བའི་ཐུགས་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཉིད་ཉིད་ཀྱི་སྐུ་མདོག་དང། ཡེ་ཤེས་སུ་ལྡན་པའི་ངོ་བོའི་འོད་ཟེར་གྱི་ཕྲེང་བ་སྤྲེ?་ཞིང། སྐུ་ཕྱག་རྒྱ་འགྱིང་བག་གི་ཚུལ་གྱིས
ཞལ་རྣམས་འཛུམ་ཞིང་ཉིད་ཉིད་ཀྱི་ཤེས་རབ་ལྷ་མོ་དང་གཉིས་སུ་མེད་པར་འཁྱུད་དེ། གསང་པའི་དབང་པོ་གཉིས་མཉམ་པར་སྦྱར་ནས། ཐབས་དད་ཤེས་རབ་རོལ་པ་མཛད་དོ། །དེ་ལྟར་དགྱེས་པས་ཁྱད་པར་གྱུར་པའི་དོན་དུ་གསུངས་སོ།།
ཆོས་ཀྱི་དབྱིངས་འདི་སྐད་ཅེས་གསུངས་སོ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །ེ་མའོ་ཆོས་།ེ་མའོ་ཆོས། ཨེ་མའི་ཆོས་ཀྱི་དོན་བྱུང་བ། ཆོས་དོན་དག་པ་བདག་མེད་པ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན
བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཨེ་མའོ་ཆོས་ཞེས་པ་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ནམ་མཁའ་ལྟ་བུ་ཁྱབ་ནས་གནས་པ་ཆོས་ཀྱི་སྐུ་ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་ཆེན་པོར་གཅིག་པའི་ངོ་བོ་སྟེ། དེ་ལྟར
ེ་མའོ་ཆོས་ཞེས་པ་དང་པོའི་དོན་ནོ། །ཡང་ཨེ་མའོ་ཆོས་ཞེས་པ་ནི་མདུན་དུ་སྨོས་པའི་ཆོས་ཀྱི་སྐུ་དེ་ཐུགས་རྗེ་ཆེན་པོའི་ལྕགས་ཀྱུས་བསྐུལ་ནས། སེམས་ཅན་མ་ལུས་ཐམས་ཅད་འཁོར་བའི་འདམ་ལས་དབྱུང་བའི་ཕྱིར
མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའི་ཆོ་འཕྲུལ་ཟླ་བའི་དཀྱིལ་འཁོར་ཆེན་པོ་ལྟ་བུར་བསྟན་ཏོ། །བཤད་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་དེ་ས་བོན་ཡིག་འབྲུ་ཧཱུཾ་དུ་གྱུར་རོ། །དེ་ལྟར་ཨེ་མའོ་ཆོས་ཞེས་པ་གཉིས
པའི་དོན་ནོ། །ེ་མའོ་ཆོས་ཀྱི་དོན་བྱུང་བ་ཞེས་པ་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ནམ་མཁའ་ལྟ་བུ་ཐམས་ཅད་ལ་ཁྱབ་ནས་གནས་པ་མ་སྐྱེས་པ་ཆོས་ཀྱི་སྐུ་དེ་ལས། དེ་དང་གཉིས་སུ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ
ཟླ་བའི་དཀྱིལ་འཁོར་ཆེན་པོ་ལྟ་བུ་སྤྲུལ་ནས་བསྟན་ཏེ། ཟླ་བའི་དཀྱིལ་འཁོར་དང་ས་བོན་ཡིག་འབྲུ་ཧཱུཾ་གཉིས་སུ་མེད་པར་གྱུར་པ་དེ་ལས་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ
མེད་པར་སྦྱོར་བས་བརྒྱན་པ་བྱུང་པའོ། །དེ་ལྟར་གསུམ་པ་ཨེ་མའོ་ཆོས་ཀྱི་དོན་བྱུང་བ་ཞེས་པའི་དོན་ནོ། །ཆོས་དོན་དག་པ་བདག་མེད་པ་ཞེས་པ་ནི་མདུན་དུ་མོས་པ་སྟན་པ་རྡོ་རྗེ་མི་བསྐྱོད་པས་གསང་སྔགས་ཀྱི་སྤྱོད་པ་སྤྱད་པར་བྱ་བའི
དོན། མ་དང་སྲིང་མོ་དང། བུ་མོ་སྤྱད་པས་དངོས་གྲུབ་རྒྱ་ཆེན་པོ་འགྲུབ་པར་འགྱུར་བར་བཤད་པའི་ཆོས་ཀྱི་དོན་དེ་ནི་རང་བཞིན་གྱིས་དག་པའོ། །བཤད་པར་བྱ་བ་སྟེ། གསང་སྔགས་ཀྱི་སྤྱོད་པར་སྤྱད་པར་བྱ་བའི་དོན་ནི་དོན་དམ་པར
མ་སྐྱེས་པ་སྟོང་པ་བདག་མེད་པ་ནམ་མཁའ་ལྟ་བུ་སྟེ། དེའི་ཕྱིར་གསང་སྔགས་ཀྱི་སྤྱོད་པའི་ཆོས་ཀྱི་དོན་ནི་དག་པའོ། །དེ་ལྟར་མ་དང་སྲིང་མོ་དང་བུ་མོ་བླ་ན་མེད་པའི་འདོད་ཆགས་ཀྱི་མཚན་ཉིད་ཀྱིས་སྤྱད་ན། དེའི་སྡིག་པའི་སྐྱོན་གྱིས
མིགས་ཏེ། ཁྱད་པར་དུ་ཡང་མདུན་དུ་སྨོས་པའི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་ཆོས་དོན་བདག་མེད་པའི་དོན་ནོ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་ལོ་ཞེས་པ་རྡོ་རྗེ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་ལས་བྱུང་བ་སྟོན་པ་རྡོ་རྗེ་མི་བསྐྱོད
པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པ་ཡིན་ནོ། །རྒྱལ་པོ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་ཐཾ་ཅད
དང། དེ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་སྤྲུལ་པའི་ཚུལ་དུ་བྱུང་བར་མཛད་དེ། དེ་ལྟར་ཉིད་ལས་སྤྲུལ་པའི་འཁོར་གྱི་ནད་ན་རྒྱལ་པོ་བཞིན་དུ་བཞུགས་པའོ། །གཞན་ཡང་སྟན་པ་རྡོ་རྗེ་མི་བསྐྱོད་པ་དང་པོ་ཆོས་ཀྱི་སྐུ་ལས
བྱུང་མ་ཐག་ཏུ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། །སྟོད་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་ཡེ་ཤེས་ཀྱི་སྒྱུ་འཕྲུལ་སྤྲུལ་པའི་ཐབས་ཀྱིས་བྱིན
གྱིས་བརླབ་པར་མཛད་དེ། རྒྱལ་པོ་བཞིན་དུ་འདུལ་བ་དང། བྲན་བཞིན་དུ་དབང་དུ་མཛད་པ་ཡིན་ན། །གཞན་ཡང་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཡེ་ཤེས་ཀྱི་ལོངས་སྤྱོད་གསང་སྔགས་ཀྱི་སྤྱོད་པ་སྤྱད་པའི་དུས་སུ་བླ་ན་མེད་པའི་འདོད
ཆགས་ཀྱི་ཐུགས་དགྱེས་པས་ཐབས་དང་ཤེས་རབ་རོལ་བ་མཛད་ཅིང། འདོད་ཆགས་ཀྱི་རིགས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་གྱི་དྲ་བ་བ་སྤུའི་བུ་གུའི་ལམ་ནས་སྤྲོ་བར་མཛད་པས། ཇི་ལྟར་རྒྱལ་པོ་རྒྱན་ཐམས
ཅད་ཀྱིས་བརྒྱན་པས་མཛེས་པ་བཞིན་དུ་འོད་ཟེར་གྱི་དྲ་བའི་རྒྱན་གྱིས་བརྒྱན་པས་མཛེས་པ་ཡིན་ནོ། །གཞན་ཡང་ཐབས་དང་ཤེས་རབ་རོལ་པ་བྱ་བའི་དུས་སུ། སེམས་ཅན་ཐམས་ཅད་ཀྱིས་ཕྱིན་ཅི་ལོག་གི་འདོད་ཆགས
སྐྱེ་བའི་མི་སྤོང་ཞིང་ཞེན་པར་བྱེད་པའི་ལྟའི་བུའི་བདུད་ཀ་མ་བདེ་བ་ཕམ་པར་བྱ་སྟེ། །ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་འདོད་ཆགས་ཀྱི་རིགས་སྣང་བ་མཛའ་ཡས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི
ངོ་བོ་ས་བོན་ཡིག་འབྲུ་ཧཱུཾ་ཁ་དོག་བན་དུ་ཀའི་མེ་ཏོག་ལྟ་བུ་བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བ་སྤྲུལ་ཏེ། དེ་འོད་དུ་ཞུ་ནས། ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་རྒྱ་མཚོ་ཆེན་པོ་དང་མཉམ་པར་གྱུར་ཏེ། ས་བོན་དེ་ལས
ཁྲོ་བོའི་རྒྱལ་པོ་པདམཱནྟ་ཀ་བསྐྱེད་དེ། དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་མདུན་དུ་སྨོས་པའོ། །དེ་བསྐྱེད་མ་ཐག་ཏུ་ལྷའི་བུའི་བདུན་ཀ་མ་དེ་བ་བྱིན་གྱིས་བརླབ་པར་མཛད་དེ། དེའི་འོག་ཏུ་ཉིད་ཀྱི་སྐུ་ལ་གཉིས་སུ
མེད་པར་ཐིམ་པར་མཛད་དོ། །དེ་ལྟར་མཛད་ནས་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཁྲོ་བའི་རྒྱལ་པོ་པདམཱནྟ་ཀ་སྤྲོས་པའི་གནས་སུ་བསྡུ་བར་མཛད་དོ། །དེ་ལྟར་ཡེ་ཤེས་ཀྱི་ཐབས་ཀྱིས་ལྷའི་བུའི་བདུད་ཀ་མ་དེ་བ་ཕམ་པར་མཛད་ནས་རྒྱལ
བོ་ཐོབ་པའོ། །དེ་ལྟར་མདུན་དུ་སྨོས་པའི་དོན་ཐམས་ཅད་མཛད་པས་རྡོ་རྗེ་རྒྱལ་པོ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཡིན་པར་བསྟན་ཏོ། རྡོ་རྗེ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བ་དང་པོའོ། །དེ་བཞིན་དུ་ཕྱག་འཚལ་བ་གཉིས་པ་ནི་རྡོ་རྗེ་རྒྱལ
པོ་ཡེ་ཤེས་དང་གསང་བའི་ཡོན་ཏན་ཕུན་སུམ་ཚོགས་པས་མཛེས་པ་དང་ལྡན་པ་སྟེ། དེ་ལྟར་རྡོ་རྗེ་རྒྱལ་པོ་ཕྱག་འཚལ་བའི་དོན་དུ་ཤེས་པར་བྱའོ། །སྐུ་དང་གསུང་ཐུགས་རབ་ཏུ་དག་།ནམ་མཁའ་དང་ནི་མཉམ་པའི་གནས། །
རྣམ་པར་མི་འགྱུར་སྣང་བ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྐུ་དང་གསུང་དང་ཐུགས་རབ་ཏུ་དག་པོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད
དུ་མེད་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་དོན་དམ་པར་རིམ་ཕྱེད་པ་གཉིས་སུ་མེད་པར་བསྟན་ཏེ། དེ་བཞིན་གཤེགS་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསུམ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱར་གཉིས་སུ་མེད
པའི་ངོ་བོར་གནས་པ་ཡིན་ནོ། །གཞན་ཡང་སྐུ་དང་གསུང་དང་ཐུགས་གསུམ་ནི་གདོད་མ་ནས་མ་སྐྱེས་པ། འཁོར་བ་ཕྱིན་ཅི་ལོག་གི་སྡིག་པའི་རྣམ་པར་རྟོག་པའི་དྲི་མས་མ་གོས་པས། དེ་ལྟར་སྐུ་དང་གསུང་དང་ཐུགས་རབ་ཏུ་དག
ཅེས་གསུངས་སོ། །ནམ་མཁའ་དང་ནི་མཉམ་པའི་གནས་ཞེས་པ་མདུན་དུ་སྨོས་པའི་སྐུ་གསུང་ཐུགས་གསུམ་ནི་དོན་དམ་པར་རྣམ་པྲ་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐཾ་ཅད་ཀྱི་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ་ཆོས་ཀྱི་སྐུར
གསུངས་ཏེ། བཤད་པར་བྱའོ། །ཅི?་ལྟར་ནམ་མཁའ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ཏེ། ཐམས་ཅད་འབྱུང་བའི་གནས་ཀྱི་ངོ་བོར་བསྟན་པ་སྟེ། དེ་བཞིན་དུ་སྐུ་གསུང་ཐུགས་གསུམ་ཡང་ཆོས་ཀྱི་སྐུའི་ངོ་བོ་སྟོང་པ
ནམ་མཁའ་ལྟ་བུར་འཇིག་རྟེན་གྱི་ཐམས་ཅད་དུ་ཁྱབ་ནས་གནས་པའོ། །གཞན་ཡང་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱལ་སོགས་པ་ཆོ་འཕྲུལ་གྱི་སྤྲུལ
པའི་བྱེ་བྲག་སྣ་ཚོགས་འབྱུང་བའི་གནས་ཡིན་ཏེ། དེ་ལྟར་ནམ་མཁའ་དང་ནི་མཉམ་པའི་གནས་ཞེས་པའི་དོན་ནོ། །རྣམ་པར་མི་འགྱུར་ཞེས་པ་ནི་མདུན་དུ་སྨོས་པའི་སྐུ་གསུང་ཐུགས་གསུམ་གྱི་ངོ་བོའི་ཆོས་ཀྱི་སྐུ་བསྟན་པ་དེ་གྲུབ་པའི
འོག་ཏུ་བརྟན་པ་མི་འགྱུར་བ་སྟེ། བཤད་པར་བྱའོ། །ཕྱིའི་ཏི་རྟི་ཀའི་ལྷ་རྣམས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཟད་པའི་དུས་སུ་ཕྱིར་འགྲོ་བ་རིས་དྲུག་གི་འཁོར་བའི་གནས་སུ་ལྷུང་བར་འགྱུར་རོ། །དེ་ལྟ་བུ་དང་བྲལ་ཞིང་མེད
པས་དེ་ནི་མི་འགྱུར་པའི་དོན་དུ་གསུངས་སོ། །སྣང་བ་མེད་ཅེས་བ་ནི་འབྲས་བུའི་ངོ་བོ་མི་འགྱུར་བ་ཆོས་ཀྱི་སྐུ་དེ་ནི་དངོས་པོ་དང་ཁ་དོག་དང་བྲལ་བས་སྣང་བ་མེད་པའོ། །རྡོ་རྗེ་སྐུ་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ནི་དོན་དམ་པར་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཡིན་ཏེ། ཆོས་ཀྱི་སྐུ་དེ་ལ་ནི་མ་རུངས་པ་གནོད་པ་བྱེད་པའི་བགེགས་ཀྱིས་སྒྱུ་མའི་ཐབས་ཅིས་ཀྱང་གཡོ་བ་དང། འཇིག་པར་མི་ནུས་ཏེ། ཅིའི
ཕྱིར་ན་། ནམ་མཁའ་དང་མཉམ་པའི་ཕྱིར་ཏེ། དེ་ལྟར་རྡོ་རྗེ་སྐུའི་དོན་དུ་གསུངས་སོ། །ཕྱག་འཚལ་ལོ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་དོན་དམ་པར་རྡོ་རྗེའི་སྐུ་དབྱེར་མེད་པ་སྟེ། དེ་ལྟར་ཕྱག་འཚལ་ལོ་ཞེས་པའི་དོན་དུ་གསུངས་སོ། །
ཐུགས་ནི་དེ་བཞིན་གཤེགས་པའི་གཙོ། །དུས་གསུམ་དག་པའི་ལམ་དུ་འབྱུང། །ནམ་མཁའ་ཆེན་པོའི་དབྱིངས་གྱུར་པ། །ནམ་མཁའ་ཨི་ལམ་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན་ཐུགས་ནི་དེ་བཞིན་གཤེགས
པའི་གཙོ་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་ཐམས་ཅད་ཀྱི་ཐུགས་གང་ཡིན་པ་ནི། དོན་དམ་བར་སྟོན་པ་རྡོ་རྗེ་མི་བསྐྱོད་བའི་ཐུགས་དང་གཉིས་སུ་མེད་པ་སྟེ། ཐུགས
དེ་ནི་ཡེ་ཤེས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ངོ་བོ་ཡིན་པས། གཙོ་བོ་སྟེ། དེའི་ཕྱིར་ཐུགས་དེ་བཞིན་གཤེགས་པའི་གཙོ་ཞེས་གསུངས་སོ། །དུས་གསུམ་དག་པའི་ལམ་དུ་བྱུང་ཞེས་པ། ཕྱི་དང་ནང་གི་དུས་གསུམ་སྟེ། འདས་པ་དང་མ
འོངས?་པ་དང་དེ་ལྟར་གྱི་སངས་རྒྱས་དུས་གསུམ་གྱི་ལམ་ནས་འབྱུང་བ་དེ་དག་གི་ཐུགས་དོན་དཾ་པར་རིག་པའི་ངོ་བོར་སྐུ་ཕྱག་རྒྱ་ལ་གནས་པར་གསུངས་སོ། །གཞན་ཡང་ཕྱི་དང་ནང་གི་དོན་དུས་གསུམ་གྱི་དོན་གསལ་བར་བསྟན་པར་བྱ་སྟེ། ཕྱིའི
ནི་མདོ་སྡེའི་ཚུལ་དུ་དུས་གསུམ་གྱི་ལམ་ནས་སངས་རྒྱས་འབྱུང་བར་སྨོས་པའོ། །དེ་བཞིན་དུ་ནང་གི་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་རྣམ་པར་སྣང་མཛད་ལ་སོགས་པ
བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་ཐམས་ཅད་ཚད་ཏིལ་གྱི་འབྲུ་དང་མཉམ་པ་སྔར་སྨོས་པ་ནི་འདས་པའི་དོན་དུ་བསྟན་ཏོ། །དེའི་འོག་ཏུ་སྤྲོ་བར་མཛད་པ་ནི་མ་འོངས་པའོ། །ད་ལྟའི་ནི་དཔལ་རྡོ་རྗེ་སེམས་དཔའ་སྤྲོ་བར་མཛད་མཁན་ཉིད་དོ། །དེ་ལྟར
མདོར་བསྡུ་བ་སངས་རྒྱས་ཕྱི་དང་ནང་གི་དུས་གསུམ་གྱི་ལམ་ནས་འབྱུང་བའི་ཐུགས་ནི་དོན་དམ་པར་གཅིག་པའི་ངོ་བོ་སྟེ། དེ་ལྟར་དུས་གསུམ་དག་པའི་ལམ་དུ་འབྱུང་ཞེས་པའི་དོན་ནོ། །ནམ་མཁའ་ཆེན་པོའི་དབྱིངས་གྱུར་པ་ཞེས་པ་ནི། མདུན
དུ་སྨོས་པ་དེ་བཞིན་གཤེགས་པའི་ཐུགས་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ནས་གནས་པ་ནམ་མཁའ་ཆེན་པོའི་ངོ་བོ་ཆོས་ཀྱི་སྐུ་ཡིན་ཏེ། ནམ་མཁའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པའི་དེ་བཞིན
གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་གནས་པ་དང་འབྱུང་བས་དབྱིངས་ཀྱི་ངོ་བོར་བསྟན་ཏེ། དེ་ལྟར་ནམ་མཁའ་ཆེན་པོའི་དབྱིངས་གྱུར་པའི་དོན་ནོ། །ནམ་མཁའ་ཨི་ལམ་ལ་ཕྱག་འཚལ་ལོ་ཞེས་པ་དེ་བཞིན་གཤེགས
པ་ཐམས་ཅད་ཀྱི་ཐུགས་ནམ་མཁའ་ལྟ་བུ་དོན་དམ་པར་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་སྒྲུབ་པ་པས་གྲུབ་པའི་དུས་སུ་བྱང་ཆུབ་ཀྱི་ལམ་དུ་བསྟན་པ་ཏེ། དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་ཨི་ཐུགས་དེ་བཞིན་གཤེགས་པ་ཐམS་ཅད་དུ་དབྱེར་མེད་པའི་ཐུགས
ཀྱི་ངོ་བོ་ནམ་མཁའ་ཨི་ལམ་ལ་ཕྱག་འཚལ་བའོ། །ནམ་མཁའ་ཨི་སྐུ་ལས་རབ་བྱུང་བ། །ནམ་མཁའ་ཨི་གསུང་ནི་རབ་སྟོན་པ། །ནམ་མཁའ་ཨི་ཐུགས་ནི་ཆོས་ཀྱི་མཆོག་།སྦྱོད་པའི་གནས་ལ་ཕྱག་འཚལ་ལོ་ཞེས་པའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན།
ནམ་མཁའ་ཨི་སྐུ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཆོས་ཀྱི་སྐུ་ལ་ནམ་མཁའ་ཨི་དོན་དུ་གསུངས་སོ། །རབ་ཏུ་བྱུང་བ་ཞེས་པ་ནི། ནམ་མཁའ་ཨི་ངོ་བོ་ཆོས་ཀྱི་སྐུ་ལས་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར
ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྒྱུད་བཀའ་སྩལ་བའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ནམ་མཁའ་ཨི་ངོ་བོ་ཆོས་ཀྱི་སྐུ་སྨོས་པ་དེའི་གནས་ནས་བྱུང་བའོ། །བཤད་པར་བྱའོ།།
སྟོན་པ་རྡོ་རྗེ་མི་བསྐྱོད་པ་རྡོ་རྗེའི་སྐུ་མདོག་དང། ཞལ་དང། ཕྱག་དང་ཕྱག་མ་ཆེན་པོར། རྒྱན་རྣམས་དང། ལྡན་པ་ལས་བྱུང་བ་ཞེས་བྱའོ། །ནམ་མཁའ་ཞེས་པ་ནི་མདུན་དུ་སྨོས་པ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱའི་ངོ་བོ་དེ་ནི
དོན་དམ་པར་ནམ་མཁའ་ལྟ་བུའོ། །གསུང་ནི་རབ་སྟོན་པ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ། སྐུ་ཕྱག་རྒྱ་ནམ་མཁའ་ཨི་ངོ་བོ་དེ་ལས་བླ་ན་མེད་པའི་གསུང་འབྱུང་བའོ། །བཤད་པར་བྱ་སྟེ། སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ལ་གསུང་བ?
ན་མེད་པའི་སྒྲའི་ངོ་བོ་དེ་གཉིས་སུ་མེད་པར་གནས་པ་དེ་དོན་དམ་པར་ནམ་མཁའ་ལྟར་ངོ་བོ་མེད་པ་ཡིན་ཏེ། དེ་ལྟར་གསུང་ནི་རབ་སྟོན་པའི་དོན་ནོ། །ནམ་མཁའ་ཨི་ཐུགས་ཞེས་པ་ནི་མདུན་དུ་སྨོས་པའི་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་དང་གསུང
གཉིས་གཉིས་སུ་མེད་ལ་དོན་དམ་པའི་ནམ་མཁའ་ལྟ་བུ་དངོས་པོ་མེད་པ་དེ་དང་གཉིས་སུ་མེད་པར་གནས་པའི་ཐུགས་ཉིད་ཀྱང་ནམ་མཁའ་བཞིན་དུ་དངོས་པོ་མེད་པར་གནས་པ་དེ། ཀུན་ལ་ཁྱབ་ནས་གནས་པས་དོན་དམ་པར་ཆོས་ཀྱི
སྐུ་དང་གཉིས་སུ་མེད་པའི་ངོ་བོ་ཡིན་པར་བསྟན་ཏོ། །དེ་ལྟར་ནམ་མཁའ་ཨི་ཐུགས་ཀྱི་དོན་དུ་གསུངས་སོ། །ཆོས་ཀྱི་མཆོག་ཅེས་པ་ཕྱི་དང་ནང་གི་སྒྲུབ་པར་བྱ་བའི་ཆོས་ཐམས་ཅད་ཀྱི་ནང་ན་དཔལ་རྡོ་རྗེ་སེམས་དཔའ་ཨི་ཐུགས་དེ་བཞིན
གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པ་དེ་ནི་མཆོག་ཡིན་པར་བསྟན་ཏོ། །བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཨི་ཐུགས་དེ་ནི་ཡེ་ཤེས་ཐམས་ཅད་ཀྱི་འབྲས་བུའི་ངོ་བོ་སྟེ། དེ་གྲུབ་དང་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་དངོས
གྲུབ་ཀྱི་འབྲས་བུ་གྲུབ་པར་འགྱུར་ཏེ། དེའི་ཕྱིར་ཆོས་ཀྱི་མཆོག་ཅེས་བྱའོ། །སྤྱོང་བའི་གནས་ཞེས་པ་ནི་མདུན་དུ་སྨོས་པའི་གསང་སྔགས་ཀྱི་སྤྱོད་པ་སྟེ། མ་དང་སྲེང་པོ་དང་བུ་མོ་སྤྱད་པས་བླ་ན་མེད་པའི་འབྲས་བུའི་གནས་ཆོས་ཀྱི་སྐུ་ཐོབ་པར
འགྱུར་ཏེ། དེའི་ཕྱིར་སྤྱོད་པའི་གནས་ཞེས་བྱའོ། །ཕྱག་འཚལ་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་བླ་ན་མེད་པའི་མཉམ་པའི་རྣཾ་བར་དག་པའི་སྤྱོད་པའི་གནས་ཀྱི་ངོ་བོ་དེ་ནི་སྒྲུབ་པ་པོ་རྣམས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་གྲུབ་པའི་ཐབས
ཡིན་པས་དེ་ལ་ཕྱག་འཚལ་བའོ། ། །།གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱིས་པ་སྟོང་པའི་དོན་སྒྲ་འདིར་དྲངས་པ། ཨེ་མའོ་ཆོས། ཨེ་མའོ་ཆོས། ཨ་མའོ་ཆོས། ཨ་མའོ་ཆོས་ཀྱི་དོན་བྱུང་བ། །ཆོས་དོན་དག་པ
བདག་མེད་པ། རྡོ་རྗེ་རྒྱལ་པོ་ཕྱག་འཚལ་ལོ། ཞེས་བྱ་བ་ནི། ཨེ་མའོ་ཆོས་ཞེས་པ་ནི། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་ཐུགས་རྗེ་ཆེན་པོའི་ཐབས་བསྟན་པའོ། །དེ་ལྟར་ཨེ་མའོ་ཆོས་ཞེས་པ
དང་པོའི་དོན་ཤེས་པར་བྱའོ། །དེ་ནས་ཨེ་མའོ་ཆོས་ཞེས་པ་ནི། སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་བྱིན་གྱིས་བརླབས་བས་མདུན་དུ་སྨོས་པ་བྱང་ཆུབ་སེམས་དཔའ་རྣམ་གསང་སྔགས་ཀྱི་སྤྱོད་པའི་དོན་ཐོས་མ
ཐག་ཏུ་འཇིགས་པ་དང་སྐྲག་པ་དང་རྒྱལ་བར་གྱུར་བ་དང། བསླང་པར་མཛད་པའོ། །དེ་ལྟར་ཨེ་མའོ་ཆོས་ཞེས་པ་གཉིས་པའི་དོན་ནོ། །དེ་ནས་ཨེ་མའོ་ཆོས་ཀྱི་དོན་བྱུང་བ་ཞེས་པ་ནི། ཆོས་ཐམས་ཅད་ཀྱི་དོན་རང་བཞིན་ཀྱི་ངོ་བོ། །
ཆོས་ཀྱི་སྐུ་ལས་ས་བོན་ཡིག་འབྲུ་ཧཱུཾ་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆོས་ཀྱི་དོན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུའི་བདག་ཉིད་བྱུང་བ་སྟེ་། དེ་ལྟར་ཨེ་མའོ་ཆོས་ཀྱི་དོན་བྱུང་པའི་དོན་ཏེ
གསུམ་པའོ། །ཆོས་དོན་དག་པ་བདག་མེད་པ་ཞེས་པ་ནི། །སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང། ཐབས་དང་ཤེས་རབ་རོལ་པ་མཛད་པའི་འདོད་ཆགས་ཆེན་པོའི་ཆོས
ཀྱི་ངོ་བོ་འཁོར་བ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བས་དག་པའོ། །གཞན་ཡང་གསང་སྔགས་ཀྱི་སྤྱོད་པ་བདག་མེད་པའི་ངོ་བོ་ཡིན་པས་དེའི་ཕྱིར་དག་པའི་དོན་དུ་བསྟན་ཏོ། །བཤད་པར་བྱ་སྟེ། གསང་སྔགས་ཀྱི་སྤྱོད
པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཉིད་ཡིན་ནོ། །དེ་ལྟར་ཆོས་དོན་དག་པ་བདག་མེད་བའི་དོན་དུ་གསུངས་སོ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་ལོ་ཞེས་པ་རྡོ་རྗེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་སྟོན་པ་རྡོ་རྗེ་མི
བསྐྱོད་པའི་བླ་ན་མེད་པའི་འདོད་ཆགས་ཀྱི་ངོ་བོ་སྟེ། དེ་ཡང་སྣང་བ་མཛའ་ཡས་ཉིད་ཡིན་ཏེ། དེས་ཕྱིན་ཅི་ལོག་གི་ཉོན་མོངས་པའི་འདོད་ཆགས་ཀྱི་རྒྱལ་པོ་ལྷའི་བུ་ཀ་མེད་པ་ཕམ་པར་བྱས་ཏེ་།རྒྱལ་བ་ཐོབ་པས་དེའི་ཕྱིར་རྡོ་རྗེ་རྒྱལ་པོར
སྨོས་ཏེ་། དེ་ལྟར་རྡོ་རྗེ་རྒྱལ་པོ་ཕྱག་འཚལ་ལོ་ཞེས་པའི་དོན་དུ་གསུངས་སོ། །སྐུ་དང་གསུང་ཐུགས་རབ་ཏུ་དག་།ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་འགྱུར་སྣང་བ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །ཞེས་བྱ
བ་སྐུ་དང་གསུང་ཐུགས་དག་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཐུགས་དོན་དམ་པར་དབྱེར་མེད་པའི་ངོ་བོར་གནས་པའོ། །ཡང་ན་སྐུ་གསུང་ཐུགས་གསུཾ་རང་བཞིན་གྱིས་མ་སྐྱེས་པ་སྟོང
པ་ནམ་མཁའ་ལྟ་བུ་སྟེ། བཤད་པར་བྱའོ། །སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཕྱིར་ཐུགS་རྗེ་ཆེན་པོ་ཡོན་ཏན་གྱི་ངོ་བོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་ཉིད་ཀྱིས་སེམས་ཅན་ཐམས
ཅད་ཀྱི་རེ་བ་ཐབས་སྣ་ཚོགས་ཀྱིས་བྱེ་བྲག་གིས་སྐོང་བར་མཛད་པའོ། །དེ་ལྟར་སྐུ་དང་གསུང་ཐུགས་རབ་ཏུ་དག་པའི་དོན་དུ་གསུངས་སོ། །ནམ་མཁའ་དང་ནི་མཉམ་པའི་གནས་ཞེས་པ། སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་སེམས་ཅན་ཐམས་ཅད་ཀྱི
དོན་དུ་ཐུགས་རྗེ་ཆེན་པོ་བསྐྱེད་དེ། འཕྲིན་ལས་ཀྱི་བྱེ་བྲག་སྣ་ཚོགས་མཐར་ཕྱིན་པར་མཛད་པ་དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པ་ཉིད་ཀྱིས་མཉམ་པའི་ཐུགས་ཀྱིས་ནམ་མཁར་བཞིན་ཐམས་ཅད་ལ་ཁྱབ་པར་སེམས་ཅན
ཐམས་ཅད་ཀྱི་དོན་དུ་གྲུབ་པར་མཛད་པ་ཡིན་ནོ། །དེ་ལྟར་ནམ་མཁའ་དང་ནི་མཉམ་པའི་གནས་ཀྱི་དོན་དུ་གསུངས་སོ། །རྣམ་པར་མི་འགྱུར་བ་སྣང་བ་མེད་ཅེས་པ་ནི། སྟོན་པ་རྡོ་རྗེ་མི་བསྐྱོད་པས་སེམས་ཅན་ཐམས་ཅད་སྒྲོལ་བའི་ཡོན་ཏན
དུས་དང་སེམས་ཅད་གང་ཡང་རུང་སྟེ། མི་འགྱུར་བའོ། །དེ་ལྟར་རྣམ་པར་མི་འགྱུར་བ་སྣང་བ་མེད་པའི་དོན་དུ་གསུངས་སོ། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ་ཞེས་པ་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །ཐུགས་ནི་དེ་བཞིན
གཤེགས་པའི་གཙོ། །དུས་གསུམ་དག་པའི་ལམ་དུ་འབྱུང། །ནམ་མཁའ་ཆེན་པོའི་དབྱིངས་གྱུར་པ། །ནམ་མཁའ་ཨི་ལམ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ཐུགས་ནི་དེ་བཞིན་གཤེགས་པའི་གཙོ་ནི། རྣམ་པར་སྣང་མཛད་ལ་སོགས
སྟེ། དེ་བཞིན་གཤེགས་པ་ཚད་ཏིལ་གྱི་འབྲུ་དང་མཉམ་པ་བརྗོད་དུ་མེད་པའི་ཐུགས་དང་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཐུགས་དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་ཐུགས་དེ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་མཱ་མ
ཀཱའི་སྐུ་ཕྱག་རྒྱ་གཉིས་སུ་མེད་པར་འཁྱུད་ནས་མཉམ་པར་སྦྱོར་བར་གནས་པའོ། །དེ་ལྟར་ཐུགས་ནི་དེ་བཞིན་གཤེགས་པའི་གཙོའི་དོན་དུ་བསྟན་ཏོ། །དུས་གསུམ་དག་པའི་ལམ་དུ་འབྱུང་ཞེས་པ། ནང་གི་ཚུལ་གྱི་དུས་གསུམ་དུ་སྟོན་པ་རྡོ་རྗེ
མི་བསྐྱོད་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་སྤྲོ་བར་མཛད་པ་རྣམས་ཀྱི་སྐུའི་ངོ་བོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པ་སྟེ། དེ་ཉིད་ཀྱི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཡིན་ནོ། །
བསྟན་པར་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གྱི་ངོ་བོ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་སངས་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱར་བསྟན་ཏེ། དེ་ལྟར་བླ་ན་མེད་པའི་ལམ་གྱི་ངོ་བོ་སངས་རྒྱས་སྤྱན་དང་གསང
པའི་རོལ་པ་མཛད་པ་གཉིས་སུ་མེད་པར་སྦྱོར་བའི་སྐུ་རྣམ་པར་སྣང་མཛད། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱ་འབྱུང་བ་དེ་དོན་དམ་པར་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ལ་གནས་པའོ། །དེ་ལྟར་དུས་གསུམ་དག་པའི་ལམ་དུ
བྱུང་ཞེས་པའི་དོན་ནོ། །ནམ་མཁའ་ཆེན་པོའི་དབྱིངས་གྱུར་པ་ཞེས་པ་བླ་ན་མེད་པའི་འདོད་ཆགས་ཀྱི་དབྱིངས་ཀྱི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་དང། གཉིས་སུ་མེད་པ་འདོད་ཆགས་རྡོ་རྗེ་སྣང་བ་མཛའ་ཡས་ཡིན་ནོ། །བསྟན་པར་བྱ་སྟེ། འདོད་ཆགས
རྡོ་རྗེ་སྣང་བ་མཛའ་ཡས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་ན་བཟའ་དཀར་མེ་ནམ་མཁའ་ཆེན་པོའི་ངོ་བོ་བྷ་གའི་ཕྱག་རྒྱ་དེ་ནི་མ་སྐྱེས་པ་སྟེ། གསང་བའི་རོལ་པའི་གནས་ཡིན་པར་བསྟན་ཏེ། དེ་ཡང་དོན་དམ་པར་སྟོན་པ་རྡོ་རྗེ་མི་བསྐྱོད
པའི་སྐུ་ཕྱག་རྒྱལ་གཉིས་སུ་མེད་པར་གནས་པའོ། །དེ་ལྟར་ནམ་མཁའ་ཆེན་པོའི་དབྱིངས་གྱུར་པའི་དེ་དོན། །ནམ་མཁའ་ཨི་ལམ་ཞེས་པའི་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ལས་ཀྱི་རིགས་དོན་ཡོད་གྲུབ་སྟེ། དོན་དམ་པར་མ་སྐྱེས་བ་སྟོད་པ་ཕྱིའི
ནམ་མཁའ་བཞིན་དུ་བསྟན་ཏེ། བཤད་པར་བྱ་སྟེ། ལས་ཀྱི་རིགས་དོན་ཡོད་གྲུབ་པ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་དམ་ཚིག་སྒྲོལ་མ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གྱི་ངོ་བོ་དེ་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་འགྲུབ་པར་བྱེད་པའི
འཕྲིན་ལས་ཡིན་པར་བསྟན་ཏེ། དེ་ཡང་དོན་དམ་པར་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པར་མཛད་པའི་འཕྲིན་ལས་ཀྱི་ངོ་བོར་སྐུ་ཕྱག་རྒྱ་ལ་གནས་པའོ། །དེ་ལྟར་ནམ་མཁའ་ཨི་ལམ་གྱི་དོན་དུ་གསུངས་སོ། །ཕྱག་འཚལ
ལོ་ཞེས་པ་ནི་མདུན་དུ་སྨོས་པའི་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་བཞིའི་སོ་སོའི་བདག་པོ་དང། གཉིས་སུ་མེད་པའི་ངོ་བོ་དེ་དག་ཀུན་སྟོན་པ་རྡོ་རྗེ་མི་བསྐྱོད་བའི་སྐུ་ཕྱག་རྒྱ་ལ་མི་ཕྱེད་པར་གནས་པ་དེ་ལྟ་བུའི་ངོ་བོ་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག
རྒྱ་ལ་ཕྱག་འཚལ་བའོ། །ནམ་མཁའ་ཨི་སྐུ་ལས་རབ་བྱུང་བ། །ནམ་མཁའ་ཨི་གསུང་ནི་རབ་སྟོན་པ། །ནམ་མཁའ་ཨི་ཐུགས་ནི་ཆོས་ཀྱི་མཆོག་།སྤྱོད་པའི་གནས་ལ་ཕྱག་འཚལ་ལོ་ཞེས་བྱ་བ། ནམ་མཁའ་ཨི་སྐུ་ལས་རབ་བྱུང་བ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས
ནི་མ་སྐྱེས་པ་སྟོང་པ་ནམ་མཁའ་ལྟ་བུའོ། །བཤད་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུའི་རིགས་ཀྱི་ཡེ་ཤེས་ཀྱི་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་འཆི་བདག་གི་བདུད་ཕམ
པར་བྱ་བའི་ཕྱིར་ཕྱུང་བ་ཡིན?་ལ། དེ་དོན་དམ་པར་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་སྐུའི་རིགས་ཀྱི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་སྟོབས་ཀྱི་ངོ་བོར་གནས་པའོ། །དེ་ལྟར་ནམ་མཁའ་ཨི་སྐུ་ལས་རབ་ཏུ་འབྱུང་བའི་དོན་ནོ། །ནམ་མཁའ་གསུང་ནི་རབ་སྟོན་པ
ཞེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མ་སྐྱེས་བ་སྟོང་པ་ནམ་མཁའ་ལྟ་བུའོ། །བཤད་པར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་བ་ཉིད་ཀྱི་སྐུ་སྟེ། དེ་རིགས་ཀྱི་ཡེ་ཤེས་ཀྱི་ཁྲོ་བོའི་རྒྱལ་པོ་ཆེན་པོ་པྲ་ཛྙནྟ་ཀའི་སྐུ་ཕྱག་རྒྱའི་ཉོན
མོངས་པའི་བདུད་གཏི་མུག་གི་ངོ་བོ་ཚངས་པ་ཕམ་པར་བྱ་བའི་ཕྱིར་སྤྲུལ་ཏེ། གཞན་ཡང་ཕ་རོལ་གྱི་རྒོལ་བ་ཐམས་ཅད་བྱིན་གྱིས་བརླབས་ཀྱིས་གཞོམ་པར་བྱ་བའི་ཕྱིར་ཆོ་འཕྲུལ་རབ་ཏུ་སྟོན་པ་ཡིན་ལ། དེ་ཡང་དོན་དམ་པར་སྟོན་པ་རྡོ་རྗེ
མི་བསྐྱོད་བའི་རྡོ་རྗེའི་རིགས་ཀྱི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་སྟོབས་ཀྱི་ངོ་བོར་གནས་པའོ། །དེ་ལྟར་ནམ་མཁའ་ཨི་གསུང་ནི་རབ་ཏུ་སྟོན་པའི་དོན་ནོ། །ནམ་མཁའ་ཨི་ཐུགས་ནི་ཆོས་ཀྱི་མཆོག་ཅེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ནི་མ
སྐྱེས་པ་སྟོང་པ་ནམ་མཁའ་ལྟ་བུའོ། །བཤད་པར་བྱ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་སྣད་བ་མཛའ་ཡས་ཀྱི་སྐུའོ། །དེའི་རིགས་ཀྱི་ཡེ་ཤེས་ཁྲོ་བོའི་རྒྱལ་པོ་ཆེན་པོ་པདྨནྟ་ཀའི་སྐུ་ཕྱག་རྒྱ་ལྷའི་བུ་བདུད་ཀ་མ་དེབ་ཕམ
པར་བྱ་བའི་ཕྱིར་སྤྲུལ་ཏེ། གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་འདོད་ཆགས་ཀྱི་ངོ་བོ་ཐུགས་ཀྱི་ཆོས་ཉོན་མོངས་པའི་འདོད་ཆགས་འཇོམས་པར་མཛད་པ་ཉིད་མཆོག་ཡིན་ཏེ། དེ་ཉིད་ཁྲོ་བོའི་རྒྱལ་པོ་ཆེན་པོ་པདྨནྟ་ཀ
ཡིན་ནོ། །དེ་ལྟར་ནམ་མཁའ་ཨི་ཐུགས་ནི་ཆོས་ཀྱི་མཆོག་གི་དོན་ནོ། །སྤྱོད་པའི་གནས་ཞེས་པ་ནི་སྦྱོར་བ་ནི་གོང་དུ་སྨོས་པའི་གསང་སྔགས་ཀྱི་ཚུལ་མ་དང། སྲིད་མོ་དང་བུ་མོ་སྤྱད་པ་ལ་སོགས་པ་ཐམས་ཅད་དེ། །བཤད་པར་བྱ་སྟེ། མེ་ལོང
ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ནི། སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུའོ། །དེའི་རིགས་ཀྱི་ཡེ་ཤེས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བིགྷྣཱཾ་ཏ་ཀའི་སྐུ་ཕྱག་རྒྱ་ཕུང་པོའི་བདུད་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ?་ཕམ་པར་བྱ་བའི་སྦྲུལ་པའོ། །གཞན་ཡང་སྤྱོད་པའི
གནས་ནི་མདུན་དུ་སྨོས་པའི་སྦྱོད་པ་སྤྱད་པས་འབྲས་བུ་མེ་ལོང་ལྟ་བུའི་ཡེ་ཤེས་དང་གཉིས་སུ་མེད་བར་འགྲུབ་པའོ། །དོན་དམ་པར་སྟོན་པ་རྡོ་རྗེ་མི་སྤྱོད?་པ་ཉིད་ཀྱི་རྡོ་རྗེའི་རིགས་ཀྱི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་སྟོབས་ཀྱི་ངོ་བོས་གནས
བའི?་?་དེ་ལྟར་སྤྱོད?་པའི་གནས་ཀྱི་དོན་ནོ། །ཕྱག་འཚལ་ལོ་ཞེས་པ་ནི་མདུན་དུ་སྨོས་པའི་ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བཞི་སོ་སོའི་རིགས་ཀྱི་བདག་པོ་དང་གཉིས་སུ་མེད་བའི་ཡེ་ཤེས་ཀྱི་ངོ་བོ་རྣམས་སྟོན
པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ལ་མི་ཕྱེད་པར་གནས་པ་དེ་ལྟ་བུའི་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ལ་ཕྱག་འཚལ་བའོ། ། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་འགྲེལ་པ། །མཁས་པ
ཆེན་པོ་རྡོ་རྗེ་སློབ་དཔོན། །འཕགས་པ་ཀུན་དགའ་ཨི་སྙིང་པོས་མཛད་པ། ལེའུ་ལྔ་པ། རྫོགས་སོ།། །།དེ་ནས་ད་ནི་ལེའུ་ལྔ་པའི་འོག་དུ། ལེའུ་དྲུག་པ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ལེའུ་བཤད་པར
བྱ་སྟེ། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས
དེའི་སྐབས་སུ་ཞེས་པ་ནི། ལེའུ་ལྔ་པ་བཤད་པ་རྫོགས་མ་ཐག་ཏུ་ལེའུ་དྲུག་པ་བཤད་པའི་དོན་མཚོན་པའོ། །དེ་བཞིན་གཤེགས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་རྗེ་ཆེན་པོའི་ལྕགས་ཀྱུས་ཐུགས
བསྐུལ་ནས། ཆོས་ཀྱི་སྐུ་ལས་གསང་སྔགས་ཀྱི་ཚུལ་དུ་ཤེS་རབ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་ས་གཉིས་སུ་མེད་པར་བརྒྱན་པ་ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱའི་ངོ་བོ་བྱོན་ནས་རྒྱུད་བཀའ་སྩལ་པའི་འོག་ཏུ་འགྲོ་བའི་དོན་གྲུབ་ནས
བྱོན་པའི་གནས་སུ་བདེ་བའི་ཐུགས་དགྱེས་པས་གཤེགས་པས་དེའི་ཕྱིར་སྟོན་པ་རྡོ་རྗེ་མི་བསྐོད་པ་ལ་དེ་བཞིན་གཤེགས་པ་ཞེས་གསུངས་སོ། །མི་བསྐྱོད་པ་དེས་པ་ནི་སྟོན་པ་ཉིད་ཡིན་ཏེ། བདུད་དང་བགེགས་ཀྱི་གནོད་པ་གང་གིས་ཀྱང་གཡོ
བའི?་མི?་ནུས་པ་ས་དེའི?་ཕྱིར་མོ་བསྐྱོད་པའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་བྱེ་བྲག་གྲངས་མེད་པའི་ཏིལ་གྱི་འབྲུ་དང་མཉམ་པ་ལ་བྱའོ། །སྐུ་དང
གསུང་དང་ཐུགས་ཞེས་པ་ནི། དེ་བཞིན་གཤེགས་པ་དེ་དག་གི་སྐུ་གསུང་ཐུགས་གསུམ་དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་ཡིན་པའོ། །གསང་བ་ཞེས་པ་ནི་སྟོན་པ་དེ་བཞིན་གཤེགས་པ་མི་བསྐྱོད་པས
ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིའི་དང་གཉིས་སུ་མེད་པར་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། འདོད་ཆགས་ཆེན་པོའི་དགྱེས་པས་ཐབས་དང་ཤེས་རབ་རོལ་པ་མཛད་ནས་བདེ་བར་གྱུར
པའི་དུས་སུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིའི་བྷ་གའི་དབུས་སུ་བྱང་ཆུབ་ཀྱི་སེམས་འོ་མའི་རྒྱུན་བཞིན་དུ་འོད་དུ་ཞུ་སྟེ། འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་རོ། །བཤད་པར་བྱ་སྟེ།
མ་དུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་གསང་བ་གསུམ་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་དང་བཅས་པར་ཡན་ལག་དང་ཉིད་ལག་བྱེ་བྲག་སྣ་ཚོགས་པས་བསྐྱོད་པའི་སྟབས་ཀྱིས
གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས་རོལ་པ་མཛད་བ་ནི་སྐུའི་རིགས་རྣམ་པར་སྣང་མཛད་ཀྱི་གསང་བ་ཡིན་ནོ། །དེ་ནས་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཐབས་དང་ཤེས་རབ་རོལ་པ་མཛད་པའི་དུས་སུ་བླ་ན་མེད་པའི་འདོད
ཆགས་ཀྱི་ངོ་བོ་ནི་གསུང་གི་རིགས་སྣང་བ་མཛའ་ཡས་ཀྱི་གསང་བའོ། །དེ་ནས་མདུན་དུ་སྨོས་པའི་ཚུལ་དུ་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཐབས་དང་ཤེས་རབ་རོལ་པ་མཛད་ནས་བདེ་བར་གྱུར་པ་ཁུ་བའི་ངོ་བོ་ཤེས་རབ་མ་ཡེ་ཤེས
ཀྱི་ལྷ་མོ་མཱ་མ་ཀཱིའི་བྷ་གའི་དབུས་སུ་འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པ་དེ་ནི། ཐུགས་ཀྱི་རིགས་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་གསང་བ་ཡིན་ནོ། །དེ་ལྟར་མདོར?་བསྡུས་པ་སྐུ་དང་གསུང་དང
ཐུགས་གཉིས་སུ་མེད་པའི་གསང་བའི་དོན་དུ་གསུངས་སོ། །ཏིང་ངེ་འཛིན་ཞེས་པ་མདུན་དུ་སྨོས་བའི་ཐབས་དང་ཤེས་རབ་རོལ་པ་མཛད་པས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོད་དུ་ཞུ?་མ་ཐག་ཏུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིའི་བྷ་གའི་དབུས
སུ་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་ཏེ། དེའི་དུས་སུ་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཉིད་ཀྱི་སྤྱི་བོར་སྔགས་ཀྱི་ཡིག་འབྲུ་ཨོཾ་བསམ་སྟེ། དེ་ནི་སྐུའི་རིགས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྔགས་ཀྱི་ས་བོན་ཡིག་འབྲུ་ཡིན་ཏེ།
ོཾ་དེ་ཁ་དོག་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཟླ་བ་སྟོང་དང་མཉམ་པའི་འོད་རབ་ཏུ་འབར་ཞིང་སྤྱི་བོ་ལ་ཐིམ་སྟེ། དེ་ཐིམ་མ་ཐག་ཏུ་འོད་ཟེར་གྱི་དྲ་བ་གྲངས་མེད་པ་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ་སྤྲོས་ནས་འཇིག་རྟེན
གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ཏེ་དེས་བྱིན་གྱིས་བརླབས་བས་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གི་གཏི་མུག་བཅོམ་པར་གྱུར་རོ། །དེ་ལྟར་བྱིན་གྱིས་བརླབས་པའི་འོག་ཏུ
འོད་ཟེར་གྱི་དྲ་བ་སྤྲོས་པའི་གནས་སུ་བསྡུ་བར་མཛད་དོ། །དེའི་འོག་ཏུ་ལྗགས་ཀྱི་དབུས་སུ་སྔགས་ཀྱི་ས་བོན་ཡིག་འབྲུ་ཨ་བསམ་སྟེ། དེ་ནི་གསུང་གི་རིགས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སྔགས་ཀྱི་ས་བོན་ཡིག
འབྲུ་ཡིན་ཏེ། ཨ་ཁ་དོག་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་གཟི་བརྗིད་ཀྱི་ཕུང་པོ་འབར་ཞིང་ལྔགས?་ལ་ཐིམ་སྟེ། དེ་ཐིམ་མ་ཐག་ཏུ་འོད་ཟེར་གྱི་དྲ་བ་གྲངས་མེད་པ་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ་སྤྲོས་ནས་འཇིག་རྟེན
གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ཏེ། དེས་བྱིན་གྱིས་བར་བས་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གི་འདོད་ཆགས་བཅོམ་པར་གྱུར་རོ། །དེ་ལྟར་བྱིོ་གྱིས་བརླབས
པའི་འོག་ཏུ་འོད་ཟེར་གྱི་དྲ་བ་སྤྲོས་པའི་གནས་སུ་བསྡུ་བར་མཛད་དོ། །དེའི་འོག་ཏུ་གསང་བའི་ཐུགས་ཀར་སྔགས་ཀྱི་ས་བོན་ཡི་གེ་ཧཱུཾ་བསམ་སྟེ། དེ་ནི་རྡོ་རྗེའི་རིགས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ཉིད
ཀྱི་སྔགས་ཀྱི་ས་བོན་ཡིག་འབྲུ་ཡིན་ཏེ། ཧཱུཾ་ཁ་དོག་མཐིང་ནག་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉི་མ་སྟོང་དང་མཉམ་པར་འབར་ཞིང་འོད་དུ་ཞུ་ནས་གསང་བའི་ཐུགས་ཀར་ཐིམ་སྟེ། དེ་ཐིམ་མ་ཐག་ཏུ་འོད་ཟེར་གྱི་དྲ་བ་གྲངས་མེད
པ་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ་སྤྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ཏེ། དེས་བྱིན་གྱིས་བརླབས་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གི་ཞེ་སྡང
བཅོམ་པར་གྱུར་རོ། །དེ་ལྟར་བྱིན་གྱིས་བརླབས་པའི་འོག་ཏུ་འོད་ཟེར་གྱི་དྲ་བ་སྤྲོས་པའི་གནས་སུ་བསྡུ་བར་མཛད་དོ། །ཅི་ལྟར་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཉིད་ཀྱི་སྐུ་ཕྱག་རྒྱའི་གནས་གསུམ་བ་སྐུ་གསུང་ཐུགས་གསུམ
གྱི་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཆོ་ག་མཛད་པ་དེ་བཞིན་དུ་ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་བྱིན་གྱིས་བརླབ་པར་མཛད་དོ། །དེ་ལྟར་མདོར་བསྡུས་པའི་ཏིང་ངེ་འཛིན་གྱི་དོན་ནི
སྒྲུབ་པ་པོ་རྣམས་ཀྱི་དོན་དུ་བསྟན་ཏེ། མདུན་དུ་སྨོས་བའི་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་ཀྱི་ཡིག་འབྲུའི་ས་བོན་གྱིས་གནས་གསུམ་ནས་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་གྲངས་མེད་པ་སྤྲོ་བ་དང་བསྡུ་བས་སེམས་ཅན་བྱིན
གྱིས་བརླབ་བར་མཛད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་དོན་དུ་གསུངས་སོ། །སྙོམས་པར་ཞུགས་ཏེ་ཞེས་པ་ནི་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་གསུམ་གྱིས་བརླབས་པར་མཛད
མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་དང་གཉིས་སུ་མེད་པར་གྱུར་རོ། །དེ་ལྟར་སྙོམས་པར་ཞུགས་ཞེས་པའི་དོན་ནོ། །ཐུགས་བྱིན་གྱིས་བརླབ་པའི་སྔགས་འདི་གསུངས་སོ། །ཞེས་བྱ་བའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ
སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་བརྗོད་མ་ཐག་ཏུ། དེ་བཞིན་གཤེགས་པ་གྲངས་མེད་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱས
སྒྲུབ་པ་པོའི་ལུས་བྱིན་གྱིས་རློབ་པར་མཛད་དེ། དེ་ལྟར་མཛད་པས་བརྒྱ་བྱིན་དང་ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་ཐམས་ཅད་ཀྱང་བྲན་བཞིན་དུ་དབང་དུ་འགྱུར་ན་སེམས་ཅན་ཕྲ་མོ་རྣམས་ལྟ་ཅི་སྨོས་སོ། །
དེ་ལྟར་ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་གྱི་དོན་དུ་གསུངས་སོ། །སརྦ་ཏ་ཐཱ་ག་ཏ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་རྣམ་པ་ལྔའི་དེ་བཞིན་གཤེགས་པ་གྲངས་མེད་པ་ཚད་ཏིལ་གྱི་འབྲུ་དང་མཉམ་པའོ། །དེ་ལྟར་དེ་བཞིན་གཤེགས
པ་ཐམས་ཅད་ཀྱི་དོན་དུ་གསུངས་སོ། །ཙིཏྟ་བཛྲ་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཐུགས་དོན་དམ་པར་གཉིས་སུ་མེད་པ་དཔལ་རྡོ་རྗེ་སེམས་དཔའ་ཡིན་ནོ། །བཤད་པར་བྱ་སྟེ། རྡོ་རྗེ་ནི་བྱེ་བྲག་རྣམ་པ་གཉིས་ཏེ།
ནང་དང་དོན་དམ་པའོ། །ནང་གི་ནི་རྡོ་རྗེའི་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་གནོད་པ་བྱེད་པའི་བདུད་མ་རུངས་པའི་སྒྱུ་མའི་ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་གཡོ་བ་དང་མེད་བར་མི་ནུས་ཏེ། ཡོན་ཏན་དེའི་ཕྱིར་རྡོ་རྗེ་སྟེ། དེ་ལྟར་ནང་གི་རྡོ་རྗེའི་དོན་ནོ། །དོན་དམ
པའི་ནི་མདུན་དུ་སྨོས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་དེ་ནི་གདོད་མ་ནས་མ་སྐྱེས་བ་དངོས་པོ་མེད་པ་སྟོང་པ་ནམ་མཁའ་ལྟ་བུ་ཐམས་ཅད་ལ་ཁྱབ་ནས་གནས་པ་ཆོས་ཀྱི་སྐུ་ཡིན་ནོ། །
དེ་ལྟར་མདོར་བསྡུས་པ་ནང་དང་དོན་དམ་པའི་ཐུགས་རྡོ་རྗེའི་དོན་དུ་གསུངས་སོ། །སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ?་ཞེས་པ་ནི་མདུན་དུ་སྨོས་པ་དཔལ་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་གྱི་ཐུགས་རྡོ་རྗེ་དེ་དང
གཉིས་སུ་མེད་བའི་ངོ་བོར་སྒྲུབ་པ་པོ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་བྱ་བའི་དུས་སུ་སྔགས་ཀྱིས་བྱིན་གྱིས་བརླབ་པའི་ང་རྒྱལ་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། ཞེས་པའི་དོན་ནོ། །དེ་ནས་བཅོམ་ལྡན་འདས
དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི། །རྡུལ་དང་བྲལ་བའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ནི་རྡོ་རྗེའི་རིགས་ཀྱི་ཏིང་ངེ་འཛིན་རྫོགས་པའི
འོག་ཏུ། སྐུའི་རིགས་ཀྱི་ཏིང་ངེ་འཛིན་མཛད་པའི་ཟུར་མཚོན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །རྣམ་པར་སྣང་མཛད་ཞེས་པ་ནི། སྐུའི་རིགས་འཁོར་གྱི་ངོ་བོ་ཡིན་པའོ། །དེ་བཞིན་གཤེཌ
པ་ནི་མདུན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །རྡུལ་དང་བྲལ་བའི་གནས་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ནི་གདོད་མ་ནས་ཉོན་མོངས་པའི་སྡིག་པའི་དྲི་མ་ཆེན་པོ་དང་བྲལ་བས་རྡུལ་དང་བྲལ་བའོ། །བཤད་པར་བྱ་སྟེ།
རྡུལ་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་གསང་བའི་རོལ་པ་སྤྱད་བའི་གནས་དེ། སྟོན་པ་རྡོ་རྗེ་མི་བསྐྱོད་པས་དང་པོ་ཉིད་ཀྱི་ཤེས་རབ་མ་ཡེ་ཤེS་ཀྱི་ལྷ་མོ་མཱ་མ་ཀཱིའི་སྤྱི་བོའི་གནས་སུ་སྐུའི་རིགས་རྣམ་པར་སྣང་མཛད་ཀྱི་ས
བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་ཁ་དོག་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཟླ་བ་སྟོང་དང་མཉམ་པར་འབར་བ་སྤྱི་བོར་ཐིམ་མོ། །དེ་ཐིམ་མ་ཐག་ཏུ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་རྣམ་པར་སྣང་མཛད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ
མོ་སངས་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱར་གྱུར་རོ། །དེའི་འོག་ཏུ་ཐུགས་ཀར་ཉིད་ཀྱི་སྔགས་ཀྱི་ས་བོན་ཡིག་འབྲུ་ལམ་བསམ་སྟེ། ཁ་དོག་དཀར་པོ་ཉིད་ཀྱི་རིགས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རི་གཟི་བརྗིད་ཆེན་པོ་འབར་ཞིང་ཐུགས་ཀར་ཐིམ་མོ། །དེ་ལྟར
སྔགས་ཀྱིས་བྱིན་གྱིས་བརླབས་མ་ཐག་ཏུ་སངས་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་དཀར་པོ་འོད་ཟེར་གྱི་ཕྲེང་བའི་ཚོགས་འཕྲོ་བས་མཛས་བར་གྱུར་པ་སྟེ། དེ་ལྟར་གྱུར་པའི་སྐུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ
མ་ཨོ་སངས་རྒྱས་སྤྱན་སྟོན་པ་རྡོ་རྗེ་མི་བསྐྱོད་པས་འདོད་ཆགས་ཆེན་པོའི་ཐུགས་དགྱེས་པས་རྡོ་རྗེ་རོལ་པ་མཛད་པའི་གནས་ཀྱི་ངོ་བོ་ཡིན་པའི་མཚན་ཉིད་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་བར་སྦྱར་ཏེ་ཐབས་དང་ཤེས་རབ་རོལ་པ
མཛད་དོ། །དེ་མཛད་པར་བདེ་བར་གྱུར་པའི་དུས་སུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་གྱི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་འོད་དུ་ཞུ་སྟེ། འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར
གྱུར་རོ། །དེ་ལྟར་མདོར་བསྡུས་པ་རྡུལ་དང་བྲལ་བའི་གནས་ཀྱི་དོན་དུ་གསུངས་སོ། །རྡོ་རྗེ་ཞེས་བའི་ཏིང་ངེ་འཛིན་ཞེས་པ། རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡིན་ནོ། །བཤད་པར
བྱ་སྟེ། ཏིང་ངེ་འཛིན་ནི་མདུན་དུ་སྨོས་པའི་ཐབས་དང་ཤེས་རབ་རོལ་པ་བྱས་ནས་ཁུ་བའི་ངོ་བྱང་ཆུབ་སེམས་འོད་དུ་ཞུ་མ་ཐག་ཏུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་གྱི་བྷ་གའི་དབུས་སུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ
འ་ཁོར་ལྟ་བུར་གྱུར་པ་དེའི་སྟེང་དུ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་སྐུའི་རིགས་རྣམ་པར་སྣང་མཛད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་ནོཾ་བཀོད་དེ་ཁ་དོག་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཟླ་བ་སྟོང་གི་འོད་དང་མཉམ་པར་འབར་ཞིང་
བ་ཡང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པའི་ས་བོན་དེ་ལས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་མཛད་བས་འཇིག་རྟེན་གྱི་ཁམས་ཐམས་ཅད
དུ་ཁྱབ་སྟེ། སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་མདུན་དུ་སྨོས་པ་དང་ལྡན་པའོ། །དེ་སྤྲོས་པས་ཁྱབ་མ་ཐག་ཏུ་ཚངས་བ་ལ་སོགས་པ་སེམས་ཅན་གཏི་མུག་ཅན་ཐམས་ཅད་རྣམ་བར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་ཕུང་ལྟ་བུས
བྱིན་གྱིས་བརླབས་ནས་ཉིད་ཉིད་ཀྱི་གསང་བའི་ཐུགས་ཀར་བསྡུ་བར་མཛད་དོ། །དེ་ལྟར་མཛད་པའི་འོག་ཏུ་སྟོན་པ་རྡོ་རྗེ་མི་བསྐྱོད་པས་སྤྲོ་བའི་གནས་སུ་བསྡུ་བར་མཛད་དོ། །དེ་ལྟར་མདོར་བསྡུས་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་དོན་ནི་སྒྲུབ་པ་པོ
རྣམས་ཀྱི་དོན་དུ་བསྟན་པའོ། །སྙོམས་བར་ཞུགས་ཏེ་ཞེས་བྱ་བའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །སྐུ་བྱིན་གྱིས་བརླབ་པའི་སྔགས་འདི་གསུངས་སོ། །ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཏྨ
ཀོ་ཧཾ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། ས་བོན་ཡིག་འབྲུ་ཨོཾ་གྱི་དོན་ནི་མདུན་དུ་ཇི་ལྟར་བཤད་པར་བཞིན་དུ་འདིར་སྦྱར་རོ། །སརྦ་ཏ་ཐཱ་ག་ཏ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་བྱེ་བྲག་གི་དེ
བཞིན་གཤེགས་པ་གྲངས་མེད་བ་ཚད་ཏིལ་གྱི་འབྲུ་དང་མཉམ་བའོ། །ཀཱ་ཡ་བཛྲ་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་དོན་དམ་པར་གཉིས་སུ་མེད་པར་རྣམ་པར་སྣང་མཛད་ཆེན་པོའི་ངོ་བོ་ཡིན་ནོ། །
བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་ཆེན་པོ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་དེ་དཔལ་རྡོ་རྗེ་སེམས་དཔའ་ཉིད་དང་དབྱེར་མེད་པར་བསྟན་ཏོ། །རྡོ་རྗེ་ནི་རྣམ་པ་གཉིས་ཏེ། ནང་དང་དོན་དམ་པའོ། །ནང་གི་ནི་སྐུའི་རིགས་ཀྱི་བྱེ་བྲག་གི་ཆོས
ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་བདུད་མ་རུངས་པ་གནོད་པ་བྱེད་པའི་སྒྱུ་མའི་ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་གཡོ་བ་དང་མེད་བར་མི་ནུས་པའི་ཡོན་ཏན་གྱིས་རྡོ་རྗེ་ཡིན་ནོ། །དེ་ལྟར་ནད་གི་རྡོ་རྗེའི་དོན་དུ་གསུངས་སོ། །དོན་དམ་པའི་རྡོ་རྗེ་ནི་གོང་དུ་བཤད
པ་བཞིན་དུ་འདིར་སྦྱར་རོ། །སྭ་བྷཱ་བ་ཨཏྨ་ཀོ་ཧཾ་ཞེས་པ་ནི་རྣམ་པར་སྣང་མཛད་ཆེན་པོའི་ངོ་བོ་དེ་དཔལ་རྡོ་རྗེ་སེམས་དཔའ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པའི་སྐུ་རྡོ་རྗེ་སྟེ། དེ་དང་གཉིས་སུ་མེད་པར་སྒྲུབ་པ་པོས་རྣམ་པར
སྣང་མཛད་ཀྱི་ཏིང་ངེ་འཛིན་བྱ་བའི་དུས་སུ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་བ་ཨཏྨ་ཀོ་ཧཾ། ཡིན་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་ཀུན
ཏུ་མི་གཉིས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། དེ་ནས་ནི་སྐུའི་རིགས་ཀྱི་ཏིང་ངེ་འཛིན་རྫོགས་པའི་འོག་ཏུ། གསུང་གི་རིགས་ཀྱི་ཏིང་ངེ་འཛིན་མཛད་པ་མཚོན་པའོ། །བཅོམ་ལྡན
འདས་དེ་བཞིན་གཤེགས་པ་ཞེས་པ་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །ཚེ་དཔག་ཏུ་མེད་པ་ཞེས་པ་ནི་གསུང་གི་རིགས་ཏེ། འཁོར་བའི་ངོ་བོ་ཡིན་ནོ། །ཀུན་ཏུ་མི་གཉིས་པ་ཞེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན
གཤེགས་པ་ཐམས་ཅད་ཀྱི་གསུང་ཡིན་ནོ། །བཤད་བར་བྱ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་དང་གཉིས་སུ་མེད་པ་གསུང་གི་རིགས་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་ན་བཟའ་དཀར་མོ་སྟོན་པ་རྡོ་རྗེ་མི་བསྐྱོད་པས་སྔར་འཁྱུད་པའི་རྣམ
རྣམ་པར་སྣང་མཛད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་གྱི་སྐུ་ཕྱག་དེའི་སྤྱི་བོར་གསུང་གི་རིགས་ཚེ་དཔག་མེད་པའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཨ་བསམ་སྟེ། ཁ་དོག་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་མེ་ཕུང
བཞིན་དུ་འབར་ཞིང་སྤྱི་བོར་ཐིམ་མོ། །དེ་ཐིམ་མ་ཐག་ཏུ་སངས་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱ་དེ་ཚེ་དཔག་ཏུ་མེད་པའི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་ན་བཟའ་དཀར་མོའི་སྐུ་ཕྱག་རྒྱར་འགྱུར་རོ། །དེ་འོག་ཏུ་ཉིད་ཀྱི་སྔགས
ཀྱི་ས་བོན་ཡིག་འབྲུ་བཾ་ཐུགས་ཀར་བསམ་སྟེ། དེའི་ཁ་དོག་དམར་པོ་ཉིད་ཀྱི་རིགས་ཀྱི་ཡེ་ཤེས་ཀྱི་ངོ་བོའི་གཟི་བརྗིད་ཆེན་པོའི་ཕུང་པོ་འབར་ཞིང་ཐུགས་ཀར་ཐིམ་མོ། །དེ་ལྟར་སྔགས་ཀྱིས་བྱིན་གྱིས་བརླབས་མ་ཐག་ཏུ། ན་བཟའ་
དཀར་མོའི་སྐུ་ཕྱག་རྒྱ་སོ་སོར་རྟོག་བའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་དཀར་པོའི་འོད་ཟེར་གྱི་ཕྲེང་བའི་ཚོགས་འཕྲོ་བས་མཛེས་པར་གྱུར་བ་སྟེ། དེ་ལྟར་གྱུར་པའི་སྐུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་ན་བཟའ་དཀར་མོ་སྟོན་པ་རྡོ་རྗེ་མི་བསྐྱོད
པས་འདོད་ཆགས་ཆེན་པོའི་ཐུགས་དགྱེས་པས་། རྡོ་རྗེ་རོལ་པ་མཛད་པའི་གནས་ཀྱི་ངོ་བོ་ཡིན་པའི་མཚན་ཉིད་དུ་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ་ཐབས་དང་ཤེས་རབ་རོལ་བ་མཛད་ནས་བདེ་བར་གྱུར་པའི
དུས་སུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་ན་བཟའ་དཀར་མོའི་བྷ་གའི་དབུས་སུ་བྱང་ཆུབ་ཀྱི་སེམས་འོ་མའི་རྒྱུན་བཞིན་དུ་ཞུ་སྟེ། དེ་འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་རོ། །དེ་ལྟར་མདོར་བསྡུས
བ་ཀུན་ཏུ་མི་གཉིས་པའི་དོན་དུ་གསུངས་སོ། །རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་པ་ནི། རྡོ་རྗེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ཡིན་ནོ། །བཤད་པར་བྱ་སྟེ། ཏིང་ངེ་འཛིན་ནི་མདུན་དུ
ས་མོས་བའི་ཐབས་དང་ཤེས་རབ་རོལ་བ་མཛད་པའི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོད་དུ་ཞུ་མ་ཐོག་ཏུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་ནི་བཟའ་དཀར་མོའི་བྷ་གའི་དབུས་སུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་བ་དེའི་སྟེང
དུ་སྟོན་པ་རྡོ་རྗེ་མི་བསྐྱོད་པས་གསུང་གི་རིགས་ཚེ་དཔག་ཏུ་མེད་པའི་སྔགས་ཀྱི་ས་བོན་ཡིག་འབྲུ་ཨོཾ་བཀོད་དེ། ཁ་དོག་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་གཟི་བརྗིད་ཀྱི་ཕུང་པོ་འབར་ཞིང་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར
ཐིམ་པར་གྱུར་བའི་ས་བོན་དེ་ལས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སྐུ་ཕྱག་རྒྱའི་སྤྲིན་བཞིན་དུ་སྤྲོ་བར་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་མདུན་དུ
སྨོས་སོ། །དེ་སྤྲོས་པས་ཁྱབ་མ་ཐག་ཏུ་ལྷའི་བུ་ཀ་མ་དེ་བ་ལ་སོགས་པ་སེམས་ཅན་འདོད་ཆགས་ཅན་ཐམས་ཅད་ཚེ་དཔག་ཏུ་མེད་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་བྱིན་གྱིས་བརླབས་ནས་ཉིད་ཉིད་ཀྱི་གསང་བའི་ཐུགས་ཀར་བསྡུ་བར་མཛད་དོ།
དེ་ལྟར་མཛད་བའི་འོག་ཏུ་སྟོན་པ་རྡོ་རྗེ་མི་བསྐྱོད་བས་སྤྲོས་པའི་གནས་སུ་སྤྲོ་བར་མཛད་དོ། །དེ་ལྟར་མདོར་བསྡུས་པའི་ཏིང་ངེ་འཛིན་གྱི་དོན་ནི་སྒྲུབ་པ་པོ་རྣམས་ནི་དོན་དུ་བསྟན་པའོ། །སྙོམས་པར་ཞུགས་པ་ཞེས་པ་ནི་བདེ་སྟེ་བཤད་མི
དགོས་སོ། །གསུང་བྱིན་གྱིས་བརླབ་པའི་སྔགས་འདི་གསུངས་སོ། །ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ས་བོན་ཡིག་འབྲུ་ཨོཾ་གྱི་དོན་ནི
མདུན་དུ་ཇི་ལྟར་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །སརྦ་ཏ་ཐཱ་ག་ཏ་ཞེས་པ་ནི་སྐུའི་རིགས་རྣམ་པར་སྣང་མཛད་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་གི་དེ་བཞིན་གཤེགས་པ་གྲངས་མེད་པ་ཚད་ཏིལ་གྱི་འབྲུ་དང་མཉམ་པའོ། །
བཱཀ?་བཛྲ་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་དེ་དག་གི་གསུང་སྣང་བ་མཛའ་ཡས་ཀྱི་ངོ་བོ་དེ་ནི་དོན་དམ་པར་དཔལ་རྡོ་རྗེ་སེམས་དཔའ་ཉིད་དང་གཉིས་སུ་མེད་ཕར་བསྟན་ཏོ། །བཤད་པར་བྱ་སྟེ། རྡོ་རྗེ་ནི་རྣམ
པ་གཉིས་ཏེ། ནང་དང་དོན་དམ་པའོ། །ནང་གི་ནི་གསུང་གི་རིགས་ཀྱི་བྱེ་བྲག་སོ་སོར་རྟོག་པ་ཡེ་ཤེས་ཀྱི་ངོ་བོ་དེ། ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ལ་སོགས་པ་ཕ་རོལ་གྱི་རྒོལ་བ་མ་རུངས
པ་ཐམས་ཅད་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་ཐེ་ཙོམ་གྱི་གཏར་ག་བྱེད་པས་ཕམ་པ་དང་གཡོ་བར་མི་ནུས་པའི་ཡོན་ཏན་གྱིས་རྡོ་རྗེ་ཡིན་ནོ། །དོན་དམ་པའི་རྡོ་རྗེའི་དོན་ནི་མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། །སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པ་ནི། གསུང
གི་རིགས་སྣང་བ་མཛའ་ཡས་ཀྱི་ངོ་བོ་དེ་ནི་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པ་ཡིན་པས་། དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པའི་ངོ་བོ་དེ་སྒྲུབ་པ་པོས་སྣང་བ་མཛའ་ཡས་ཀྱི་ཏིང་ངེ་འཛིན་བྱ་བའི་དུས་སུ་དེ་དང་གཉིས་སུ
མེད་པར་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཡིན་པའི་དོན་ནོ། །དེ་བཞིན་གཤེགས་པའི་རྡོ་རྗེ་གསང་བ་གསུམ། །གནས་ཀྱི་གནས་སུ་རྣམ་པར་བསྒོམ་པར་བྱ། །སྔགས་ཀྱི་མཚན་གྱིས་ལེཌ
པར་མཚན་པར་བྱས་ལ། མཆོག་རབ་འདི་དག་བསྒྲུབ་པ་ཉིད་དུ་བྱ་ཞེས་པའི་དོན་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ལ་སོགས་པ་རིགས་རྣམ་པ་ལྔའོ། །གཞན་ཡང་དེའི་རིགས་ཀྱི་བྱེ་བྲག་གི་དེ
བཞིན་གཤེགས་པ་གྲངས་མེད་པའི་ཡེ་ཤེས་ཀྱི་སྤྲུལ་པའི་སྐུ་ཕྱག་རྒྱ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་དོན་ནོ། །རྡོ་རྗེ་གསུམ་ཞེས་པ་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་སྟེ། དེ་ལྟར་རྡོ་རྗེ་གསུམ་ནི་ཡེ་ཤེས་གསུམ་དང
གཉིས་སུ་མེད?་པའི་ངོ་བོ་བཤད་པར་བྱ་སྟེ། སྐུ་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པའི་ངོ་བོ། །གསུང་རྡོ་རྗེ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང་གཉིས་སུ་མེད་པའི་ངོ་བོ། །ཐུགས་རྡོ་རྗེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་གཉིS
སུ་མེད་པའི་ངོ་བོ་སྟེ། དེ་ལྟར་ཡེ་ཤེས་གསུམ་དུ་མིང་བཏགས་པ་ནི་བགེགས་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱིས་གནོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་གཡོ་བ་དང་འཇིག་པར་མི་ནུས་པ་དེའི་ཕྱིར་རྡོ་རྗེ་གསུམ་གྱི་དོན་དུ་བསྟན་ཏོ། །གསང་བ
ཞེས་པ་ནི་གཉིས་ཏེ་ཡེ་ཤེས་གསང?་བ་དང་རྡོ་རྗེ་གསང་བའོ། །ཡེ་ཤེས་པ་ནི་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་གྱི་དོ་ཡིག་འབྲུ་གསུམ་ནི་དོན་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་དང
གཉིས་སུ་མེད་པའོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་དངོས་གྲུབ་དེ་ནི་མ་གྲུབ་ཀྱི་བར་དུ་མཐོང་བར་མི་འགྱུར་བས་དེའི་ཕྱིར་ཡེ་ཤེས་ཀྱི་གསང་བའི་དོན་དུ་གསུངས་སོ། །རྡོ་རྗེ་གསང་བ་ནི་མདུན་དུ་སྨོས་པ་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ
མེད་པའི་ང་རྒྱལ་བྱས་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། འདོད་ཆགས་ཆེན་པོའི་ཐུགས་དགྱེས་པས། ཐབས་དང་ཤེས་རབ་རོལ་པ་མཛད་དེ་བདེ་བར་གྱུར་པའི་གནས་སུ་རྡོ་རྗེ་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས
ཤེས་རབ་མ་ལྷ་མོའི་བྷ་གའི་དབུས་སུ་འོད་དུ་ཞུའོ། །དེ་འོད་དུ་ཞུ་མ་ཐག་ཏུ་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པ་གསང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་པའི་ས་བོན་ནོ། །གཞན་ཡང་སྒྲུབ་པ་པོས་སྔགས་ཀྱིས་བྱིན་གྱིས་བརླབས
ནས་བཟའ་པར་བྱ་སྟེ། དེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་རྡོ་རྗེ་གསང་བའི་དོན་དུ་གསུངས་སོ། །གནས་ཀྱི་ཞེས་པ་ནི་མདུན་དུ་སྨོས་པ་རྡོ་རྗེ་མི་བསྐྱེད་པས་ཅི་ལྟར་ཤེས་རབ་མ་ལྷ་མོ་མཱ་མ
ཀ་ཨཱི་དང་ལྡན་པའི་སྐུ་ཕྱག་རྒྱའི་སྤྱི་བོ་དང་ལྤགས་དང་གསང་བའི་ཐུགས་ཀ་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་སྤྲོ་བ་དང་བསྡུ་བའི་ཏིང་ངེ་འཛིན་མཛད་དེ་དེ་བཞིན་དུ
སྒྲུབ་པ་པོས་བསྒོམ་པར་བྱའོ། །དེ་ལྟར་གནས་ཀྱི་དན་དུ་གསུངས་སོ། །གནས་སུ་རྣམ་པར་བསྒོམ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་དང་པོ་ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་ཐབས་དང
ཤེས་རབ་རོལ་པ་མཛད་པའི་གནས་སུ་བསྟན་ཏེ། སྐུའི་རིགས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་མཛད་པའི་དུས་སུ་སྤྱི་བོའི་གནས་སུ་སྔགས་ཀྱི་ས་བོན་ཡིག་འབྲུ་ཨོཾ་གྱིས་བྱིན་གྱིས་བརླབ་པར་མཛད་དོ། །དེ་བཞིན་དུ་ཐུགས
ཀའི་གནས་སུ་སངས་རྒྱས་སྤྱན་ཉིད་ཀྱི་སྔགས་ཀྱི་ས་བོན་ཡིག་འབྲུ་ལམ་གྱིས་བྱིན་གྱིས་བརླབ་པར་མཛད་དོ། །དེ་ལྟར་མཛད་མ་ཐག་ཏུ་སངས་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱར་གྱུར་རོ། །གཞན་ཡང་གསུང་གི་རིགས་སྣང་བ་མཛའ་ཡས་ཀྱི་ཏིང་ངེ་འཛིན་མཛད
པའི་དུས་སུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་གྱི་སྤྱི་བོའི་གནས་སུ་སྔགས་ཀྱི་ས་བོན་ཡིག་འབྲུ་ཨས་བྱིན་གྱིས་བརླབ་པར་མཛད་དོ། །དེ་བཞིན་དུ་ཐུགས་ཀའི་གནས་སུ་ན་བཟའ་དཀར་མོ་ཉིད་ཀྱི་ས་བོན་ཡིག
འབྲུ་པཾ?་གྱིས་བྱིན་གྱིས་བརླབ་པར་མཛད་དོ། །དེ་ལྟར་མཛད་མ་ཐག་ཏུ་ན་བཟའ་ད་སྐར་མོའི་སྐུ་ཕྱག་རྒྱར་འགྱུར་རོ། །དེ་ལྟར་ཚོགས་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཅི་ལྟར་ཐུགས་དང་སྐུ་དང་གསུང་གི་ཏིང་ངེ་འཛིན་མཛད
པའི་ཕྱིར་ཐབས་དང་ཤེས་རབ་རོལ་བའི་གནས་སུ་གྱུར་པར་མཛད་དེ་དེ་བཞིན་དུ་སྒྲུབ་པ་པོས་སྔགས་ཀྱི་བྱིན་གྱིས་བརླབས་བས་གནས་ཀྱི་གནས་སུ་རྣམ་པར་བསྒོམ་པར་བྱ་སྟེ། སྒྲུབ་པ་པོས་དེ་ལྟར་བསྒོམས་ན་སྐུ་དང་གསུང་དང
ཐུགས་གཉིས་སུ་མེད་པ་བླ་ན་མེད་པའི་འབྲས་བུ་འགྲུབ་བར་འགྱུར་རོ། །དེ་ལྟར་གནས་སུ་རྣམ་པར་བསྒོམ་པའི་དོན་དུ་གསུངས་སོ། །སྔགས་ཀྱི་མཚན་གྱིས་ཤིན་ཏུ་མཚན་བྱས་ལ་ཞེས་པ་ནི། མདུན་དུ་སྨོས་པའི
འོད་ཟེར་གྱི་དྲ་བ་དང། སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་ཉིད་ཉིད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་ལས་བསྐྱེད་དེ་ས་བོན་སྔགས་ཀྱི་ཡིག་འབྲུ་རྣམས་ནི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པ་ཡིན་ཏེ། སྒྲུབ་པ་པོས་སྒོམ་པའི་དུས་སུ་མཚན་མར་བྱ་བར
གསུངས་སོ། །དེ་ལྟར་སྔགས་ཀྱི་མཚན་གྱིས་ཤིན་ཏུ་མཚན་བྱས་པའི་དོན་དུ་གསུངས་སོ། །མཆོག་རབ་འདི་དག་བསྒྲུབ་པ་ཉིད་དུ་བྱ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་རིགས་གསུམ་གྱི་བྱེ་བྲག་གི་ཏིང་ངེ་འཛིན་མཛད་པའི་དུས་སུ་འོད
གྱི་དྲ་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲོ་བར་མཛད་དོ། །གཞན་ཡང་སྐུ་དང་གསུང་གི་ཏིང་ངེ་འཛིན་པའི་དུས་སུ་སྐུ་ཕྱག་རྒྱ་སྦྲིན་བཞིན་དུ་སྤྲོ་བར་མཛད་པས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་པ་དེ་བཞིན་དུ་སྒྲུབ་པ་པོས
སྒོམ་པའི་དུས་སུ་སྤྲོ་བ་དང། སེམས་ཅན་བྱིན་གྱིས་བརླབས་ཅིང་སྤྲོ་བའི་གནས་སུ་སླར་བསྡུ་བར་བྱ་སྟེ། དེ་ལྟར་བྱས་པས་མཆོག་མཆོག་སྟེ། བླ་ན་མེད་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལྟར་མཆོག་རབ་འདི་དག་བསྒྲུབ་པ
པ་ཉིད་དུ་བྱ་ཞེས་པའི་དོན་དུ་གསུངས་སོ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་གི་རྡོ་རྗེ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན།
དེ་ནས་ནི་མདུན་དུ་སྨོས་པའི་སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་མཛད་པའི་འོག་ཏུ། རིན་པོ་ཆེའི་རིགས་ཀྱི་ཏིང་ངེ་འཛིན་མཛད་པར་མཚོན་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་བ་ཞེས་བྱ་བ་ནི་མདུན་དུ་བཤད་པ་བཞིན་དུ
འདིར་སྦྱར་རོ། །རིན་པོ་ཆེ་ཏོག་ཅེས་པ་ནི། རིན་པོ་ཆེའི་རིགས་རིན་ཆེན་ཏོག་འཁོར་ལོའི་ངོ་བོ་ཡིན་པར་གསུངས་སོ། །སྒྲོན་མ་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡོན་ཏན་གྱི་ཚོགས་ཏེ།
སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པར་མཛད་པའོ། །བཤད་པར་བྱ་སྟེ། སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར་འབྱུང?་ནས་མཱ་མ་ཀཱིའི་སྐུ་ཕྱག་རྒྱའི
སྤྱི་བོར་རིན་པོ་ཆེའི་རིགས་རིན་ཆེན་ཏོག་གི་ས་བོན་སྔགས་ཀྱི་ཡིག་འབྲུ་སྭ་བསམ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་སེར་པོ་ཉི་མ་?་དང་མཉམ་པར་འབར་ཞིང་སྤྱི་བོར་ཐིམ་པར་བསམ་མོ། །དེ་ཐིམ་མ་ཐག་ཏུ་རིན་པོ
ཆེ་ཏོག་གི་ཏིང་ངེ་འཛིན་རོལ་པ་མཛད་པའི་གནས་ཀྱི་ངོ་བོར་གྱུར་རོ། །དེ་ལྟར་གྱུར་པས་སྟོན་པ་རྡོ་རྗེ་མི་བསྐྱོད་པས་འདོད་ཆགས་ཆེན་པོའི་ཐུགས་དགྱེས་པས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས་ཐབས་དང་ཤེས་རབ་རོལ
པ་མཛད་ནས། བདེ་བར་གྱུར་པའི་དུས་སུ་ཤེས་རབ་མ་མཱ་མ་ཀཱིའི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་འོད་དུ་ཞུ་སྟེ། དེ་འོད་དུ་ཞུ་བ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་ཏེ། ཟླ་བའི
དཀྱིལ་འཁོར་དེ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའི་གཟི་བརྗིད་ཆེན་པོ་འབར་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་མཛད་དེ། དེ་སྤྲོས་མ་ཐག་ཏུ་གསལ་བ་ཆེན་པོར་གྱུར་རོ། །དེ་ལྟར་མདོར་བསྡུས་པ
སྒྲོན་མའི་དོན་དུ་གསུངས་སོ། །རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། རྡོ་རྗེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་ཏོག་ཡིན་ནོ། །བཤད་པར་བྱ་སྟེ། ཏིང་ངེ་འཛིན་ནི་མདུན་དུ་སྨོས་པའི་ཐབས་དང་ཤེས་རབ་རོལ་པ
མཛད་པའི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་དེ་ལ། དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་ས་བོན་སྔགས་ཀྱི་ཡིག་འབྲུ་བཀོད་དེ་ཁ་དོག་སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་གཟི་བརྗིད་ཀྱི་ཕུང
པ་ཨོ་འབར་ཞིང་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པའི་ས་བོན་དེ་ལས་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་གི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད
དུ་ཁྱབ་སྟེ། དེ་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་མདུན་དུ་སྨོས་པའོ། །དེ་སྤྲོས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་སེམས་ཅན་ང་རྒྱལ་ཅན་ལ་ཐམས་ཅད་བྱིན་གྱིས་བརླབས་ནས་ཉིད་ཉིད་ཀྱི
གསང་བའི་ཐུགས་ཀར་བསྡུ་བར་མཛད་དོ། །དེ་ལྟར་མཛད་པའི་འོག་ཏུ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་སྤྲོས་པའི་གནས་སུ་བསྡུ་བར་མཛད་དོ། །དེ་ལྟར་མདོར་བསྡུས་པ་ཏིང་ངེ་འཛིན་གྱི་དོན་ནི་སྒྲུབ་པ་པོ་རྣམས་ཀྱི་དོན་དུ་བསྟན་ཏོ། །སྙོམས
པར་ཞུགས་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །རྗེས་སུ་ཆགས་པའི་སྔགས་འདི་གསུངས་སོ་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་ར་ག་ཎ། བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བྱ་བའི་དོན་ནི
བཤད་པར་བྱ་སྟེ། ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་གྱི་དོན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །སརྦ་ཏ་ཐཱ་ག་ཏ་ཞེས་པ་ནི་སྐུའི་རིགས་རྣམ་པར་སྣང་མཛད་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་གྲངས་མེད་པ་ཚད་ཏིལ
གྱི་འབྲུ་དང་མཉམ་པའོ། །དེ་ལྟར་སརྦ་ཏ་ག་ཏའི་དོན་ནོ། ། ནུ་ར་ག་ཎ་ཞེས་པ་ནི་གོང་དུ་སྨོས་པའི་དེ་བཞིན་གཤེགས་པ་དེ་དག་གིས་རྗེས་སུ་ཆགས་པས་ཉིད་ཉིད་ཀྱི་ཤེས་རབ་མ་དང་གཉིས་སུ་མེད་པར་སྦྱོར་བས་ཐབས་དང
ཤེས་རབ་རོལ་པ་མཛད་པའི་བདེ་བ་ཆེན་པོ་ཡོན་ཏན་གྱི་ངོ་བོ་ནི་རིན་པོ་ཆེ་ཏོག་གོ། དེ་ཡང་དོན་དམ་པར་དཔལ་རྡོ་རྗེ་སེམས་དཔའ་ཉིད་དང་གཉིས་སུ་མེད་པར་བསྟན་ཏོ། །གཞན་ཡང་རྗེས་སུ་ཆགས་པ་ནི་དེ་བཞིན་གཤེགས་པ
ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ཉིད་ཉིད་ཀྱི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་བདེ་བ་ཆེན་པོ་ཐོབ་པར་མཛད་པའོ། །དེ་ལྟར་རྗེས་སུ་ཆགས་པའི་དོན་ནོ། །
རྡོ་རྗེ་ནི་རྣམ་པ་གཉིས་ཏེ་ནང་དང་དོན་དམ་པའོ། །དེ་ལ་ནང་གི་ནི་རིན་པོ་ཆེའི་རིགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་ནི་བརྒྱ་བྱིན་ལ་སོགས་པ་སེམས་ཅན་ཕྱིན་ཅི་ལོག་གི་ང་རྒྱལ་ཅན་ཐམས་ཅད་ཀྱི་སྒྱུ་མའི་སྟོབས་ཀྱིས་ཐབས་ཀྱིས
གཡོ་བ་དང་འཇིག་པར་མི་ནུས་པའི་ཡོན་ཏན་གྱིས་རྡོ་རྗེའོ། །དེ་ལྟར་ནང་གི་རྡོ་རྗེའོ། །དོན་དམ་པའི་རྡོ་རྗེའི་དོན་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ། །སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པ་ནི་མདུན་དུ་སྨོས་པའི་རིན་པོ་ཆེའི་རིགས་རིན་པོ་ཆེ་ཏོག
ག་ཨི་ངོ་བོ་དེ་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པའི་རྗེས་སུ་ཆགས་པ་རྡོ་རྗེའི་ངོ་བོ་དེ་དང་གཉིས་སུ་མེད་པར་སྒྲུབ་པ་པོས་རིན་པོ་ཆེ་ཏོག་གི་ཏིང་ངེ
འཛིན་བྱ་བའི་དུས་སུ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་ར་ག་ན་བཛྲ་སྭ་བྷཱ་ཨཱཏྨཀོ་ཧཾ་ཡིན་པའི་དོན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲུབ་པ་གདོན་མི་ཐ་བ། གདོན་མི་ཟ
བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། དེ་ནས་ནི་རིན་པོ་ཆེའི་རིགས་ཀྱི་ཏིང་ངེ་འཛིན་མཛད་པའི་འོག་ཏུ་ལས་ཀྱི་ཏིང་ངེ་འཛིན་མཛད་པའི་དོན་མཚོན་པའོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ནི་མདུན་དུ་བཤད་པ་བཞིན་དུ་སྦྱར་རོ། །གྲུབ་པ་གདོན་མི་ཟ་བ་ཞེས་པ་ནི། ལས་ཀྱི་རིགས་ཏེ་འཁོར་གྱི་ངོ་བོའོ། །གདོན་མི་ཟ་བ་ཞེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས
ཀྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་ཐུགས་ཀྱིས་བྱེ་བྲག་སྣ་ཚོགས་ཀྱི་སེམས་ཅན་ཐམས་ཅད་ངེས་པར་འགྲུབ་པའི་འཕྲིན་ལས་མཛད་པ་ཡིན་ནོ། །བཤད་པར་བྱ་སྟེ། སྟོན་པ་རྡོ་རྗེ་མི་བསྐྱོད་པས་སྔར་འཁྱུད
པར་མཛད་པའི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་སྤྲུལ་པའི་མཱ་མ་ཀཱིའི་སྐུ་ཕྱག་རྒྱའི་སྤྱི་བོར་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་བསམ་སྟེ། ཁ་དོག་ལྗང་ཀུ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་མེ་ཕུང་བཞིན
འབར་ཞིང་སྤྱི་བོར་ཐིམ་པར་བསམ་མོ། །དེ་ཐིམ་མ་ཐག་དུ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་སྟེ། དོན་ཡོད་གྲུབ་པའི་ཤེས་ཀྱི་ལྷ་མོ་དམ་ཚིག་སྒྲོལ་མའི་ངོ་བོར་གྱུར་རོ། །དེའི་འོག་ཏུ་ཐུགས་ཀར་ཉིད་ཀྱིས་ས་བོན་སྔགས་ཀྱི་ཡིག་འབྲུ་ཏམ་བསམ་སྟེ།
ཁ་དོག་སེར་པོ་འམ་ཡང་ན་ལྗང་ཀུ་ཡང་མི་འགལ་ཏེ། ཉིད་ཀྱི་རིགས་ཀྱི་ཡེ་ཤེས་གཟི་བརྗིད་ཀྱི་ཕུང་པོ་ཆེན་པོ་འབར་ཞིང་ཐུགས་ཀར་ཐིམ་པར་གྱུར་པར་བསམ་མོ། །དེ་ལྟར་སྔགས་ཀྱིས་བྱིན་གྱིས་བརླབས་མ་ཐག་ཏུ་དམ་ཚིག་སྒྲོལ་མའི་སྐུ
པ་ཧཡག་རྒྱ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་སེར་པོ་འོད་ཟེར་གྱི་ཕྲེང་བའི་ཚོགས་འཕྲོ་བས་མཛེས་པར་གྱུར་པར་དེ་ལྟ་བུའི་སྐུའི་ངོ་བོ་ཤེས་རབ་མ་ཡེ་ཤེས་སྐྱི་ལྷ་མོ་དམ་ཚིག་སྒྲོལ་མ་སྟོན་པ་རྡོ་རྗེ་མི་བསྐྱོད་པས་འདོད་ཆགས་ཆེན་པོའི་ཐུགས
དགྱེས་པ་རྡོ་རྗེ་རོལ་པ་མཛད་པའི་གནས་ཀྱི་ངོ་བོ་ཡིན་པའི་མཚན་ཉིད་དུ་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། ཐབས་དང་ཤེས་རབ་རོལ་པ་མཛད་ནས་བདེ་བར་གྱུར་པའི་དུས་སུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་དམ་ཚིག
སྒྲོལ་མའི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོ་མའི་རྒྱུད་བཞིན་དུ་འོད་དུ་ཞུ་སྟེ། དེ་འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་རོ། །དེ་ལྟར་མདོར་བསྡུས་པ་གདོན་མི་ཟ་བ་ཞེས་པའི་དོན་ནོ། །རྡོ་རྗེ་ཞེས་པ་ནི་བྱ་བ་ནན
ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་ཡིན་ནོ། །བཤད་པར་བྱ་སྟེ། ཏིང་ངེ་འཛིན་ནི་ཐབས་དང་ཤེས་རབ་རོལ་པ་མཛད་པའི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ཀྱི་དབུས་སུ་དོན་ཡོད
གྲུབ་པའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་བཀོད་དེ། ཁ་དོག་ལྗང་གུ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་གཟི་བརྗིད་ཀྱི་མེ་ཕུད་བཞིན་དུ་འབར་ཞིང་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པའི་ས་བོན་དེ་ལས
དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་མདུན་དུ་སྨོས་པ་དང་ལྡན་པའོ། །དེ་སྤྲོས་མ་ཐག་ཏུ་བགེགS
ཀྱི་རྒྱལ་པོ་བི་ན་ཡ་ཀ་ལ་སོགས་པ་སེམས་ཅན་ཕྲག་དོག་ཅན་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱའི་སྤྲིན་གྱིས་བྱིན་གྱིས་བརླབ་པར་མཛད་ནས་ཉིད་ཉིད་ཀྱི་གསང་བའི་ཐུགས་ཀར་བསྡུ་བར་མཛད་དོ། །དེའི་འོག་ཏུ་སྟོན་པ་རྡོ་རྗེ་མི་བསྐྱོད་པས
སྤྲོས་པའི་གནས་སུ་སླར་བསྡུ་བར་མཛད་དོ། །དེ་ལྟར་མདོར་བསྡུས་པའི་ཏིང་ངེ་འཛིན་གྱི་དོན་ནི་སྒྲུབ་པ་པོའི་བསྟན་ཏོ། །སྙོམས་པར་ཞུགས་ཏེ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད
པའི་སྔགས་འདི་གསུངས་སོ། །ཞེས་བྱ་བའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། སྔགས་ཀྱི་ཡིག་འབྲུ་ཨོཾ་གྱི་དོན་ནི་མདུན་དུ་ཇི་ལྟར་བཤད
པ་དེ་བཞིན་དུ་འདིར་སྦྱར་རོ། །སརྦ་ཏ་ཐཱ་ག་ཏི་ཞེས་པ་ནི་སྐུའི་རིགས་རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་བྱེ་བྲག་གྲངས་མེད་པ་ཚད་ཏིལ་འབྲུ་དང་མཉམ་པའོ། །དེ་ལྟར་སརྦ་ཏ་ཐཱ་ག་ཏའི་དོན་ནོ། །པུ་ཛ་བཛྲ་ཞེས་པ་ནི
མ་དུན་དུ་སྨོས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཉིད་ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་སྐྱི་ལྷ་མོ་དང་བླ་ན་མེད་པའི་འདོད་ཆགས་ཀྱི་ཐུགས་དགྱེས་པས་སྒྲུབ་པ་པོ་རྣམས་ལ་སྔགས་ཀྱི་སྤྱོད་པ་སྤྱད་པའི་ལམ་བསྟན་པར་བྱ་བའི་ཕྱིར་གསང
བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། ཐབས་དང་ཤེས་རབ་རོལ་པ་མཛད་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་འགྱུར་རོ། །དེ་མཉེས་པས་སྒྲུབ་པ་པོ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས
གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་བུ་ཛའི་དོན་ནོ། །རྡོ་རྗེ་ནི་རྣམ་པ་གཉིས་ཏེ་ནང་དང་དོན་དམ་པའོ། །ནང་གི་ནི་ལས་ཀྱི་རིགས་ཀྱི་བྱེ་བྲག་བྱ་?་ཡེ་ཤེས་ཀྱི་ངོ་བོ་དེ་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་ལ་སོགས་པ་སེམས་ཅན
ཕྱིན་ཅི་ལོག་གི་ཕྲག་དོག་ཅན་གྱི་ཕྲག་དོག་གི་སྟོབས་ཀྱི་གནོད་པའི་ཐབས་ཀྱི་སྒྱུས་གཡོ་བ་དང་འཇིག་པར་མི་ནུས་ཏེ་ཡོན་ཏན་དེའི་ཕྱིར་རྡོ་རྗེའོ། །དོན་དམ་པའི་རྡོ་རྗེ་ནི་སྔར་བཤད་པ་དང་མཐུན་ནོ། །སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པ་ནི་ལས་ཀྱི་རིགས
ཀྱི་དོན་ཡོད་གྲུབ་པའི་ངོ་བོ་དེ་ནི་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་མཆོད་པ་བདེ་བ་ཆེན་པོའི་བདག་ཉིད་དེ་དང་གཉིས་སུ་མེད་པར་སྒྲུབ་པ་པོས་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན
བྱ་བའི་དུས་སུ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཡིན་པའི་དོན་དུ་གསུངས་སོ། །རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །མཆོད་པ་རྣམ་པ་ལྔ
ཐམས་ཀྱིས། །བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོས་གསུངས་སོ། །ཞེས་བྱ་བའི་དོན་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་བཅོམ་ལྡན་འདས
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཛིན་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་གསང་བ་འདི་གསུངས་སོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། དེ་ནས
ནི་ཏིང་ངེ་འཛིན་རྣམས་ཀྱི་དོན་རྫོགས་པའི་འོག་ཏུ། སྔགས་ཀྱི་བཟླས་བ་བྱ་བའི་དོན་མཚོན་པའོ། །བཅོམ་ལྡན་འདས་ཞེས་པནི་མདུན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་རྣམ་པར
སྣང་མཛད་ལ་སོགས་པ་རིགས་ལྔའི་བྱེ་བྲག་བརྗོད་དུ་མེད་པའོ། །སྐུ་དང་གསུང་དང་ཐུགས་ཞེས་པ་ནི་མདུན་དུ་སྨོས་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཉིས་སུ་དབྱེར་མེད་པའོ། །བདག
པོ་རྡོ་རྗེ་འཛིན་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་གསང་བ་འདི་གསུངས་སོ་ཞེས་པའི་དོན་ནི་མདུན་དུ་སྨོས་པ་ཐུགས་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ
ལྔའི་རིགས་ཀྱི་བྱེ་དྲག་གི་ཏིང་ངེ་འཛིན་སྒྲུབ་པ་པོས་བྱ་བའི་དུས་སུ་གཉིས་སུ་མེད་པར་སྔགས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར། སྔགས་རྣམ་པ་ལྔ་སྨོས་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔགས་གསང་བ་སྟེ
ཕྱིའི་ཐེག་པ་འོག་མ་པ་ཉན་ཐོས་དང་རང་སངས་རྒྱས་དང། གཞན་ཡང་ཚངས་པ་དང། ཁྱབ་འཇུག་དང། ལྷ་ཆེན་པོ་ལ་སོགས་པ་སེམས་ཅན་སྐལ་བ་དང་མི་ལྡན་པ་ཐམས་ཅད་ཀྱིས་མི་མཐོང་བས་གསང་བའོ། །དེ་ལྟར
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་གསང་བ་འདི་གསུངས་སོ། །ཞེས་པའི་དོན་ནོ། །ད་ནི་སྔགས་ཀྱི་བཟླས་པ་བྱ་བའི་དོན་བསྟན་པར་བྱ་སྟེ། སྔགས་ལ་དམིགས་པའི་ལུས་དང་ནི། ངག་དང་ཡིད་ཀྱིས་བསྐུལ་ནས་སུ
ཡིད་ནི་དགའ་ཞིང་མགུ་བ་ཡིས། །དངོས་གྲུབ་རབ་མཆོག་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། སྔགས་སྒྲུབ་པ་པོས་རང་དགའ་བའི་ལྷ་སྒོམ་པ་བཏད་བའི་འོག་ཏུ་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་ཡིག་འབྲུ་གསུམ
བཟླ་བར་བྱའོ། །ཡང་ན་དེ་བཞིན་གཤེགས་པ་ལྔའི་སྔགས་ཀྱི་ཡིག་འབྲུ་རྣམ་པ་ལྔ་བཟླ་བར་བྱ་།དེ་བཞིན་དུ་རང་དགའ་བའི་ལྷའི་བསྐྱེད་པའི་ས་བོན་སྔགས་ཀྱི་ཡིག་འབྲུ་བཟླ་བ་ཡང་མི་འགལ་ལོ། །དེ་ལྟར་སྔགས་ལ་དམིགས་པའི
དོན་དུ་གསུངས་སོ། །ལུས་ཞེས་པ་ནི་སྒྲུབ་པ་པོས་བཟླས་པ་བྱ་བའི་དུས་སུ་རང་གི་ལུས་དངོས་པོ་མེད་པའི་མཚན་ཉིད་དུ་བརྟགས་ནས་རང་དགའ་བའི་ལྷའི་སྐུ་ཕྱག་རྒྱ་རྣམ་པར་སྣང་མཛད་དང་གཉིས་སུ་མེད་པའི་ངོ་བོ་ཡིན་ནོ་བར། །
བསམ་མོ། །དེ་ལྟར་ལུས་ཀྱི་དོན་ནོ་།དག་ཅེས་པ་ནི་མདུན་དུ་སྨོས་པའི་ཟླས་པ་བྱ་བའི་དུས་སུ་བདག་སེམས་ཅན་གྱི་དག་དེ་རང་དགའ་བའི་ལྷའི་གསུང། གསུང་རྡོ་རྗེ་སྣང་བ་མཛའ་ཡས་དང་གཉིས་སུ་མེད་པའི་ངོ་བོ་ཡིན་པར་བསམ་མོ།
བཤད་པར་བྱ་སྟེ། སྐུ་ལ་གསུང་གཉིས་སུ་མེད་བའི་ངོ་བོ་གནས་པའོ། །དེ་ལྟར་གསུང་གི་དོན་དུ་གསུངས་སོ། །ཡིད་ཀྱི་བསྐུལ་ནས་སུ་ཞེས་པ་ནི་བཟླས་པ་བྱ་བའི་དུས་སུ་རང་གི་ཉོན་མོངས་པའི་ཡིད་རང་དགའ་བའི་ལྟའི་ཐུགས
སྟོན་པ་མི་བསྐྱོད་པའི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པའི་ངོ་བོ་ཡིན་པར་བསམ་མོ། །བསྟན་པར་བྱ་སྡེ་མདུན་དུ་སྨོས་པའི་སྐུ་དང་གསུང་གཉིས་སུ་མེད་པ་གནས་པའི་གསུང་དེ་སྔགས་ཀྱི་བཟླས་པ་བྱ་བའི་ཕྱིར་ཡིད་ཀྱིས་བསྐུལ་ཏེ།
སྔགས་ཀྱི་སྒྲའི་ངོ་བོ་དེ་གསུང་ཡིན་པས་དེ་ནི་ཐུགས་དང་གཉིས་སུ་མེད་པར་གནས་པ་ཡིན་ནོ། །དེ་ལྟར་ཡིད་ཀྱིས་བསྐུལ་བའི་དོན་དུ་གསུངས་སོ། །ཡིད་ནི་དགའ་ཞིང་མགུ་བ་ཡི་ས་ཞེས་པ་ན་བཟླས་པ་བྱ་བའི་དུས་སུ་ཡིད་དགའ་
བར་བྱེད་པའི་རང་གི་ཡི་དམ་གྱི་ལྷའི་བྱེ་བྲག་གི་ཤེས་རབ་མ་བཟུང་ནས་དགའ་མ་དེ་དང་གཉིས་སུ་མེད་པར་སྦྱོར་བས་སྔགས་ཀྱི་བཟླས་པ་བྱའོ། །དེ་ལྟར་ཡིད་ནི་དགའ་ཞིང་མགུ་ཞེས་པའི་དོན་ནོ། །དངོས
གྲུབ་རབ་མཆོག་བསྒྲུབ་པར་བྱ་ཞེས་པ་ནི་མདུན་དུ་སྨོས་པའི་སྒྲུབ་པ་པོས་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་ངོ་བོའི་སྔགས་ཀྱི་བཟླས་པ་བྱ་བས་དངོས་གྲུབ་རབ་མཆོག་བསྒྲུབ་པར་བྱའོ། །བཤད་པར་བྱ་སྟེ། རབ་མཆོག
ན་ཨི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་བྱེ་བྲག་གྲངས་མེད་པ་ཚང་ཏིལ་གྱི་འབྲུ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་དོན་དམ་པར་གཅིག་པའི་ངོ་བོ་དེ་དག་གི་སྐུ
དང་གསུང་དང་ཐུགས་གསུམ་ནི་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རབ་མཆོག་ཏུ་མིང་བཏགས་པ་དེ་གྲུབ་པའི་འོག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས
གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་ཏེ་། དེ་གོང་དུ་སྨོས་པའི་ཚུལ་དུ་སྔགས་ཀྱི་བཟླས་པ་བྱ་བས་བསྒྲུབ་པར་བྱའོ། །དེ་ལྟར་དངོས་གྲུབ་རབ་མཆོག་བསྒྲུབ་པར་བྱ་ཞེས་པའི་དོན་ནོ། །སེམས་ལ་དམིགས་པ་བདག་མེད
པར། ངག་དང་ལུས་ཀྱང་རྣམ་པར་བསྒོམ། །ནམ་མཁའ་བཞིན་དུ་མཉམ་པའི་གནས། །སྦྱོར་བ་རྣམ་པ་གསུམ་བསྒྲུབ་པར་བྱ་ཞེས་པའི་དོན་བཤད་པར་བྱ་སྟེ། སེམས་ལ་དམིགས་པ་ནི་དོན་དམ་པའི་ཐུགས་བསྒོམ་པའི
ངོ་བོའི་ཐུགས་བསྟན་པར་བྱ་སྟེ་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་དོན་དམ་པའི་ཐུགས་ཡིན་ཏེ། ཐུགས་དེ་དང་སྒྲུབ་པ་པོ་རང་གི་སེམས་གཉིས་སུ་མེད་པའི་ངོ་བོར་བརྟག་གོ་།དེ་ལྟར་སེམས་ལ་དམིགས་པའི
དོན་དུ་གསུངས་སོ། །བདག་མེད་པ་ཞེས་པ་ནི་དོན་དམ་པའི་ཐུགས་དེ་ནི་རང་བཞིན་གྱིས་སྟོང་པ་བདག་མེད་པ་ཡིན་ཏེ། དེ་ལྟར་བདག་མེད་ཞེས་པའི་དོན་ནོ། །བདག་དང་ལུས་ཀྱང་རྣམ་པར་བསྒོམ་ཞེས་པ་ཅི་ལྟར་ཐུགས་སྟོང་པ་བདག་མེད་པའི
ངོ་བོ་དེ་བཞིན་དུ། གསུང་དང་སྐུ་ཡང་དོན་དམ་པར་སྟོང་པ་བདག་མེད་པ་ཡིན་ཏེ། ཚུལ་དེ་ལྟར་སྒྲུབ་པ་པོས་རང་གི་སེམས་དང་ངག་དང་ལུས་གཉིས་སུ་མེད་པར་བསྒོམ་པར་བྱའོ། །དེ་ལྟར་ངག་དང་ལུས་ཀྱང་རྣམ་པར་བསྒོམ་ཞེས་པའི
དོན་དུ་གསུངས་སོ། །ནམ་མཁའ་བཞིན་དུ་མཉམ་པའི་གནས་ཞེས་པ་ནི་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་གསུམ་ནི་དོན་དམ་པར་ཅི་ལྟར་ནམ་མཁའ་སྟོང་པའི་ངོ་བོ་ཐམས་ཅད་ལ་ཁྱབ་ནས་གནས་པ་ཐམས་ཅད་འབྱུང་བ་དང
གནས་པའི་གནས། དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་གསུམ་དངོས་པོ་མེད་པ་ཆོས་ཀྱི་སྐུ་ཡིན་ཏེ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་སྐུ་ཕྱག་རྒྱ་དང། སྤྲུལ་པའི་ཆོ་འཕྲུལ་ལ་སོགས་པ་ཐམས་ཅད་འབྱུང་བ་དང
གནས་པའི་གནས་ཡིན་ནོ། །དེ་ལྟར་ནམ་མཁའ་བཞིན་དུ་མཉམ་པའི་གནས་གྱི་དོན་དུ་གསུངས་སོ། །སྦྱོར་བ་རྣམ་པ་གསུམ་བསྒྲུབ་པར་བྱ་ཞེས་པ་ནི་།མདུན་དུ་བཤད་པའི་སྐུ་དང་གསུང་དང་ཐུགས་གསུམ་ནི་བྱེ་བྲག་གསུམ་དུ་གཉིས་སུ
མེད་པར་བསྒྲུབ་པར་བྱའོ། །དེ་གང་ཞེ་ན། སྒྲུབ་པ་པོ་རང་དགའ་བའི་ལྷའི་བྱེ་བྲག་དང། སྒྲུབ་པ་པོ་ཉིད་ཀྱི་ལུས་ཀྱི་བྱེ་བྲག་སྔགས་ཀྱི་བཟླས་པ་བྱ་བའི་བྱེ་བྲག་གོ་།དེ་སོ་སོའི་དོན་གསལ་བར་བཤད་པར་བྱ་སྟེ། སྒྲུབ་པ་པོ་རང་དགའ་བའི
ལྷའི་སྐུ་གསུང་ཐུགས་ནི་དོན་དམ་པར་གཉིས་སུ་མེད་པའི་སྐུ་ཕྱག་རྒྱ་ཡིན་པར་བསྟན། སྒྲུབ་པོས་རང་གི་ལུས་ཀྱང་རང་དགའ་བའི་ལྷ་དང་གཉིས་སུ་མེད་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱི་གཟུགས་ཀྱི་སྐུ་ཡིན་ནོ། །སྔགས་ཀྱི་བཟླས
པ་བྱས་པ་ཡང། སྐུ་དང་གསུང་དང་ཐུགས་ཀྱི་ཡེ་ཤེས་གསུམ་གྱི་ཡེ་ཤེས་གསུམ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་དང། མེ་ལོང་ལྟ་བུའི་ཡེ་ཤེས་སྟེ། དེ་ལྟར་ཡེ་ཤེས་གསུམ་དང
གཉིས་སུ་མེད་པའི་ངོ་བོའི་སྔགས་ཡིན་ནོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོར་གཉིས་སུ་མེད་པ་སྦྱོར་བ་གསུམ་གྱི་བྱེ་བྲག་སྒྲུབ་པ་པོས་བཟླས་པ་བྱ་བའི་དུས་སུ་བསྒྲུབ་པར་བྱའོ། །དེ་ལྟར་སྦྱོར་བ་རྣམ་གསུམ་བསྒྲུབ་པར་བྱ
བའི་དོན་དུ་གསུངས་སོ། །སྐུ་དང་གསུང་དང་ཐུགས་དམིགས་ན། ངོ་བོ་ཉིད་ནི་དམིགས་སུ་མེད། སྔགས་ཀྱི་གཟུགས་སུ་སྦྱོར་བའང་མེད། །བྱང་ཆུབ་མེད་ཅིང་བསྒོམ་པའང་མེད། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ལུས་དང་ངག་དང
སེམས་དམིགས་ན། ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ངོ་བོ་ཉིད་ནི་དམིགས་སུ་མེད་ཞེས་པའི་དོན་དམ་པར་སྐུ་དང་གསུང་དང་ཐུགས་གསུམ་ནི་དབྱིབས་དང་ཁ་དོག་སྣང་བ་མི་སྣང་བ་གཉིས་ཀྱི་ངོ་བོ་ཉིད་དུ་དམིགས་སུ་མེད་དོ། །
ཅིའི་ཕྱིར་ན། ངོ་བོ་ཉིད་དམིགས་སུ་མེད་པ་བདག་མེད་པ། སྟོང་པ་ནམ་མཁའ་ལྟ་བུར་སྐུ་གསུང་ཐུགས་བསྟན་ཏོ། །དེ་ལྟར་ངོ་བོ་ཉིད་ནི་དམིགས་སུ་མེད་པའི་དོན་དུ་གསུངས་སོ། །སྔགས་ཀྱི་གཟུགས་སུ་སྦྱོར་བ་ལ་ཞེས་པ། སྔགས་སྐུ་དང
གསུང་དང་ཐུགས་ཀྱི་ཡེ་ཤེས་ཀྱི་ཡིག་འབྲུ་གསུམ་སྒྲུབ་པ་པོ་རང་དགའ་བའི་ལྷ་དད་གཉིས་སུ་མེད་པར་སྐུ་ཕྱག་རྒྱར་སྦྱོར་བའི་ཚུལ་གྱི་སྔགས་ཀྱི་བཟླས་པ་དབྱུང་བ་ཡིན་ནོ། །གཞན་ཡང་སྔགས་ཀྱི་ལུས་སུ་སྦྱོར་བའི་དོན། འཕགས
པ་ཡེ་ཤེས་ཞབས་གྱིས་བཤད་པའི་སྒྲ་འདིར་དྲངས་ནས་བསྟན་པ། །སྔགས་ཀྱི་གཟུགས་སུ་སྦྱར་བ་བྱེ་བྲག་གཉིས་ཏེ། སྒྲུབ་པ་པོས་རང་དགའ་བའི་ལྷའི་བསྒོམ་པ་དང། བཟླས་པ་བྱ་བའི་དུས་སུ་དང་པོ་ཉིད་ཀྱི་ས་བོན་སྔགས་ཀྱི་ཡིག
འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་འོག་ཏུ་གཉིས་སུ་མེད་པའི་ང་རྒྱལ་ཞུགས་སོ། །དེ་ལྟར་དང་པོའོ། །དེའི་འོག་ཏུ་སྒྲུབ་པ་པོས་རང་གི་ལྷའི་རིགས་ཀྱི་བྱེ་བྲག་གི་ཤེས་རབ་མ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་བླངས་ཏེ་ཤེས་རབ་མ
ཡེ་ཤེས་ཀྱི་ལྷ་མོའི་སྐུའི་ཚུལ་ཇི་ལྟར་སྨོས་པ་དང་གཉིས་སུ་མེད་པའི་གནས་ལྔར་དེ་བཞིན་གཤེགས་པ་ལྔའི་ས་བོན་སྔགས་ཀྱི་ཡིག་འབྲུ་རྣམ་པ་ལྔས་བྱིན་གྱིས་བརླབ་པ་བྱས་པས་ཤེས་རབ་མ་དེ་ཡེ་ཤེས་ཀྱི་ལྷའི་ངོ་བོར་འགྱུར་རོ། །དེ
གྱུར་ནས་སྔགས་ཀྱི་གཟུགས་སུ་བསྒོམ་པ་དང་བཟླས་པ་བྱའོ། །དེ་ལྟར་སྔགས་ཀྱི་ལུས་སུ་སྦྱོར་བའི་དོན་དུ་གསུངས་སོ། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད་ཞེས་པ་སྔགས་ཀྱི་གཟུགས་སུ་སྦྱོར་བས་བསྒོམ་པ་དང་བཟླས་པ་བྱ་བ་དེ་དོན
དམ་པར་རང་དགའ་བའི་ལྷ་དང་གཉིས་སུ་མེད་པ་སྔགས་ཀྱི་བཟླས་པ་དེ་རང་བཞིན་གྱིས་མ་སྐྱེས་པ་སྟོང་པའོ། །དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཡེ་ཤེས་ཆེན་པོའི་འབྲས་བུའི་གནས་དང་གཉིས་སུ་མེད་པ་མ་སྐྱེས་པ་སྟོང་པ་སྟེ། དེ་ལྟར
དོན་དམ་པའི་ཚུལ་དུ་བྱང་ཆུབ་མེད་ཅིང་བསྒོམ་པ་མེད་པའི་དོན་དུ་གསུངས་སོ། །སྐུ་དང་གསུང་ཐུགས་མཚན་ཉིད་འདི། །མདོར་ན་རྣམ་པར་དཔྱད་ནས་སུ། །ཏིང་ངེ་འཛིན་གྱིས་བརྟགས་པའི་སྔགས། །སྦྱོར་བའི་བྱང་ཆུབ་བསྒོམ་པར་བྱ
ཞེས་བའི་དོན་བཤད་པར་བྱ་སྟེ། སྐུ་དང་གསུང་ཐུགས་མཚན་ཉིད་འདི། །རིམ་བར་རྣམ་པར་དཔྱད་ནས་སུ་ཞེས་སྒྲུབ་པ་པོས་སྔགས་ཀྱི་བཟླས་པ་བྱ་བའི་དུས་སུ་སྐུ་དང་གསུང་ཐུགས་རྣམ་པ་བཞིའི་བྱེ་བྲག་གི་མཚན་ཉིད་དུ་རིམ་པར
དཔྱད་པར་བྱ་སྟེ། སྐུའི་བྱེ་བྲག་དང། སྔགས་ཀྱི་བྱེ་བྲག་དང། གསང་བའི་བྱེ་བྲག་དང། དོན་དམ་པའི་བྱེ་བྲག་གོ་།དེའི་དོན་གསལ་བར་བཤད་པར་བྱ་སྟེ། སྐུའི་བྱེ་བྲག་ནི་སྒྲུབ་པ་པོས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས
པ་ལྔའི་ནང་ནས་གང་ཡང་རུང་བ་རང་དགའ་བའི་ལྷའི་སྐུ་ཕྱག་རྒྱའི་ངོ་བོ་དེའི་སྐུ་གསུང་ཐུགས་གསུམ་གཉིས་སུ་མེད་པར་གསུངས་སོ། །སྔགས་ཀྱི་བྱེ་བྲག་ནི་སྒྲུབ་པ་པོས་རང་དགའ་བའི་ལྷའི་སྔགས་ཀྱི་བཟླས
པ་བྱེད་པ་དེ་སྐུ་གསུང་ཐུགས་གསུམ་གྱི་ཡེ་ཤེས་དང་གཉིས་སུ་མེད་པའི་ངོ་བོ་ཡིན་པར་གསུངས་སོ། །གསང་བའི་ཚུལ་ནི་མདུན་དུ་སྨོས་པའི་ཤེས་རབ་མ་རང་དགའ་བའི་ལྷའི་རིགས་ཀྱི་བྱེ་བྲག་ལས་བཟུང་སྟེ། དེའི་འོག་ཏུ་སྔགས
ཀ་ཡི་ལུས་དེ་དང་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་འདོད་ཆགས་ཆེན་པོའི་སེམས་དགའ་བས་ཐབས་དང་ཤེS་རབ་རོལ་པ་བྱས་ནས་བདེ་བར་གྱུར་ནས་རྡོ་རྗེའི་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི་དབུས
སུ་འོད་དུ་ཞུ་སྟེ། ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པ་དེ་སྐུ་གསུང་ཐུགས་གསུམ་གཉིས་སུ་མེད་པའི་ངོ་བོ་ཡིན་ནོ། །དོན་དམ་པའི་བྱེ་བྲག་ནི་སྒྲུབ་པ་པོས་བསྒོམ་པ་དང་བཟླས་པ་བྱས་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ
འགྲུབ་སྟེ་། འབྲས་བུ་དེ་སྐུ་གསུང་ཐུགས་གསུམ་གཉིས་སུ་མེད་པའི་ངོ་བོ་ཡིན་ནོ། །དེ་ལྟར་མདོར་བསྡུས་པ་སྐུ་དང་གསུང་ཐུགས་མཚན་ཉིད་འདི། མདོར་ན་རྣམ་པར་སྤྱད་ནས་སུའི་དོན་དུ་གསུངས་སོ། །དེ་ལྟར་དཔྱད
མ་ཐག་ཏུ་བསྒོམ་པ་དང་བཟླས་པ་ཁྱད་པར་དུ་བྱ་བའི་དོན་བསྟན་པར་བྱ་སྟེ། ཏིང་ངེ་འཛིན་གྱིས་བརྟགས་པའི་སྔགས་ཞེས་པ། སྒྲུབ་པ་པོས་བཟླས་པ་བྱ་བའི་ཏིང་ངེ་འཛིན་སེམས་རྩེ་གཅིག་པས་བྱའོ། །བསྟན་པར་བྱ་སྟེ།
ཏིང་ངེ་འཛིན་གྱིས་བརྟགས་པའི་སྔགས་ནི་བྱེ་བྲག་རྣམ་པ་གཉིས་ཏེ། ནང་གི་ཡེ་ཤེས་དང་གསང་བའིའོ། །སྒྲུབ་པ་པོས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་བཟླས་པའི
སྔགས་དེ། སྐར་མ་བཞིན་དུ་ཉིད་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་ཞིང་འབྱུང་བར་སེམས་ཀྱིས་བསམ་མོ། །དེ་ལྟར་སྔགས་དེ་རྐན་དང་མཆུ་དང་ལྕེ་འཚོགས་པས་བརྗོད་པར་མི་བྱ་སྟེ། སྔགས་དེ་ནི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།དེའི་སྒྲ་ནི
སྟོང་པའི་ངོ་བོ་ཡིན་ཏེ། དེའི་ཕྱིར་སེམས་ཀྱིས་བཟླས་པ་བྱ་བར་གསུངས་སོ། །གསང་བའི་ནི་སྒྲུབ་པ་པོས་སྒོམ་པ་དང་བཟླས་པ་བྱ་བའི་དུས་སུ་མདུན་དུ་སྨོས་པའི་ཤེས་རབ་མ་དང་ལྡན་པར་འདོད་ཆགས་ཆེན་པོའི་སེམས་དགལ?་བས་གསང
བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། རྡོ་རྗེ་མཆད་པ། ངལ་ནས་ངལ་ནས་བྱས་ཏེ། བདེ་བར་གྱུར་པའི་དུས་སུ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཐབས་དང་ཤེས་རབ་ཀྱི་ལུས་ལས་བསྐུལ་ནས་རྡོ་རྗེ་ལམ་ནས་ཤེས་རབ་མའི་དྷ་གའི་དབྱིངས
ཀྱི་གནས་སུ་ཐིགས་པའི་ངོ་བོ་མདུན་དུ་སྨོས་པའི་སྐར་མ་བཞིན་དུ་ཉིད་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་ཞིང་དེ་སྔགས་ཀྱི་ཡིག་འབྲུར་གྱུར་པར་བསམ་མོ། །བཤད་པར་བྱ་སྟེ། བྱང་ཆུབ་སེམས་ཀྱི་ཐིགས་པ་དེ། སྔགས་ཀྱི་ཡིག་འབྲུའི
ངོ་བོར་གྱུར་མ་ཐག་ཏུ་རིམ་པར་དལ་ནས་དལ་ནས་ཕྲེང་བ་བཞིན་དུ་བྷ་གའི་དབྱིངས་ཀྱི་གནས་སུ་བབས་ནས་གཉིས་སུ་མེད་པར་ཐིམ་པར་གྱུར་ཏེ། སྔགས་དེ་མདུན་དུ་སྨོས་པ་བཞིན་དུ་རྐན་དང་མཆུ་དང། ལྕེ་འཚོགས་པས་མི་བརྗོད་དེ། སྔགས་དེ
ནི་གསང་བའི་ཡེ་ཤེས་ཀྱི་ངོ་བོར?་བརྟག་གོ་། དེའི་སྒྲ་ནི་སྟོང་པའི་ངོ་བོ་ཡིན་ནོ། །དེའི་ཕྱིར་སྔགས་ཀྱི་བཟླས་པ་སེམས་ཀྱིས་བྱ་བར་གསུངས་སོ། །དེ་ལྟར་ཏིང་ངེ་འཛིན་གྱིས་བརྟགས་པའི་སྔགས་ཀྱི་དོན་དུ་གསུངས་སོ། །སྦྱོར་བའི
བྱང་ཆུབ་བསྒོམ་པར་བྱ་ཞེས་པ་ནི། སྒྲུབ་པ་པོས་རང་དགའ་བའི་?་དང་གཉིས་སུ་མེད་པར་བསྒོམ་ཞིང་སྔགས་ཀྱི་བཟླས་པ་བྱའོ། །བསྒོམ་པ་དེ་ནི་བྱང་ཆུབ་བྱེ་བྲག་གཉིས་དང་ལྡན་པ་སྟེ། བྱང་ཆུབ་རྣམ་པ་གཉིས་ནི་གསང
བ་དང་དོན་དམ་པའོ། །གསང་བའི་ནི་རང་དགའ་བའི་ལྷའི་བྱེ་བྲག་གི་ཤེས་རབ་མ་མདུན་དུ་སྨོས་པ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་དང་གཉིས་སུ་མེད་པར་ཐབས་དང་ཤེས་རབ་རོལ་བའི
ཚོགས་བསྒོམ་པར་བྱ་སྟེ། གསང་བའི་བྱེ་བྲག་གིས་ཤེས་རབ་མ་དེ་བྱང་ཆུབ་ཡིན་པའི་དོན་དུ་གསུངས་སོ། །དོན་དམ་པའི་ནི་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པའི་ངོ་བོ་དེ་བླ་ན་མེད་པའི་འབྲས་བུ་ཐོབ་པའི་དུས་སུ
གནས་པ་ཡིན་ཏེ། བསྒོམ་པའི་དུས་སུ་ཤེས་རབ་མ་དང་གཉིས་སུ་མེད་པའི་ལུས་སྟོང་པའི་ངོ་བོ་ཡིན་པར་བསམ་མོ། །དེ་ལྟར་དོན་དམ་པའི་བྱང་ཆུབ་ཡིན་པའི་དོན་དུ་གསུངས་སོ། །དེ་ནས་དཔལ་ལྡན་རྡོ་རྗེ
འཛིན། །དེ་བཞིན་གཤེགས་ཀུན་གྱིས་མཆོད་པ། །སངས་རྒྱས་ཀུན་མཆོག་ཐམས་ཅད་མཁྱེན། །བསྒོམ་པའི་དམ་པ་བཤད་དུ་གསོལ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། དེ་ནས་ནི་སྟོན་པ་རྡོ་རྗེ་མི་བསྐྱོད
པ་ཨས་མདུན་དུ་བཤད་པའི་བསྒོམ་པ་དང་བཟླས་པའི་དོན་རྫོགས་པའི་འོག་ཏུ་ཕྲ་མོ་བསྒོམ་པ་དང་སྦྱོར་བ་བཤད་པའི་ཕྱིར་རྣམ་པར་སྣང་མཛད?་ལ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཐཾས་ཅད་ཀྱིས
བསྟོད་པའི་སྒོ་ནས་བསྐུལ་བ་མཚོན་པའོ། །དཔལ་ལྡན་ཞེས་པ་ནི་ཕྱི་དང་ནང་དང། གསུམ་གྱི་བྱེ་བྲག་སྟེ་།དེའི་དོན་ནི་ལེའུ་དང་པོའི་ཕྱག་འཚལ་བའི་སྐབས་སུ་རྒྱས་པར་བཤད་དེ། དེ་བཞིན་དུ་འདིར་ཡང་སྦྱར་རོ། །རྡོ་རྗེ
འཛིན་ཞེས་པ་ནི་བྱེ་བྲག་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་བྱེ་བྲག་དང། ཡེ་ཤེས་སེམས་དཔའ་ཨི་བྱེ་བྲག་དང། ཚོན་གྱི་བྱེ་བྲག་གོ་།དེའི་དོན་གསལ་བར་བཤད་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་བྱེ་བྲག་ནི་དེ་བཞིན་གཤེགS
པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང། གསུང་རྡོ་རྗེ་དང། ཐུགས་རྡོ་རྗེ་གཉིས་སུ་མེད་པའི་ངོ་བོ་སྟེ། དེ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་སྐུ་ཕྱག་རྒྱས་གཉིས་སུ་མེད་པར་འཛིན་པའོ། །ཡེ་ཤེས་སེམས་དཔའ་ཨི་བྱེ་བྲག་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད
ཀྱི་གསང་བའི་ཐུགས་ཀའི་གནས་ན། ཡེ་ཤེས་རྣམ་པ་ལྔའི་རྡོ་རྗེའི་བདག་ཉིད་སྔགས་ཀྱི་ཡི་འབྲུ་ཧཱུཾ་མེ་མར་གྱི་གཟུགས་ལྟ་བུ་མི་གཡོ་བ་ཁ་དོག་རྣམ་པ་ལྔ་དང་ལྡན་པ?། ཡེ་ཤེས་ཐམས་ཅད་ཀྱི་ཆོ་འཕྲུལ་གྱིས་བསྒྱིངས་པ་སྤྲོ་བ་དང
བསྡུ་བའི་གནས་ཡིན་ཏེ་དེ་འཛིན་པར་གསུངས་སོ། །ཚོན་གྱི་བྱེ་བྲག་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་ཕྱག་གཡས་དང་པོ་ན་མེ་ཁོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་རྣམ་པ་ལྔ་དང་གཉིས་སུ་མེད་པའི་རྟགས་མཚན་རྡོ་རྗེ་རྩེ་ལྔ
བསྣམས་ཏེ། དེས་བགེགས་མ་རུངས་པ་གནོད་པ་བྱེད་པ་འཇིགས་པར་བྱེད་པ་དང། མེད་པར་བྱེད་པའི་ངོ་བོར་འཛིན་པའོ། །དེ་ལྟར་རྡོ་རྗེ་འཛིན་ཀྱི་དོན་དུ་གསུངས་སོ། །དེ་བཞིན་གཤེགས་པ་ཀུན་གྱིས་མཆོད་ཞེས་པ་ནི་རྣམ
པར་སྣང་མཛད་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་རྣམས་ཀྱིས་སྟོན་པ་མི་བསྐྱོད་པས། རྡོ་རྗེ་འཛིན་ལ་སེམས་དགའ་བ་ཆེན་པོས་མཆོད་པའི་བྱེ་བྲག་གསུམ་གྱིས་མཆོད་དེ། མཆོད
པའི་བྱེ་བྲག་གསུམ་ནི། ཕྱི་ནང་གསང་བའོ། །ཕྱི་ནི་ལྷ་དང་མའི་མེ་ཏོག་དང་སྤོས་དང་དྲི་དང་རོ་དང་རེག་ལ་སོགས་པ་མཆོད་པའི་རྫས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་མཆོད་པར་བྱ་བར་གསུངས་སོ། །ནང་གི་ནི་མདུན་དུ་སྨོས་པའི
བ་ཡེ་བྲག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉིད་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་འདོད་པའི་ཡོན་ཏན་རྣམ་པ་ལྔའི་ལྷ་མོ་ཉིད་ཉིད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་ལས་སྤྲིན་བཞིན་དུ་སྤྲོ་བར
བྱ་སྟེ། སྤྲོས་མ་ཐག་ཏུ་སྟོན་པ་མི་བསྐྱོད་རྡོ་རྗེ་འཛིན་ལ་ཉིད་ཉིད་ཀྱི་མཆོད་པའི་རྫས་ཀྱིས་མཆོད་པ་བྱེད་དེ། དེ་རྣམས་ཀྱི་སྐུ་ཕྱ་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་ལེའུ་གསུམ་པ་ལས་ཇི་ལྟར་འབྱུང་བ་བཞིན་དུ
འདིར་སྦྱར་རོ། །གསང་བའི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉིད་ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་དང་ལྡན་པར་གཉིས་སུ་མེད་པར་སྦྱོར་བས་འཁྱུད་ནས་འདོད་ཆགས་ཆེན་པོའི་ཐུགས་དགྱེས་པས་ཐབས་དང་ཤེས་རབ་རོལ
པ་མཛད་པས་བདེ་བར་གྱུར་པའི་དུས་སུ་ལྷ་མོ་རྣམས་ཀྱི་བྷ་གའི་དབུས་སུ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་རྡོ་རྗེའི་ལམ་ནས་འོད་དུ་ཞུ་སྟེ། དེ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་ཏེ། བྱང་ཆུབ་སེམས་ཟླ་བའི་དཀྱིལ
འཁོར་དེ་ལས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་བྱེ་བྲག་གི་འོད་ཟེར་རྣམ་པ་ལྔ་ཉིད་ཉིད་ཀྱི་ཁ་དོག་དང་ལྡན་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེ་སྤྲོས་མ་ཐག་ཏུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་རྒྱུད
བཀའ་སྩལ་པའི་གནས་དེ། ཡེ་ཤེས་ཀྱི་འོད་ཟེར་གཟི་བརྗིད་ཀྱི་འོད་ཀྱིས་སྣང་བར་གྱུར་ཏོ། །གཞན་ཡང་མཆོད་པའི་དོན་ཁྱད་པར་དུ་བསྟན་པར་བྱ་སྟེ། མདུན་དུ་བཤད་པའི་ཚུལ་དུ་གསང་བའི་མཆོད་པ་བྱས་པ་དེ་བཞིན་གཤེགས་པ
ཐམས་ཅད་སོ་སོར་བདེ་བར་གྱུར་པས་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་བདེ་བར་འགྱུར་རོ། །གཞན་ཡང་ཡེ་ཤེས་ཀྱི་འོད་སྤྲོས་པའི་གཟི་བརྗིད་ཀྱི་འོད་ཀྱི་སྣང་བས་དགྱེས་པར་འགྱུར་རོ། །དེ་ཅིའི་ཕྱིར་ན། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ
ཐམས་ཅད་ནི་དོན་དམ་པར་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་དང། གཉིས་སུ་མེད་པའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་སྤྲུལ་པ་མཛད་པའོ། །དེ་ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་མཆོད་པ་མཛད་པའི
བདེ་བར་གྱུར་པ་དེ། སྟོན་པ་ཀྱི་བསྐྱོད་པ་རྡོ་རྗེ་འཛིན་ཉིད་ཀྱི་གསང་བའི་མཆོད་པ་མཛད་པ་ཡིན་པས་བདེ་བ་དང་དགྱིས་པར་གྱུར་པ་ཡིན་ནོ། །དེ་ལྟར་མདོར་བསྡུས་པ་དེ་བཞིན་གཤེགས་པ་ཀུན་གྱིས་མཆོད་པའི་དོན་དུ་གསུངས་སོ། །སངས་རྒྱས
ཀུན་མཆོག་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་ནང་ན་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ནི་མཆོག་ཡིན་པར་བསྟན་ཏོ། །དེ་ཅིའི་ཕྱིར་ན། མདུན་དུ་སྨོས་པའི་དེ་བཞིན་གཤེགས
པ་ཐམས་ཅད་སྟོན་པ་མི་བསྐྱོད་བ་རྡོ་རྗེ་འཛིན་གྱིས་སྤྲུལ་པར་མཛད་པས་དེའི་ཕྱིར་ན་བདག་པོའི་ངོ་བོར་གྱུར་པས་མཆོག་ཡིན་ཏེ། དེ་ལྟར་སངས་རྒྱས་ཀུན་མཆོག་གི་དོན་དུ་གསུངས་སོ། །ཐམས་ཅད་མཁྱེན་པ་ཞེས་པ་ནི་སྟོན་པ་མི་བསྐོད?་པ
རྡོ་རྗེ་འཛིན་གྱིས་ཕྱི་ནང་གི་རིག་པའི་གནས་ཐམས་ཅད་རང་བཞིན་གྱིས་མཁྱེན་པ་དང། གཞན་ཡང་ལྷ་དང་མི་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་སེམས་ལས་བྱུང་བ་ཅི་སྙེད་པ་ཐམས་ཅད་མཁྱེན་པ་སྟེ། དེ་ལྟར་མདོར་བསྡུས
པ་ཐམས་ཅད་མཁྱེན་པའི་དོན་དུ་གསུངས་སོ། །བསྒོམ་པའི་དམ་པ་ཞེས་པ་ནི་ཕྲ་མོ་བསྒོམ་པའི་སྦྱོར་བ་ནི་བསྒོམ་པ་ཐམས་ཅད་ཀྱི་ནང་ན་དམ་པ་ཡིན་པར་བསྟན་ཏོ། །བཤད་པར་བྱ་སྟེ། སྒྲུབ་པ་པོ་རྣམས་ཀྱི་སེམས་མ་དུལ་བ་སྤྲེའུ་ལྟ་བུ
བསྟན་པར་བྱ་བའི་ཕྱིར་ཕྲ་མོའི་སྦྱོར་བ་བསྒོམ་པར་བྱ་སྟེ། ཅི་ལྟར་ཕྱག་ན་རྡོ་རྗེ་དང། ཀུན་ཏུ་བཟང་པོ་དང། འཇམ་དཔལ་གྱི་ཐུགས་རྡོ་རྗེ་ལྟར་བརྟན་པ་དེ་བཞིན་དུ་སྒྲུབ་པ་རྣམས་འགྲུབ་པར་འགྱུར་རོ། །དེ་ལྟར་བསྒོཾ་པའི་དཔེའི?་དོན་དུ་གསུངས་སོ། །
བཤད་དུ་གསོལ་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ན། །ཕྲ་མོའི་སྦྱོར་བ་བརྩམ་པར་བྱ། །ཞེས
བྱ་བའི་དོན་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པ་ནི། ཕྱི་ནང་གསང་བའི་བྱེ་བྲག་གསུམ་དུ་བསྟན་ཏེ། དེའི་དོན་དུ་ལེའུ་གསུམ་པར་རྒྱས་པར་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །ཟླ་བའི་དཀྱིལ་འཁོར
བསྒོམ་པར་བྱ་ཞེས་པ་ནི་མདུན་དུ་སྨོས་བཱི་གནས་ཕུན་སུམ་ཚོགས་པའི་དབུས་སུ་སྔགས་ཀྱི་ཡིག་འབྲུ་ཧཱུཾ་དུ་གྱུར་པར་བསམ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་དཀར་པོ་གཟི་བརྗིད་ཆེན་པོ་འབར་བ་འོད་དུ་ཞུ་བའི་ས་བོན་དེ་ལས་དོན
དམ་པ་བྱང་ཆུབ་སེམས་བཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་མོ། །དེ་ལྟར་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ་བའི་དོན་ཏེ། དེ་ནི་གདན་ཕུན་སུམ་ཚོགས་པའོ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ན་ཞེས་པ་ནི་སྟོན་པ་མི་བསྐྱོད
པ་རྡོ་རྗེ་འཛིན་ཡིན་ཏེ། སངས་རྒྱས་ཀྱི་གཟུགས་སུ་བསྟན་ཏེ། དེ་བསྐྱེད་པའི་ཆོ་གའི་ཚུལ་དུ་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་ནི་ལེའུ་གསུམ་པ་ལས་རྒྱས་པར་ཅི་ལྟར་འབྱུང་བ་དེ་བཞིན་དུ་འདིར་སྦྱར་རོ། །དེ་བསྐྱེད་མ
ཐག་ཏུ་མདུན་དུ་སྨོས་པའི་གདན་གྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་གྱུར་པ་ཡིན་ཏེ། དེ་ལྟར་བྱས་པའི་འོག་ཏུ་སངས་རྒྱས་ཀྱི་གཟུགས་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་བདག་ཡིན་ནོ་བར་གཉིས་སུ་མེད་པར་བསྒོམ་པར
བྱའོ། །དེ་ལྟར་སངས་རྒྱས་གཟུགས་ནི་རབ་བསྒོམས་ཞེས་པའི་དོན་ནོ། །ཕྲ་མོའི་སྦྱོར་བ་བརྩམ་པར་བྱ་ཞེས་པ་ནི་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་བསྒོམ་པའི་དུས་སུ་དེའི་རིགས་ཀྱི་ཤེས་རབ་མ་བདུན་དུ་སྨོས་པའི་མཚན་དང་ཡོན་ཏན
ཐམས་ཅད་དང་ལྡན་པ་བཟུང་སྟེ། སྒྲུབ་པ་པོས་འདོད་ཆགས་ཆེན་པོའི་སེམས་ཀྱིས་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ་།ཕྲ་མོའི་སྦྱོར་བ་བསྒོ་པར་བརྩམ་པར་བྱ་སྟེ། དེ་ལྟར་ཕྲ་མོའི་སྦྱོར་བ་ཀུན་ཏུ་བརྩམ་པའི་དོན་ནོ།།
སྣའི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་སྔགས་ཀྱིས་བརྟགས་པ་ཡི། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། སྣའི་རྩེ་མོ་ནི་སྒྲུབ་པ་པོ་མདུན་དུ་སྨོས་པའི་ཤེས་རབ་མ་དང་ལྡན
པར་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་བའི་དབུས་ཀྱི་གནས་སྣའི་རྩེ་མོར་མིང་བཏགས་པ་ཕྲ་མོ་སྦྱོར་བ་སྒོམ་པའི་གནས་ཡིན་ནོ། །དེ་ལྟར་སྣའི་རྩེ་མོའི་དོན་དུ་གསུངས་སོ། །ཡུངས་ཀར་བསམ་ཞེས་པ་ནི་ཡེ་ཤེས་རྣམ་པ་ལྔ་དང་གཉིས་སུ
མེད་པའི་ངོ་བོ་ཡེ་ཤེས་ཀྱི་རིན་པོ་ཆེ་ཡུངས་ཀར་གྱི་འབྲུ་ཚད་དང་མཉམ་པ་ད་བཞིན་གཤེགས་པ་ལྔའི་ཁ་དོག་དང་ལྡན་པ་མདུན་དུ་སྨོས་པའི་སྣའི་རྩེ་མོའི་དབུས་ཀྱི་གནས་སུ་སྒྲུབ་པ་པོས་བསམ་མོ། །དེ་ཡུངས་ཀར་བསམ་ཞེS་བཱི་དོན་ནོ། །འགྲོ་དང་མི་འགྲོ་ཡུངས
ཀར་ལ་ཞེས་པ་ནི་ཡེ་ཤེས་ཀྱི་རིན་པོ་ཆེ་ཡུངས་ཀར་གྱི་འབྲུ་དང་མཉམ་པའི་ངོ་བོ་དེའི་ནང་ན་འགྲོ་དང་མི་འགྲོ་བ་མ་ལུས་པ་ཐམས་ཅད་ཀྱི་གནས་ཀྱི་ངོ་བོ་ཡིན་ནོ། །གཞན་ཡང་འགྲོ་དང་མི་འགྲོ་བ་ནི་བྱེ་བྲག་རྣམ་པ་གཉིས་སུ་བསྟན་པར་བྱ་སྟེ།
ཕྱི་ཐུགས་རྗེ་ཆེན་པོའི་དམ་ཚིག་གི་བྱེ་བྲག་དང། དོན་དམ་པའི་ཡེ་ཤེས་སྤྲོ་བ་དང་བསྡུ་བའི་བྱེ་བྲག་གོ་།ཕྱིའི་ཐུགས་རྗེ་ཆེན་པོའི་དམ་ཚིག་གི་བྱེ་བྲག་ནི། གནས་སྟོང་གསུམ་གྱི་སྟོང་ཆེན་པོ་མ་ལུས་པ་ཐམས་ཅད་མདུན་དུ་སྨོས་པའི
ཡེ་ཤེས་ཀྱི་རིན་པོ་ཆེ་ཚད་ཉུངས་ཀར་གྱི་འབྲུ་དང་མཉམ་པ་དེ་དང་གཉིས་སུ་མེད་པ་ཡིན་པར་བསམ་མོ། །གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ན་གནས་པའི་ལྷ་དང་མི་ལ་སོགས་པ་འགྲོ་བ་སེམས་ཅན་དུ་མི་?
པ་ཨ་ཐམས་ཅད་ཡེ་ཤེས་ཀྱི་རིན་པོ་ཆེ་ཡུངས་ཀར་གྱི་འབྲུ་དང་མཉམ་པ་དེའི་ནང་དུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་གྲངས་མེད་པ་ཚད་རྡུལ་ཕྲ་མོ་དང་མཉམ་པའི་སྐུ་ཕྱག་རྒྱའི
ངོ་བོ་ཉིད་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པ་ཆ་ལུགས་ཕུན་སུམ་ཚོགས་པ་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བ་དང་ལྡན་པ་གནས་ནས་སྤྲོ་བ་དང་བསྡུ་བའི་ཚུལ་སྒྲུབ་པ་པོས་བསྒོམ་པར་བྱ་བར་གསུངས་སོ། དོན་དམ
པ་ཨའི་ཡེ་ཤེས་སྤྲོ་བ་དང་བསྡུ་བའི་བྱེ་བྲག་ནི་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་རིན་པོ་ཆེ་ཡུངས་ཀར་གྱི་འབྲུ་དང་ཚད་མཉམ་པ་དེའི་ནང་དངོས་པོ་མེད་པ་ནམ་མཁའ་བཞིན་དུ་སྟོང་པ་ཆོས་ཀྱི་སྐུ་མི་གཡོ་བ་ཀུན་ལ་ཁྱབ་ནས་གནས་པ་ཡེ་ཤེས
ཀྱི་རིན་པོ་ཆེ་དེ་ནི་མི་འགྲོ་བ་ཡིན་ནོ། །གཞན་ཡང་ཡེ་ཤེས་ཀྱི་རིན་པོ་ཆེ་ཡུངས་ཀར་གྱི་འབྲུ་དང་མཉམ་པ་དེའི་ནང་དུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པ་ལྔའི་བྱེ་བྲག་གི་ས་བོན་སྔགས་ཀྱི་ཡིག་འབྲུ་ཉིད
ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་ཡེ་ཤེས་ཀྱི་ཁ་དོག་དང་ལྡན་པ་སྐར་མ་ལྟ་བུ་འབར་བ་བསམ་མོ། །ས་བོན་སྔགས་ཀྱི་ཡིག་འབྲུ་དེ་དག་ལས་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བ་དང་བསྡུ་བར་བྱའོ། །བཤད་པར
བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་ཚད་རྡུལ་ཕྲ་མོ་དང་མཉམ་པ། ཉིད་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པ་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ། དཀྱིལ་འཁོར་གྱི་སྐབས་སུ་ཅི་ལྟར་བསྟན་པ་དང་ལྡན་པ
ཚུལ་དེ་ལྟ་བུ་སྒོམ་པར་བྱའོ། །དེ་ལྟར་མདོར་བསྡུས་པ་འགྲོ་དང་མི་འགྲོ་ཡུངས་ཀར་གྱི་དོན་དུ་གསུངས་སོ། །གསང་བའི་སྔགས་ཀྱིས་བརྟགས་པའི་ཞེས་པ་ནི་མདུན་དུ་བཤད་པའི་ཡེ་ཤེས་ཀྱི་རིན་པོ་ཆེ་ཡུངས་ཀར་གྱི
འབྲུ་ཚད་དང་མཉམ་པ་འགྲོ་བ་དང་མི་འགྲོ་བའི་སྤྲོ་པ་དང་བསྡུ་བའི་གནས་ཀྱི་ངོ་བོ་དེ་གསང་བའི་རྫས་ལས་གྱུར་པར་བྱ་སྟེ། སྒྲུབ་པ་པོས་དང་པོ་ཕྲ་མོ་སྦྱོར་བ་བརྩམ་པའི་དུས་སུ་འདོད་ཆགས་ཆེན་པོའི་སེམས་དགའ་བས
ཐབས་དང་ཤེས་རབ་རོལ་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་ཤེས་རབ་མའི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་སྟེ། དེ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་དེ་རིན་པོ་ཆེ་ཤེལ་ལྟར་ཤིན་ཏུ་དཀར་བ་དྲི་མ་མེད་པ་ཡུངས་ཀར
གྱི་འབྲུ་དང་མཉམ་པར་གྱུར་པར་བསམ་མོ། །དེ་ལྟར་གྱུར་པའི་འོག་ཏུ་བྱང་ཆུབ་སེམས་ཚད་ཡུངས་ཀར་གྱི་འབྲུ་དང་མཉམ་པ་གསང་བའི་རྫས་ཀྱི་ངོ་བོ་དེ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ
ཤེས་རྣམ་པ་ལྔ་དང་གཉིས་སུ་མེད་པའི་ཁ་དོག་དང་ལྡན་པའི་འོད་ཟེར་གྱི་ཕྲེང་བ་འཕྲོ་བར་བརྟག་གོ་། དེ་ལྟར་མདོར་བསྡུས་པ་གསང་བའི་ཡེ་ཤེས་ཀྱི་བརྟགས་པའི་དོན་དུ་གསུངས་སོ། །ཡེ་ཤེས་མཆོག་གི་གནས་བསྒོམ་ན་ཞེས
པ་ནི། ཡེ་ཤེས་ཀྱི་རིན་པོ་ཆེ་ཚད་ཡུངས་ཀར་གྱི་འབྲུ་དང་མཉམ་པ་མདུན་དུ་སྨོས་པའི་འགྲོ་དང་མི་འགྲོ་གཉིས་སུ་མེད་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་གི་དེ་བཞིན་གཤེགས་པ་བརྗོད་དུ
ཡོད་པ་བརྗོད་དུ་མེད་པའི་ཡེ་ཤེས་དང་གཉིས་སུ་མེད་པའི་གནས་ཀྱི་ངོ་བོ་ཡིན་ནོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྤྲོ་བ་དང་བསྡུ་བའི་སྐུ་ཕྱག་རྒྱའི་ཆོ་གེའི་ཚུལ་གྱི་གནས་སྒྲུབ་པ་པོ་རྣམས་ཀྱི་བླ་ན་མེད
པའི་བྱང་ཆུབ་ཀྱི་ལམ?་ཡིད་དུ་འོད་བའོ། །དེ་ལྟར་ཡིད་དུ་འོང་བའི་གནས་བསྒོམ་པའི་དོན་དུ་གསུངས་སོ།། །།ང་ནི་ཕྲ་མོའི་སྦྱོར་བ་མཉམ་པར་བྱས་པའི་འོག་ཏུ་དཀྱིལ་འཁོར་དྲུག་གི་དེ་བཞིན་གཤེགས་པའི
རིགས་ཀྱི་བྱེ་བྲག་སྤྲོ་བའི་བསྒོམ?་པ་སྦྱོར་བའི་དོན་བསྟན་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་སྐུའི་གནས་བསྒོམས་ཏེ། དེའི་སྟེང་དུ་གནས་བཞག་གོ་།ཧཱུཾ་?
ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པ་ནི་མདུན་དུ་ཕྲ་མོ་སྦྱོར་བ་བསྒོམ་པ་དང་པོར་ཅི་ལྟར་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །ཉི་མའི་དཀྱིལ་འཁོར་བསྒོམ་པར
བྱ་ཞེས་པ་ནི། སྒྲུབ་པ་པོས་དང་པོ་ཤེས་རབ་མ་འཁྱུད་པའི་སྦྱོར་བའི་ཚུལ་བྱ་སྟེ། དེའི་འོག་ཏུ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། ནམ་མཁའ་ཨི་དབྱིངས་སུ་མིང་བཏགས་པའི་དབུས་ཀྱི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ
ཧཱུཾ་ཁ་དོག་དམར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བསམ་སྟེ། ས་བོན་དེ་ལས་ཉི་མའི་དཀྱིལ་འཁོར་གྱི་གཟུགས་སུ་གྱུར་ཏེ། ཉི་མའི་དཀྱིལ་འཁོར་དེ་འབར་བའི་ཕྲེང་བའི་ཚུལ་དུ
འབར་བའོ། །དེ་ལྟར་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ་བའི་དོན་དུ་གསུངས་སོ། །སངས་རྒྱས་གཟུགས་ཀྱི་གནས་བསྒོམས་ཏེ་ཞེས་པ་ནི། མདུན་དུ་སྨོས་པའི་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག།
འབྲུ་ཧཱུཾ་རིན་པོ་ཆེ་ཨཻནྡྲ་ནཱི་ལའི་ཁ་དོག་ལྟ་བུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་གཟི་བརྗིད་ཀྱི་ཕུང་པོ་རབ་ཏུ་འབར་བསམ་སྟེ། དེ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་བའི་ས་བོན་དེ་ལས་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ
ཕྱག་རྒྱ་བསྐྱེད་བར་བྱ་སྟེ། སྐུ་ཕྱག་རྒྱའི་རིང་ཐུང་སྦོམ་ཕྲའི་ཆད་ནི་ནས་འབྲུ་འབྲིང་དང་མཉམ་པའོ། །ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར་འཁྱུད་ནས་སྦྱོར་བ་དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན
སུམ་ཚོགས་པ་ནི་མདུན་དུ་ཇི་ལྟར་སྨོས་པ་བཞིན་འདིར་སྦྱར་རོ། །དེ་ལྟར་སངས་རྒྱས་ཀྱི་གཟུགས་བསྐྱེད་མ་ཐག་སྒྲུབ་པ་པོས་གཉིས་སུ་མེད་པའི་ང་རྒྱལ་བསྒོམ་པར་བྱའོ། །བཤད་པར་བྱ་སྟེ། ཉིད་ཀྱི་གསང
པའི་ཐུགས་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་བསམས་ཏེ། དེའི་ཁ་དོག་དང་ཡེ་ཤེས་ནི་སྔ་མ་དང་མཐུན། །ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་པའི་ས་བོན་དེ་ལས་སྟོན
པ་རྡོ་རྗེ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་དང་ཚད་མཉམ་པའི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་སྤྲིན་བཞིན་དུ་ནམ་མཁའ་ཨི་དབྱིངས་ཀྱི་དབུས་ཀྱི་གནས་ཁྱབ་པར་སྤྲོས་ཏེ། ལྷ་དང་མི་ལ་སོགས་པ་སེམས་ཅན་མ
ལུས་པ་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ། །དེ་བྱིན་གྱིས་རླབས་མ་ཐག་ཏུ་ཕྱིན་ཅི་ལོག་གི་ཞེ་སྡང་བཅོམ་པར་འགྱུར་རོ། །དེ་ལྟར་བྱས་པའི་འོག་ཏུ་སྤྲོས་པའི་སྐུ་ཕྱག་རྒྱ་སྒྲུབ་པ་པོས་སྤྲོས་པའི་གནས་སུ་བསྡུ་བར་བྱའོ། །དེ་བསྡུས
ནས་མདུན་དུ་སྨོས་པའི་གདན་ཉི་མའི་དཀྱིལ་འཁོར་ལོ་གཉིས་སུ་མེད་པར་ཐིམ་ཏེ། འབར་བ་ཆེན་པོའི་དོན་དུ་གྱུར་རོ། །དེ་ལྟར་སངས་རྒྱས་གཟུགས་ནི་བསྒོམ་པར་བྱ་ཞེས་པའི་དོན་དུ་གསུངས་སོ། །དེའི་སྟེང་དུ་གནས་བཞག་གོ་ཞེས
པ་ནི་སྔོན་དུ་བཤད་པ་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་དང་གཉིས་སུ་མེད་པའི་ང་རྒྱལ་གྱི་ཏིང་ངེ་འཛིན་དུ་གནས་ཏེ། དེའི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། ཉི་མའི་དཀྱིལ་འཁོར་གདན་གྱི་ངོ་བོ་དེའི་སྟེང་དུ།
ཞེ་སྡང་རྡོ་རྗེའི་གདན་བསྐྱེད་པའི་སྔགས་ཀྱི་ས་བོན་ཡིག་འབྲུ་ཧཱུཾ་བསམ་སྟེ། ཁ་དོག་ནག་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འབར་བ་ཆེན་པོས་འབར་བའི་ངོ་བོ་དེ་ལས་ཁྲོ་བོའི་རྡོ་རྗེ་རྩེ་དགུའི་གཟུགས་སུ་གྱུར་ཏེ། ཁ་དོག
སྔགས་ཀྱི་ས་བོན་ཡིག་འབྲུ་ཧཱུཾ་དང་འདྲ་བའི་རྡོ་རྗེ་དེ་མེ་དུ་ད་བཞིན་དུ་རབ་ཏུ་འབར་བའོ། །བཤད་པར་བྱ་སྟེ། གདན་རྡོ་རྗེ་དེའི་བུམ་པའི་དབུས་སུ་སྔགས་ཀྱི་ས་བོན་ཡིག་འབྲུ་ཧཱུཾ་བསམས་ཏེ། ཁ་དོག་སྤྲིན་ནག་པོ་འདྲ་བ་མེ
ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འབར་བ་ཆེན་པོ་འབར་བ། ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་བའི་ས་བོན་ལས་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་དང་གཉིས་སུ་མེད་པའི་ངོ་བོའི་གཟུགས་འཇིགས
པ་ཆེན་པོར་བྱེད་པ་ཞེ་སྡང་རྡོ་རྗེའི་སྐུ་ཕྱག་རྒྱ་བསྐྱེད་དེ། དེའི་སྐུ་མདོག་སྒྲིན་ནག་པོ་ལྟ་བུར་རལ་པ་གྱེན་དུ་བརྫེས་པ། རབ་ཏུ་འབར་བ་ཞལ་གསུམ་པ། ཁྲོས་ཏེ་སྨིན་མའི་རླབས་བསྐྱོད་པ། མཆེ་བ་བསྣོལ་བ། ཕྱག
དྲུག་ཕྱག་མཚན་དྲུག་སྟེ། ཕྱག་གཡས་དང་པོན་ཁྲོ་བོའི་རྡོ་རྗེ་རྩེ་དགུ་འཛིན། ཕྱག་མཚན་ཕྱི་མ་ནི་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་དང་མཐུན་ནོ། །སྐུ་ལ་རྒྱན་གྱི་བྱེ་བྲག་སྣ་ཚོགས་ཀྱིས་བརྒྱན་པ། ཤེས་རབ
མ་ཡེ་ཤེས་ཀྱི་ལྷ་མོ་ཞེ་སྡང་དགའ་མ་དེ་ཡང་མཱ་མ་ཀཱི་དང་གཉིས་སུ་མེད་པ་འཇིགས་པར་བྱེད་པ་ཁྲོ་བོའི་གཟུགས་དང་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བ་དང་ལྡན་པའོ། །དེ་ལྟར་ཞེ་སྡང་རྡོ་རྗེའི་སྐུ་ཕྱག་རྒྱའི་གསང
བ་ཨའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་གྱིས་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་ལས་ཅི་ལྟར་ཞེ་སྡང་རྡོ་རྗེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལྟ་བུའི་སྐུ་ཕྱག
རྒྱ་ནམ་མཁའ་ཨི་དབྱིངས་སུ་ཁྱབ་པར་སྒྲོ་བས་བགེགས་ཀྱི་ཚོགས་མ་རུངས་པ་ཐམས་ཅད་བྱིན་གྱིས་བརླབས་ནས་བཅོམ་པར་འགྱུར་རོ། །དེ་ལྟར་བྱས་པའི་འོག་ཏུ་སྐུ་ཕྱག་རྒྱ་སྦྲིན་བཞིན་དུ་སྤྲོས་པ་དེ་སྒྲུབ་པ་པོས
?་ལ་གནས་སུ་བསྡུ་བར་བྱ་སྟེ། དེ་མ་ཐག་ཏུ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་གྱུར་རོ། །དེ་ལྟར་དེའི་སྡེད?་དུ་གནས་བཞག་གོ་ཞེས་པའི་དོན། །ཧཱུཾ་ནི་བྱེ་བྲག་རྣམ་པ་བཞིར་བསྟན་ཏེ། དང་པོ
སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་གདན་ཉི་མའི་དཀྱིལ་འཁོར་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་ལས་བསྐྱེད་པ་སྟེ་གཅིག་། དེའི་འོག་ཏུ་མི་བསྐྱོད་པ་རྡོ་རྗེ་འཛིན་ཉིད་ཀྱི་སྐུ་ཕྱག་རྒྱ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་ལས་བསྐྱེད་པ་དང་གཉིས་པ་ནི།
འོག་ཏུ་ཞེ་སྡང་རྡོ་རྗེའི་གདན་ཉི?་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་དགུ་ས་བོན་སྔགས་ཀྱི་ཡི་གེ་ཧཱུཾ་ལས་སྐྱེད་པ་དང་གསུམ། དེའི་འོག་ཏུ་ཞེ་སྡང་རྡོ་རྗེ་ཉིད་ཀྱི་སྐུ་ཕྱག་རྒྱ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་ལས་སྐྱེད་པ་དང་བཞིའོ། །དེ་ལྟར
ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་གི་དོན་བྱེ་བྲག་བཞིར་གསུངས་སོ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སྤྱན་གྱི་ཚུལ་དུ་སྦྱོར་བ་ལ། །རྡོ་རྗེ་པདྨ་དེ་ནས་བསྒོམ་ཞེས་བྱ་བའི་དོན
བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པ་ནི། སྔར་བྱེ་བྲག་གསུམ་དུ་བཤད་པ་དང་མཐུན་པར་སྦྱར་རོ། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་ནི། སྒྲུབ་པ་པོས་དང་པོ་སྐུའི་རིགས་ཀྱི་བྱེ་བྲག་གི་རིགས
ཀྱི་བུ་མོ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་ལོ་བཅུ་དྲུག་ལོན་པ་བླངས་ཏེ། དེ་སངས་རྒྱས་སྤྱན་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་ལ། དེའི་འོག་ཏུ་ཐབས་དང་ཤེས་རབ་འཁྱུད་པའི་སྦྱོར་པའི་ཚུལ་བྱས་ཏེ། དེ་མ
ཐག་ཏུ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས། ནམ་མཁའ་ཨི་དབྱིངས་སུ་མིང་བཏགས་པའི་དབུས་སུ་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་བསམས་ཏེ། ཁ་དོག་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་བཟླ་བ་སྟོང་དང
འདྲ?་བར་?་བརྗིད་ཀྱིས་འབར་བའི་ས་བོན་ལས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་གྱུར་ཏེ། ཟླ་བའི་དཀྱིལ་འཁོར་དེ་ནི་གཟི་བརྗིད་ཀྱི་འབར་བར་གྱུར་པའོ། །དེ་ལྟར་གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ་བའི་དོན་ནོ། །སྤྱན་གྱི
ཚུལ་དུ་སྦྱོར་བ་ལ་ཞེས་པ་ནི། གོང་དུ་སྨོས་པའི་གསལ་བའི་དཀྱིལ་འཁོར་དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་བསམ་སྟེ། ཁ་དོག་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་གཟི་བརྗིད་ཀྱི་ཕུང་པོ་རབ
ཏུ་འབར་བ་ཡེ་ཤེས་ཀྱི་ཞུ་བའི་ངོ་བོར་འོད་དུ་ཞུ་སྟེ། ས་བོན་དེ་ལས་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་གྱི་གཟུགས་དང་ལྡན་པར་བསྐྱེད་དེ། དེའི་སྐུ་ཕྱག་རྒྱའི་རིང་ཐུང་དང་སྦོམ་ཕྲའི་ཚད་ནི།
ཙ་ན་ཀའི་འབྲུ་དང་མཉམ་པའོ། །དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་མདུན་ན་ཇི་ལྟར་སྨོས་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་མ་ཐག་ཏུ་སྒྲུབ་པ་པོས་གཉིས་སུ་མེད
པའི་ང་རྒྱལ་དུ་བསྒོམ་པར་བྱའོ། །བཤད་པར་བྱ་སྟེ། དེ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་བསམ་སྟེ། དེ་ཡེ་ཤེས་དང་ཁ་དོག་ནི་མདུན་དུ་སྨོས་པ་དང་མཐུན།
ཡེ་ཤེས་ཀྱི་གཟི་བརྗིད་ཀྱིS་འབར་བས་འབར་ཏེ། ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་བའི་ས་བོན་ལས་ཅི་ལྟར་རྣམ་པར་སྣང་མཛད་ཉིད་ཀྱི་སྐུ་རྒྱའི་ཚད་དང་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐུ་ཕྱག་རྒྱ་སྤྲིན
བཞིན་དུ་ནམ་མཁའ་ཨི་དབྱིངས་ཐམས་ཅད་དུ་ཁྱབ་པར་སྤྲོས་ཏེ། ལྷ་དང་མི་ལ་སོགས་པ་སེམས་ཅན་མ་ལུས་པ་ཐམས་ཅད་བྱིན་གྱིས་བརླབ་པར་བྱ་སྟེ། བྱིན་གྱིས་བརླབས་པས་ཕྱིན་ཅི་ལོག་གི་གཏི་མུག་བཅོམ་པར
འགྱུར་རོ། །དེ་ལྟར་བྱས་པའི་འོག་ཏུ་སྤྲོས་པའི་སྐུ་ཕྱག་རྒྱ་རྣམས་སྤྲོས་པའི་གནས་སུ་བསྡུ་བར་བྱ་སྟེ། བསྡུས་མ་ཐག་ཏུ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་གྱུར་པར་བསམ་མོ། །དེ་ལྟར་སྤྱན
གྱི་ཚུལ་དུ་སྦྱོར་བའི་དོན་དུ་གསུངས་སོ། །རྡོ་རྗེ་པདྨ་བེ་ནས་བསྒོམ་ཞེས་པའི་དོན་སྔར་བཤད་པས་བཤད་མི་དགོས་སོ།། །།ནམ་མཁའ་དབྱིངས་ཀྱི་དབུས་གནS་པར། །རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །དང་པོའི་སྦྱོར་བ་ནན་ཏན
གྱིས་དེ་ཡི་སྟེང་དུ་ཡོངས་སུ་བསྒོམ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། ནམ་མཁའ་ཨི་དབྱིང་ཀྱི་དབུས་གནས་པ་ནི་སྔར་བཤད་པའི་བྱེ་བྲག་གསུམ་དང་མཐུན་པར་སྦྱར་རོ། །རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ
ནི་སྒྲུབ་པ་པོས་དང་པོ་རྡོ་རྗེའི་རིགས་ཀྱི་ཚུལ་དུ་ཁྲུས་མཁན་གྱི་བུ་མོ་བླང། ཡང་ན་རྒྱལ་རིགས་ཀྱི་བུ་མོ་ཡང་མི་འགལ་ཏེ། མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་ལོ་བཅུ་གཉིས་ལོན་པ། མཱ་མ་ཀཱིར་གཉིས་སུ་མེད་པར་བྱིན་གྱིས་བརླབས
པ་དེའི་འོག་ཏུ་ཐབས་དང་ཤེས་རབ་འཁྱུད་པའི་སྦྱོར་བའི་ཚུལ་བྱ་སྟེ་། དེ་མ་ཐག་ཏུ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། ནམ་མཁའ་ཨི་དབྱིངས་སུ་མིང་བཏགས་པའི་དབུས་ཀྱི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་སྭ་བསམ་སྟེ།
ཁ་དོག་སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉི་མ་སྟོང་དང་མཉམ་པར་གཟི་བརྗིད་ཀྱིས་འབར་བའི་འོད་དུ་བུ་བའི་ས་བོན་ལས་རིན་པོ་ཆེ་འཛམ་བུ་ནཱ་ད་ཟུར་བརྒྱད་པར་གྱུར་ཏེ། རིན་པོ་ཆེའི་དཀྱིལ་འཁོར་དེ་གཟི་བརྗིད་ཀྱིས་འབར་བས
འབར་པའོ། །དེ་ལྟར་རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ་བའི་དོན་དུ་གསུངས་སོ་།དང་པོའི་སྦྱོར་བ་ནན་ཏན་གྱིས་ཞེས་པ་ནི། མདུན་དུ་སྨོས་པའི་རིག་ཆེན་དཀྱིལ་འཁོར་གནས་གཞན་ཀྱི་ངོ་བོ་དེ་དང་པོའི་སྦྱོར་བ་དང་མཉམ་པར་ནན
ཏན་ཏུ་བསྒོམ་པར་བྱའོ། །བསྟན་པར་བྱ་སྟེ། སྔར་བཤད་པའི་དེ་བཞིན་གཤེགས་པ་རྣམ་པ་ལྔའི་རིགས་ཀྱི་བྱེ་བྲག་གི་ཕྲ་མོ་སྦྱོར་བ་བསྒོམ་པར་བྱ་བའི་གནས་ཀྱི་ངོ་བོ་ཡེ་ཤེས་ཀྱི་རིན་པོ་ཆེ་ཡུངས་ཀར་གྱི་འབྲུ་ཙམ་དེ་དང་པོ་སྦྱོར་བ་ཡིན
པར་བསྟན་ཏོ། །དེ་དང་ཚད་མཉམ་པར་རིན་ཆེན་འབྱུང་ལྡན་གྱི་གདན་རིན་ཆེན་དཀྱིལ་འཁོར་སྒྲུབ་པ་པོས་ནན་ཏན་ཏུ་བསྒོམ་པར་བྱའོ། །དེ་ལྟར་དང་པོའི་སྦྱོར་བ་ནན་ཏན་གྱི་དོན་དུ་གསུངས་སོ། །དེའི་སྟེང་དུ་ཡོངས་སུ་བསྒོམ
ཞེས་པ་ནི། དང་པོའི་སྦྱོར་བའི་ཚད་ཀྱི་རིན་པོ་ཆེ་འཛམ་བུ་ནཱ་དའི་དཀྱིལའཁོར་གདན་གྱི་ངོ་བོ་དེའི་སྟེང་གི་དབུས་ཀྱི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་སྭ་བསམ་སྟེ། ཁ་དོག་རིན་པོ་ཆེ་འཛམ་བུ་ནཱ་ད་ལྟར་སེར་བ་མཉམ་པ་ཉིད་ཀྱི་ཡེ
ཤེས་ཀྱི་ངོ་བོ་འབར་བ་ཆེན་པོས་འབར་བའི་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་བའི་ས་བོན་དེ་ལས་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་བསྐྱེདྡེ། དེའི་སྐུ་མདོག་རིན་པོ་ཆེ་འཛམ་བུ་ནཱ་ད་ལྟར་སེར་བ། སྐུ་ཕྱག་རྒྱའི་ཚད་རིང་ཐུང་སྦོམ
ཕྲིན་དང་པོའི་སྦྱོར་བར་མིང་བཏགས་པའི་ཡུངས་ཀར་གྱི་འབྲུ་དང་མཉམ་པའོ། །དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་ཚོགས་པ་ནི་སྔར་ཇི་ལྟར་བཤད་པ་བཞིན་འདིར་སྦྱར་རོ། །དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་བསྐྱེད
མ་ཐག་ཏུ་སྒྲུབ་པ་པོས་གཉིས་སུ་མེད་པར་བསྒོམ་པའི་ང་རྒྱལ་བྱའོ། །བསྟན་པར་བྱ་སྟེ། ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་སྭ་བསམ་ཏེ། དེ་ཡེ་ཤེས་དང་ཁ་དོག
ནི་སྔ་མ་དང་མཐུན་ནོ། །གཟི་བརྗིད་ཀྱི་འབར་བས་འབར་བ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་བའི་ས་བོན་དེ་ལས་རིན་ཆེན་འབྱུང་ལྡན་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆེད་དུ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐུ་ཕྱག་རྒྱ
སྦྱིན་བཞིན་དུ་ནམ་མཁའ་ཨི་དབྱིངས་ཀྱི་དབུས་ཀྱི་གནས་སུ་ཁྱབ་པར་སྤྲོས་ཏེ། ལྷ་དང་མི་ལ་སོགས་པ་སེམས་ཅན་མ་ལུས་པ་ཐམས་ཅད་བྱ་ནི་གྱིས་བརླབ་པར་བྱ་སྟེ། བྱིན་གྱིས་བརླབས་པས་ཕྱིན་ཅི་ལོག་གི་ང་རྒྱལ་བཅོམ་པར
འགྱུར་རོ། །དེ་ལྟར་བྱས་ནས་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྒྲོས་པ་སྒྲུབ་པ་པོས་སྤྲོས་པའི་གནས་སུ་བསྡུ་བར་བྱ་སྟེ། བསྡུས་མ་ཐག་ཏུ་ཡེ་ཤེས་སེམས་དཔའ་དད་གཉིས་སུ་མེད་པའི་ངོ་བོར་བསམ་མོ་།དེ་ལྟར་དེའི་སྟེང་དུ་ཡོངས་སུ་བསྒོམ་པའི
དོན་དུ་གསུངས་སོ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར། །པདྨའི་དཀྱིལ་འཁོར་བསྒོམ་པར་བྱ། །པདྨ་རཱ་གིའི་འོང་འདྲ་ག་།འདོད་ཆགས་རྡོ་རྗེ་བསྒོམ་པར་བྱ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ནམ་མཁའ་ཨི་དབྱིངས
ཀྱི་དབུས་གནས་པ་ནི་། མདུན་དུ་བྱེ་བྲག་གསུམ་དུ་བཤད་པ་དང་མཐུན་པར་སྦྱར་རོ། །པདྨའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་ནི། སྒྲུབ་པ་པོས་དང་པོ་པདྨའི་རིགས་ཀྱི་བྱེ་བྲག་གར་མཁན་གྱི་བུ་མོ་བླང་སྟེ། མཚན་དང་ཡོན་ཏན་ཐམས
ཅད་དང་ལྡན་པ་ལོ་ཉི་ཤུ་རྩ་ལྔ་ལོན་པ་ན་བཟའ་དཀར་མོར་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ། །དེའི་འོག་ཏུ་ཐབས་དང་ཤེས་རབ་སོ་སོར་འཁྱུད་པའི་སྦྱོར་བར་བྱ་སྟེ། དེ་མ་ཐག་ཏུ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར
ཏེ། ནམ་མཁའ་ཨི་དབྱིངས་སུ་མེད་བརྟགས་པའི་དབུས་ཀྱི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཨ་འམ། ཡང་ན་པཾ?་ཡང་མི་འགལ་ཏེ།། ཁ་དོག་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉི་མ་སྟོང་དང་མཉམ་པར་གཟི་བརྗིད
ཀྱིས་འབར་བར་བསམ་མོ། །དེ་འོང་དུ་ཞུ་བའི་ས་བོན་ལས་པདྨ་འདབ་མ་བརྒྱད་དམར་པོར་གྱུར་ཏེ་།པདྨའི་དཀྱིལ་འཁོར་དེ་ནི་གཟི་བརྗིད་ཀྱིས་འབར་པས་འབར་བའོ། །དེ་ལྟར་པདྨའི་དཀྱིལ་འཁོར་བསྒོམ་པའི་དོན་དུ་གསུངས་སོ
པདྨ་ར་གའི་འོད་འདྲ་བ་ཞེས་པ་ནི། རིན་པོ་ཆེ། པདྨ་རཱ་གའི་འོད་ཀྱི་ཁ་དོག་ཇི་ལྟ་བ་དེ་བཞིན་དུ་གདན་པདྨའི་དཀྱིལ་འཁོར་གྱི་ཁ་དོག་བསྟན་སྟེ། སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱའི་ཁ་དོག་ཀྱང་དེ་བཞིན་ནོ། །དེ་ལྟར་པདྨ་རཱ་གའི་འོད
འདྲ་བའི་དོན་དུ་གསུངས་སོ། །འདོད་ཆགས་ཆེན་པོ་བསྒོམ་པར་བྱ་ཞེས་པ་ནི་གདན་པདྨའི་དཀྱིལ་འཁོར་དེའི་སྟེང་དུ་འདོད་ཆགས་རྡོ་རྗེ་སྣང་བ་མཛའ་ཡས་བསྒོམ་པར་བྱའོ། །བཤད་པར་བྱ་སྟེ། ས་བོན
སྔགས་ཀྱི་ཡི་གེ་ཨ་བསམ་སྟེ། ཁ་དོག་པདྨ་རཱ་གའི་འོད་དང་འདྲ་བ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་འབར་བ་ཆེན་པོས་འབར་བ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་འོད་དུ་ཞུ་བའི་ས་བོན་དེ་ལས་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ
བསྐྱེད་དེ། དེའི་སྐུ་མདོག་ནི་ས་བོན་དང་མཐུན་ནོ། །སྐུ་ཕྱག་རྒྱའི་སྦོམ་ཕྲ་རིང་ཐུང་གི་ཚད་ནི། ཙ་ན་ཀའི་འབྲུ་ཙམ་མོ། །སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་མདུན་དུ་ཇི་ལྟར་བཤད་པ་དེ་བཞིན་དུ་སྦྱར་རོ། །དེ
ལྟར་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་བསྐྱེད་མ་ཐག་ཏུ་སྒྲུབ་པ་པོས་གཉིས་སུ་མེད་པའི་ང་རྒྱལ་བསྒོམ་པར་བྱའོ། །བཤད་པར་བྱ་སྟེ། ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་སྔགས་ཀྱི
ཡིག་འབྲུ་ཨ་བསམ་སྟེ། དེའི་ཁ་དོག་ནི་མདུན་དུ་སྨོས་པའོ། །ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་ཞིང་ཡེ་ཤེས་ཀྱི་ཁུ་བའི་ངོ་མཉམ་པ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐུ་ཕྱག་ཕྱག་རྒྱ་དང་ཚད་མཉམ་པ་ཆ
ལུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐུ་ཕྱག་རྒྱ་དང་ཆེད་མཉམ་པ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་ནམ་མཁའ་ཨི་དབྱིངས་སུ་སྤྲོ་བར་བྱ་སྟེ། དེའི་འོག་ཏུ་ལྷ་དང་མི་ལ་སོགས
པ་སེམས་ཅན་མ་ལུས་པ་ཐམས་ཅད་བྱིན་གྱིས་བརླབས་པར་བྱ་སྟེ། དེ་བྱིན་གྱིས་བརླབས་པས་ཕྱིན་ཅི་ལོག་གི་འདོད་ཆགས་བཅོམ་པར་འགྱུར་རོ། །དེ་ལྟར་བྱས་པའི་འོག་ཏུ་སྤྲིན་བཞིན་སྤྲོས་པའི་སྐུ་ཕྱག་རྒྱ་སྒྲུབ
པ་པོས་སྤྲོས་པའི་གནས་སུ་བསྡུ་བར་བྱའོ། །དེ་བསྡུས་མ་ཐག་ཏུ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་གྱུར་པར་བསམ་མོ། །དེ་ལྟར་འདོད་ཆགས་རྡོ་རྗེ་བསྒོམ་པར་བྱ་བའི་དོན་དུ་གསུངས་སོ། །ནམ་མཁའ་
དབྱིངས་ཀྱི་དབུས་གནས་པར། །འོད་ཟེར་དཀྱིལ་འཁོར་བསྒོམ་པར་བྱ། སངས་རྒྱས་ཚུལ་གྱི་ཞི་བ་སྦྲོ། །འཁོར་ཀྱང་ཁྱད་པར་དག་ཏུ་སྤྲོ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། ནམ་མཁའ་ཨི་དབྱིངས་ཀྱི་དབུས
གནས་པ་ནི་མདུན་དུ་སྨོས་པའི་བྱེ་བྲག་རྣམ་པ་གསུམ་འདིར་ཡང་སྦྱར་རོ། །འོད་ཟེར་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་ནི། སྒྲུབ་པ་པོས་དང་པོ་དམང་རིགས་ཀྱི་བུ་མོ་བླངས་ཏེ། མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ།
ལོ་བཅུ་གཉིས་དང་བཅུ་དྲུག་དང་ན་ཡི་ཤུ་རྩ་ལྔ་གང་ཡང་རུང་ལོན་པ་མི་འགལ་ཏེ། ལས་ཀྱི་རིགས་དོན་ཡོད་གྲུབ་པའོ། །ཤེས་རབ་དེ་དམ་ཚིག་སྒྲོན་མར་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་བྱ་སྟེ། དེའི་འོག་ཏུ་ཐབས་དང་ཤེས་རབ་འཁྱུད
པའི་སྦྱོར་བ་བྱའོ། །དེ་མ་ཐག་ཏུ་གསང་བའི་དཔའ་པོ་གཉིས་མཉམ་པར་སྦྱར་ནས་ནམ་མཁའ་ཨི་དབྱིངས་སུ་མིང་བཏགས་པའི་དབུས་ཀྱི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་བསམ་སྟེ། ཁ་དོག་རྣམ་པ་ལྔ་དང་ལྡན་པ་བྱ་བ་ནན་ཏན་གྱི་ཡེ་ཤེས
ཀྱི་ངོ་བོ་གཟི་བརྗིད་ཀྱི་ཁ་དོག་ལ་འབར་བས་འབར་བ་འོད་དུ་ཞུ་བའི་ས་བོན་དེ་ལས་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་འོད་ཟེར་གྱི་དཀྱིལ་འཁོར་གདན་གྱི་ངོ་བོར་གྱུར་རེ། །འོད་ཟེར་གྱི་དཀྱིལ་འཁོར་དེ་ཁ་དོག་རྣམ་པ་སྡའི?་གཟི་བརྗིད་ཀྱིས་འབར
བས་འབར་བའོ། །དེ་ལྟར་དཀྱིལ་འཁོར་བསྒོམ་པར་བྱ་བའི་དོན་དུ་གསུངས་སོ། །འོད་ཟེར་གྱི་དཀྱིལ་འཁོར་གདན་གྱི་ངོ་བོ་དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་བསམ་ཏེ། ཁ་དོག་ལྗང་ཁུ་རིན་པོ་ཆེ་བཻཌཱུརྱ་ལྟ་བུ་བྱ་བ་ནན་ཏན་གྱི་ཡེ
ཤེས་ཀྱི་ངོ་བོ་འབར་བ་ཆེན་པོས་འབར་ཞིང་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་བའི་ས་བོན་དེ་ལས་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ་མདོག་ནི་རིན་པོ་ཆེ་བཻཌཱུརྱའི་ཁ་དོག་ལྟ་བུ། དེའི་སྐུ་ཕྱག་རྒྱའི
རིང་ཐུང་སྦོམ་སྒྲའི?་ཚད་ནི་ནས་འབྲིང་པོ་དང་མཉམ་པའོ། །སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་མདུན་དུ་ཇི་ལྟར་སྨོས་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ལྟར་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་བསྐྱེད་མ་ཐག་ཏུ་སྒྲུབ་པ་པོས་གཉིས་སུ
མེད་པའི་ང་རྒྱལ་བསྒོམ་པར་བྱ་སྟེ། དེ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མི་བསྐྱོད་པ་རྡོ་རྗེ་འཛིན་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་སྔགས་ཀྱི་ས་བོན་ཡིག་འབྲུ་ལྔ་ཉིད་ཀྱི་ཁ་དོག་དང་ཡེ་ཤེས
དང་ལྡན་པ་བསམ་མོ། །ཧཱུཾ་ཨོཾ་ཨ་སྭ་ཧཱ། ས་བོན་སྔགས་ཀྱི་ཡིག་འབྲུ་དེ་རྣམས་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་འབར་བས་འབར་བ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་ནས་ས་བོན་དེ་ལྔ་ལས་མི་བསྐྱོད་བ་རྡོ་རྗེ་འཛིན་ལ
སོགས་པ་དེ་བཞིན་གཤེགས་པ་ལྔ་རིམ་པར་མདུན་དུ་སྨོས་པའི་སྐུ་ཕྱག་རྒྱའི་ཚད་དང་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐུ་ཕྱག་རྒྱ་སྦྱིན་བཞིན་དུ། མདུན་དུ་སྨོས་པའི་ནམ་མཁའ་ཨི་དབྱིངས་ཀྱི་དབུས་ཀྱི་གནས་སུ་ཁྱབ་པར
?་བར་བྱ་?་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་ལྟ་དང་མི་ལ་སོགས་པ་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ། །དེ་བྱིན་གྱིས་བརླབས་པས་ཕྱིན་ཅི་ལོག་གི་འཕྲ་དོག་བཅོམ་པར་འགྱུར་རོ། །དེ་ལྟར་བྱས་པའི
?་བྱིན་གྱིས་བརླབས་བའི་མཆོག་ཚུལ་བསྟན་པར་བྱ་སྟེ། མི་བསྐྱོད་པ་རྡོ་རྗེ་འཛིན་ལ་སོགས་པ་རྣམས་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེས། སེམས་ཅན་ཐམས་ཅད་དབྱིན་གྱིས་བརླབས་ནས་གཉིས་སུ་མེད་པར་བསྡུ་བར
བྱའོ། །དེའི་བྱེ་བྲག་སོ་སོར་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་འདོད་ཁམས་ཀྱི་ལྷ་མ་ལུས་པ་འཁོར་དང་བཅས་པ་ཐམས་ཅད་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས
སུ་མེད་པར་བསྡུ་བར་བསམ་མོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པས་གཟུགས་ཀྱི་ལྷམ་ལུས་པ་འཁོར་དང་བཅས་པ་ཐམས་ཅད་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ཕྱག་རྒྱལ་གཉིས་སུ
མེད་པར་བསྡུ་བར་བསམ་མོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པས་གཟུགས་མེད་པའི་ཁམས་ཀྱི་ལྷ་མ་ལུས་པ་ཐམས་ཅད་འཁོར་དང་བཅས་པ་བྱིན་གྱིས་བརླབས་ནས་ཉིད་ཀྱི
སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་བསམ་མོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པས་མིའི་རིགས་མ་ལུས་པ་ཐམས་ཅད་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ཕྱག་རྒྱ་ལ
གཉིས་སུ་མེད་པར་བསྡུ་བར་བསམ་མོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པས་གནོད་སྦྱིན་དང་སྲིན་པོ་དང་ལྷ་མ་ཡིན་དང་འབྱུང་པོ་ལ་སོགས་པ་སེམས་ཅན་གྱི་རིགས་ཇི་སྙེང་མ་ལུས
པ་ཐམས་ཅད་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ཕྱག?་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་བསམ་མོ། །དེ་ལྟར་བྱས་པའི་འོག་ཏུ་སྒྲུབ་པ་པོས་སྔར་སྤྲོས་པའི་གནས་སུ་རིམ་པ་མ་ནོར་བར་བསྡུ་བར་བྱའོ། །དེ་བསྡུས་མ་ཐག་ཏུ?་དེ་བཞིན་།
གཤེགས་པ་རྣམས་ཀྱི་སྐུ་ཕྱག་རྒྱ་སྦྲིན་ལྟ་བུ་མ་ལུས་པ་ཐམས་ཅད་གཉིས་སུ་མེད་པའི་ངོ་བོར་རིགས་ལྔའི་ཡེ་ཤེས་ལྔའི་ཁ་དོག་དང་ལྡན་པ་གཟི་བརྗིད་ཀྱི་གོང་བུ་ལྟ་བུར་གྱུར་པར་བསམ་མེ། །སངས་རྒྱས་ཚུལ་ནི་ཞི་བ་སྤྲོས་ཞེས་པ་ནི།
ས་གྲུབས་པོས་མདུན་དུ་སྨོས་པའི་དོན་ཡོད?་གྲུབ་པའི་སྐུ་ཕྱག་རྒྱར་གཉིས་སུ་མེད་པའི་ང་རྒྱལ་བསྒོམ་པའི་སྦྱོར་བས་གསང་བའི་ཐུགས་ཀའི་གནས་ནས་?་བསྐྱོད་པ་རྡོ་རྗེ་འཛིན་ལ་སོགས་པ་དེ་བཞིན་གཤེགས་པ
ལྡའི?་རིགས་ཀྱི་བྱེ་བྲག་གི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་ནས་སེམས་ཅན་བྱིན་གྱིས་བརླབས་པའི་འོག་ཏུ་སྤྲོས་པའི་གནས་སུ་བསྡུ་བར་མཛད་པས་ཞི་པའི་གནས་ཀྱི་ངོ་བོར་གྱུར་རོ། །དེ་ལྟར་སངས་རྒྱས་ཚུལ་ནི་ཞི་བ་སྤྲོ་བའི་དོན་དུ་གསང
སོ། །འཁོར་ཀྱང་ཁྱད་པར་དག་ཏུ་སྒྲོ་ཞེས་པ་ནི་སྒྲུབ་པ་པོས་དེ་བཞིན་གཤེགས་པ་ལྔའི་བྱེ་བྲག་གི་སྐུ་ཕྱག་རྒྱ་བསྡུས་པའི་འོག་ཏུ་གཟི་བརྗིད་ཀྱི་གོང་བུ་ལྟ་བུར་གྱུར་པ་དེའི་གནས་ནས་ཐུགས་ཀྱི་དཀྱིལ་འཁོར་དུ་སྨོས་པའི་དེ་བཞིན
གཤེགས་པ་རྡོ་རྗེ་མ་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་མ་གཏོགས་པ་འཁོར་རིགས་གསུམ་ལས་བྱུང་བ་ཐམས་ཅད་ཀྱི་སྐུ་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །དེ་ལྟར་འཁོར་ཀྱང་ཁྱད་པར་དུ་སྤྲོ་བའི
དོན་དུ་གསུངས་སོ། །དེ་ནས་སྤྲོ་བར་བྱ་བའི་ཆོ་གའི་ཚུལ་གྱི་དོན་དུ་བཤད་པར་བྱ་སྟེ། ཨཽཏཔལ་སྔོན་པོའི་འོད་འདྲ་བར། རྩེ་མོ་ལྔ་པ་ཁྱད་པར་དུ། ?་གནས་ཀྱི་འབྲུ་ཙམ་ནན་ཏན་གྱིས། །སྣའི་རྩེ་མོར་རྣམ་པར་བསམ། ཞེས
པའི་དོན་བཤད་པར་བྱ་སྟེ་། ཅི་ལྟར་ཡིན་ན། ཨཽཏཔ་ལ་སྔོན་པོའི་འོད་འདྲ་བ། རྩེ་མོ་ལྔ་པ་ཁྱད་པར་དུ་ནི། གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ན་ཡེ་ཤེས་ཀྱི་གཟི་བརྗིད་ཀྱི་གོང་བུའི་སྙིང་པོ་ནས་རྡོ་རྗེ
རྩེ་ལྔ་འཕྲོ་བར་སྒྲུབ་པ་པོས་སེམས་ཀྱིས་བསམ་མོ། །དེའི་ཁ་དོག་ཁྱད་པར་དུ་ཨཽཏཔལ་སྟོན་པོའི་འོད་ལྟ་བུར་སྨོས་ཏེ། རྡོ་རྗེ་དེའི་རིང་ཐུང་དང་སྦོམ་ཕྲའི་ཚད་ནི་ནས་འབྲིད་པོ་དང་མཉམ་པའོ། །དེ་ལྟ་བུའི་རྡོ་རྗེའི་སྤྲོས་མ
ཐག་ཏུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་ལ་སོགས་པ་རྡོ་རྗེའི་རིགས་བཞིའི་རིམ་པའི་ཉིད་ཉིད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུར་འགྱུར་པར་བསམ་མོ། །ཛྲི?་ཁཾ་མཱུཾ་ཤྐཾ། དེ་ལྟར་ས་བོན་སྔགས་ཀྱི་ཡིག་འབྲུ་སྐར་མ་བཞིན་དུ་ཉིད་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་?
པ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བའི་ས་བོན་སྔགས་ཀྱི་ཡིག་འབྲུ་ལས་རིམ་པ་བཞིན་དུ་སྐུ་ཕྱག་རྒྱ་བསྐྱེད་པར་བསམ་མོ། །བཤད་པར་བྱ་སྟེ། དང་པོ་སྔགས་ས་བོན་ཡིག་འབྲུ་ཛྲི་ལས་ཕྱག་ན་རྡོ་རྗེའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱ་སྟེ། དེའི
ཚད་ནི་མདུན་དུ་སྨོས་པ་ནས་ཀྱི་འབྲུ་དང་མཉམ་པའོ། །ཉིད་ཀྱི་ཤེས་རབ་མ་ལྷ་མོ་འཁྱུད་པའི་ཚུལ་གྱི་སྦྱོར་བ་དང་ལྡན་པའོ། །དེ་ལྟར་ཕྱག་ན་རྡོ་རྗེའི་སྐུ་ཕྱག་རྒྱ་སྤྲོས་པའི་འོག་ཏུ། སྔགས་ས་བོན་ཡིག་འབྲུ་ཁཾ་ལས་ནམ་མཁའ་ཨི་སྙིང་པོའི
སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །དེའི་ཚད་ནི་མདུན་དུ་སྨོས་པའི་ནས་ཀྱི་འབྲུ་དང་མཉམ་པ་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བའི་ཚུལ་གྱི་ལྡན་ནོ། །དེ་ལྟར་ནམ་མཁའ་ཨི་སྙིང་པོའི་སྐུ་ཕྱག་རྒྱ་སྤྲོས་པའི་འོག་ཏུ། སྔགས་ས་བོན་ཡིག
འབྲུ་མཱུཾ་ལས་?་དཔལ་གྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱ་སྟེ། དེའི་ཚད་ནི་མདུན་དུ་སྨོས་པའི་ནས་ཀྱི་འབྲུ་དང་མཉམ་པ། ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་ཚུལ་གྱི་སྦྱོར་པ་དང་ལྡན་ནོ། །དེ་ལྟར་འཇམ་དཔལ་གྱི་སྐུ་ཕྱག་རྒྱ་སྤྲོས?
པའི་འོག་ཏུ། སྔགས་ས་བོན་ཡིག?་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །དེའི་ཚད་ནི་མདུན་དུ་སྨོས་པའི་ནས་ཀྱི་འབྲུ་དང་མཉམ་པ་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་ཚུལ་གྱིས
སྦྱོར་བ་དང་ལྡན་པའོ། དེ་ལྟར་ཨཽཏཔ་ལ་སྔོན་པོའི་འོང་འདྲ་བ། །རྩེ་མོ་ལྔ་ཁྱད་པར་དུ་ཞེས་པའི་དོན་དུ་གསུངས་སོ། །ནས་ཀྱི་འབྲུ་ཙམ་ནན་ཏན་གྱིས། །སྣའི་རྩེ་མོར་རྣམ་པར་བསམ། ?་ཞེས་པའི་དོན་ནི་སྔར་བཤད་པས་འདིར
བཤད་མི་དགོས་སོ། །ཙ་ན་ཀའི་འབྲུ་ཙམ་ལ། །འདབ་མ་བརྒྱད་པ་གེ་སར་བཅས། །སྣའི་རྩེ་མོར་འདི་ཤེས་ཏེ། །བསྒོམས་པས་བྱང་ཆུབ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར
ཡིན་ན་། ཙ་ན་ཀའི་འབྲུ་ཙམ་ལ། འདབ་མ་བརྒྱད་པ་གེ་སར་བཅས་པ་ན། མདུན་དུ་སྨོས་པའི་ཚུལ་དུ་གསུང་གི་རིགས་ཀྱི་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་བསྒོམ་པར་བྱའོ། །བཤད་པར་བྱ་སྟེ། གསང་བའི
ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱི་གོང་བུའི་སྙིང་པོའི་ནང་ནས་སྒྲུབ་པ་པོS་པདྨ་འདབ་བརྒྱད་བྱུང་པར་སེམS་ཀྱིས་བསམ་མོ། །དེའི་ཁ་དོག་ནི་རིན་པོ་ཆེ་པདྨ་རཱ་ག་འདྲེབ། པདྨ་དེའི་རིང་ཐུང་སྦོམ་ཕྲའི་ཚད་ནི་ཙ་ན་ཀའི་འབྲུ་དང་མཉམ
པའོ། །པདྨ་དེ་སྤྲོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་ཉིད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་གཱཾ་དུ་གྱུར་པར་བསམ་མོ། །དེ་སྐར་མ་བཞིན་དུ་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ་ཉིད་ཀྱི་རིགས་ཀྱི་ཡེ
ཤེS་ཀྱི་གཟི་བརྗིད་འབར་བ་ལས་འཇིག་རྟེན་དབང་ཕྱུག་གི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་ཚུལ་གྱི་སྦྱོར་བ་དང་ལྡན་པའོ། །སྣའི་རྩེ་མོའི་འདི་ཤེས་ཏེ། བསྒོམས་པས་བྱང་ཆུབ་ཐོབ་པར
འགྱུར་ཞེས་པའི་དོན་ནི་མདུན་དུ་བཤད་པ་བཞིན་འདིར་སྦྱར་རོ། །གཞན་ཡང་བསྒོམས་པས་བྱང་ཆུབ་ཐོབ་པར་འགྱུར་བ་ནི། སྒྲུབ་པ་པོ་གང་བླ་ན་མེད་པའི་བྱང་ཆུབ་འདོད་པས་མདུན་དུ་སྨོས་པས་གནས་དང་གདན་ཕྲ
མོ་སྦྱོར་པའི་ངོ་བོ་སྐུ་ཕྱག་རྒྱ་སྤྲོ་བ་དང་བསྒོམ་པར་བྱའོ། །དེ་ལྟར་གསུང་གི་རིགས་ཀྱི་ཕྲ་མོའི་ཏིང་ངེ་འཛིན་ཏེ། དེ་ལྟར་འཇིག་རྟེན་དབང་ཕྱུག་གི་སྐུ་ཕྱག་རྒྱ་སྤྲོས་པའི་འོག་ཏུ་སྐུའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་
གསུམ་བསྒོམ་པའི་ཆོ་ག་བསྟན་པར་བྱ་སྟེ། འཁོར་ལོ་ལ་སོགས་ཁྱད་པར་དུ། བསྒོམ་པ་དེ་རི་ནི་བརྟག་པར་བྱ། །དངོས་གྲུབ་ཐམས་ཅད་ཡོན་ཏན་གནས། །བྱང་ཆུབ་གནས་མཆོག་ཡིད་འོང་འགྲུབ་ཅེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར
ཡིན་ན། འཁོར་ལོ་ལ་སོགས་ཁྱད་པར་དུ། བསྒོམ་པ་དེར་ནི་བརྟག་པར་བྱ་བ་ནི། སྔ་མ་བཞིན་དུ་སའི་སྙིང་པོ་དང། བྱམས་པ་དང། ཀུན་ཏུ་བཟང་པོ་བསྒོམ་པར་བྱའོ། །བཤད་པར་བྱ་སྟེ། གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི
གནས་ཀྱི་གཟི་བརྗིད་ཀྱི་གོང་བུ་སྙིང་པོའི་ནང་ནས་འཁོར་ལོ་རྩིབས་བརྒྱད་བྱུང་བར་སྒྲུབ་པ་པོས་སེམས་ཀྱིས་བསམ་མོ། །འཁོར་ལོ་དེ་བྱུང་མ་ཐག་ཏུ་སའི་སྙིང་པོ་ལ་སོགས་པ་སྐུའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་གསུམ་གྱི་རིམ་པའི
ཉིད་ཉིད་ཀྱི་ས་བོན་ཡིག་འབྲུར་གྱུར་པར་བསམ་མོ། །ཁྲི་མEེ?་སི། སྔགས་ཀྱི་ས་བོན་ཡིག་འབྲུ་དེ་རྣམས་སྐར་མ་བཞིན་དུ་ཉིད་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ། ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བའི་སྔགས་ས་བོན་ཡིག་འབྲུ་ལས
རིམ་པར་སྐུ་ཕྱག་རྒྱ་བསམ་མོ། །དང་པོ་སྔགས་ས་བོན་ཡིག་འབྲུ་ཁྲིམ་ལས་སའི་སྙིང་པོའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །དེའི་ཚང་ནི་རིང་ཐུང་སྦོམ་ཕྲོ་ནི་ཙན་ཀའི་འབྲུ་དང་མཉམ་པ། ཉིད་ཀྱི་ཤེས་རབ་མ་ལྷ་མོ་ལ་བྱུང
ལའི་ཚུལ་གྱི་སྦྱར་བ་?་ལྡན་ནོ། །དེ་ལྟར་སའི་སྙིང་པོའི་སྐུ་ཕྱག་རྒྱ་སྤྲོས་པའི་འོག་ཏུ་།སྔགས་ཀྱི་ས་བོན་ཡིག་འབྲུ་མེ་ལས་བྱམས་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །དེའི་ཚད་ནི་སྔ་མ་དང་མཐུན་ནོ། །ཉིད་ཀྱི
ཤེས་རབ་ལྷ་མོ་འཁྱུད་པའི་ཚུལ་གྱི་སྦྱོར་བ་དང་ལྡན་པའོ། །དེ་ལྟར་བྱམས་པའི་སྐུ་ཕྱག་རྒྱ་སྤྲོས་པའི་འོག་ཏུ་།སྔགས་ས་བོན་ཡིག་འབྲུ་སཾ་ལས་ཀུན་ཏུ་བཟང་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །དེའི་ཚད་ནི་སྔ་མ་དང་མཐུན་ནོ། །
ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་ཚུལ་གྱིས་སྦྱོར་བ་དང་ལྡན་པའོ། །གཞན་ཡང་འཁོར་ལོ་ལ་སོགས་ཁྱད་པར་དུ། བསྒོམ་པ་དེར་ནི་བརྟག་པར་བྱ་ཞེས་པའི་དོན་བྱེ་བྲག་དུ་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི
གནས་ནས་སུ་བསྒོམ་པའི་ཚུལ་གྱི་ཆོ་གའོ། བྱམས་པ་བསྒོམ་པའི་དུས་སུ་དང་པོ་ཀླུའི་མེ་ཏོག་བྱུང་བར་སེམས་ཀྱིས་བསམ། དེའི་ཁ་དོག་དཀར་པོ་ཅུང་ཟད་སེར་བ། རིང་ཐུང་སྦོམ་ཕྲའི་ཚད་ནི་ཙ་ན་ཀེའི་འབྲུ་དང་མཉམ་པའོ། །ཀླུའི་མེ་ཏོག
བྱུང་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་བྱམས་པ་ཉིད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུར་གྱུར་པར་བསམ་མོ། །མཻ་དེ་སྐར་མ་བཞིན་དུ་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བའི་སྔགས་ས་བོན་ཡིག
འབྲུ་ལས་བྱམས་པའི་སྐུ་ཕྱག་རྒྱ་སྤྲོར་བར་བྱའོ། །ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་ཚུལ་གྱིས་སྦྱོ་བ་དང་ལྡན་པའོ། །དེའི་འོག་ཏུ་མདུན་དུ་སྨོས་པའི་གནས་ནས་སུ་བསྒོམ་པའི་ཚུལ་གྱི་ཆོ་གས་ཀུན་ཏུ་བཟང་པོ་བསྒོམ་པའི
དུས་སུ་དང་པོ་པདྨ་དཀར་པོ་བྱུང་བར་སེམས་ཀྱིས་བསམ་མོ། །དེའི་ཚད་རིང་ཐུང་སྦོམ་ཕྲ་ནི་ཙ་ན་ཀ་དང་མཉམ་པའོ། །པདྨ་དེ་ཕྱུང་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཉིད་ཀྱི་སྔགས་ས་བོན་ཡིག་འབྲུར་གྱུར་པར
བསམ་མོ་། སཾ་དེ་སྐར་མ་བཞིན་དུ་ཉིད་ཀྱི་ཁ་དོག་དང་ལྡན་པ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བའི་སྔགས་ས་བོན་ཡིག་འབྲུ་ལས། ཀུན་ཏུ་བཟང་པོའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །ཉིད་ཀྱི་ཤེས་རབ་ལྷ་མོ
འཁྱད་པའི་ཚུལ་གྱིས་སྦྱོར་བ་དང་ལྡན་པའོ། །དེ་ལྟར་མདོར་བསྡུས་པ་འཁོར་ལོ་ལ་སོགས་པ་ཁྱད་པར་དུ། བསྒོམ་པ་དེར་ནི་བརྟག་པར་བྱ་བའི་དོན་དུ་གསུངས་སོ། །དངོས་གྲུབ་ཐམས་ཅད་ཡོན་ཏན་གནས་ཞེས་པ་ནི
ཞི་བ་ལ་སོགས་པ་དངོས་གྲུབ་ཇི་སྙེད་རྒྱུད་ཀྱི་ནང་ནས་སྨོས་པ་རྣམས་ཀྱི་ཡོན་ཏན་ཡེ་ཤེས་ཀྱི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་བསྟན་ཏེ། དེ་ནི་ཡོན་ཏན་གྱི་གནས་གྱི་ངོ་བོ་ཡིན་ནོ། །དེ་ལྟར་དངོས
གྲུབ་ཐམས་ཅད་ཡོན་ཏན་གནས་ཀྱི་དོན་དུ་གསུངས་སོ། །བྱང་ཆུབ་གནས་མཆོག་ཡིད་འོང་འགྲུབ་ཞེས་པ་ནི། སྒྲུབ་པ་པོས་མདུན་དུ་སྨོས་པའི་ཕྲ་མོ་སྦྱོར་བ་བསྒོམ་པར་བྱས་པས་བླ་ན་མེད་པའི་བྱང་ཆུབ་ཆོས་ཀྱི་སྐུ་དང་གཉིས་སུ
མེད་པའི་གནས་ཀྱི་ངོ་བོ་དེ་ནི་ཀུན་རྫོབ་ཐམས་ཅད་དང་དོན་དམ་པ་ལ་བདེ་བའི་སེམས་འགྲུབ་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་གནས་མཆོག་ཡིད་འོད་འགྲུབ་ཅེས་པའི་དོན་དུ་གསུངས་སོ། །གཞན་ཡང་རིགས་གསུམ་གྱི་བྱེ་བྲག་གི
ཁྱད་པར་གྱི་འཁོར་ཕུན་སུམ་ཚོགས་པ་ཁྲོ་བོའི་རྒྱལ་པོ་བཅུ་ཕྲ་མོ་སྦྱོར་བའི་བསྒོམ་པའི་ཆོ་ག་བསྟན་པར་བྱ་སྟེ། སྒྲུབ་པ་པོས་མདུན་དུ་སྨོས་པའི་གནས་ཡེ་ཤེས་ཀྱི་གཟི་བརྗིད་ཀྱི་གོང་བུའི་ནང་ནས་རྡོ་རྗེ་རྩེ་ལྔ་བྱུང་བར་སེམས་ཀྱིས
བསམ་མོ། །དེའི་ཚད་དང་ཁ་དོག་ནི་མདུན་དུ་བཤད་པའོ། །དེ་ལྟར་རྡོ་རྗེ་བྱུང་མ་ཐག་ཏུ་པྲཛྙཱ་ནྟ་ཀ་དང། བིགྷཱ་ཏ་ཀ་དང། ཊཀྐི་རཱ་ཛ་དང། ནཱ་ལ་དཎྜ་དང། མ་ཧཱ་པཱ་ལ་དང། ཨཱརྱ་ཨ་ཙ་ལ་དང། བཛྲ་ཧཱུཾ་ཀ་ར་དང། པདྨ་ཀུནཌ་ལི་དང།
དེ་ལྟར་ཁྲོ་བོའི་རྒྱལ་པོ་བརྒྱད་ནི་རྡོ་རྗེའི་རིགས་ཡིན་ནོ། །ཅི་ལྟར་སྨོས་པའི་རིམ་པ་བཞིན་དུ་ས་བོན་སྔགས་ཀྱིའི་ཡིག་འབྲུ་ཧཱུཾ་དུ་གྱུར་བར་བསམ་མོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། དེ་དག་ཐམས་ཅད་སྐར་མ་བཞིན་དུ་ཉིད་ཀྱི་རིགས་ཀྱི་ཁ་དོག
དང་ལྡན་པ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བའི་ས་བོན་སྔགས་ཀྱི་ཡིག་འབྲུ་ལས་ཁྲོ་བོའི་རྒྱལ་པོ་བརྒྱད་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །དེ་རྣམས་ཀྱི་ཆད་ནི་མདུན་དུ་སྨོས་པ་ནས་འབྲུ་འབྲིད་དང་མཉམ་པའོ། །ཉིད་ཉིད
གྱི་ཤེས་རབ་ལྷ་མོ་ཁྲོ་མོའི་དབང་ཕྱུག་མ་འཁྱུད་པའི་ཚུལ་གྱིས་སྦྱོར་བ་དང་ལྡན་པའོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་བརྒྱད་སྤྲོས་པའི་འོག་ཏུ། གསུང་གི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་པདམཱནྟ་ཀ་བསྒོམ
པའི་ཆོ་ག་བསྟན་པར་བྱ་སྟེ། སྒྲུབ་པ་པོས་སྔར་སྨོས་པའི་གནས། ཡེ་ཤེས་ཀྱི་གཟི་བརྗིད་ཀྱི་གོང་བུའི་ནང་ནས་པདྨ་འདབ་བརྒྱད་ཙ་ན་ཀ་ཙམ་བྱུང་བར་སེམས་ཀྱིས་བསམ་མོ། །དེ་ཁ་དོག་དམར་པོ་དེ་ལྟར་པདྨ་བྱུང་མ་ཐིག་ཏུ་ཁྲོ་བོའི
རྒྱལ་པོ་པདམཱནྟ་ཀ་སྔགས་ས་བོན་ཡིག་འབྲུ་ཧཱུཾ་དུ་གྱུར་པར་བསམ་མོ། །ཧཱུཾ་དེ་སྐར་མ་བཞིན་དུ་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བའི་སྔགས་ཀྱི་ས་བོན་ཡིག་འབྲུ་ལས་ཁྲོ་བོའི་རྒྱལ་པོ་པདམཱནྟ
ཀའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །དེའི་ཚད་ནི་མདུན་དུ་སྨོས?་པའི་ཙ་ན་ཀའི་འབྲུ་དང་མཉམ་པའོ། །ཉིད་ཀྱི་ཤེས་རབ་ལྷ་མོ་ཁྲོ་མོའི་དབང་ཕྱུག་མ་འཁྱུད་པའི་ཚུལ་གྱིས་སྦྱོར་བ་དང་ལྡན་པའོ། །དེ་ལྟར་གསུང་གི་རིགས་ཀྱི
ཁྲོ་བོའི་རྒྱལ་པོ་པདམཱནྟ་ཀའི་སྐུ་ཕྱག་རྒྱ་སྤྲོས་པའི་འོག་ཏུ། སྐུའི་རིགས་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀ་བསྒོམ་བར་བྱ་བའི་ཆོ་ག་བསྟན་པར་བྱ་སྟེ། སྒྲུབ་པ་པོས་མདུན་དུ་སྨོས་པའི་གནས་ཡེ་ཤེས་ཀྱི་གཟི་བརྗིད་ཀྱི་གོང་བུའི་སྙིང་པོའི
ནང་ནས་འཁོར་ལོ་རྩིབས་བརྒྱད་ཆེད་ཙན?་ཀའི་འབྲུ་ཙམ་ཁ་དོག་ནག་པོ་བྱུང་བར་སེམས་ཀྱིས་བསམ་མོ། །དེ་འཁོར་ལོ་བྱུང་མ་ཐག་ཏུ་སྐུའི་རིགས་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀའི་སྔགས་ས་བོན་ཡིག་འབྲུ་ཧཱུཾ་དུ་གྱུར་པར་བསམ་མོ།
ཧཱུཾ་དེ་སྐར་མ་བཞིན་དུ་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བའི་སྔགས་ཀྱི་ས་བོན་ཡིག་འབྲུ་དེ་ལས་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱའོ། །དེའི་ཚད་ནི་མདུན་དུ
སྨོས་པ་དང་མཉམ་པ་ཉིད་ཀྱི་ཤེས་རབ་ལྷ་མོ་ཁྲོ་མོའི་དབང་ཕྱུག་མ་དང་གཉིས་སུ་མེད་པར་འཁྱུད་པའི་ཚུལ་གྱི་སྦྱོར་བ་དང་ལྡན་པའོ། །དེ་ལྟར་མདོད་བསྡུས་པ་ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་ལ་སོགས་པ་ཐམས་ཅད་ཀྱི་ཞལ་དང།
ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་དང་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་ལེའུ་བཞི་པ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྐུ་ཕྱག་རྒྱ་སྤྲོས་པའི་དུས་སུ་སྨོས་པ་བཞིན་འདིར་སྦྱར་བར་བཤད་པར་བྱའོ། །དེ་ལྟར་ཕྲ་མོ་སྒོམ
པ་འཁོར་ཐམས་ཅད་ཀྱི་སྐུ་ཕྱག་རྒྱ་ལས་ཉིད་ཉིད་ཀྱི་རིགས་ཀྱི་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བྱ་བསྟན་པར་བྱ་སྟེ། སངས་རྒྱས་བྱང་ཆུབ་གནས་རྣམས་ནི། །རིམ་པ་བཞིན་དུ་སྤྲོ་བར་བྱ། །སྐུ་གསུང་ཐུགས་ཀྱི
མཚོན་པ་ཡི། །ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། སངས་རྒྱས་བྱང་ཆུབ་གནས་རྣམས་ནི། །བྱེ་བྲག་རྣམ་པ་གཉིས་སུ་དབྱེ་སྟེ། ནང་གི་ཡེ་ཤེས་གསང་བའི་བྱེ་བྲག་དང། དོན
དམ་པའི་འབྲས་བུའི་ངོ་བོ་བྱེ་བྲག་གོ་། དེའི་དོན་ནི་བྱེ་བྲག་གསལ་བར་བཤད་པར་བྱ་སྟེ། ནང་གི་ཡེ་ཤེས་གསང་བའི་བྱེ་བྲག་ནི། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་རིགས་གསུམ་གྱི་བྱེ་བྲག་གི་རིམ་པ་ཉིད
ཉིད་ཀྱི་འཁོར་ཀྱི་སྐུ་ཕྱག་རྒྱའི་གནས་ནས་སྤྲོད?་བའི་དུས་སུ་ཉིད་ཉིད་ཀྱི་སྐུ་ཕྱག་རྒྱའི་ངོ་བོ་ཡིན་པར་བསམ་མོ། །གསང་བ་ནི་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང
གཉིས་སུ་མེད་པར་འཁྱུད་པའི་ཚུལ་གྱིས་སྦྱོར་བ་དང་ལྡན་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ནི་ཉིད་ཀྱི་ཤེS་རབ་ཡེ་ཤེS་ཀྱི་ལྷ་མོ་ན་བཟའ་དཀར་མོ་དང་གཉིས་སུ་མེད་པར་འཁྱུད་པའི་ཚུལ་གྱི་སྦྲང?་བ་དང
ལྡན་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ནི་ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་གཉིས་སུ་མེད་པར་འཁྱུད་པའི་ཚུལ་གྱི་སྦྱོར་བ་དང་ལྡན་པའོ། །དེ་ལྟར་གཉིས
སུ་མེད་པའི་ངོ་བོ་གསང་བའི་མཆོད་པ་བྱས་པའི་ཚུལ་གྱིས་སངས་རྒྱས་བྱང་ཆུབ་བྱིན་གྱིས་བརླབས་ནས་གནས་པའོ། །དེ་ལྟར་ནང་གི་ཡེ་ཤེས་གསང་བའི་བྱེ་བྲག་གི་སངས་རྒྱས་བྱང་ཆུབ་གནས་རྣམས་ཀྱི་དོན་དུ་གསུངས་སོ། །
ད་ཨེ་ནས་དོན་དམ་པའི་འབྲས་བུའི་ངོ་བོ་ནི་སྒྲུབ་པ་པོས་མདུན་དུ་སྨོས་པའི་ཕྲ་མོའི་སྒོམ་པ་བྱས་པས་ཡེ་ཤེས་ལྔའི་འབྲས་བུ་གྲུབ་པའི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཆེན་པོ་སངས
རྒྱས་ཡིན་པར་སྨོས་ཏེ། དེའི་ངོ་བོ་སྟོང་པ་ནམ་མཁའ་བཞིན་ཀུན་ལ་ཁྱབ་ནས་གནས་པ་ཆོས་ཀྱི་སྐུ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ
རྣམས་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པའི་བདག་ཉིད་བྱང་ཆུབ་ཡིན་ཏེ། དེ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་གནས་པ་ཡིན་ཏེ། དེ་གཉིས་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས
གྲུབ་ཀྱི་འབྲས་བུའི་ངོ་བོའི་འབྱུང་བའི་གནས་སོ། །བཤད་པར་བྱ་སྟེ། སྒྲུབ་པ་པོས་ཕྲ་མོ་སྦྱོར་བ་བསྒོམས་པས་སྔོན་དུ་སྨོས་པའི་དོན་དམ་པའི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་དོན་དམ་པའི་འབྲས་བུའི་ངོ་བོ
སངས་རྒྱས་བྱང་ཆུབ་གནས་རྣམས་ཀྱི་དོན་དུ་གསུངས་སོ། །རིམ་པ་བཞིན་དུ་སྤྲོ་བར་བྱ་ཞེས་པྲ་ནི་མདུན་དུ་སྨོས་པའི་ཕྱག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ་ལ་སོགས་པ་རིགས་གསུམ་གྱི་བྱེ་བྲག་གི་འཁོར་གྱི་ངོ་བོ་སྐུ་ཕྱག་བརྒྱ
སྤྲིན་བཞིན་དུ་སྤྲོས་པ་དེ་རྣམས་ཀྱི་བ་སྤུའི་བུ་གའི་ལམ་ནས?་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་དེ་བཞིན་གཤེགས་པ་སྒྲུབ་པ་པོས་སྤྲོ་བར་བསམ་མོ། །དེ་ལྟར་རིམ་པ་བཞིན་དུ་སྤྲོ?་བར་བྱ་བའི་དོན་དུ་གསུངས་སོ། །དེ་ནས་ད་ནི་ཕྲ་མོ་སྦྱོར་བ་སྒོམ་པས་སྤྲོས་པ་དེ་དག་རིམ
པས་སྤྲོས་པའི་གནས་སུ་བསྡུ་བས་བསྟན་པར་བྱ་སྟེ། དང་པོ་ཕྱག་ན་རྡོ་རྗེའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེའི་གནས་སུ་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ། གཉིས་སུ་མེད
བའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ནམ་མཁའ་ཨི་སྙིང་པོའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེའི་གནས་སུ་སྤྲོ་བའི་ལམ་ནས་།དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ
པར་བསམ་མོ། །དེའི་འོག་ཏུ་འཇམ་དཔལ་གྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྒྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པར་བསྡུ་བར་བསམ་མོ། །དེའི་འོག་ཏུ
སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བཱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ
བའི་རྒྱལ་པོ་པྲཛྙཱནྟ་ཀའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ
པོའི་བིགྷྣཾ?་ཀའི་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྒྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་ཊིཀྐ་རཱ
ཛའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ
པོ་ནི་ལ་དཎྜའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོས་པའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྦྲིན་བཞིན་དུ་སྦྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་མ་ཧཱ
པ་ལའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྦྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་ཨརྱ་ཨ་ཙ་ལའི
སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་།དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ
རའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་པདྨ་ཀུཎྜ་ལིའི་སྐུ་ཕྱག
རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་གསུང་གི་རིགས་འཇིག་རྟེན་དབང་ཕྱུག
གི་སྐུ་ཕྱག་རྒྱའི་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་པདམཱནྟ་ཀའི
སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར?་བསྡུ་བར་བསམ་མོ། །དེའི་འོག་ཏུ་སྐུའི་རིགས་བསྡུ་བར་བྱ་སྟེ། དང་པོ་སའི་སྙིང་པོའི་སྐུ་ཕྱག
རྒྱ་སྤྲིན་ལྟ་བུ་དེ་གནས་སྦྲ་བའི་ལམ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་བྱམས་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་ང?་སྤྲོ་བའི་ལམ་ནས་དེ
བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྦྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཀུན་ཏུ་བཟང་པོའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ
རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་ཡ་མཱནྟའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་གནས་སྤྲོ་བའི་ལམ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང
མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་སྤྲོ་པ་དེ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེ་ལྟར་བསྡུ་བའི་ཆོ་ག་བྱས་པའི་འོག་ཏུ། གཞན་ཡང་བསྡུ་བའི་ཆོ་ག་གཉིས་པ་བསྟན་པར་བྱ་སྟེ། སྒབ་པ་པོས་དང་པོ་ཕྲ་མོའི་སྦྱོར་བ་བསྒོམ
པར་བྱ་བའི་དུས་སུ་ལྷ་དང་གཉིས་སུ་མེད་པའི་ངོ་བོར་བསྒོམས་པ་དེ་མ་གཏོགས་པ། ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་སྤྲོས་པ་དེ། དེའི་གནས་སུ་དང་པོ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་ཡེ་ཤེས
སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ནམ་མཁའ་ཨི་སྙིང་པོའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ། ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མ། །དེའི་འོག
ཏུ་འཇམ་དཔལ་གྱི་སྐུ་ཕྱག་རྒྱ་སྦྲིན་བཞིན་དུ་སྤྲོ་བ་དེ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྦྲོས་པ་དེ
ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་པྲཛྙནྟ?་ཀའི་སྐུ་ཕྱག་རྒྱ་སྤྲིན་བཞིན་སྤྲོས་པ་དེ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ
པོ་བིགྷྣཾ?་ཏ་ཀའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྦྲོས་པ་དེ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་ཊཀྐི་རཱ་ཛའི་ཕྱག་རྒྱ་སྦྱིན་བཞིན་སྤྲོས་པ་དེ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི
ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ནཱི་ལ་དཎྜའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་མ་ཧཱ་པ་ལའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས
པ་དེ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་ཨཱརྱ་ཨ་ཙ་ལའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་ཡེ་ཤེས་པ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི
འོག་ཏུ་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་པདྨ་ཀུཎྜ་ལའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས
པ་དེ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་འཇིག་རྟེན་དབང་ཕྱུག་གི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི
འོག་ཏུ་ཁྲོ་བོའི་རྒྱལ་པོ་པདྨནྟ་ཀའི་སྐུ་ཕྱག་རྒྱ་སྦྲིན་བཞིན་དུ་སྤྲོས་པ་དེ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པར་བསྡུ་བར་བསམ་མོ། །དེའི་འོག་ཏུ་སའི་སྙིང་པོའི་སྐུ་ཕྱག་རྒྱ་སྦྲིན་བཞིན་དུ་སྦྲོས་པ་དེ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི
ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་བྱམས་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཀུན་ཏུ་བཟང་པོའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་ཡེ་ཤེས
སེམས་པ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པ་དེ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེ་ལྟར་མདོར་བསྡུས
པ་ཕྲ་མོ་སྦྱོར་བ་བསྒོམ་པ་སྤྲོ་བ་དང་བསྡུ་བའི་དོན་དུ་ཤེས་པར་བྱའོ། །ང་ནི་སྔགས་ཀྱི་བཟླས་པ་བྱ་བའི་དོན་བསྟན་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱིས་མཚན་པ་ཡི། །ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད། ཅེས་པ་སྒྲུབ་པ་པོས་མདུན་དུ
སྨོས་པའི་ཕྲ་མོའི་སྦྱོར་བ་བསྒོམ་པ་སྤྲོ་བ་དང་བསྡུ་བ་བྱས་པའི་འོག་ཏུ། རང་གི་ལྷ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་པ་མི་བཏང་བར་སྔགས་ཀྱིས་བཟླས་པར་བྱའོ། །སྔགས་དེ་ནི་སྐུ་དང་གསུང་དང་ཐུགས་གསུམ་གྱི་ཡེ་ཤེས
ཀྱི་ངོ་བོ་གསང་བའི་ཆོས་ཐམས་ཅད་ཀྱི་སྔགས་ཀྱི་ཚིག་དུ་བསྟན་ཏེ། ཆོས་ཀྱི་དབྱེངས་ཀྱི་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་དང། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ནས་སྔགས་ཀྱི་བཟླས་པ་བྱ་བ་འདོན་གསལ་བར་བྱ་སྟེ།
དང་པོ་ཧཱུཾ་ཨོཾ་ཨཱ་སྭཱཧཱ། རྡོ་རྗེ་རིགས་ཀྱིའོ། ། ཧཱུཾ་ཨོཾ་སྭཱཧཱ། གསུང་གི་རིགས་ཀྱིའོ། །ོཾ་ཨཱ་ཥཱུཾ་སྭཱཧཱ། སྐུའི་རིགས་ཀྱིའོ། །སྭཱ་ཨོཾ་ཨཱ་ཧཱུཾ་ཧ་རིན་པོ་ཆེའི་རིགས་ཀྱིའོ། །ཧ་ཨོཾ་ཨཱ་ཧཱུཾ་སྭཱ། ལས་ཀྱི་རིགས་ཀྱིའོ། །ཧཱུཾ་ཛྲཱི?་ཕྱག
ན་རྡོ་རྗེའིའོ། །ཧཱུཾ་མུཾ་འཇམ་དཔལ་གྱིའོ། །ཧཱུཾ་ཤྐཾ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའིའོ། ། གཱཾ་འཇིག་རྟེན་དབང་ཕྱུག་གི་གོ། །ོཾ་ཁྲི་སའི་སྙིང་པོའིའོ། །ོཾ་མེ་བྱམས་པའིའོ། །ོཾ་ས། ཀུན་ཏུ་བཟང་པོའིའོ
ཁྲོ་བོའི་རྒྱལ་པོ་བཅུའི་ནི་སོ་སོའི་མཚན་བརྗོད་ཅིང་སྔགས་ཀྱི་ཡིག་འབྲུ་ཧཱུཾ་བརྗོད་པར་བྱའོ། །ཧཱུཾ?་དེ་ལྟར་མདོར་བསྡུས་པ་སྔགས་ཀྱི་བཟླས་པའི་བྱེ་བྲག་གོ་།དེ་ལྟར་སྐུ་གསུང་ཐུགས་ཀྱིས་མཚན་པ་ཡི། །ཆོས་ཀྱི་ཆག་རྣམས་རབ
ཏུ་བརྗོད་ཅེས་པའི་དོན་དུ་གསུངས་སོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། དེ་ཉིད་དོན་ཀུན་སྟོན་པ་པོ། །སྦྱོད་པ་ཐམས་ཅད་ཡང་དག་མཆོག་།གསང་བའི་དཾ་པ་བཤད་དུ་གསོལ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར
ཡིན་ན། དེ་ནས་ནི་ཕྲ་མོ་སྦྱོར་བའི་བསྒོམ་པ་དང་བཟླས་པ་བཤད་པའི་འོག་ཏུ། རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ཐམས་ཅད་ཀྱིས། སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ལ་གསང་བའི་དམ་བའི་དོན་བཤད་པའི་ཕྱིར
གསོལ་བ་བཏང་པའི་དོན་མཚན་པའོ། །དཔལ་ལྡན་རྡོ་རྗེ་འཛིན་ཞེས་པ་ནི་མདུན་དུ་ཇི་ལྟར་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ཉིད་དོན་ཀུན་སྟོན་པ་པོ་ཞེས་པ་ནི། རྒྱུད་འདིའི་ནང་ནས་བསྒྲུབ་པའི་དེ་ཁོ་ན་ཉིད་ཇི་སྙེད་པ
རྣམས་སྟོན་པ་ནི་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ཡིན། དེ་ལྟར་དེ་ཉིད་དོན་ཀུན་སྟོན་པ་པོའི་དོན་དུ་གསུངས་སོ། །སྤྱོད་པ་ཐམས་ཅད་ཞེས་པ་ནི། ལེའུ་ལྔ་པ་ལས་ཇི་ལྟར་བཤད་པའི་དོན་དང་འདིར་སྦྱར་རོ། །ཡང་དག
མཆོག་ཞེས་པ་ནི། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས། དེའི་ཕྱིར་གསང་སྔགས་ཀྱི་སྤྱོད་པ་ཐམས་ཅད་སྒྲུབ་པ་པོས་སྤྱོད་པར་བྱེད་པ་ནི་མཆོག
ཡིན་ནོ། །དེ་ལྟར་ཡང་དག་མཆོག་གི་དོན་དུ་གསུངས་སོ། །གསང་བའི་དམ་པ་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་འདོད་ཆགས་ཀྱི་ཐུགས་དགྱེས་པས་འདོད
པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པར་ཐབས་དང་ཤེས་རབ་རོལ་པ་མཛད་པས་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་སྟེ། ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་དང་གཉིས་སུ་མེད་པའི་ངོ་བོ་སྟེ། དེའི་ཕྱིར་དམ་པའོ
དེ་ལྟར་མདོར་བསྡུས་པ་གསང་བའི་དམ་པའི་དོན་དུ་གསུངས་ས། །བཤད་དུ་གསོལ་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །གཟུགས་དང་སྒྲ་དང་རོར་ལྡན་པར། །ཤེས་རབ་ཅན་གྱིས་ཟླ་དྲུག་བསྒོམ། །གསང
བའི་དེ་ཉིད་མཆོག་ཆེན་གྱི། །ལེགས་པར་མཆོད་ཅིང་བསྒོམ་པར་བྱ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། གཟུགས་སྒྲ་དྲི་དང་རོར་ལྡན་པས་ནི། བསྒོམ་པ་བྱ་བའི་དུས་སུ་འདོད་པའི་ལོངས་སྤྱོད་ལྔ
Fདང་ལྡན་པར་བྱའོ། །དེ་ཡང་བྱེ་བྲག་རྣམ་པ་གཉིས་ཏེ། ཕྱི་དང་ནང་ངོ། ཕྱི་ནི་མེ་ལོང་ལ་སོགས་པ་སེམས་དགའ་བར་བྱེད་པའི་གཟུགས་ཐམས་ཅད་དང། དེ་བཞིན་དུ་དགུ་པོ་རྒྱུད་མདས་ལ་སོགས་པའི་རྔའི་སྒྲ་ཐམས
ཅད་དང། དེ་བཞིན་དུ་ག་བུར་དང། ཙན་དན་དང། གུར་ཀུམ་ལ་སོགས་པ་དྲིའི་རྫས་ཐམས་ཅད་དང། དེ་བཞིན་དུ་དངང?་བ་དང། སྐྱུར་བ་དང། ཚ་བ་ལ་སོགས་པའི་དྲུག་དང་ལྡན་པའི་བཟའ་བ་དང་བཏུད་བའི
བྱེ་བྲག་སྣ་ཚོགས་དང། དེ་བཞིན་དུ་ལྷའི་ནམ་བཟའ་ཀ་ཤི་ལིང་ཀ་ལ་སོགས་པ། ནམ་བཟའ་ཨི་བྱེ་བྲག་ཕུན་སུམ་ཚོགས་པ་དེ་དག་སྒྲུབ་པ་པོས་རང་དགའ་བའི་ལྟ་སྒོམ་ཞིང་ཕྱིའི་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་བྱ
བར་གསུངས་སོ། །དེ་ནས་ནང་གི་ནི་སྒྲུབ་པ་པོས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་?་གནས་ནས། ལེའུ་གསུམ་པ་ནས་བྱུང་བའི་ཚུལ་དུ། འདོད་པའི་ཡོན་ཏན་རྣམ་པ་ལྔའི་ངོ་བོའི་ལྷ་མོ།
ལ་སྤྲིན་བཞིན་དུ་སྤྲོ་བར་བྱ་སྟེ། དེ་རྣམས་ཀྱིས་རང་རང་གི་མཆོད་པའི་རྫས་ཀྱི་ངོ་བོ་ཕྱག་གཉིས་ན་བསྣམས་པའོ། །དེས་སྤྲོ་བར་བྱེད་མཁན་སྒྲུབ་པ་པོས་རང་དགའ་བའི་ལྷ་དང་གཉིས་སུ་མེད་པ་མཆོད་པར་བྱེད་པར་བསམ་མོ།།
དེ་ལྟར་ནང་གི་འདོད་པའི་ཡོན་ཏན་རྣམ་པ་ལྔའི་ལོངས་སྤྱོད་ཡིན་ནོ། །དེ་ལྟར་གཟུགས་སྒྲ་དྲི་དང་རོར?་ལྡན་པའི་དོན་དུ་གསུངས་སོ། །ཤེས་རབ་ཅན་གྱི་ཟླ་དྲུག་བསྒོམ། ཞེས་པ་ནི་ཕྱིའི་དབེན་པ་ཆེན་པོ་དང་དུར་ཁྲོད་ལ
སོགས་པ་མི་མེད་པའི་གསང་བའི་གནས་གང་ཡང་རུང་བར། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྒྲུབ་པ་ཆེན་པོ་བྱ་བའི་ཕྱིར་རྣམ་པར་རྟོགས་པ་སྦངས་པའི་སེམས་བརྟན་པ་ཆེན་པོས་ཟླ་བ་དྲུག་བསྒོམས་ན
འགྲུབ་པར་འགྱུར་ན། ལོ་མང་པོ་ལྟ་ཅི་སྨོས་སོ། །བཤད་པར་བྱ་སྟེ། དེ་ལྟར་བསྒོམ་པ་ཤེས་རབ་ཅན་གྱིས་བྱ་སྟེ། ཤེས་རབ་ཅན་ནི་ཕྱི་ནང་གི་ཆོས་ཐམས་ཅད་ཐོས་པ་ཤེས་པའོ། །གཞན་ཡང་གླུ་དང་ག
དང་?་ཐམས་ཅད་ཤེས་པའོ། །གཞན་ཡང་ཁྱད་པར་དུ་གསང་སྔགས་ཀྱི་རྒྱུད་ནས་འབྱུང་བའི་དཀྱིལ་འཁོར་གྱི་ལས་དང། གཏོར་མ་དང། རང་དགའ་བའི་ལྟ་བསྒོམ་པ་དང་བཟླས་པ་ལ་སོགས་པའི་མིན
ངག་རྡོ་རྗེ་སློབ་དཔོན་གྱིས་ཅི་ལྟར་བསྟན་པ་ཀུན་སེམས་ཀྱིས་བཟུང་ནས་མི་བརྗེད་པའོ། །དེ་ལྟ་བུའི་ཡོན་ཏན་གྱིས་ཤེས་རབ་ཅན་ཏེ། དེས་རང་དགའ་བ་?་ལྟ་སྒྲུབ་པའི་བསྒོམ་པ་བྱ་སྟེ། དེ་ལྟར་ཤེས་རབ་ཅན་གྱིས
ཟླ་དྲུག་བསྒོམ་བའི་དོན་དུ་གསུངས་སོ། །གསང་བའི་དེ་ཉིད་མཆོད་ཆེན་གྱིས་ཞེས་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པར་རྡོ་རྗེ་དང་པདྨ་མཉམ་བར་སྦྱོར་བ་ནི། གསང་བ་ཡིན་ཏེ། ཚུལ་དེ་ལྟར་འདོད་ཆགས་ཆེན་པོ་སེམས་དགའ་བས
རོལ་བ་བྱ་སྟེ། དེ་ལྟར་མཆོད་པའི་ངོ་བོ་མཆོད་པ་ཆེན་པོ་དེ་ནི། ཕྱི་ནང་གི་མཆོད་པ་ཐམས་ཅད་ཀྱི་ནང་ན། དགའ་བ་དང་བདེ་བས་བླ་ན་མེད་པའི་འབྲས་བུ་བྱེད་པ་ཡིན་ནོ། །བསྟན་པར་བྱ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་རོལ
པ་བྱས་ནས་བདེ་བར་གྱུར་བས་བྱང་ཆུབ་སེམས་འོད་དུ་ཞུ་བ་དེ་ནི་གསང་བའི་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་ནོ། །དེ་ལྟར་གསང་བའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོའི་དོན་དུ་གསུངས་སོ། །ལེགས་པར་མཆོད་ཅིང་བསྒོམ་པར་བྱ་ཞེས་པ་ནི
མདུན་དུ་སྨོས་པའི་གསང་བའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒྲུབ་པ་པོ་རང་དགའ་བའི་ལྷ་གང་ཡང་རུང་བ་དེ་མཆོད་པར་འགྱུར་བར་བསྒོམ་མོ། །བཤད་པར་བྱ་སྟེ། མཆོད་པར་བྱེད
མཁན་དང། མཆོད་པའི་བདེ་བ་དང། མཆོད་པའི་གནས་དང། གསུམ་དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་ཡིན་ནོ། །དེ་ཡང་མཆོད་པ་བྱེད་མཁན་ནི་སྒྲུབ་པ་པོ་ཤེས་རབ་མ་དང་གཉིས་སུ་མེད་པར་ལྡན་པའོ། །མཆོད
པའི་བདེ་བ་ནི་མཆོད་པ་བྱེད་མཁན་གྱིས་མཆོད་པ་བྱས་ནས། བྱང་ཆུབ་སེམས་འོད་དུ་ཞུ་བའི་དུས་སུ་བདེ་བར་གྱུར་པའོ། །མཆོད་པའི་གནས་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒྲུབ་བ་པོ་ཉིད་དགའ་བའི་ལྟ?་གང
ཡང་རུང་བ་དང། མདུན་དུ་སྨོས་པའི་གསང་བའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོ་བྱས་པའི་དུས་སུ་གཉིས་སུ་མེད་པའི་ཆེ་བའི་ང་རྒྱལ་དུ་བསྒོམས་བས་མཆོད་པར་འགྱུར་རོ། །ཚུལ་དེ་ལྟར་མཆོད་པ་བྱེད་མཁན་དང། མཆོད
པའི་བདེ་བ་དང། མཆོད་པའི་གནས་དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་ཡིན་ནོ། །དེ་ལྟར་ལེགས་པར་མཆོད་ཅིང་བསྒོམ་པར་བྱ་བའི་དོན་དུ་གསུངས་སོ། །དངོས་གྲུབ་འབྲས་བུ་འདོད་པ་ཡིས། ཟས
སུ་བཤད་གཅི་ཟོས་ནས་ནི། །བྱང་ཆུབ་སེམས་ནི་སྐྱོན་མེད་པ། །ཡང་དག་བླ་མེད་འགྲུབ་བར་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། དངོས་གྲུབ་འབྲས་བུ་འདོད་པ་ཡིས། །སྒྲུབ་པ་པོ་དངོས་གྲུབ་ཀྱི་འབྲས
བུ་འདོད་པས་འོག་ནས་བྱུང་བའི་བདུད་རྩི་རྣམ་པ་ལྔ་བཟའ་བར་བྱའོ། །དེ་ལྟར་དངོས་གྲུབ་འབྲས་བུ་འདོད་པ་ཡིད་ཀྱི་དོན་ནོ། །ཟས་སུ་གཤད་གཅི་ཟོས་ན་ནི་ཞེས་པ། སྒྲུབ་པ་པོས་མདུན་དུ་སྨོས་པའི་གསང་བའི་དེ་ཁོ་ན་ཉིད་ཀྱི
མཆོད་པ་ཆེན་པོས་རང་དགའ་བའི་ལྷ་དང་གཉིས་སུ་མེད་པར་མཆོད་པ་དང་བསྒོམ་པ་བྱ་བའི་དུས་སུ་ཉིན་མཚན་དུ་ལན་གསུམ་གསུམ་དམ་བཅའ་སྟེ། དུས་རྟག་ཏུ་རང་གི་གཟུགས་ཀྱི་ཕུང་པོ་ལས་བྱུང་ཞིང་བཤད
ཅི་ལ་སོགས་པ་བདུད་རྩི་རྣམ་པ་ལྔ་རྒྱུད་ནས་ཅི་ལྟར་འབྱུང་བ་བཞིན་དུ་སྔགས་ཀྱིས་བྱིན་གྱིས་བརླབས་ཅིང་བཟའ་བར་བྱའོ། །དེ་ལྟར་ཟས་སུ་བཤད་ཅི་ཟོས་ནས་སུ་ཞེས་པའི་དོན་ནོ། །ད་ནི་དངོས་གྲུབ་ཀྱི་འབྲས་བུ་བསྟན
པར་སྟེ། བྱང་ཆུབ་སེམས་ནི་སྐྱོན་མེད་པ་ཞེས་པ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་གཉིས་སུ་མེད་པའི་ངོ་བོ་དོན་དམ་པ་བྱང་ཆུབ་སེམས
མ་སྐྱེས་པ་སྟོང་པ་ནམ་མཁའ་ལྟ་བུས་ཀུན་ལ་ཁྱབ་ནས་གནས་པ་དེ་ནི། ཡེ་ཤེས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་འབྲས་བུ་འབྱུང་བ་ཆོས་ཀྱི་སྐུ་ཡིན་ཏེ། དེ་གྲུབ་པའི་འོག་ཏུ་མི་འགྱུར་བ་བརྟན་པ་ངེས་པའོ། །དེ་ལྟར་བྱང་ཆུབ
སེམས་ནི་སྐྱོན་མེད་པའི་དོན་དུ་གསུངས་སོ། །ཡང་དག་བླ་མེད་འགྲུབ་པར་འགྱུར་ཞེས་པ་ནི། མདོར་བསྡུ་བ་བསྒོམ་པ་དང་མཆོད་པ་བྱ་ཞིང་བདུད་རྩི་རྣམ་པ་ལྔ་བཟའ་སྟེ། དགེ་བའི་ལས་དེའི་ས་བོན་གྱིས་དཔལ་རྡོ་རྗེ་སེམས་དཔའ་ལ
སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ངོ་བོ་ནི་བླ་ན་མེད་པའི་དེ་ཁོ་ན་ཉིད་ཡིན་པས་དེ་འགྲུབ་པར་འགྱུར་རོ། །དེ་ལྟར་ཡང་དག་བླ་མེད་འགྲུབ་པར་འགྱུར་བའི་དོན་དུ་གསུངས་སོ། །ཟས
སུ་ཤ་རྣམས་ཟ་བ་ཡང། །ཤ་ཆེན་དག་ནི་རབ་བརྟགས་ན། །དངོས་གྲུབ་ཐམས་ཅད་འགྲུབ་པ་ཡི། །སྐུ་དང་གསུང་ཐུགས་འགྲུབ་པར་འགྱུར། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། ཟས་སུ་ཤ་རྣམས་རྦབ?
ཡང། ཤ་ཆེན་དག་ན་རབ་བརྟགས་ན་ཞེས་པ་ནི། སྒྲུབ་པ་པས་དུས་རྟག་ཏུ་ཤ་ཆེན་རྒྱུད་ནས་འབྱུང་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བའོ། །གལ་ཏེ་ཤ་ཆེན་མ་རྙེད་ན་ཕྱིའི་ཤ་ཀུན་ཟ་བའི་དུས་སུ་ཤ་ཆེན
ཡིན་པར་རབ་ཏུ་བརྟག་པར་བྱའོ། །དངོས་གྲུབ་ཐམས་ཅད་འགྲུབ་པའི་ཞེས་པ་གོང་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ནི་ཉན་ཐོས་དང་རང་སངས་རྒྱས་དང། ཕྱིའི་ཏི་ཏི་ཀ་རྣམས་ཀྱིས་མ
རྟོགས་པ་མཐོང་བས་གསང་བའི། །བཤད་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་གསང་བ་དེ་གྲུབ་པའི་འོག་ཏུ་རྒྱུད་ནས་འབྱུང་བའི་དངོས་གྲུབ་ཐམས་ཅད་མ་བསྒྲུབས་པར་འགྲུབ་པར་འགྱུར་རོ། །ཅིའི་ཕྱིར་མ་བསྒྲུབས་པར
འགྲུབ་ཅེ་ན། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པར?་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པ་དེ་ནི་དོན་དམ་པོ་དངོས་གྲུབ་ཐམས་ཅད་ཀྱི་ངོ་བོ་ཡིན་ཏེ། དེའི་ཕྱིར་སྐུ་དང་གསུང་དང
ཐུགས་གྲུབ་པའི་འོག་ཏུ་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བར་བསྟན་ཏོ། །དེ་ལྟར་དངོས་གྲུབ་ཐམས་ཅད་གསང་བའི་དོན་དུ་གསུངས་སོ། །སྐུ་དང་གསུང་ཐུགས་འགྲུབ་པར་འགྱུར་ཞེས
པ་ནི་སྔར་སྨོས་པའི་རབ་ཏུ་བརྟགས་ན་ཤ་བཟའ་བའི་ཆོག་བྱས་པས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པའི་ངོ་བོར་བསྒྲུབ་པར་འགྲུབ་པར་འགྱུར་བར་བསྟན་ཏོ།
གླང་པོའི་ཤ་དང་རྟའི་ཤ། ཁྱི་ཤ་བ་ལང་དམ་པ་སྟེ། ཟས་ཀྱི་ཕྱིར་ནི་བཟའ་བར་བྱ། །ཟས་གཞན་དག་ནི་མ་ཟོས་ན། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། གླང་པོ་ཆེའི་ཤ་ལ་སོགས་པ་ཤ་བཞི
གོང་དུ་སྨོས་པའི་ཤ་ཆེན་དང་བཅས་པ་སྒྲུབ་པ་པོས་བཟའ་བར་བྱ་བར་གསུངས་སོ། །ཟས་ཀྱི་ཕྱིར་ནི་བཟའ་བར་བྱ་ཞེས་པ་དེ་ལྟར་ཤ་ལྔ་ནི་དམ་རྫས་ཀྱི་ངོ་བོ་བདུད་ཙི་ཡིན་ནོ། །གཞན་ཡང་འདི་ནི་བླ་ན་མེད་པའི
དངོས་གྲུབ་ཀྱི་འབྲས་བུ་བྱེད་པའི་ས་བོན་ཡིན་པས་དེའི་ཕྱིར་བཟའ་བ་ཡིན་ནོ། །བསྟན་པར་བྱ་སྟེ། སྒྲུབ་པ་པོས་ཕྱིའི་བཟའ་བའི་བྱེ་བྲག་ཅི་ཟ་བ་ཐམས་ཅད་ཤ་རྣམ་པ་ལྔ་དང་གཉིས་སུ་མེད་པའི་ངོ་བོར་བརྟགས་ནས་བརྒལ?
བར་བྱའོ། །དེ་ལྟར་?་ཀྱི་ཕྱིར་ནི་བཟའ་བྱའི་དོན་དུ་གསུངས་སོ། །ཟས་གཞན་དག་ནི་མ་ཟོས་ན་ཞེས་པ་སྒྲུབ་པའི་འབྲས་བུའི་ཕྱིར་མ་གཏོགས་པ་ཕྱིའི་ཤ་རྣམ་པ་ལྔ་གལ་ཏེ་ཞིམ་པའི་ཆགས་པས་ཟ་ན་དེའི་སྐྱོན་གྱིས་སོ་སྡིག་པ་ཆེན
པོར་འགྱུར་རོ། །གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱིས། ཉིད་ཀྱི་འབྲེལ་པ་ལས་ཤ་རྣམ་པ་ལྔ་ཟོས་བྲས་དངོས་གྲུབ་གྱི་འབྲས་བུར་འགྱུར་བའི་དོན་བཤད་པའི་སྒྲ་འདིར་དྲངས་པ། ཤ་ལྔ་ཟོས་པས་དང་པོ
མངོན་པར་ཤེས་པ་ལྔའི་དངོས་གྲུབ་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །དེའི་དོན་གསལ་བར་བཤད་པར་བྱ་སྟེ། ཤ་ཆེན་ཟོས་པས་ལྟའི་མིག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གླང་པོ་ཆའི་ཤ་ཟོས་པས་ལྟའི་?
དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་རྟ་ཤ་ཟོས་པས་ལྷའི་རོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཁྱི་ཤ་ཟོས་པས་ལྷའི་དྲིའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་བཞེན་དུ་བ་ལང་གི་ཤ་ཟོས་པས་ལྟའི་རིག་གི་དངོས
གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་མདོར་སྡུ་བ་ཤ་རྣམ་པ་ལྔ་ཟོས་ནས་དངོས་གྲུབ་ཀྱི་འབྲས་བུ་དང་པོ་འགྲུབ་པར་ཤེས་པར་བྱའོ། །གཞན་ཡང་ཤ་རྣམ་པ་ལྔ་ཟོས་པས་དངོས་གྲུབ་ཀྱི་འབྲས་བུ་ཁྱད་པར་ཅན་གཉིས་པ་འགྲུབ
པ་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་བློ་ཅན་དང། སངས་རྒྱས་རྣམས་ནི་མཉེས་པར་འགྱུར། །འདོད་ཁམས་འཇིག་རྟེན་དབང་ཕྱུག་དང། ལས་ཀྱི་གོ་འཕང་ཐོབ་པར་འགྱུར། ཞེས་བྱ་བའི་དོན་བཤད་པར
བྱ་སྟེ། ཅི་ལྟར་ཡིན་ན། བྱང་ཆུབ་སེམས་དཔའ་བློ་ཅན་ནི། སྒྲུབ་པ་པོ་ལ་འོག་ནས་ཅི་ལྟར་འབྱུང་བའི་སངས་རྒྱས་མཉེས་པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལྔ་མཉེས་པར་འགྱུར་རོ། །དེའི་བྱེ་བྲག་གསལ
བར་བསྟན་པར་བྱ་སྟེ། སའི་སྙིང་པོས་བྱིན་གྱིས་བརླབས་པས་གོང་དུ་སྨོས་པའི་ལྷའི་མིག་ཐོག་པར་འགྱུར་རོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབས་པས་ལྷའི་རྣ་བ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན
དབང་ཕྱུག་གིས་བྱིན་གྱིས་བརླབས་པས་ལྷའི?་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ནམ་མཁའ་ཨི་སྙིང་པོས་བྱིན་གྱིས་བརླབས་པས་ལྟའི་རྣ་བ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བྱིན་གྱིས
བརླབས་པས་ལྷའི་ལུས་ཐོབ་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་?་ཅན་གྱི་དོན་དུ་གསུངས་སོ། །སངས་རྒྱས་རྣམས་ནི་མཉེས་དཔའ་?་འགྱུར་ཞེས་ལ་མི་གྲུབ?་པའོ?་སྟོན་པ་མི་བསྐྱོད་པ་རྡོ་རྗེ
འཛིན་ལ་སོགས་པ་སངས་རྒྱས་ལྔ་མཉེས་པར་འགྱུར་རོ། །དེའི་དོན་བྱེ་བྲག་གསལ་བར་བསྟན་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱིས་ཆོས་ཀྱི་དབྱངས་ཀྱི་ཡེ་ཤེས་ཀྱི་བྱིན་གྱིས་རློབ་སྟེ། དེས་བྱིན་གྱིས་བརླབས་མ་ཐག
ཏུ་ཕྱིན་ཅི་ལོག་གི་གཏི་མུག་གི་དབང་གིས་སྡིག་པ་བྱས་པ་བཅོམ་པར་འགྱུར་རོ། །དེ་བཞིན་དུ་སྟོན་པ་མི་བསྐྱོད་རྡོ་རྗེ་འཛིན་གྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་སྟེ། དེས་བྱིན་གྱིས་བརླབས་མ་ཐག་ཏུ་ཕྱིན
ཅི་ལོག་གི་ཞེ་སྡང་གི་དབང་གིས་སྡིག་པ་བྱས་བ་བཅོམ་པར་འགྱུར་རོ། །དེ་བཞིན་དུ་སྣང་བ་མཛའ་ཡས་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བྱིན་གྱིས་བརློབ་སྟེ། དེས་བྱིན་གྱིས་བརླབས་མ་ཐག་ཏུ་ཕྱིན་ཅི་ལོག
གི་འདོད་ཆགས་ཀྱི་དབང་གིས་སྡིག་པ་བྱས་པ་བཅོམ་པར་འགྱུར་རོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བྱིན་གྱི་རློབ་སྟེ། དེས་བྱིན་གྱིས་བརླབས་མ་ཐག་ཏུ་ཕྱིན་ཅི་ལོག་གི
ང་རྒྱལ་གྱིས་དབང་གིས་སྡིག་པ་བྱས་པ་བཅོམ་པར་འགྱུར་རོ། །དེ་བཞིན་དུ་དོན་ཡོད་གྲུབ་པས་བྱ་བ་ནན་ཏན་གྱིས་ཡེ་ཤེས་ཀྱིས་བྱིན་གྱིས་རླབ་སྟེ། དེ་བྱིན་གྱིས་བརླབས་མ་ཐག་ཏུ་ཕྱིན་ཅི་ལོག་གི་ཕྲག
ཏོག?་གི་དབང་གིས་སྡིག་པ་བྱས་པ་བཅོམ་པར་འགྱུར་རོ། །དེ་ལྟར་མདོར་བསྡུས་སངས་རྒྱས་ལྔས་བྱིན་གྱིས་བརླབས་པའི་འོག་ཏུ་བསྒྲུབ་པ་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོར་འགྱུར་རོ། །དེ་ལྟར་སངས
རྒྱས་རྣམས་ནི་མཉེས་པར་འགྱུར་པའི་དོན་དུ་གསུངས་སོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པར་མཛད་པའི་འབྲས་བུའི་དོན་བསྟན་པར་བྱ་སྟེ། འདོད་ཁམས་འཇིག་རྟེན་དབང་ཕྱུག
དང་ཞེས་པ་གོང་དུ་སྨོས་པའི་སྒྲུབ་པ་བྱེད་པ་སྒྲུབ་པ་པོ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འདོད་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱིS་དབང་ཕྱུག་བདག་པོ་གཅིག་པོ་སྟེ། དེའི་དུས་སུ
དེ་དེར?་མཉམ་པ་མེད་པའོ། །དེ་ལྟར་འདོད་ཁམས་འཇིག་རྟེན་དབང་ཕྱུག་གི་དོན་དུ་གསུངས་སོ། །ཡས་གྱི་གོ་འཕང་ཐོབ་པར་འགྱུར་ཞེས་པ། དབང་ཕྱུག་བདག་པོའི་ངོ་བོའི་འབྲས་བུ་ཐོབ་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་ལ་སོཌ
པ་སེམས་ཅན་ཐམས་ཅད་ཅི་ལྟར་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང། ཀུན་ཏུ་བཟང་པོ་དང། འཇམ་དཔལ་དང། འཇིག་རྟེན་དབང་ཕྱུག་དང། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཉིད་ཉིད་ཀྱི
ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་བསྒྱིངས་པའི་བྱེ་བྲག་སྣ་ཚོགས་ཀྱིས་བྲན་བཞིན་དུ་འདུལ་བར་མཛད་པ་དེ་བཞིན་དུ་ནུས་པར་འགྱུར་རོ། །དེ་ལྟར་མདོར་བསྡུ་པ་ལས་ཀྱི་རིགས་ཀྱི་གོ་འཕང་ཐོབ་པར་འགྱུར་བའི་དོན་དུ་གསུངས་སོ། །
གཞན་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བའི་དོན་བསྟན་པར་བྱ་སྟེ། གཙོ་བོ་གཟི་ཆེན་སྟོབས་དང་ལྡན། །འོད་ཟངས་མཐོང་ན་ཡིད་དུ་འོང། །མཐོང་བཙམ་གྱི་བསྐུལ་བ་ཡི། །
འཇིག་རྟེན་འདི་དག་དབང་དུ་འགྱུར། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན། གཙོ་བོ་གཟི་ཆེན་སྟོབས་དང་ལྡན་ནི་།མདུན་དུ་སྨོས་པའི་འདོད་པ་ཁཾས་ཀྱི་འཇིག་རྟེན་གྱི་དབང་ཕྱུག་ཐོབ་མ་ཐག་ཏུ་བརྒྱ་བྱིན་ལ
སོགས་པ་འཇིག་རྟེན་གྱི་ལྷ་མ་ལུས་པ་ཐམས་ཅད་ཀྱི་གཟི་བརྗིད་གཅིག་ཏུ་བསྡུས་པ་བས་ཁྱད་པར་དུ་འཕགས་པའི་གཟི་བརྗིད་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་ཡེ་ཤེས་ཀྱི་སྟོབས་དང་ལྡན་པར
འགྱུར་རོ། །དེ་བཞིན་དུ་བླ་ན་མེད་པའི་ཤེས་རབ་དང་ལྡན་པར་འགྱུར་རོ། །དེ་ལྟར་གཙོ་བོ་གཟི་ཆེན་སྟོབས་དང་ལྡན་པའི་དོན་དུ་གསུངས་སོ། །འོད་བཟང་མཐོང་ན་ཡིད་དུ་འོང་ཞེས་པ་ནི་མདུན་དུ་སྨོས་པའི་སྟོང་གསུམ་གྱི
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམS་ཐམས་ཅད་ཀྱི་ཉི་མའི་འོད་ཟེར་གྱི་སྣང་བ་གཅིག་ཏུ་བསྡུས་པ་བས་ཁྱད་པར་དུ་འཕགས་པའི་མདངས་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་ཅི་ལྟར་བུད་མེད་རིན་པོ་ཆེ་དང། ཡིད་བཞིན
གྱི་ནོར་བུ་རིན་པོ་ཆེ་དང། དཔག?་བསམ་གྱི་ཤིང་སེམས་ཅན་ཐམས་ཅད་ཀྱི་མཐོང་ན་ཡིད་དུ་འོང་བ་དེ་ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོན་བར་འགྱུར་རོ། །དེ་ལྟར་མདངས་བཟངས་མཐོང་ན་ཡིད
དུ་འོང་བའི་དོན་དུ་གསུངས་སོ། །མཐོང་བ་ཙམ་གྱིས་བསྐུལ་བ་ཡིས་ཞེས་པ་ནི། མདོར་བསྡུས་པ་སྟོང་གསུམ་གྱི་སྟོང་ཆེན་པོ་ན་གནས་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས་མཐོང་མ་ཐག་ཏུ།
ཅི་ལྟར་རང་གི་བྲན་དང་བྲན་མོ་དང། ཕོ་ཉ་དང་ཕོ་ཉ་མོ་དང། ཕྱག་བརྙན་དང། །ཕྱག་བརྙན་མོ་བཞིན་དུ་ལས་ཐམས་ཅད་བྱེད་པར་བསྐུལ་བར་འགྱུར་རོ། །དེ་ལྟར་མཐོང་བ་ཙམ་གྱིས་བསྐུལ་བའི་དོན་དུ
གསུངས་སོ། །གཞན་ཡང་གོང་དུ་བཤད་པ་དེ་འཕགས་པ་ན་གརྫུ?་ནས་འགེལ་པ་མཛད་པའི་དོན་འདིར་སྒྲ་དྲངས་པ། །སྒྲུབ་པ་པོས་གྲུབ་པའི་འབྲས་བུ་ཐོབ་མ་ཐག་ཏུ་ཅི་ལྟར་བྱང་ཆུབ་སེམས་དཔའ་ཀུན།
ཏུ་བཟང་པོས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་དང་ལྡན་པ་དེ་དང་གཉིས་སུ་མེད་པའི་ངོ་བོར་ལྡན་པར་འགྱུར་རོ། །གཞན་ཡང་ཅི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་མཐུའི་སྟོབས་ཀྱི
ངོ་བོ་ཕྱག་ན་རྡོ་རྗེ་དང་གཉིས་སུ་མེད་པའི་ངོ་བོར་ལྡན་པར་འགྱུར་རོ། །གཞན་ཡང་ཅི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་ཤེས་རབ་ཀྱི་ངོ་བོ་འཇམ་དཔལ། ཚངས་པ་དང་ཁྱབ་འཇུག
དང། ?་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་དང་མིའི་ཕ་རོལ་གྱི་རྒོལ་བ་ཐམས་ཅད་འཕམ་པར་མཛད་པའི་མཆོག་དེ་དང་གཉིས་སུ་མེད་པའི་ངོ་བོར་ལྡན་པར་འགྱུར་རོ། །གཞན་ཡང་ཅི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན
གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་འོད་ཀྱི་སྣང་པའི་ངོ་བོ་བྱམས་པ་མ་རིགས་པའི་སྡིག་པའི་མུན་པ་འཇོམས་པར་མཛད་པ་དེ་དང་གཉིས་སུ་མེད་པའི་ངོ་བོར་ལྡན་པར་འགྱུར་རོ། །གཞན་ཡང་དཔལ་རྡོ་རྗེ་སེམས་དཔའ་
ལ་ཨ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ངོ་བོ་འཇིག་རྟེན་དབང་ཕྱུག་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་བསྐུལ་ནས་དགའ་བ་བསྐྱེད་ནས་དབང་དུ་གྱུར་པ་དེ་དང་གཉིས་སུ་མེད་པའི་ངོ་བོར་ལྡན
པར་འགྱུར་རོ། །དེ་ལྟར་མདོར་བསྡུ?་སྒྲུབ་པ་པོ་གྲུབ་པའི་འོག་ཏུ་བསོད་ནམས། དང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པར་ཤེས་པར་བྱའོ། །འཇིག་རྟེན་འདི་དག་དབང་དུ་འགྱུར་ཞེས་པའི་དོན་ནི་གོང་དེར་བཤད་པས་བཤད་མི
དགོས?་སོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་དམ་པ་བྱང་ཆུབ་སྟེ། དེ་ཉིད་སྔགས་ཀྱི་གསང་བ་འདི་ལུས་ངག་སེམས་ལས་འདས་པའོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། འདི་ནི་སངས་རྒྱས
ཐམས་ཅད་ཀྱི། གསང་བ་ནི་བདུད་རྩི་རྣམ་པ་ལྔ་དང་ཤ་རྣམ་པ་ལྔ་སྟེ། དེ་ལྟར་དེ་མརྫས?་བཅུ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་འོག་མ་པ་ལ་མི་བརྟན་པའི་ཕྱིར་གསང་བ
ཡིན་ཏེ། །དེ་ལྟར་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་དོན་དུ་གསུངས་སོ། །དམ་པ་བྱང་ཆུབ་ཞེས་པ་ནི་དམ་རྫས་བཅུ་སྒྲུབ་པའི་འོག་ཏུ་བྱང་ཆུབ་དམ་པ་ཐོབ་པར་འགྱུར་རེ། །དེ་ལྟར་བྱང་ཆུབ་དམ་པའི་དོན་དུ་གསུངས་སོ། །དེ་ཉིད
ས་ངགས་ཀྱི་གསང་བ་འདི་ཞེས་པ་ནི་མདུན་དུ་སྨོས་པ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་དམ་རྫས་བཅུ་དེ་བསྒྲུབ་པར་བྱ་བའི་དུས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་གི་སྔགས་ཀྱིས་ས་བོན་ཡིག
འབྲུ་ཅི་ལྟར་སྨོས་པའི་ཆོ?་གས་བྱིན་གྱི་བརླབས་ནས་བཟའ་པའི་སྦྱོར་པས་བསྒྲུབ་པར་བྱ་སྟེ། མདུན་དུ་སྨོས་པའི་འབྲས་བུ་མ་གྲུབ་ཀྱི་བར་དུ། ཐེག་པ་འོག་མ་པ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་གསང་ཞིང་བསྒྲུབ་པར་བྱའོ། །གཞན
ཡང་སངས་རྒྱས་ཐམས་ཅད་ཀྱི་སྔགས་ཀྱི་ས་བོན་ཡིག་འབྲུ་དངོས་གྲུབ་ཐམས་ཅད་ཀྱི་ངོ་བོ་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། ལུས་ངག་སེམས་ལས་འདའ་བའ་ཨོ་ཞེས་པ། སྔགས་ཀྱི་གསང་བ་དེ་ཁོ་ན་ཉིད་གྲུབ་མཐག་ཏུ། སྒྲུབ་པ་པོ་གང
ཟག་གི་ལས་ཀྱི་ལུས་དང་ངག་དང་ཡིད་གསུམ་གྱུར་ནས་འདའ་བར་འགྱུར་རོ། །བསྟན་པར་བྱ་སྟེ། ཅི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམS་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོ་དེ
བཞིན་དུ་འགྲུབ་པར་འགྱུར་བར་ཡིན་ནོ། །དེ་ལྟར་ལུས་ངག་སེམས་ལས་འདའ་བའ་ཨི་དོན་དུ་གསུངས་སོ། །།རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་འགྲེལ་པ། །མཁས་པ་ཆེན་པོ་རྡོ་རྗེ
སློབ་དཔོན། །ཀུན་དགའ་ཨི་སྟོན?་པས་མཛད་པ། །ལེའུ་དྲུག་པ་རྫོགས་སོ།། །།དེ་ནས?་?་ལེའུ་དྲུག?་པའི་འོག་ཏུ། ལེའུ་བདུན་པ་སྔགས་ཀྱི་སྤྱོད?་པ་མཆོག་གི་ལེའུ་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོས། དམ་ཚིག་ཆེན་ཨོའི་དེ་ཁོ་ན་ཉིད་སྔགས་ཀྱི་སྤྱོད་པའི་མཆོག་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་གསུངས་སོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན།
དེ་ནས་ལེའུ་དྲུག་པ་བཤད་པའི་དོན་མཚོན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་སྟོན་པ་ལ་བྱ་སྟེ། དེའི་དོན་མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ
རིགས་ལྔའི་བྱེ་བྲག་བརྗེད་དུ་ཡོད་པ་དང། བརྗོད་དུ་མེད་པའོ། །སྐུ་དང་གསུང་དང་ཐུགས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་དོན་དམ་པར་གཉིས་སུ་མེད་པ་གཅིག་པའི་ངོ་བོར་ཁྱབ་ནས
གནས་པའོ། །བདག་པོ། ཞེས་ནི་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ཏེ། དེ་ནི་གོང་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་སྐུ་ཕྱག་རྒྱ་བསྐྱེད་པར་མཛད་པ་སྟེ། དེའི་ཕྱིར་བདག་པོའི
དོན་དུ་གསུངས་སོ། །དམ?་ཚིག་ཆེན་པོ་ཞེས་པའི?་རྣམ་པ་གསུམ་དུ་བྱེ་བྲག་དབྱེ་སྟེ། ཕྱི་དང་ནང་དང་གསང་བའོ། །དེའི་དོན་གསལ་བར་བཤད་པར་བྱ་སྟེ། ཕྱི་ནི་སྒྲུབ་པ་པོས་དཔལ་རྡོ་རྗེ་སེམས་དཔའ་སྒྲུབ་པར་བྱེད་པ་འམ། ཡང?
ན་རང་དགའ་བ་དང་མོས་པའི་ལྷ?་?་གྲུབ་ཀྱི་བར་དུ་དུས་རྟག་ཏུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་སེམས་ཅན་མ་ལུས་པ་ཐམས་ཅད་མཉམ་པར་དེ་བ་བསྐང་བར་བྱའོ། །
དེ་ལྟར་ཕྱིའི་ཐུགས་རྗེ་ཆེན་པོའི་དམ་ཚིག་གི་དོན་ནོ། །ནང་གི་ནི་སྒྲུབ་པ་པོས་རང?་དགའ་བའི་ལྷ་དང་གཉིས་སུ་མེད་པར་བསྒོམ་པར་བྱ་བའི་དུས་སུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས
ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་བྱེ་བྲག་གི་རིམ་པར་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་སྔགས་ཀྱི་ས་བོན་ཡིག་འབྲུའི་ངོ་བོ་བསམ་སྟེ། ཁ་དོག་དང་ལྡན་པ་མེ་ཕུང་བཞིན་དུ་འབར་བ་ཡེ
ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་བའི་ས་བོན་ལས་སྔར་སྨོས་པའི་དེ་བཞིན་གཤེགས་པ་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་རིམ་པར་སྤྲིན་བཞིན་དུ་སྤྲོས་ཏེ། དེ་དག་ཐམས་ཅད་སྔར་ལེའུ་གསུམ་པ་དང། བཞི་པའི་ནང་ནས
སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ། ཅི་ལྟར་སྨོས་པ་དེ་བཞིན་དུ་ཉིད་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་བའི་སྦྱོར་པའི་ཆུ་དང་ལྡན?་པར་གནས་པར་སྨོས་པ་བཞིན་འདིར་སྦྱར་རོ། །དེ་ལྟ་བུའི་སྐུ་ཕྱག་རྒྱ་རྣམS
སྤྲོས་མ་ཐག་ཏུ་ཁམས་གསུམ་ཐམས་ཅད་རིམ་པར་ཁྱབ་ནས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་དོ། །བསྟེན་པར་བྱ་སྟེ། དང་པོ་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་འདོད་ཁམས་ན
གནས་པའི་ལྷ་མོ་ལུས་པ་ཐམས་ཅད་མེ?་ལོང་ལྟ་བུའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བྱིན་གྱིས་བརླབ་པར་མཛད་དེ། དེའི་འོག་ཏུ་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་བསམ་མོ། །དེའི་འོག་ཏུ་རྣམ་པར
སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་གཟུགས་ཁམས་ན་གནས་པའི་ལྷ་མ་ལུས་པ་ཐམས་ཅད་དང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བྱིན་གྱིས་བརླབ་པར་མཛད་དེ། །དེའི་འོག་ཏུ་སྐུ?་ཕྱག་རྒྱ་ལ
གཉིས་སུ་མེད་པའི་ངོ་བོར་བསྡུ་བར་མཛད་པར་བསམ་མོ། །དེའི་འོག་ཏུ་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་མི་མ་ལུས་པ་ཐམས་ཅད། དང་པོ་ཉིད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་ཀྱིས
བྱིན་གྱིས་བརླབ་བར་མཛད་དེ། དེའི་འོག་ཏུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་མཛད་པར་བསམ་མོ། །དེའི་འོག་ཏུ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་ལྷ་དང་མི་མ་གཏོགས་པ་གནོད་སྦྱིན་དང་སྲིན་པོ་དང། ལྷ་མ
ཡིན་དང་འབྱུང་པོ་དང། ཀླུ་ལ་སོགས་པ་ཅན་མ་ལུས་པ་ཐམས་ཅད་དང་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བྱིན་ཀྱི་བརླབ་པར་མཛད་དེ། དེའི་འོག་ཏུ་སུ་ཕྱག་རྒྱ་ལ་གཉིས་སུ་མེད་པའི་དེ་བར་བསྡུ་བར་མཛད་པར
བསམ་མོ། །དེ་ལྟར་བྱིན་གྱིས་བརླབས་མ་ཐག་ཏུ་ཅི་ལྟར་སྤྲོས་པའི་རིམ་པ་བཞིན་དུ། སྒྲུབ་པ་པོས་སྤྲོས་པའི་གནས་སུ་བསྡུས་ནས་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་གྱུར་པར་བསམ་མོ། །དེ་ལྟར་ཡེ་ཤེས
ཀྱི་བྱིན་གྱིས་བརླབ་པ། མཉམ་པར་བྱ་བ་ནི་ཐུགས་རྗེ་ཆེན་པོའི་དམ་ཚིག་གི་དོན་དུ་གསུངས་སོ། །དེ་ནས་གསང་བའི་ནི་སྒྲུབ་པ་པོས་རང་དགའ་བའི་ལྷ་དང་གཉིས་སུ་མེད?་པར་ང་རྒྱལ་དུ་བསམ་པར་བྱས་ཏེ། དེའི་རིགས་ཀྱི
ཤེས་རབ་མ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་བརྩལ་ཏེ། རང་དགའ་བའི་ལྷའི་རིགས་ཀྱི་ཤེ་རབ་ལྷ་མོར་གཉིས་སུ་མེད་པའི་བྱིན་གྱིས་བརླབ་པར་བྱ་སྟེ། དེའི་འོག་ཏུ་ཤེས་རབ་མ་ལ་རྒྱུད་དེ། སོ་སོར་སྒྲོས་ཙུམ་པ
ལ་?་ཞིང་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། ཐབས་དང་ཤེས་རབ་རོལ་པ་བྱས་ཏེ། བདེ་བར་གྱུར་པའི་དུས་སུ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོ་མའི་རྒྱུ་ན་བཞིན་དུ། ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་
ནས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་མོ། །བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དེ་ལས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ
ཤེས་རྣམ་པ་ལྔའི་ངོ་བོ་འོད་ཟེར་ཚོགས་འཕྲོ་བར་བསམ་མོ། །དེའི་འོག་ཏུ་སེམས་རྣམ་པར་རྟོག་པ་སྤངས་ནས་བྱང་ཆུབ་སེམས་སྣོད་བནདྷའི?་ནང་དུ་བཞག་ལ་ཅི་ལྟར་སྨོས་བའི་སྔགས་ཀྱིས་བྱིན་གྱིས་བརླབ་བྱས་ནས་ཤེས་རབ་མ
དང་བཅས་པ་བཟའ་བར་བྱའོ། །དེ་ལྟར་གསང་བའི་མཆོད་པ་བྱས་པས། སྔར་སྨོས་པའི་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ལྔའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ནས
གཉིས་སུ་མེད་པའི་ངོ་བོར་བསྡུས་མ་ཐག་ཏུ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པར་གྱུར་པ་དེ་། དམ་ཚིག་ཆེན་པོའི་གསང་བའི་མཆོད་པས་མཆོད་པར་འགྱུར་ཏེ། དེ་ལྟར་མཆོད་པ་བྱས་པས་སྒྲུབ་པ་པོ་ལ་དཔལ
རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་མཉེས་པར་འགྱུར་ཏེ། དེ་མཉེས་པས་ཡེ་ཤེས་ལྔ་དང་གཉིས་སུ་མེད་པའི་ངོ་བོ་ཕྱག་རྒྱ་ཆེན་པོའི་འབྲས་བུ་འགྲུབ་སྟེ། དེ་ལྟར་མཆོད་པ་བྱས་པས
བདག་དང་གཞན་མཉམ་པར་མཉེས་པར་འགྱུར་ཏེ། དེ་ལྟར་གསང་བའི་དམ་ཚིག་ཆེན་པོའི་དོན་དུ་ཤེས་པར་བྱའོ། །དེ་ཁོ་ན་ཉིད་ཞེས་པ་ནི་མདུན་དུ་སྨོས་པའི་དམ་ཚིག་ཆེན་པོའི་སྤྱོད་པའི་བྱེ་བྲག་གསུམ་གྱིས
བདག་དང་གཞན་གྱི་དངོས་གྲུབ་ཀྱི་འབྲས་བུར་འགྱུར་ཏེ། དེ་ལྟར་དེ་ཁོ་ན་ཉིད་ཀྱི་དོན་དུ་གསུངས་སོ། །སྔགས་ཀྱི་སྤྱོད་པའི་མཆོག་ཞེས་པ་ནི་སྒྲུབ་པ་པོས་འདོད་པའི་ལོངས་སྤྱོད་ཐམས་ཅད་བྱའོ། །གཞན་ཡང
སངས་རྒྱས་དང་ཆོས་རྗེས་སུ་དྲན་པ་ལ་སོགས་པའི་བསྒོམ་པའི་སྦྱོར་བས་གསང་བའི་མཆོད་པའི་ཚུལ་དུ་དེ་ལྟར་སྔགས་ཀྱི་སྤྱོད་པ་སྤྱད་པར་བྱའོ། །བསྟན་པར་བྱ་སྟེ། ཐེག་པ་འོག་མ་པ་སྤྱོད་པ་ཐམས་ཅད་ཀྱི་ནང་ན་སྔགས
ཀྱི་སྤྱོད་པའི་མཆོག་ཡིན་ཏེ། མཆོག་གི་འབྲས་བུ་བསྟན་བར་བྱ་སྟེ། མངོན་བར་རྫོགས་པར་བྱང་ཆུབ་པ་མདུན་དུ་སྨོས་པའི་སྤྱོད?་པའི་མཆོག་སྔགས་ཀྱི་སྤྱོད་པ་སྤྱད་བས་འཁོར་བའི་སྐྱེ་ཤིང་དང་བྲལ་བ་འབྲས་བུ་མངོན་པར་རྫོགS
པར་བྱང་ཆུབ་པར་བྱའོ། །དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དུ་གསུངས་སོ་།འདི་གསུངས་སོ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །འདི་དཔའ་ཨི?་ལོངས་སྤྱོད་ཐམས་ཅད་ལ། །ཅི་ལྟར་འདོད་པ་བསྟེན་ན་ནི།
འདི་ལྟ་བུའི་སྤྱོད་བ་ཡིས། །བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ནི། སྒྲུབ་པ་པོས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་མ་གྲུབ་ཀྱི་བར་དུ
སེམས་ཀྱི་རྣམ་པར་ཏོག་པ་སྤངས་ནས་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་རྣམ་པ་གསུམ་བྱེ་བྲག་སྤྱད་པར་བྱ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱི་ནི་རིགས་མཐོན་པོ་དང། རིགས་དམའ་བ་ཐམས་ཅད་ཀྱིས་བཟའ་བ
?་བ་བྱེད་པ་བོ་དག་སྒྲུབ་པ་བོས་བཟའ་འམ་མི་བཟའ་བའི་སེམས་ཀྱིས་རྣམ་པར་རྟོག་པ་སྤངས་ནས། བཟའ་བའི་རྫས་ཐམས་ཅད་ཤ་ཆེན་ལ་སོགས་པ་བརྟགས་ཏེ་བྱིན་གྱིས་བརླབས་ནས་བཟའ་བར་བྱའོ། །དེ་བཞིན
ལྷ?་?་བའི་བྱེ་བྲག་ཐམས་ཅད་བདུད་རྩི་རྣམ་པ་ལྔར་བརྟགས་ཏེ་བྱིན་གྱིས་བརླབས་ནས་བཏུང་པར་བྱའོ། །གཞན་ཡང་གོས་ཀྱི་བྱེ་བྲག་སྣ་ཚོགས་ནི་ལ་ལ་ལྷགས་ཆེན་ཡིན་པར་བརྟགས་ཏོ་བྱིན་གྱིས་བརླབས་པས་དགོན་པར
བྱའོ། །ལ་ལ་གླང་པོ་ཆེའི་ལྤགས་པ་བརྟགས་ཏེ་བྱིན་གྱིས་བརླབས་ནས་དགོན་པར་བྱའོ། །ལ་ལ་སྟག་གི་ལྤགས་པ་ཡིན་པར་བརྟགས་ཏེ་བྱིན་གྱིས་བརླབས་ནས་དགོན་པར་བྱའོ། །དེ་བཞིན་དུ
ཀཱ་ཀ་ལི་དང། ཤ་དྷ་བཱ་དང། གྷནདྷཱ་ར་ལ་སོགས་པ་བྱེ་བྲག་སྣ་ཚོགས་ཀྱི་དབྱིངས་ཀྱི་རྒྱལ་པོ་ཐམས་ཅད་དང་ལྡན་པར་སྔགས་ཀྱི་ཡིག་འབྲུ་ཧཱུཾ་ལ་སོགས་པ་དང་པོར་བརྗོད་ཅིང་རྡོ་རྗེ་གླུ་བླང་ངོ། །དེ་བཞིན་དུ་བྱེ་བྲག་སྣ་ཚོཌ
ཀྱི་རྒུ་པོ་རྒྱུད་མངས་དང། གླིང་བུ་དང། ཅང་ཏེའུ་ལ་སོགས་པ་རྡོ་རྗེའི་རྔའི་ངོ་བོ་མིག་དང་སྨིན་མ་བྱེ་བྲག་སྣ་ཚོགས་ཀྱིས། བསྐྱོད་ཅིང་ལག་པའི་སྟབས་ཀྱིས་བརྡུང་བར་བྱའོ། །དེ་བཞིན་དུ་ལུས་ཀྱི་ཡན་ལག་དང་ཉིང་ལག
ཐམས་ཅད་བྱེ་བྲག་སྣ་ཚོགས་སུ་བསྐྱོད་པའི་སྟབས་ཀྱིས་གར་བྱ་སྟེ། གར་དེ་གང་གྱི་ལྷ་མོས་བྱེད་པར་བསམ་མོ། །དེ་ལྟར་མདོར་བསྡུས་པ་སྒྲུབ་པ་པོས་མ་གྲུབ་གྱི་བར་དུ་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱད
པར་བྱའོ། །དེ་སྐྱང?་པའི་ཡོན་ཏན་གྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་མཉེས་པར་འགྱུར་ཏེ། དེ་ལྟར་ཕྱིའི་འདོད་པའི་ལོངས་སྤྱོད་ཐམས་ཅད་ལའི?་དོན་དུ་གསུངས་སོ། ནང་གི་ནི
སྒྲུབ་པ་པོས་མ་གྲུབ་ཀྱི་བར་དུ་ཅི?་ལྟར་སྨོས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་དམ་རྫས་བཅུ་སེམས་ཅན་གྱི་རྣམ་པར་སྤངས་ནས་བཟའ་བར་བྱའོ། །དེ་ལྟར་མདོར་བསྡུས་པ་ནང་གི་འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱི
དོན་དུ་གསུངས་སོ། །གསང་བའི་མདུན་དུ་སྨོས་པ་སྔགས་ཀྱི་སྤྱོད་པའི་མཆོག་གི་དོན་གྲུབ་པ་པོས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་བྱས་ནས། བྱང་ཆུབ་སེམས་བྱུང་བའི་ས་བོན་ལས་རང་དགའ་བའི་ལྷ
བདག་པོའི་ཚུལ་དུ་བྱ་སྟེ། གསང་བའི་དཀྱིལ་འཁོར་བསྐྱེད་པར་བསྒོམ་མོ། །གཞན་ཡང་སྔགས་ཀྱི་སྤྱོད་པའི་མཆོག་གི་དོན་གསལ་བར་བསྟན་པར་བྱ་སྟེ། ལེའུ་ལྔ་པའི་ནང་ནས་སྨོས་པ། མ་དང་སྲིང་མོ་བུ་མོ་ལ་སོགས་པ་བྲམ
ཟེ་དང་རྒྱལ་རིགS་ལ་སོགS་པ་རིགས་མཐོན་པོ་རྣམས་དང། གཞན་ཡང་ཁྲུས་མཁན་ལ་སོགས་པ་རིགས་དམན་པ་ཐམས་ཅད་ལས་བྱུང་བའི་ཤེས་རབ་མ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་སེམས་རྣམ་པར་རྟོག་པ་ཐམས་ཅད་སྤངས
ནས་བཟུང་སྟེ། དེ་རང་དགའ་བའི་ལྷའི་རིགས་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་ནས་འདོད་ཆགས་ཆེན་པོའི་སེམས་དགའ་བས་སྤྱད་པར་བྱའོ། །དེ་ལྟར་གསང་བའི་འདོད་པའི་ལོངས
སྤྱོད་ཐམས་ཅད་ཀྱི་དོན་དུ་གསུངས་སོ། །ཅི་ལྟར་འདོད་པ་བསྟེན་ན་མདུན་དུ་སྨོས་པའི་བྱེ་བྲག་གསུམ་གྱི་འདོད་པའི་ལོངས་སྤྱོད་ཐམས་ཅད་སྒྲུབ་པ་པོས་མ་གྲུབ་ཀྱི་བར་དུ་སེམས་མོས་པས་བསྟེན་ཅིང་སྤྱད་པར་བྱའོ། །དེ་ལྟར་ཅི་ལྟར
འདོད་པར་བསྟེན་པའི་དོན་དུ་གསུངས་སོ། །དེ་ལྟར་བྱས་པས་འབྲས་བུ་ཐོབ་པ་བསྟན་པར་བྱ་སྟེ། དེ་ལྟ་བུའི་སྦྱོར་པ་ཡིས་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར་ཞེས་པ། མདོར་བསྡུ་བ
ཇ་ཨི་ལྟར་སྨོས་པའི་ཆོ་གས་འདོད་པའི་ལོངས་སྤྱོད་ཐམས་ཅད་སྤྱད་པས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ལྔའི་ནང་ན་སྒྲུབ་པ་པོ་རང་དགའ་བའི་ལྷ་གང་སྒོམ་པར་བྱེད་པ་དེ་ཚེ་འདི་ལ་གཉིས་སུ་མེད་པའི་ངོ་བོར
འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་མྱུར་དུ་བྱང་ཆུབ་འཐོབ་པར་འགྱུར་པའི་དོན་དུ་གསུངས་སོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། ཅི་ལྟར་འདོད་པར་བསྟེན་བྱ་སྟེ། རང་གི་ལྷའི་སྦྱོར་བ་ཡིས། །བདག་དང
གཞན་ལ་མཆོད་པར་བྱ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། ཇི་ལྟར་འདོད་པར་བསྟེན་བྱ་སྟེ། དོན་ནི་གོང་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །
རང་གི་ལྷའི་སྦྱོར་བ་ཡིས་ཞེས་པ་ནི། སྒྲུབ་པ་པོས་རང་དགའ་བའི་ལྷ་དང་གཉིས་སུ་མེད་པར་ཆེ་བའི་བརྒྱལ་དུ་བསྒོམ་པའི་སྦྱོར་བ་བྱའོ། །དེ་བཞིན་དུ་ཤེས་རབ་མ་རང་དགའ་བའི་ལྷའི་རིགས་ཀྱི་བྱེ་བྲག་གི་ཡེ་ཤེས་ཀྱི་ལྷ་མོར
གཉིས་སུ་མེད་པར་བྱིན་གྱིས་བརླབ་པའི་སྦྱོར་བ་བྱའོ། །དེའི་འོག་ཏུ་ཤེས་རབ་མ་དེ་སྒྲུབ་པ་པོས་རང་དགའ་བའི་ལག་པ་གཡོན་པས་གཟུང་ལ་འཁྱུད་པར་བྱ་སྟེ། སོ་སོར་འདོད་ཆགས་ཆེན་པོའི་སེམས་དགའ་བས་སྤྲོས?་ཙུམ?
པ་ན་བྱ་ཞིང་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས་རྡོ་རྗེའི་མཆོད་པ་བརྩམ་མོ། །དེ་ལྟར་རང་གི་ལྷའི་སྦྱོར་བའི་གསུངས་སོ། །བདག་དང་གཞན་ལ་མཆོད་པར་བྱ་ཞེས་པ་ནི་གོང་དུ་སྨོས་པའི་སྦྱོར་བའི་ཆོ་གས
ཏ་ཧབས་དང་ཤེས་རབ་རོལ་པ་གསང་བའི་མཆོད་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་རྡོ་རྗེའི་ལམ་གྱི་སྒོ་ནས་ཤེས་རབ་མའི་བྷ་གའི་དབུས་སུ་འོ་མའི་རྒྱུན་བཞིན་དུ་འོད་བུ་ཞུ་ནས་བྱང་ཆུབ་སེམས
ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམས་མོ། །ཟླ་བའི་དཀྱིལ་འཁོར་པའི་སྟེང་དུ་སྔགས་ཀྱི་ས་བོན་ཡིག་འབྲུ་ཧཱུཾ་ཁ་དོག་ནག་པོ་སྤྲིན་ལྟ་བུ་བསྐལ་པའི་མེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འབར་བ་བསམ་སྟེ།
ད་ཨེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པའི་ས་བོན་དེ་ལས་ཁྲོ་པོའི་རྒྱལ་པོ་ཆེན་པོ་ཨ་མྲི་ཏ་ཀུཎྜ་ལིའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ
བར་བྱའོ། །དེའི་སྐུ་མདོག་སྤྲིན་ནག་པོ་འདྲ་བ། སྐུ་ཀུན་ནས་བསྐལ་པའི་མེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་འབར་བས་རབ་ཏུ་འབར་བ་ཞལ་གསུཾ་པ། ཞལ་གསུམ་གྱི་ཁ་དོག་ནི་ལེའུ་བཞི་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་ཇི་ལྟར་སྨོས་པ་དང
སྦྱར། །སྤྱན་གསུམ་པ་རལ་པའི་ཚོགས་གྱེན་དུ་རྫེས་པ། འབར་པའི་ངོ་བོར་འཇིགས་པར་བྱེད་པ། སྤྲུལ་གྱི་རྒྱན་གྱིས་བརྒྱན་པ། །སྐུ་ཆེ་བ། གསུམ་པ་འཕྱང་བ། ཁྲོ་མོ་དབང་ཕྱུག་མ་རལ་པ་གཅིག་མ་དང་གཉིས་སུ་མེད་པར་འཁྱུད
པའི་སྦྱོར་བས་གནས་པ། ཕྱག་དྲུག་ལ་གཡས་དང་པོ་ན་ལྕགས་ཀྱུ་འཛིན། གཡོན་དང་པོ་ན་རྡོ་རྗེ་ཞགས་པ་འཛིན། ཕྱག་མཚན་ཕྱི་མ་ནི་ལེའུ་བཞི་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་ཇི་ལྟར་སྨོས་པ་བཞིན་ཁྲོ་མོ་དབང
ཕྱུག་མ་དང་བཅས་པའི་འདིར་སྦྱར་རོ། །དེ་ལྟ་བུའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པར་སྤྲིན་བཞིན་དུ་སྤྲོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་མ་ལུས་པ་ཐམས་ཅད
རྡོ་རྗེ་ལྕགས་གྱུ་དང་ཞགས་པའི་སྦྱོར་བས་བཟུང་ནས་སྡུག་བསྔལ་མེད་པར་དགུག་པར་མཛད་དོ། །བཤད་པར་བྱ་སྟེ། སྒྲུབ་པ་པོས་འགུགས་པར་མཛད་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྤྲིན་ལྟ་བུ་སེམས་ཅན་ཐམས་ཅད་དང
བཅས་པ་བཀུགས་མ་ཐག་ཏུ་ཤེས་རབ་མའི་བྷ་གའི་ནམ་མཁའ་གསང་བའི་ཐུགས་?་བར་མིང་བརྟགས་པའི་གནས་སུ་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པའི་སྦྱོར་བ་དང་ཕྱེ་ལ་བཞག་གོ། །དེའི་འོག་ཏུ་སྒྲུབ་པ་པོས་ཐུགས་རྗེ་ཆེན་པོ
མཉམ་པའི་སེམས་བསྐྱེད་ནས་འདོད་ཆགས་ཆེན་པོའི་དགའ་བས་ཐབས་དང་ཤེས་རབ་རོལ་པའི་གསང་བའི་མཚོད?་པར་བྱའོ། །དེ་རྫོགས་པའི་འོག་ཏུ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་རྡོ་རྗེ་ལམ་གྱི་སྒོ་ནས་འོ་མའི
རྒྱུན་བཞིན་དུ་སྔར་སྨོས་པའི་སེམས་ཅན་ཐམས་ཅད་དང། དེ་འགུགས་པར་མཛད་པའི་ཁྲོ་བོའི་རྒྱལ་པོ་ཨ་མི་ཏ་ཀུཎྜ་ལིའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དང་བཅས་པའི་སྤྱི་བོ་ནས་ཐུགས་རྗེས་ཆེན་པོའི་མཉམ
པའི་སེམས་བསྐྱེད་ནས་ཏིང་ངེ་འཛིན་གྱིས་དབང་བསྐུར་བའི་ངོ་བོ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་སྒྲུབ་པ་པོས་ཕབ་ནས་མཆོད་པ་བྱ་བར་བསམ་མོ། །དེའི་འོག་ཏུ་མཆོད་པ་བྱས་ནས་དེ་དག་ཐམས་ཅད་རང་དགའ་
བའི་སྐུ་ལ་གཉིས་སུ་མེད་པའི་ངོ་བོར་ཐིམ་པར་གྱུར་པར་བསམ་མོ། །དེའི་འོག་ཏུ་སྒྲུབ་པ་པོ་སེམས་བདེ་བས་དགའ་བར་གནས་སོ། །དེ་ལྟར་མཆོད་པ་བྱས་པའི་འབྲས་བུས་སྔར་མོས་པའི་བྱང་ཆུབ་མྱུར་དུ་ཐོབ་པར
འགྱུར་རོ། །དེ་ལྟར་མདོས་པ་བདག་དང་གཞན་ལ་མཆོད་པར་བྱ་བའི་དོན་དུ་གསུངས་སོ། །རྐ་ཐུབ་སྡོམ་པ་མི་ཟད་པ། །སྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན
མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རྐ་ཐུབ་ནི་བྲམ་ཟེའི་ཆོས་ལ་སོགས་པའི་ཆོས་ལྔའི་ནང་ནས་བཀའ་བའ་ཨི་སྤྱོད་པ་སྤྱད་པས་སོ་སོའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལྟར
ཕྱིའི་ཏི་རྟི་ཀ?་ལིའི་ཆོས་རྣམས་ཀྱི་ཡོན་ཏན་དེ། སངས་རྒྱས་ཀྱི་སྟན་པ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བྱེ་བྲག་ལ་རྐ་བའི་སྤྱོད་པ་སྤྱད་ན། སྒྲུབ་པ་པོས་དངོས་གྲུབ་ཀྱི་འབྲས་བུ་ཉམས་པར་འགྱུར་རོ། །གཞན་ཏི་ཏི
ཀའི་ཆོས་ལྔའི་དཀའ་གའི་སྤྱོད་པ་སྤྱད་པའི་རིམ་པ་གསལ་བར་བསྟན་པར་བྱ་སྟེ། དང་པོ་བྲམ་ཟེའི་ཆོས་ཀྱི་བྱེ་བྲག་གི་དཀའ་པའི་སྤྱོད་པ་བྲམ་ཟེ་ཁྲུས་ལན་གསུམ་གསུམ་བྱེད་དོ། །ལ་ལ་ནི་ཆུའི་ནད་དུ་ཞུགས
ནས་བསམ་གཏན་བྱེད་དོ། །ལ་ལ་ནི་རའི་རེ་བའི་གོས་གྱོན་ནོ། །ལ་ལ་ནི་ཏིལ་ཟའོ། །ལ་ལ་ནི་མགོ་མ་ཡང་ཟའོ། །ལ་ལ་ནི་ནས་དང་གྲོའི་ཟན་དྲོན་ཟའོ། །ལ་ལ་ནི་རྩ?་ཤ་དུ་ལ་ཟའོ། །ལ་ལ་ནི་དཔལ་གྱི་འབྲས་བུའི་བིལ་བ་བྱའོ། །ལ་ལ
ནི་གན་འདའ་ཨི་རྩ་བ་ཟའོ། །ལ་ལ་ནི་ཟ་ཅིག་ཟའོ། །ལ་ལ་མཆུ་མཐོང་ངོ། །ལ་ལ་ནི་འོ་མ་མཐོང་ངོ། །ལ་ལ་ནི་བ་སེར་མོའི་གཅིན་འཐུང་ངོ། །ལ་ལ་ནི་མགོ་མ་ཡང་བ་ལྔ་ཟའོ། །ལ་ལ་ནི་ཉི་མ་འདས་པའི་འོག་ཏུ་ཟ་ཆིག་ཟའོ། །
ལ་ལ་ནི་ཞག་གསུམ་ན་པ་ན་རེ་ཟའོ། །ལ་ལ་ནི་ཞག་བདུན་ཞིང་ལན་རེ་ཟའོ། །ལ་ལ་ནི་ཞག་བཅུ་གཉིས་ཞིང་ལན་རེ་ཟའོ། །ལ་ལ་ནི་ཟླ་བ་གཅིག་ཅིང་ལན་རེ་ཟ། །ལ་ལ་ནི་རླུང་ཟའོ། །ལ་ལ་ནི་རྩཝ་ཀུ་ཤའི་མལ་དུ་ཉལ། །ལ་ལ
ནི་སྟན་མེད་པར་ཉལ་ལོ། །ལ་ལས་ནི་ར་གསང་པའི་ཤས་མཆོད་སྒྱེན?་མཆོད་སྦྱིན་གྱི་སྒྲུབ་པ་བྱེད་དོ། །ལ་ལ་ནི་བ་གསང་ནས་དེའི་ཤ་ལ་མཆོད་སྦྱིན་གྱི་སྒྲུབ་པ་བྱེད་དོ། །ལ་ལ་ནི་རྟ་གསང་ནས་དེའི་ཤ་ལ་མཆོད་སྦྱིན
གྱི་སྒྲུབ་པ་བྱེད་དོ། །ལ་ལ་ནི་མི་གསང་ནས། ?་ཤ་ལ་མཆོད་སྦྱིན་གྱི་སྒྲུབ་པ་བྱེད་དོ། །ལ་ལ་ནི་བྲམ་ཟེ་མོ་དང་བཅས་པས་ཡུལ་སྟོང་པར་ཉིན་མཚན་གསུམ་གསུམ་རྒྱུན་མི་འཆད་པར་ཧོམ་བྱེད་དོ། །དེ་ལྟར་མདོར་?
པ་བྲམ་ཟེ་ཆོས་ཀྱི་བྱེ་བྲག་གི་དཀའ་བ་སྤྱོད་པའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་?་?་ཆོས་ཀྱི་བྱེ་བྲག་གི་དཀའ་བ་སྤྱོད་པའི་དོན་བསྟན་པར་བྱ་སྟེ། མུ་སྟེགས་ལ་ལ་ནི་དུས་རྟག་ཏུ་ལྕི་བའི་ཐལ་བས་ལུས་ཁྲུས་བྱེད་དོ། །ལ་ལས
ནི་སོ་ཕག་གི་ཕྱེ་མས་ལུས་ཁྲུས་བྱེད་དོ། །ལ་ལS་ནི་ས་དམར་པོས་ལུས་ཁྲུས?་བྱེད་དོ། །ལ་ལ་ནི་ལྕི་བསྐྱིངS?་དུས་བྲུས་བྱེད་དོ། །ལ་ལ་ནི་རལ་པ་དྲི་མ་དང་བཅས་པའོ། །ལ་ལ་ནི་ལངས་ཏེ་རྐང་པ་ཡ་གཅིག་ས་ལས་ཙུགས། ཡ་གཅིག་བསྐུམ་ནས་བསམ་གཏན་བྱེད་དོ། །
ལ་ལ་ནི་ལངས་ཏེ་ལག་པ་གཉིས་གྱེན་དུ་འཕྱར་ནས་བསམ་གཏན་བྱེད་དོ། །ལ་ལ་ནི་ཡན་ལག་དང་ཉིད་ལག་ཀུན་ལ་ལྕགས་ཀྱི་ཧྲི་ཤུལ་བཙུགས་ནས་བསམ་གཏན་བྱེད་དོ། །ལ་ལ་ནི་སྤྱི་བོར་གུ་ཀུལ་སྤུངས་ནས
སྲོག་ཅིང་བསམ་གཏན་བྱེད་དོ། །ལ་ལ་ནི་ཡན་ལག་དང་ཉིད་ལག་ཀུན་ལ་ཁྲག་ཕྱུང་ནས་ཏིལ་དང་འབྲས་དང་བའི་མར་དང་སྲེས་ནས་སྦྱིན་སྲེག་བྱེད་དོ། །ལ་ལ་ནི་འདོད་ཆགས་ཀྱི་སྤྱོད་པ་སྡོམ་པར་བྱེད་དོ། །ལ་ལ་ནི་གྱེན་དུ་ནས
མཁའ་ལ་ལྟ་ཞིང་བསམ་གཏན་བྱེད་དོ། །ལ་ལ་ནི་དུར་ཁྲོད་སྐོར་ཞིང་སྔགས་ཟློབ་དང་བསམ་གཏན་བྱེད་དོ། །ལ་ལ་ནི་བསོད་སྙོམས་བྱེད་ཅིང་ཆུ་འགྲམ་དུ་རྡོ་ལེབ་བཀྲུས་ནས་དེའི་སྟེང་དུ་ཆུ་དང་བསྲེས་ཏེ་ཟའོ། །ལ་ལ་ནི་གོང་དུ
སྨོས་བ་བཞིན་དུ་ཡན་ལག་ཉིད་ལག་ལ་ཁྲག་ཕྱུང་ནས་ཡུངས་ཀར་གྱི་ཕྱེ་མ་དང་བསྲེས་ནས་ཟའོ། །ལ་ལ་ནི་བྲག་ཆེན་པོའི་འཇིགས་པའི་ཁ་སྒྱུ་མའི་གྲོང་ཁྱེར་ཆུ་ཆེན་པོ་འགའ་འགའ་འབྱུང་བའི་སྟེང་ནས་མཆོངས་ཏེ་སྲོག
ཆད་པས་དངོས་གྲུབ་ཀྱི་འབྲས་བུ་སྒྲུབ་པོ། །ལ་ལ་ནི་ཧོམ་ཀུང་ཆེན་པོ་བརྐོས་པའི་ནང་དུ་ཤིང་པ་ལ་ཤའི་མེ་བུས་ནས་མཆོད་པ་ཆེན་པོ་བྱས་པའི་འོག་ཏུ་རང་གི་ཆུང་མའི་ལག་པ་ནས་བཟུང་ལྷ་ཆེན་པོ་སྒོམ་ཞིང་མེའི་ནང་དུ་མཆོངས་ཏེ
སྲོག་ཆད?་བྱས?་དངོས་གྲུབ་ཀྱི་འབྲས་བུ་སྒྲུབ་པར་བྱེད་བོ། །ལ་ལ་ནི་ཟན་མི་ཟ་པའི་བསམ་གཏན་བྱེད་དོ། །ལ་ལ་ནི་ལྟ་ཆེན་པོ་དང་ཕྲད་པར་འདོད་པའི་ཕྱིར་རིའི་རྒྱལ་པོ་གངས་རིའི་རྩེ་མོར་འགྲོའོ། །ལ་ལ་ནི་ཆུ་ཆེན་པོ་གཾ་གཱ་དང་ཡ་མུ
ན་གཉིས་ཀྱི་བར་ཀྱི་ཤིང་ཏཱ་པ་ལ?་ཆོས་དབང?་གི་སེམས་ཀྱི་དངོས་གྲུབ་ཅི་འདོད་པ་ཚིག་ཏུ?་བསྲོང?་ནས་ལུས་པ་མཚོན་བརྒྱབ་སྟེ་སྲོག་ཆད་པས་དངོས་གྲུབ་ཀྱི་འབྲས་བུ་སྒྲུབ་པར་བྱེད་དོ། །ལ་ལ་ནི་རོ་ཁ་བའི་ཁ་ཟས་ཐམས་ཅད་ཟབ་བྱེད་ངོ། །
ད་ལྟར་མདོར་བསྡུས་པ་མུ་སྟེགས་ཀྱི་ཆོས་ཀྱི་བྱེ་བྲག་གི་དཀའ་བ་སྤྱོད་པའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་ཁྱབ་འཇུག་གི་ཆོས་ཀྱི་བྱེ་བྲག་དཀའ་བའི་སྤྱོད་པ་བསན་པར་བྱ་སྟེ། ཁྱབ་འཇུག་པ་ལ་ལ་ནི་མི་འདྲངས་པ་ཙམ་དུ་ཟ?་ཅིག་པ
བྱེད་དོ། །ལ་ལ་ནི་སྤོས་ཀྱི་དུད་པ་སྣོམ་ཞིང་བསམ་གཏན་བྱེད་དོ། །ལ་ལ་ནི་འབྲས་དང་ཏིལ་དང་སྲན་མུང་ག་ལ་སོགས་པ་འབྲུ་ཐམས་ཅད་ལས་གང་ལ་དགའ་བ་སྐམ་པ་ཟ་ཞིང་བསམ་གཏན་བྱེད་དོ། །ལ་ལ་ནི་ཁྱབ་འཇུག
གི་སྐུ་ཡོད་པའི་ལྷ་གང་དུ་ཉིན་མཚན་དུས་དུས་སུ་སྐོར་བ་བྱེད་ཅིང་བསམ་གཏན་བྱེད་དོ། །དེ་ལྟར་མདོར་བསྡུས་པ་ཁྱབ་འཇུག་གི་ཆོས་ཀྱི་བྱེ་བྲག་གི་དཀའ་བ་སྤྱོད་པའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་གཅེར་བུ་པའི་ཆོས
ཀྱི་བྱེ་བྲག་གི་དཀའ་བ་སྤྱོད་པ་བསྟན་པར་བྱ་སྟེ། གཅེར་བུ་པ་ལ་ལ་ནི་སྐྲ་དང་སྤུ་ཐལ་བ་དྲོན་པོས་སྐུད་ཅིང་འཐོག་གོ་།ལ་ལ་ནི་ལངས་ཏེ་སྙིམ་པར་ཟས་ཟ་བར་བྱེད་དོ། །ལ་ལ་ནི་ཉིན་པར་སྟེང་དུ་ནམ་ཁ་ལ་ལྟ་ཞིང་བསམ་གཏན
བྱེད་དོ། །ལ་ལ་ནི་ནུབ་མོ་ས་འོག་ཏུ་ལྟ་ཞིང་བསམ་གཏན་བྱེད་དོ། །ལ་ལ་ནི་འཆག་པའི་ཚེ་རྩ་མགོ་མདུད་པའི་སྟེང་དུ་བཤད་བ་བྱས་ནས་བཀྲོལ་ཏེ་འཐོར་ཏུ་འཇུག་སྟེ་སྲོག་སྲུང་བའི་ཕྱིར་ཞེའོ། །ལ་ལ་ནི་ཐལ་བའི་མལ་དུ
?་རྣམ?་བསམ་གཏན་བྱེད་དོ། །ལ་ལ་ནི་བ་ལང་གི་རྨིག་པའི་ཚེར་མའི་སྟེང་དུ་ཉལ་ནས?་བསམ་གཏན་བྱེད་དོ། །ལ་ལ་ནི་སྣུམ་དང་ཚ་མེད་པའི་ཁ་ཟས་ཟའོ། །ལ་ལ་ནི་རང་གི་ཁྲག་བྱུང་ནས་སྦྲང་བུ་ལ་སོགས་པ་སེམS
?་ཀྱི་ཕྱིར་སྦྱིན་པར་བྱེད་དོ། །དེ་ལྟར་མདོར་བསྡུས་པ་གཅེར་བུ་པའི་ཆོས་ཀྱི་བྱེ་བྲག་གི་དཀའ་?་སྤྱོད?་པའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་ཉི་མའི་ཆོས་ཀྱི་བྱེ་བྲག་གི་དཀའ་པའི་སྤྱོད་པ་བསྟན་པར་བྱ་སྟེ། ཉི་མ
པ་ལ་ལ་ནི་ཉི་མ་ལ་ལྟ་ཞིང་བསམ་གཏན་དང་བཟླས་པ་བྱེད་དོ། །ལ་ལ་ནི་གོས་དམར་པོ་གོན་ནས་མེ་ཏོག་དམར་བོས་མཆོད་པ་བྱེད་ཅིང་ཟས་སྒྱུར་བ་ཐམས་ཅད་ཟའོ། །ལ་ལ་ནི་འབྲས་དམར་པོ་ལ་སོགས
པ་ཟས་ཐམས་ཅད་དམར་པོ་བ་སེར་མོའི་གཅིན་དང་བསྲེས་ནས་ཟའོ། །ལ་ལ་ནི་ཉི་མ་སྤྲིན་གྱིས་ཡོག་པའི་དུས་སུ་སྦྲིན་དང་མ་བྲལ་གྱི་བར་དུ་ཟས་མི་ཟ་བར་བསམ་གཏན་དང་ཟླས་པ་བྱེད་དོ། །ལ་ལ་ནི་སྐར་ཆེན་ཤར་ནས་?
ནང་དུ་ལངས་ཏེ། ལྟེ་བ་ནུབ་ཙམ་དུ་གནས་ཏེ་ཉི་མ་ལ་ལྟ་ཞིང་ཉི་མ་མ་ཤར་གྱི་བར་དུ་བསམ་གཏན་དང་བཟླས་པ་མ་ཤིའི་བར་དུ་བྱེད་དོ། །དེ་ལྟར་མདོར་བསྡུས་པ་ཉི་མའི་ཆོས་ཀྱི་བྱེ་བྲག་གི་རྒ་བ་སྤྱོད་པའི་དོན་དུ་ཤེས་པར་བྱའོ། །
གཞན་ཡང་སངས་རྒྱས་ཀྱི་བསྟན་པའི་ཆོས་ཀྱི་བྱེ་བྲག་གི་དཀའ་བའི་སྤྱོད་པ་བསྟན་པར་བྱ་སྟེ། སངས་རྒྱས་པའི་ཉན་ཐོས་པ་འདོད་ཆགས་སྤོང་བ་ལ་སོགས་པའི་ཁྲིམས་ཇི་སྲིད་འཚོའི་བར་དུ་སྲུང་བར་བྱེད་དོ། །གཞན་ཡང
ཐེག་པ་ཆེན་པོ་མདོ་སྡེ་སྟེན་པའི་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་དོན་གྲུབ་པར་བྱ་བའི་ཕྱིར་དགའ་བའི་སྦྱོད་བའི་བྱེ་བྲག་སྣ་ཚོགས་བྱེད་དོ། །བྱང་ཆུབ་སེམས་དཔའ་ལ་ལ་ནི་ཤ་དང་ཁྲག་སྦྱིན་པར་བྱེད་དོ། །བྱང
ཆུབ་སེམས་པ་ལས་ནི་ནོར་བུ་དང་བཅས་པའི་མགོ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ལ་ལས་ནི་གཞན་ཀྱི་ལུས་སྲུང་བའི་ཕྱིར་རང་གི་ལུས་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ལ་ལས་ནི་བུ་དང
བུ་མོ་དང་ཆུང་མ་སྦྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ལ་ལས་ནི་རང་གི་ཤ་ལ་སོགས་ཏེ་ནོར་ཐམས་ཅད་སྦྱིན་པར་བྱེད་དོ། །དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་གྱིས་བྱེ་བྲག་སྣ་ཚོགས་ཀྱིས་སྐྱེ་བ་མང
པོར་དཀའ་བ་སྤྱད་པའི་ཚུལ་གྱིས་སྦྱིན་པ་བཏང་ངོ། །དེ་ལྟར་མདོར་བསྡུས་པ་དེ་ནི་སངས་རྒྱས་ཀྱི་བལྟ་བའི་ཚུལ་གྱིས་དཀའ་བ་སྤྱོད་པའི་དོན་སྨོས་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་སོགས་ཏེ་ཏིརྟི་ཀིའི་ཆོས་དང་བཅས་པའི་དཀའ་
བ་སྤྱོད་པའི་དོན་དུ་ཤེས་པར་བྱའོ། །སྡོམ་པ་ཞེས་པ་ནི་མདུན་དུ་སྨོས་པའི་ཆོས་དྲུག་གི་བྱེ་བྲག་གི་སོ་སོའི་དངོས་གྲུབ་ཀྱི་འབྲས་བུ་མ་གྲུབ་ཀྱི་བར་དུ་དཀའ་བའི་སྤྱོད་པ་སྤྱོད་པར་བྱེད་པའོ། །མི་བཟད་པ་ཞེས་པའི་དོན་ནི་བདེ་སྟེ་བཤད
མི་དགོས་སོ། །བསྟེན་ཀྱང་འགྲུབ་པར་མི་འགྱུར་གྱི་ཞེས་པ་མདུན་དུ་སྨོས་པའི་དགའ་བའི་སྤྱོད་པ་མི་བཟང་པ་དེ་བསྐལ་པ་གྲངས་མེད་པར་བསྟེན་ན་ཡང་དངོས་གྲུབ་ཀྱི་འབྲས་བུ་མི་འགྲུབ་པའོ། །འདོད་པའི་ལོངས་སྤྱོད་ཐམས
ཅད་ལ་ཞེས་པ་སྔར་བཤད་པ་བཞིན་འདིར་སྦྱར་རོ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར་ཞེས་པ་ནི་སྒྲུབ་པ་པོས་འདོད་པའི་ལོངས་སྤྱོད་ཐམས་ཅད་བསྟན་ན་དངོས་གྲུབ་ཀྱི་འབྲས་བུ་ངེས་པར་མྱུར་དུ་འགྲུབ་པར་འགྱུར་རོ། །ད་ནི་?
ཀྱི་བཟླས་པ་བྱ་བའི་ཆོ་ག་བསྟན་པར་བྱ་སྟེ། སློངས་མོ་ཟ་ཞིང་མི་བཟླ་སྟེ། །མ་སླངས་པ་ལ་འང་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང། །སྔགས་ཀྱི་ཡན་ལག་མ་ཉམས་བཟླ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི
ལྟར་ཡིན་ན། སློངས་མོ་ཟ་ཞིང་མི་བཟླ་སྟེ་ནི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྱོད་པ་སྤྱོད་པའི་སྒྲུབ་པ་པོ་དེས་བསོད་སྙོམས་སློང་ཞིང་བཟའ་ན་འགལ་བ་ཡིན་ནོ། །དེའི་ཕྱིར་ན། སྒྲུབ་པ་བྱེད་པའི་དུས་གྲོང་ཁྱེར་དང་གྲོང་རྡལ་ལ
སོགས་པའི་མི་མང་པོ་མཐོང་བ་དང་ཐོས་པས་སེམས་གཡེང་བར་བྱེད་དོ། །ཡུལ་སྟོང་པ་ལ་སོགས་པའི་གནས་སུ་གན་དེའི་རྩ་བ་དང་ཤིང་ཏོག་བཟའ་བ་དང། དེ་བཞིན་དམ་རྫས་ཐམས་ཅད་བཟའ་ཞིང་སྔགས་ཀྱི་བཟླས་པ་བསྒྲུབ
བར་བྱའོ། །གཞན་ཡང་སྔགས་ཀྱི་སྒྲུབ་པ་པོའི་ཡོན་ཏན་བསྟན་པར་བྱ་སྟེ། སྦྱིན་པ་བྱིན་པ་དང། ལོངས་སྤྱོད་བྱེད་པ་དང། གཞན་ལ་མི་སློང་བའོ། །དེ་ལྟར་སློང་མོ་ཟ་ཞིང་མི་བཟླ་བའི་དོན་དུ་གསུངས་སོ། །མ་བླངས
པ་ལའང་ཆགས་མི་བྱ་ཞེས་པ་ནི་སྒྲུབ་པ་པོས་བསོད་སྙོམས་ཀྱི་ཕྱིར་ཆགས་པ་མི་བྱ་སྟེ། ཆགས་པར་བྱས་ན་བསྒོམ་པ་དང་བཟླས་པ་བྱེད་པའི་སེམས་གཡེང་པར་འགྱུར་ཏེ། དེ་ལྟར་ཆགས་པ་བྱས་པས་དངོས་གྲུབ་གྱི་འབྲས་བུ་ཉམས
པར་འགྱུར་རོ། །དེ་ལྟར་མ་བླངས་པ་ལ་འང་ཆགས་མི་བྱ་བའི་དོན་དུ་གསུངས་སོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་ཞེས་པའི་དོན་ནི་སྔར་བཤད་པ་བཞིན་འདིར་སྦྱར་ཏེ། ལོངས་སྤྱད་ཅིང་སྔགས་ཀྱི་བཟླས་པ་བྱ་བའི་དོན་ནོ། །སྔགས
ཀྱི་ཡན་ལག་མ་ཉམས་བཟླས་ཞེས་པ་ནི་སྒྲུབ་པ་པོས་རང་དགའ་བའི་ལྷའི་བསྒོམ་པ་བཏང་བའི་འོག་ཏུ་དེའི་སྔགས་ཀྱི་བཟླས་པ་བྱའོ། །བཟླས་པ་བྱ་བའི་དུས་སུ་སྔགས་ཀྱི་མགོ་དང་དབྱིབས་དང། ཞབས་ཀྱུ་དང། གུ་གུ་ཡར
འདྲེན་ཕྱིར་འདྲེན་དང། ན་རོ་དང། འདྲེང་བུ་ཡར་འདྲེན་དང། ཐིག་ལེ་དང། ཚིགས་དྲག་དང། དེ་ལྟར་མདོར་བསྡུས་པ་སྔགས་ཀྱི་ཡི་གེ་འབྲུའི་ཡན་ལག་དུ་བསྟན་ཏེ། དེ་མི་ཉམས་པར་གསལ་བར་བརྗོད་དོ། །དེ་ལྟར་སྔགས
ཀྱི་ཡན་ལག་མ་ཉམས་བཟླས་ཀྱི་དོན་དུ་གསུངས་སོ། །ལུས་དང་ངག་དང་སེམས་རྣམས་ནི། བདེ་བར་གྱུར་ན་བྱང་ཆུབ་འཐོག་།གཞན་དུ་དུས་མིན་འཆི་བ་དང། དམྱལ?་བར་ངེས་པར་སྲེག་པར་འགྱུར་ཞེས་བྱ་བའི་དོན
བཤད་པར་བྱ་སྟེ། །ཇི་ལྟར་ཡིན་ན། ལུས་དང་ངག་སེམས་བདེ་བ་ནི་སྒྲུབ་པ་པོས་མདུན་དུ་སྨོས་པའི་བསྒོམ་པ་དང་བཟླས་པ་བྱ་བའི་དུས་སུ་རང་དགའ་པའི་ལྟའི་སྐུ་དང་གསུང་དང་ཐུགས་སུ་གཉིས་སུ་མེད་པའི་ངོ་བོར་གནས་པ
ཡིན་ནོ། །དེ་ལྟར་ལུས་དང་ངག་དང་སེམས་བདེ་བའི་དོན་དུ་གསུངས་སོ། །བྱང་ཆུབ་འཐོབ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །གཞན་དུ་དུས་མིན་འཆི་བ་དང་ཞེས་པ་ནི་སྒྲུབ་པ་པོས་མདུན་དུ་སྨོས་པའི་ཆོ་གས་བསྒོམ་པ་རང?་བཟླབ?
པ་། ལ་ཏེ་མ་བྱས་ན། དེའི་སྐྱོན་གྱིས་དུས་མ་ཡིན་པར་འཆི་བར་འགྱུར་བར་སྨོས་སོ། །གཞན་ཡང་དུས་མ་ཡིན་པར་འགྱུར་བའི་ལོ་རྒྱུས་བསྟན་པར་བྱ་སྟེ། ཡུལ་ཨཽར་ཏྲ་ཞེས་བྱ་བ་ཞིག་ཡོད་དོ། །དེ་ན་གནས་པའི་དམང?
རིགས་ཁྱིམ་ལྷའི་བཟང་པོ་ཞེས་བྱ་བ་ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས་པའི་ལྷ་བཟང་པོ་ཞེས་བྱ་བ་དེའི་སློབ་དཔོན་རིན་ཆེན་གསང་བ་ཡིན་ནོ། །ལྷ་བཟང་པོ་ངེས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར
དགའ་བ་ཆེན་པོས་རིང་པོར་མ་ཐོགས་པར་ཁྱིམ་སྤངས་ཏེ། ཤིང་ས་ལ་ཆེན་པོ་དང། ཁ་དིར་ལ་སོགས་པའི་ཚལ་མེ་ཏོག་དང་ཤིང་ཏོག་བྱེ་བྲག་སྣ་ཚོགས་པ་ལྡན་པའི་ཆུ་འགྲམ་གྱི་བྲག་ཕུག་དུ་འདུག་གོ་།གཞན
ཡང་སྨད་འཆོད་མ་ཟླ་བའི་སྙིང་པོ་ཞེས་བྱ་བ་ཤིན་ཏུ་གཟུགས་བྱད་ཀྱི་མཚན་ཐམས་ཅད་དང་ལྡན་པ། དབང་ཐམས་ཅད་རྫོགས་པ། སྒྲུབ་པ་ལ་བརྩོན་པའི་ཤེས་རབ་མ་དང་ལྡན་པར་ཐབས་དང་ཤེས་རབ་རོལ་པ་སྤྱོད་པ་དང
ད་ཨེ་བཞིན་དུ་བདུད་རྩི་རྣམ་པ་ལྔ་ལ་སོགས་པ་དམ་རྫས་ཐམས་ཅད་ཇི་ལྟར་འབྱུང་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པ་དཔལ་རྡོ་རྗེ་སེམས་པ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་ཞིང་སེམས་བསྟན
པར་བྱས་ནས་བགེགས་ཀྱི་གདོན་པ་མེད་པར་ཟླ་བ་དྲུག་ཏུ་འདུག་གོ། དེའི་སྐབས་སུ་བདུད་ཀྱི་བྱིན་གྱིས་རླབས་ཀྱི་སྟོབས་ཀྱིས་དགེ་བའི་གནས་བྲག་ཕུག་དུ་དགེ་སློང་མདོ་སྡེ་པ་ཟླ་བའི་དཔལ་ཞེས་བྱ་བ་ཞིག་འོངས་ནས་སྒྲུབ་པ་པོ་ལྷའི
བཟང་པོ་དང་ཕྲད་ནས་སོ་སོར་ཕྱག་བྱས་སྐུན?་གསོལ་ནས། དགེ་བ་པོ་ལྷའི་བཟང་པོའི་དགེ་བའི་གནས་སུ་མདོ་སྡེ་པ་འདྲོན་པོ་ཟླ་བའི་དཔལ་ཞག་མང་པོར་གནས་སོ། །དེའི་འོག་ཏུ་དགེ་སློང་ཟླ་བའི་དཔལ
གྱིས་རིམ་པ་རིམ་པས་དགེ་བ་པོ་ལྷའི་བཟང་པོ་ལ་མདོ་སྡེའི་བྱེ་བྲག་གི་ཆོས་ཀྱི་གཏམ་མང་པོར་བྱས་སོ། །དེ་བྱས་མ་ཐག་ཏུ་དགེ་བ་པོ་ལྷའི་བཟང་པོས་གསང་སྔགས་ཀྱི་སྤྱོད་པའི་སྒྲུབ་པ་སྤང་པར་ཕྱིན་ཅི་ལོག་གི་ལྟ་བའི
སེམས་སྐྱེས་སོ། །དེའི་འོག་ཏུ་མདོ་སྡེ་ལ་སོགས་པ་ཐེག་པ་འོག་མ་ལ་དད་པ་ཆེན་པོ་སྐྱེས་སོ། །དེ་ལྟར་དགེ་བ་པོ་ལྷའི་བཟང་པོས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་སྤྱོད་བའི་བྱེད་པ་སྤངས་པའི་སྡིག་པའི་ལས་ཀྱི
འབྲས་བུ་སྨིན་པས་ཞག་འདུན་ན་ནམ་ཁ་དངས་པ་སྤྲིན་མེད་པའི་དབུས་ནས་རྡོ་རྗེ་ཐོག་བབས་པས། མདོ་སྡེ་བ་དགེ་སློང་ཟླ་བའི་དཔལ་དང་གཉིས་སུ་དུས་གཅིག་ཏུ་བསད་དོ། །དེ་ལྟར་མདོར་བསྡུས་པ་མིན་འཆི་བའི་དོན་དུ
གསུངས་སོ། །དམྱལ་བར་ངེས་པར་སྲེག་པར་འགྱུར་ཞེས་པ་ནི། དེ་ལྟར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྱོད་པའི་དངོས་གྲུབ་སྒྲུབ་པ་སྤངས་ན་སྒྲུབ་པ་པོ་གང་ཡང་རུང་སྟེ། དགེ་བ་པོ་ལྷའི་བཟང་པོ་ཅི་ལྟར་ཤི་བ
བཞིན་དུ་ཚེ་འདི་ལ་བགེགས་ཀྱི་གནོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་གསོང་པར་འགྱུར་རོ། །བསྟན་པར་བྱ་སྟེ། སྡིག་པ་ཅན་དེ་ཤིན?་ཐག་ཏུ་མནར་མེད་བའི་དམྱལ་བ་ཐམས་ཅད་དུ་བསྐལ་པ་གྲངས་མེད་པར་ངེས
པར་སྲེག་པར་འགྱུར་རོ། །དེ་ལྟར་དམྱལ་བར་ངེས་པར་སྲེག་པར་འགྱུར་པའི་དོན་དུ་གསུངས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་རྣམས། །ཆོས་མཆོག་མི་གཡོ་རྙེད་པ
ཡང། །འདོད་པ་ཐམས་ཅད་བསྟེན་པས་སོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སངས་རྒྱས་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ཐམས་ཅད་དེ་།ཆོས་ཀྱི་དབྱིངས་ཀྱི་བྱེ་བྲག་?
དུ་སྨོས་པའི་གནས་མ་ལུས་པར་ཏིལ་གྱི་འབྲུ་ཚད་ཙམ་གྱི་སྐུ་ཕྱག་རྒྱའི་ངོ་བོ་གནས་པའོ། །དེ་ལྟར་སངས་རྒྱས་ཀྱི་དོན་དུ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་ནི། དམ་ཚིག་རྡོ་རྗེ་ལ་སོགས་པ་བྱང
ཆུབ་སེམས་དཔའ་ཐམས་ཅད་དེ། སངས་རྒྱས་ཀྱི་ཞིང་བྱེ་བྲག་གསུམ་དུ་སྨོས་པའི་གནས་མ་ལུས་པར་ཚད་རྡུལ་ཕྲ་མོ་དང་མཉམ་པའི་སྐུ་ཕྱག་རྒྱའི་ངོ་བོར་གནས་པའོ། །དེ་ལྟར་སངས་རྒྱས་བྱང་ཆུབ་?་རྣམས་ཀྱི་སྐུ་ཕྱག་རྒྱ་ཆད?་ཀྱི
ངོ་བོ་གམས?་ཕུན་སུམ་ཚོགS?་པ?་ན་གནས་པའི་ཚུལ་གྱི་དོན་ལེའུ་དང་པོ་ནས་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །སྔགས་ཀྱི་སྤྱོད་པ་མཆོག་སྦྱོང་རྣམས་ཞེས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྲུབ་པ་པོ་སྔགས་ཀྱི་སྦྱོང
པའི་མཆོག་སྤྱོད?་པར་བྱེད་པ་དེ་ལ་དངོས་གྲུབ་ཀྱི་འབྲས་བུ་སྦྱིན་པའོ། །ཆས་མཆོག་མི་གཡོ་རྙེད་པ་ཡང་ཞེས་པ་ནི་མདུན་དུ་སྨོས་པའི་སྤྱོད་པའི་མཆོག་གསང་སྔགས་སྤྱོད་པའི་སྒྲུབ་པ་པོ་དེ་ལ་སངས་རྒྱས་དང་བྱང་ཆུབ
སེམས་དཔས་ཡེ་ཤེས་ཀྱིས་ཕྱིན་གྱིས་རློབ་པར་མཛད་པས་ཡེ་ཤེས་ཀྱི་འབྲས་རྙེད་དེ། འབྲས་བུའི་ཚད་བསྟན་པར་བྱ་སྟེ། ཕྱི་ནང་གི་ཐེག་པའི་རིམ་པའི་ཆོས་ཐམས་ཅད་ལས་ཡེ་ཤེས་ཀྱི་འབྲས་བུ་སྨོས་པའི་ནང་ན་འབྲས་བུ་འདི་ནི་མཆོག་བླ
ན་མེད་པ་མི་ཟད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་དེ་ནི་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོ་འབྲས་བུའི་མཆོག་ཐོབ་པར་འགྱུར་རོ། །དེ་ལྟར་ཆོས་མཆོག
མི་གཡོ་རྙེད་པའི་དོན་དུ་གསུངས་སོ། །འདོད་པ་ཐམས་ཅད་བསྟེན་པས་ཞེས་པའི་དོན་ནི་མདུན་དུ་ཇི་ལྟར་བཤད་པའི་ཚུལ་དུ་བསྟེན་ཅིང་སྒྲུབ་པར་བྱེད་པ་དེས། སྔར་སྨོས་པའི་འབྲས་བུ་ཐོབ་པར་འགྱུར་པའོ།།
ཆགས་པ་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །བྱང་ཆུབ་འདོད་པས་ཆགས་པར་བྱ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཆགས་པས་ཡེ་ཤེས
འདོད་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒྲུབ་པ་པོ་རང་དགའ་བའི་ལྷའི་དངོས་གྲུབ་ཡེ་ཤེས་ཀྱི་འབྲས་བུ་འདོད་ན། འོག་ནས་འབྱུང་བའི་ཚུལ་དུ་འདོད་པའི་ཡོན་ཏན་ལྔ་བསྟེན་པར་བྱ་ཞིང་ཤིན་ཏུ་སེམས་ཀྱི་ཆགས
པས་མ་གྲུབ་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟར་ཆགས་པའི་ཡེ་ཤེས་འདོད་པའི་དོན་དུ་གསུངས་སོ། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན་ཞེས་པ་ནི། སྒྲུབ་པ་པོས་དངོས་གྲུབ་མ་གྲུབ་ཀྱི་བར་དུ་འདོད་པའི་ཡོན་ཏན་རྣམ་པ
ལྔ་བྱེ་བྲག་གསུམ་དུ་བསྟན་པར་བྱ་སྟེ། བྱེ་བྲག་གསུམ་གྱི་དོན་གསལ་བར་བཤད་པར་བྱ་སྟེ། ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་འདོད་པའི་ཡོན་ཏན་ལྔ་དོན་དམ་པ་ཆོས་ཀྱི་སྐུ་ལ་གནས་པ་དང་འབྱུང་བ་དང། གཉིས་སུ
མེད་པའི་ངོ་བོར་ཐིམ་པར་བསྒོམ་ཞིང་བསྟན་པར་བྱ་སྟེ། དང་པོ་གཟུགས་ཀྱི་བྱེ་བྲག་སྣ་ཚོགས་བརྟག་གོ་།ཅི་ལྟར་ཡིན་ན། རིན་པོ་ཆེའི་ཁ་དོག་རྣམ་པ་ལྔ་སྟེ། དཀར་པོ་ནི་རིན་པོ་ཆེ་ཤེལ་གྱི་ཁ་དོག་གོ་།སྔོན་པོ་ནི
རིན་པོ་ཆེ་ཨཻནརཱ?་ནཱི་ལའི་ཁ་དོག་གོ་། སེར་པོ་ནི་རིན་པོ་ཆེ་འཛམ་བུ་ནཱ་དའི་ཁ་དོག་གོ་།དམར་པོ་ནི་རིན་པོ་ཆེ་པདྨ་རཱ་གའི་ཁ་དོག་གོ་།ལྗང་ཁུ་ནི་རིན་པོ་ཆེ་བཻ་ཌཱུརྱའི་ཁ་དོག་གོ་།དེ་ལྟར་ཁ་དོག་ལྔའི་རིམ་པ་རྫས་གང་ལ
ཡོད་པ་དེ་རིན་པོ་ཆེ་སོ་སོར་ཁ་དོག་དང། གཉིས་སུ་མེད་པར་བརྟག་གོ་།གཞན་ཡང་གཟུགས་ནི་བུད་མེད་ལ་སོགས་པ་གཟུགས་ཅན་ཐམས་ཅད་དེ་སྒྲུབ་པ་པོས་མིག་གི་དབང་པོས་མཐོང་བ་ཡང་རུང་བ་དེ་དག་དུས་རྟག་ཏུ་གཟུགས་རྡོ་རྗེ་ལྷ་མོ་ཡིན
པས་ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པར་གནས་པ་དང། འབྱུང་བ་དང། །ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་གཟུགས་བསྟེན་པར་བྱ་པར་གསུངས་སོ། །དེ་ནས་སྒྲ་བསྟེན་བར་བྱ་བའི་དོན་བསྟན་པར་བྱ་སྟེ། གླུ་དང་རྔ་ལ་སོགས་པའི་བྱེ་བྲག་སྣ་ཚོགས་རང་དང
གཞན་གྱིས་བྱས་པའི་སྒྲ་གང་ཡང་རུང་བ་སྒྲུབ་པ་པོའི་རྣ་བའི་དབང་པོས?་ཐོས་པ་དེ་དག་དུས་རྟག་ཏུ་སྒྲ་རྡོ་རྗེ་ལྷ་མོ་ཡིན་པ་ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པར་གནས་པ་དང། འབྱུང་བ་དང། ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱི་སྒྲ་བསྟེན
པར་བྱ་བར་གསུངས་སོ། །དེ་ནས་དྲི་སྟེན་པར་བྱ་བའི་དོན་བསྟན་པར་བྱ་སྟེ་།ག་པུར་དང། ཙན་དན་དང། ཨ་ཀ་རུ་དང། གུར་གུམ་ལ་སོགས་པའི་བྱེ་བྲག་སྣ་ཚོགས་རང་དགའ་བའི་ལྷ་དང་གཉིས་སུ་མེད་པར་ལོངས་སྤྱོད་པ་དང།
གཞན་གྱིས་བྱས་པ་དེ་ལྟ་བུའི་དྲི་གང་ཡང་རུང་བ་སྒྲུབ་པ་པོས་སྣའི་དབང་པོས་ཚོར་དེ་དག་དུས་རྟག་ཏུ་དྲི་རྡོ་རྗེ་ལྷ་མོ་ཡིན་པས་ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པར་གནས་ཕ་དང། འབྱུང་བ་དང། ཐིམ་པའོ། །དེ་ལྟར་སྒོམ་པའི་ཚུལ
གྱིས་དྲི་བསྟེན་པར་བྱ་བར་གསུངས་སོ། །དེ་ནས་རོ་པ་སྟེན་པར་བྱ་བའི་དོན་བསྟན་པར་བྱ་སྟེ། བཟའ་བ་དང་བཏུང་བའི་བྱེ་བྲག་ཚ་བ?་དང?་དབང་བ་ལ་སོགས་པ་སྣ་ཚོགས་རང་གིས་ལོངས་སྤྱོད་པ་དང། གཞན་གྱིས་ལོངས་སྤྱོད་པའི་རོ་གང་ཡང་དུང་བ་སྒྲབ
པ་པོས་ལྕེའི་དབང་པོས་མྱོང་བ་དེ་དག་དུས་རྟག་ཏུ་རྡོ་རྗེ་ལྷ་མོ་ཡིན་པས་ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པར་གནས་པ་དང། འབྱུང་བ་དང། ཐིམ་པའོ། །དེ་ལྟར་བསྒོམ་བའི་ཚུལ་གྱིས་རོ་བསྟེན་པར་བྱ་བར་གསུངས་སོ། །དེ་ནས་དག
བསྟེན་པར་བྱ་བའི་དོན་བསྟན་པར་བྱ་སྟེ། བུད་མེད་འཁྱུད་པའི་ལུས་བདེ་བའི་རེག་དང་གོས་འཇམ་པོ་གོན་པའི་བདེ་བ་བདག་དང་གཞན་གྱི་ལུས་ཀྱི་དབང་པོས་མྱོང་བ་དེ་དག་དུས་རྟག་ཏུ་རེག?་རྡོ་རྗེའི་ལྷ་མོ་ཡིན་པ?་ཆོས
ཀྱི་སྐུ་ལ་གཉིས་སུ་མེད་པར་གནས་པ་དང། འབྱུང་བ་དང། ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་རེག་བསྟེན་པར་བྱ་བར་གསུངས་སོ། །དེ་ལྟར་མདོར་བསྡུས་པ་ཕྱིའི་དོན་དམ་པར་གཉིས་སུ་མེད་པའི་ངོ་བོར་འདོད་པའི་ཡོན་ཏན
ལྔ་བསྟེན་པར་བྱ་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་བཤད་པར་བྱ་སྟེ། སྒྲུབ་བ་པོས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒོམ་པའི་དུས་སུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སོ་སོའི་རིགས་ཀྱི་བྱེ་བྲག་གི་ཁ་དོག་དང། རྒྱན་དང། དེ
བཞིན་དུ་ཕྱག་དང། ཕྱག་མཚན་དང། སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པས་མཛེས་པར་བསྒོམ་པ་ལ་ཞུགས་ནས་མིག་གི་དབང་པོས་མཐོད་པ་དེ་དུས་རྟག་ཏུ་གཟུགས་རྡོ་རྗེ་ལྷ་མོ་ཡིན་པ་ཡེ་ཤེས་སེམས་དཔའ་དང། །
གཉིས་སུ་མེད་པའི་ངོ་བོར་གནས་པ་དང། འབྱུང་བ་དང། ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་ཀྱིས་གཟུགས་བསྟེན་པར་བྱ་བར་གསུངས་སོ། །དེ་ནས་སྒྲ་བསྟེན་བར་བྱ་བའི་དོན་བསྟན་པར་བྱ་སྟེ། སྒྲུབ་པ་པོས་སྒོམ་པ
བཏང་བའི་འོག་ཏུ་སྔགས་ཀྱི་བཟླས་པ་བྱ་སྟེ། སྔགས་བརྗོད་པའི་སྒྲ་དང། གཞན་ཡང་བསྟོད་པ་དང་ལྡན་པའི་རྡོ་རྗེ་གླུ་ལེན?་པའི་སྒྲ་སྒོམ་པ་ལ་ཞུགས་པའི་རྣ་བའི་དབང་པོས་ཐོས་པ་དེ་དག་དུས་རྟག་ཏུ་སྒྲའི་ལྷ་མོ་ཡིན་པར་ཡེ་ཤེས
སོགས་པ་དང་གཉིས་སུ་མེད་པའི་ངོ་བོར་གནས་པ་དང་འབྱུང་བ་དང། ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་སྒྲ་བསྟེན་པར་བྱ་བར་གསུངས་སོ། །དེ་ནས་དྲི་བསྟེན་པར་བྱ་བའི་དོན་བསྟན་པར་བྱ་སྟེ། སྒྲུབ་བ་པོས་སྔགས
ཀྱི་བཟླས་པ་བཏང་བའི་འོག་ཏུ་བདུད་རྩི་ལྔ་ལ་སོགས་པ་དམ་རྫས་ཐམས་ཅད་བཟའ་བའི་ཧོམ?་བྱ་བའི་དུས་སུ་དམ་རྫས་ལས་བྱུང་བའི་དྲི་དང། གཞན་ཡང་སྒྲུབ་པ་པོ་ཉིད་ཀྱི་ལུས་ལས་དྲི་འབྱུང་བ་བསྒོམ་པ་ལ་ཞུགས་པའི་སྣའི་དབང་པོས
ཆོར་བ་དེ་དག་དུས་རྟག་ཏུ་དྲི་རྡོ་རྗེ་ལྷ་མོ་ཡིན་པ་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི་ངོ་བོར་གནས་པ་དང། འབྱུང་བ་དང། ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་དྲི་བསྟེན་པར་བྱ་བར་གསུངས་སོ། །དེ་ནས་རོ་བསྟེན་པར
བྱ་བའི་དོན་བསྟན་པར་བྱ་སྟེ། སྒྲུབ་པ་པོས་བདུད་རྩི་རྣམ་པ་ལྔ་ལ་སོགས་པ་དམ་རྫས་ཐམས་ཅད་ཅི་ལྟར་སྨོས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་ཟ་བའི་དུས་སུ་དེའི་རོ་གང་ཡང་རུང་བ་སྒོམ་པ་ལ་ཞུགས་པའི་ལྕེའི་དབང་པོས
མྱོང་པ་དེ་དག་དུས་རྟག་ཏུ་རྡོ་རྗེ་ལྷ་མོ་ཡིན་པར་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི་ངོ་བོར་གནས་པ་དང། འབྱུང་བ་དང། ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་རོ་བསྟེན་པར་བྱ་བར་གསུངས་སོ། །དེ་ནས་རེག
བསྟེན་པར་བྱ་བའི་དོན་བསྟན་པར་བྱ་སྟེ། སྒྲུབ་པ་པོས་མདུན་དུ་སྨོས་པའི་དམ་རྫས་ཐམས་ཅད་བཟའ་བའི་དུས་སུ་ཤེས་རབ་ལྷ་མོ་གཉིས་སུ་མེད་པར་འཁྱུད་པའི་ལུས་ཀྱིས་རེག་པའི་བདེ་བ་སྒོམ་པ་ལ་ཞུགས་པའི་ལུས་ཀྱི
དབང་བོས་མྱོང་བ་དེ་དུས་རྟག་ཏུ་རེག་རྡོ་རྗེ་ལྷ་མོ་ཡིན་པས་ཡེ་ཤེས་སེམས་པ་དང་གཉིས་སུ་མེད་པའི་ངོ་བོར་གནས་པ་དང་འབྱུང་བ་དང་ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་རེག་བསྟེན་པར་བྱ་བར་གསུངས་སོ། །དེ
ལྟར་མདོར་བསྡུས་པ་ནད་གི་འདོད་པའི་ཡོན་ཏན་ལྔ་བསྟེན་པར་བྱ་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་དོན་བསྟན་བར་བྱ་སྟེ། དང་པོ་སྒྲུབ་པ་པོས་རང་དགའ་བའི་ལྷའི་རིགས་ཀྱི་བྱེ་བྲག་གི་ཤེས་རབ་མ་མདུན་དུ་སྨོས
པའི་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་བླངས་ཏེ། དེ་དང་ལྡན་པར་རང་དགའ་བའི་ལྷ་དང་གཉིས་སུ་མེད་པའི་ང་རྒྱལ་དུ?་བསྒོམ་པའི་སྦྱོར་བས་འདོད་ཆགས་ཆེན་པོའི་སེམས་དགའ་བས། གསང
བའི་དཀྱིལ་འཁོར་བསྐྱེད་ནས་བསྒོམ་པ་དང། གཞན་ཡང་བྱང་ཆུབ་ཀྱི་སེམས་བཟའ་བའི་ཕྱིར་ཐབས་དང་ཤེས་རབ་རོལ་པ་བྱའོ། །དེ་ནས་བདེ་བར་གྱུར་པའི་དུས་སུ་རྡོ་རྗེའི་ལམ་གྱི་སྒོ་ནས་ཤེས་རབ་མའི་བྷ་གའི་དབུས་སུ་ཁུ་བའི
ངོ་བོ་བྱང་ཆུབ་སེམས་འོད་དུ་ཞུ་སྟེ། བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་མོ། །དེའི་འོག་ཏུ་སྒྲུབ་པ་པོས་རང་དགའ་བའི་ལྷ་གང་ཡིན་པ་བདག་པོའི་ཚུལ་དུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི
སོ་སོའི་སྔགས་ས་བོན་ཡིག་འབྲུ་རྣམས་ཉིད་ཉིད་ཀྱི་རིགས་ཀྱི་ཁ་དོག་དང། ཡེ་ཤེས་དང་ལྡན་པར་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་ཀྱི་གཟི་བརྗིད་སྐར་མ་བཞིན་དུ་འབར་ཞིང་འོད་དུ་ཞུ་ནས
ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པའི་ས་བོན་བདག་པོ་ལ་སོགས་པ་རིམ་པ་མ་ནོར་བར་གསང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་པར་བྱ་སྟེ། དཀྱིལ
འཁོར་གྱི་ལྷ་ཐམས་ཅད་ཀྱི་སོ་སོའི་རིགས་གྱི་བྱེ་བྲག་གི་སྐུ་མདོག་དང། རྒྱན་དང། ཕྱག་དང་མཚན་དང་ལྡན་པའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པས་མཛེས་པར་བསྒོམ་པ་ལ་ཞུགས་པའི་མིག་གི
དབང་པོས་མཐོང་བ་ནི་དུས་རྟག་ཏུ་གཟུགས་རྡོ་རྗེ་ལྷ་མོ་ཡིན་པ་གསང་བའི་ལོངས་སྤྱོད་རྫོགས་པའི་དམ་ཚིག་སེམས་དཔའ་ཨི་སྐུ་དང་གཉིས་སུ་མེད་པའི་ངོ་བོར། གནས་པ་དང། འབྱུང་བ་དང་ཐིམ་པའོ། །དེ་ལྟར་བསྒོམ
པའི་ཚུལ་གྱིས་གཟུགས་བསྟེན་པར་བྱ་བར་གསུངས་སོ། །དོན་གཞན་ཡང་བསྟན་པར་བྱ་སྟེ། སྒྲུབ་པ་པོས་བྱང་ཆུབ་སེམས་ཇི་ལྟར་འབྱུང་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་བྱས་ནས་བཟའ་བར་བྱ་སྟེ། དེའི་དུས་སུ་བྱང་ཆུབ་སེམས
ཀྱི་གཟུགས་དང་ཁ་དོག་དང་ཡེ་ཤེས་ཀྱི་གཟི་བརྗིད་འཕྲོ་བ་མཛེས་པ་དེ་གོང་དུ་སྨོས་པའི་གཟུགས་རྡོ་རྗེ་ལྷ་མོ་ཡིན་པར་དེ་ལྟར་བསྒོམ་པའི་ཚུལ་གྱིས་གཟུགས་བརྟེན་པར་བྱ་བར་གསུངས་སོ། །དེ་ནས་སྒྲ་བསྟེན་པར་བྱ་བའི་དོན་བསྟན
པར་བྱ་སྟེ། སྒྲུབ་པ་པོས་མདུན་དུ་སྨོས་པའི་ཐབས་དང་ཤེས་རབ་རོལ་པ་བྱ་བའི་དུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བའི་སྐབས་སུ་གསང་བའི་དབང་པོ་གཉིས་བསྐྱོད་པའི་སྒྲ་སྒྲག་པ་སྒོམ་པ་ལ་ཞུགས་པའི་རྣ་བར་དབང་པོས་ཐོས་པ?
དེ། དུས་རྟག་ཏུ་སྒྲ་རྡོ་རྗེ་ལྷ་མོ་ཡིན་པས་གསང་བའི་ལོངས་སྤྱོད་རྫོགས་པའི་དམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོར་གནས་པ་དང། འབྱུང་བ་དང། ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་སྒྲ་བསྟེན་པར
བྱ་བར་གསུངས་སོ། །དེ་ནས་དྲི་བསྟེན་པར་བྱ་བའི་དོན་བསྟན་པར་བྱ་སྟེ། སྒྲུབ་པ་པོས་བྱང་ཆུབ་སེམས་བཟའ་བའི་དུས་སུ་དྲི་བྲོ་བ་སྒོམ་པ་ལ་ཞུགས་པའི་སྣའི་དབང་པོས་ཚོར་བ་དེ་དུས་རྟག་ཏུ་དྲི་རྡོ་རྗེ་ལྷ་མོ་ཡིན་པས། གསང
བའི་ལོངས་སྤྱོད་རྫོགས་པའི་དམ་ཚིག་སེམས་དཔའ་ཨི་སྐུ་དང་གཉིས་སུ་མེད་པའི་ངོ་བོར་གནས་པ་དང། འབྱུང་བ་དང། ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་དྲི་བསྟེན་པར་གསུངས་སོ། །དེ་ནས་རོ་བསྟེན་པར་བྱ་བའི
དོན་བསྟན་པར་བྱ་སྟེ། སྒྲུབ་པ་པོས་བྱང་ཆུབ་སེམས་བཟའ་བའི་དུས་སུ་དེའི་རོ་གང་ཡང་རུང་བ་བསྒོམ་པ་ལ་ཞུགས་པའི་ཅེའི་དབང་པོས་མྱོང་བ་དེ་དུས་རྟག་ཏུ་རྡོ་རྗེ་ལྷ་མོ་ཡིན་པས་གསང་བའི་ལོངས་སྤྱོད་རྫིན་པའི་དམ
ཚིག་སེམས་དཔའ་ཨི་སྐུ་དང་གཉིས་སུ་མེད་པར་གནས་པ་དང་འབྱུང་བ་དང་ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་རོ་བསྟེན་པར་གསུངས་སོ། །དེ་ནས་རེག་བསྟེན་པར་བྱ་བའི་དོན་བསྟན་པར་བྱ་སྟེ།
ས་གྲུབ་པ་པོས་ཐབས་དང་ཤེས་རབ་རོལ་པ་བྱས་པའི་དུས་སུ་གསང་བའི་དབང་པོ་གཉིས་བསྐྱོད་པའི་བདེ་བའི་རེག་བསྒོམ་པ་ལ་ཞུགས་པའི་ལུས་ཀྱི་དབང་པོས་མྱོང་བ་དེ་དུས་རྟག་ཏུ་རེག་རྡོ་རྗེ་ལྷ་མོ་ཡིན་པས་གསང་བའི་ལོངས
སྤྱོད་རྫོགས་པའི་དམ་ཚིག་སེམས་དཔའ་ཨི་སྐུ་དང་གཉིས་སུ་མེད་པའི་ངོ་བོར་གནས་པ་དང་འབྱུང་བ་དང་ཐིམ་པའོ། །དེ་ལྟར་བསྒོམ་པའི་ཚུལ་གྱིས་རེག་བསྟེན་པར་བྱ་བར་གསུངས་སོ། །དེ་ལྟར་བྱེ་བྲག་རྣམ་པ་གསུམ་དུ
འདོད་པའི་ཡོན་ཏན་ལྔ་བསྟེན་པར་བྱ་བའིདོན་གསལ་བར་བསྟན་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ་ཞེས་པ་ནི། སྒྲུབ་པ་པོས་རང་དགའ་བའི་ལྷ་བསྒོམ་ཞིང་དུས་རྟག་ཏུ་རྒྱུན་མི་འཆད་པར་འདོད
པའི་ཡོན་ཏན་རྣམ་པ་ལྔ་བསྟེན་པས་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་གྱུར་པའི་དོན་བསྟན་པར་བྱ་སྟེ། འདོད་པའི་ཡོན་ཏན་ལྔ་ཡེ་ཤེས་ཀྱི་དཀྱིལ་འཁོར
ད་ཨང་གསང་བའི་དཀྱིལ་འཁོར་གྱི་སྐུ་ཕྱག་རྒྱའི་ངོ་བོ་བསྐྱེད་པའི་དུས་སུ་བྱང་ཆུབ་སེམས་དཔའ་ལྔའི་ཤེས་རབ་ལྷ་མོ་སེམས་མ་རྡོ་རྗེ་མ་འདོད་པའི་ཡོན་ཏན་ལྔའི་སྐུ་ཕྱག་རྒྱའི་ངོ་བོ་རོལ་པའི་ཚུལ་གྱིས་སོ་སོའི་བདག་པོ
ཐབས་ཀྱི་ཕྱག་རྒྱ་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱེད་པར་བསྟན་ཏོ། །གཞན་ཡང་ལྔ་ཕྲག་གཉིས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་ཚུལ་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་
སའི་སྙིང་པོ་ཤེས་རབ་ལྷ་མོ་གཟུགས་རྡོ་རྗེ་མ་དང་གཉིས་སུ་མེད་པར་འཁྱུང་པའི་ཚུལ་གྱི་སྦྱར་བས་ཐབས་དང་ཤེས་རབ་རོལ་པ་བྱས་པས་མཉེས་བར་བྱེད་པར་གསུངས་སོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཤེས་རབ་ལྟ་མོ་སྒྲ་རྡོ་རྗེ་མ་དང་གཉིས
སུ་མེད་པར་འཁྱུད་པའི་ཚུལ་གྱི་སྦྱོར་བས་ཐབས་དང་ཤེས་རབ་རོལ་པ་བྱས་པས་མཉེས་པར་བྱེད་པར་གསུངས་སོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོ་ཤེས་རབ་ལྷ་མོ་དྲི་རྡོ་རྗེ་མ་གཉིས་སུ་མེད་པར་འཁྱུད་པའི་ཚུལ་གྱི་སྦྱོར་བས་གྲབས
དང་ཤེས་རབ་རོལ་པ་བྱས་པས་མཉེས་པར་བྱེད་པར་གསུངས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཤེས་རབ་ལྷམོ་རོ་རྡོ་རྗེ་མ་དང་གཉིས་སུ་མེད་པའི་འཁྱུད་པའི་ཚུལ་གྱི་སྦྱོར་བས་ཐབས་དང་ཤེས་རབ་རོལ་པ་བྱས
བས་མཉེས་པར་བྱེད་པར་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཤེས་རབ་ལྷ་མོ་རེག་རྡོ་རྗེ་མ་དང་གཉིས་སུ་མེད་པར་འཁྱུད་པའི་ཚུལ་གྱི་སྦྱོར་བས་ཐབས་དང་ཤེས་རབ་རོལ་པ་བྱས་པས་མཉས
བྱེད་པར་གསུངས་སོ། །དེ་ལྟར་འདོད་པའི་ཡོན་ཏན་ལྔ་པོ་དེ་སྒྲུབ་པ་པོས་མདུད་དུ་སྨོས་པའི་ཚུལ་དུ་རང་དགའ་བའི་ལྷ་བསྒོམ་ཞིང་དུས་རྟག་ཏུ་བརྟེན་པར་བྱའོ། །དེ་ལྟར་བྱས་ན་སྒྲུབ་པ་པོ་ལ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པ
རྣམས་མཉེས་པར་འགྱུར་རོ། །དེ་ནས་མཉེས་བར་གྱུར་པའི་འབྲས་བུ་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སའི་སྙིད་པོ་མཉེས་ན་?་བྱིན་གྱིས་རླབ་པ་མཛད་ནས་སྒྲུབ་པ་པོས་ལྟའི་མིག་གི་དངོས་གྲུབ་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ།།
དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་མཉེས་ནས་བྱིན་གྱིས་བརླབ་པར་མཛད་པས་སྒྲུབ་པ་པོས་ལྷའི་རྣ་བའི་དངོས་གྲུབ་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོ་མཉེས་ནས་བྱིན
གྱིས་བརླབ་པར་མཛད་པས་སྒྲུབ་པ་པོས་ལྷའི་སྣའི་དངོས་གྲུབ་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་མཉེས་ནས་བྱིན་གྱིས་བརླབ་པར་མཛད་པས་སྒྲུབ་པ
པོས་ལྷའི་ལྕེའི་དངོས་གྲུབ་གྱི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་མཉེས་ནས་བྱིན་གྱིས་བརླབ་པར་མཛད་པས་སྒྲུབ་པ་པོས་ལྷའི་ལུས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་ཐོབ
པར་འགྱུར་རོ། །དེ་ལྟར་མདོར་བསྡུས་པ་བྱང་ཆུབ་སེམས་དཔའ་མཉེས་པར་བྱ་བའི་དོན་དུ་གསུངས་སོ། །བྱང་ཆུབ་འདོད་པས་ཆགས་པར་བྱ་ཞེས་པ་ནི་སྒྲུབ་པ་པོས་མདུན་དུ་སྨོས་པའི་འདོད་པའི་ཡོན་ཏན་ལྔ་བསྟེན་པས་འབྲས་བུ་ལྔ
གྲུབ་པས་འཇིག་རྟེན་ཐམས་ཅད་དུ་གྲགས་པས་ཁྱབ་པའོ། །དེ་ཐོས་པས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲུབ་པ་ཆེན་པོ་བྱ་བའི་ཕྱིར་ཁྱད་པར་དུ་སྒོམ་པ་ལ་འཇུག་བ་ནི། བྱང་ཆུབ་འདོད་པས་ཆགས་པར་བྱ་བ་ཡིན་པར་བསྟན་ཏོ། །
གཞན་ཡང་ཁྱད་པར་དུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་དུ་རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་པའི་ཆོ་གའི་མན་ངག་བསྟན་པ་འགྲུབ་པར་བྱ་བའི་དད་པ་ཆེན་པོས་ཆགས་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་འདོད་པས་ཆགས་པར་བྱ་བའི་དོན
དུ་གསུངས་སོ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །མཆོད་པ་བྱེད་པས་མཆོད་པར་བྱ། དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །ཞེས་བྱ་བའི་དོན་བསྟན་པར་བྱ་སྟེ། ཇི་ལྟར་ཡིན་ན། སྒྲུབ
པ་པོས་བདག་ཉིད་?་གཉིས་སུ་མེད་པའི་ངོ་བོ་ཡེ་ཤེས་དང་གསང་བའི་དཀྱིལ་འཁོར་བསྒོམ་པའི་དུས་སུ་འདོད་པའི་ཡོན་ཏན་ལྔའི་མཆོད་པའི་བྱེ་བྲག་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་མཆོད་པར་བྱ་སྟེ། རྣམ་པ་གསུམ་ནི
ཕྱི་དང་ནང་དང་གསང་བའོ། །དེ་འཕགས་པ་ཡེ་ཤེས་ཞབས་ཀྱིས་ཕྱིའི་བྱེ་བྲག་བཅོ་ལྔ་དང། ནང་གི་བྱེ་བྲག་བཅོ་ལྔ་དང། གསང་བའི་བྱེ་བྲག་བཅོ་ལྔར་བཤད་པའི་དོན་འདིར་སྒྲར་དྲངས་ནས་གསལ་བར་བཤད་པར་བྱ་སྟེ། གཟུགས་ལ་རྣམ་གསུཾ
ཤེས་བྱས་ཏེ་ཞེས་པ་དང་པོ་ཕྱིའི་ནི་མེ་ལོང་གྱི་དབྱིབས་ཀྱི་ངོ་བོ་ནི་རྣམ་པར་སྣང་མཛད་ཡིན་པར་བརྟག་གོ་། དེ་བཞིན་དུ་མེ་ལོང་དྲི་མ་མེད་པ་གསལ་བའི་ངོ་བོ་ནི་སའི་སྙིང་པོ་ཡིན་པར་བརྟག་གོ་།གཟུགས་བརྙན་འབྱུང་བ་ངོ་བོ་ནི་གཟུགས་རྡོ་རྗེ
ལྷ་མོ་ཡིན་པར་བརྟག་གོ་། དེ་ལྟར་ཕྱིའི་གཟུགས་ཀྱི་བྱེ་བྲག་རྣམ་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་གཟུགས་ཀྱི་བྱེ་བྲག་རྣམ་པ་གསུམ་བསྟན་པར་བྱ་སྟེ། གཟུགས་ནི་རྣམ་པར་སྣང་མཛད་དེ། མིག་གི་དབྱིབས་ཀྱི་ངོ
བོ་སྒྲུབ་པ་པོས་རང་གི་ལུས་ལ་རྣམ་པར་སྣང་མཛད་ཡིན་པར་བརྟག་གོ། དེ་བཞིན་དུ་མིག?་འབྲས་མིག་གི་དབང་པོ་ནི་སའི་སྙིང་པོའི་ངོ་བོ་ཡིན་པར་བརྟག་གོ་།དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང། གསང་བའི་དཀྱིལ་འཁོར་སྔོ་བའི་དུས
སུ་ལྷ་རྣམས་ཀྱི་སྐུ་ཕྱག?་རྒྱའི་ཁ་དོག་ལ་སོགས་པ་ཡེ་ཤེས་ཀྱི་འོད་ཟེར་དང། འབར་བ་དང། གསལ་བ་དང། རྒྱན་རྣམས་ཀྱི་གཟུགས་ཀྱི་མཛེས་པའི་བྱེ་བྲག་སྣ་ཚོགས་མིག་གི་དབང་པོས་མཐོང་བའི་གཟུགས་ཀྱི་ངོ་བོ་ནི
གཟུགས་རྡོ་རྗེ་ལྷ་མ་ཡིན་པར་བརྟག་གོ་། དེ་ལྟར་ནང་གི་གཟུགས་ཀྱི་བྱེ་བྲག་རྣམ་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་གཟུགས་ཀྱི་བྱེ་བྲག་རྣམ་པ་གསུམ་བརྟན་པར་བྱ་སྟེ། ཐབས་དང་ཤེས་རབ
རོལ་པའི་ཚུལ་གྱིས་གསང་བའི་མཆོད་པ་བྱ་བའི་དུས་སུ་ཐབས་དང་ཤེས་རབ་གཉིས་ཀྱི་ལུས་ཐམས་ཅད་བྱང་ཆུབ་སེམས་འབྱུང་བའི་གནས་ཀྱི་སྙིང་པོའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཡིན་པར་བརྟག་གོ་། དེ་བཞིན
དུ་ཐབས་དང་ཤེས་རབ་རོལ་པའི་ཐབས་ཀྱི་ཚུལ་གྱིས་ཤེས་རབ་མའི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བ་དེའི་གཟུགས་ཀྱི་ངོ་བོ་སའི་སྙིང་པོ་ཡིན་པར་བརྟག་གོ་། དེ་བཞིན་དུ་བྱང་ཆུབ
སེམས་ཀྱི་ཁ་དོག་གི་ངོ་བོ་ནི་གཟུགས་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་། དེ་ལྟར་ཕྱི་ནང་གསང་བ་གསུམ་གྱི་གཟུགས་ཀྱི་བྱེ་བྲག་རྣམ་པ་གསུམ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །མཆོད་པར་བྱེད་པས་མཆོད་པར་བྱ་ཞེས་པ་ནི།
སྒྲུབ་པ་པོས་མདུན་དུ་སྨོས་པའི་གཟུགས་ཀྱི་བྱེ་བྲག་གསུམ་ཤེས་ནས་བསྒོམས་པའི་འོག་ཏུ་མཆོད་པར་བྱ་སྟེ། གང་ཡིན་པ་དང། གང་གིས་བྱ་བ་དང། གང་ལ་མཆོད་པའོ། །བཤད་པར་བྱ་སྟེ། གང་ཡིན་པ་ནི་མདུན་དུ
སྨོས་པའི་ཕྱི་དང་ནང་དང་གསང་བའི་གཟུགས་ཀྱི་རྫས་ཀྱི་ངོ་བོ་མཆོད་པ་ཡིན་ནོ། །དེ་ལྟར་གང་ཡིན་པའི་དོན་ནོ། །གང་གིས་མཆོད་པ་ནི་སྒྲུབ་པ་པོས་བྱེད་པའོ། །དེ་ལྟར་གང་གིས་མཆོད་པའི་དོན་ནོ། །དེ་ནས་གང་ལ
མཆོད་པ་ནི་སྒྲུབ་པ་པོ་རང་དགའ་བའི་ལྷ་དང་གཉིས་སུ་མེད་པའི་བདག་ཉིད་དེ། དེ་ཉིད་དགའ་བའི་ལྷ་དང་ནང་གི་གཟུགས་ཀྱི་བྱེ་བྲག་རྣམ་པ་གསུམ་མཆོད་པའི་ངོ་བོ་དེ་གཉིས་སུ་མེད་པ་ཡིན་ནོ། །ཚུལ་དེ་ལྟར་རང་དགའ་བའི
ལྷ་ལ་བྱའོ། །དེ་ལྟར་མཆོད་པ་བྱེད་པས་མཆོད་པར་བྱ་བའི་དོན་དུ་གསུངས་སོ། །དེ་ཉིད་བཅོམ་ལྡན་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་གཟུགས་མཆོད་པའི་ངོ་བོ་བཅོམ་ལྡན་འདས་ཉིད་ཡིན་པར་གསུངས་སོ། །སྣ་ཚོཌ
ཞེས་པ་ནི་མདུན་དུ་སྨོས་པའི་ཕྱི་དང་ནང་དང་གསང་བའི་གཟུགས་ཀྱི་ངོ་བོ་ཐམས་ཅད་ལ་ཁྱབ་ནས་གནས་པའི་གཟུགས་གྱི་བྱེ་བྲག་སྣ་ཚོགས་སོ། །དེ་ལྟར་སྣ་ཚོགས་ཀྱི་དོན་དུ་གསུངས་སོ། །སངས་རྒྱས་རྣམ་པར་སྣང་མཛད་བཞི
ཞེས་པ་ནི། ཕྱི་དང་ནང་དང་གསང་བའི་གཟུགས་ཀྱི་བྱེ་བྲག་རྣམ་པ་གསུམ་གསུམ་གྱི་གཟུགས་ཀྱི་བྱེ་བྲག་སྣ་ཚོགས་ལ་ཁྱབ་ནས་གནས་པ་སངས་རྒྱས་རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་གནས་པ་དང་འབྱུང་བ་དང
ཐིམ་པའི་གནས་སུ་བསྟེན་པའོ། །དེ་ལྟར་སངས་རྒྱས་རྣམ་པར་སྣང་མཛད་བཞིའི་དོན་དུ་གསུངས་སོ།། །།ད་ནི་སྒྲའི་བྱེ་བྲག་རྣམ་པ་གསུམ་ཤེས་པར་བྱ་བའི་དོན་བསྟན་པར་བྱ་སྟེ། སྒྲ་ལ་རྣམ་གསུམ་ཤེས་བྱས་ནས།
ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རིན་ཆེན་འབྱུང་གནས་གཙོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། སྒྲ་ལ་རྣམ་གསུམ་ཤེས་བྱས་ནས་ནི། །སྒྲུབ་པ་པོས་སྒྲའི་?
མཆོད་པ་བྱ་བའི་དུས་སུ་རྒུ་པོ་རྒྱུད་མངས་ཀྱི་དབྱིབས་ཀྱི་ངོ་བོ་རྒྱུད་དང་ལྡན་པར་དེ་ཉིད་རིན་ཆེན་འབྱུང་ལྡན་ཡིན་པར་བརྟག་གོ་། དེ་བཞིན་དུ་རྒུ་བོ་རྒྱུད་མངས་རྡུད་བའི་ལགས་གཉིས་བསྐྱེད་པའི་སྟབས་ཀྱིས་སྒྲ་འབྱུང་བར་བྱེད་པའི་ངོ་བོ་ནི
ཕྱག་ན་རྡོ་རྗེ་ཡིན་པར་བརྟག་གོ་། དེ་བཞིན་དུ་སྒྲ་འབྱུང་བ་ཐོས་པའི་ངོ་བོ་ནི་སྒྲ་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་།དེ་ལྟར་ཕྱིའི་སྒྲའི་བྱེ་བྲག་རྣམ་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་སྒྲ་བྱེ་བྲག་རྣམ་པ་གསུམ་བསྟན་པར
བྱ་སྟེ། ?་ཚོར?་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་རྣ་བའི་དབྱིབས་ཀྱི་ངོ་བོ་སྒྲུབ་པ་པོས་ཉིད་ཀྱི་ལུས་ལ་རིན་ཆེན་འབྱུང་ལྡན་ཡིན་པར་བརྟག་གོ་།དེ་བཞིན་དུ་སྒྲ་འཇུག་པའི་ལམ་བུ་གའི་ངོ་བོ་ཕྱག་ན་རྡོ་རྗེ་ཡིན་པར་བརྟག་གོ་།དེ་བཞིན་དུ་སྒྲ
སྙན་པ་ཡིད་དུ་འོང་དེའི་བྱེ་བྲག་སྣ་ཚོགས་ནི་སྒྲ་རྡོ་རྗེའི་ལྷ་མོ་ཡིན་པར་བརྟག་གོ་། དེ་ལྟར་ནང་གི་སྒྲའི་བྱེ་བྲག་རྣམ་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་སྒྲའི?་བྱེ་བྲག་རྣམ་པ་གསུམ་དུ་བསྟན་པར་བྱ་སྟེ། སྒྲུབ་བ
པོས་ཐབས་དང་ཤེས་རབ་རོལ་བ་བྱ་བའི་དུས་སུ་གསང་བའི་དབང་པོ་གཉིས་གཉིས་སུ་མེད་པའི་ངོ་བོ་ནི་ཡིན་པར་བརྟག་གོ་། དེ་བཞིན་དུ་གསང་བའི་དབང་པོ་གཉིས་བསྐྱོད་པའི་ཐབས་ཀྱིས་བྱང་ཆུབ་སེམས་འོད
དུ་ཞུ་བར་བྱེད་པ་ནི་ཕྱག་ན་རྡོ་རྗེ་ཡིན་པར་བརྟག་གོ། དེ་བཞིན་དུ་མདུན་དུ་སྨོས་པའི་ཚུལ་གྱིས་བྱང་ཆུབ་སེམས་འོད་དུ་ཞུ་བའི་དུས་སུ་གསང་བའི་དབང་པོ་གཉིས་བསྐྱོད་པའི་ཐབས་ཀྱིས་བྱང་ཆུབ་སེམས་ཀྱི་སྒྲ་འབྱུང་བའི་ངོ་བོ་སྒྲ་རྡོ་རྗེའི
ལྷ་མོའི་ངོ་བོ་ཡིན་པར་བརྟག་གོ་། དེ་ལྟར་ཕྱི་དང་ནང་དང་གསང་བ་གསུམ་གྱི་སྒྲའི་བྱེ་བྲག་རྣམ་པ་གསུམ་གསུམ་དུ་ཤེས་པར་བྱའོ། །ལྷ་རྣམས་ལ་ནི་དབུལ་བར་བྱ་ཞེས་པ་ནི། སྒྲུབ་པ་པོས་རང་དགའ་བའི་ལྟ་ལ་སོགས་པ
ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གསང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མདུན་དུ་སྨོས་པའི་སྒྲའི་བྱེ་བྲག་རྣམ་པ་གསུམ་མཆོད་པར་དབུལ་བར་བྱའོ། །དེ་ལྟར་ལྷ་རྣམས་ལ་ནི་དབུལ་བར་བྱ་བའི་དོན་དུ་གསུངས་སོ། །དེ
ཉིད་བཅོམ་ལྡན་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་སྒྲའི་མཆོད་པ་ཉིད་ཀྱི་ངོ་བོ་བཅོམ་ལྡན་འདས་ཉིད་ཡིན་པར་གསུངས་སོ། །སྣ་ཚོགས་པ་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་སྒྲ?་སྨོས་པའི་ངོ་བོ་ཐམས་ཅད་ལ་ཁྱབ་ནས
གནས་པ་སྣ་ཚོགས་ཏེ། དེ་ལྟར་སྣ་ཚོགས་ཀྱི་དོན་དུ་གསུངས་སོ། །སངས་རྒྱས་རིན་ཆེན་འབྱུང་གནས་གཙོ་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་སྒྲའི་བྱ་བྲག་རྣམ་པ་གསུམ་གྱིས་ཐམས་ཅད་དུ་ཁྱབ་ནས་གནས་པའི་སྒྲ་དེ་ལ
སངས་རྒྱས་རིན་ཆེན་འབྱུང་ལྡན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་བདག་པོ་གནས་པ་དང་འབྱུང་བ་དང་ཐིམ་པར་བསྟན་ཏོ། །དེ་ལྟར་སངས་རྒྱས་རིན་ཆེན་འབྱུང་གནས་གཙོའི་དོན་དུ་གསུངས་སོ།། །།
དེ་ནི་དྲིའི་བྱེ་བྲག་རྣམ་པ་གསུམ་ཤེས་པར་བྱ་བའི་དོན་བསྟན་པར་བྱ་སྟེ། དྲི་ལ་རྣམ་གསུམ་ཤེས་བྱས་ནས། སངས་རྒྱས་ལ་སོགས་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །ཞེས་བྱ
བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ནོ། དྲིལ་རྣམ་གསུམ་ཤེས་བྱས་ཏེ་ན་སྒྲུབ་པ་པོས་དྲིའི་མཆོད་པ་བྱ་བའི་དུས། ག་བུར་དང། ཙན་དན་དང། གུར་གུམ་ལ་སོགས་པ་དྲིའི་རྫས་ཐམས་ཅད་ཀྱི་ངོ་བོ་ནི་སྣང་བ་མཛའ་ཡས་ཉིད་ཡིན་པར
བརྟག་གོ་། དེ་བཞིན་དུ་མདུན་དུ་སྨོས་པའི་དྲིའི་ཛས?་ཀྱི་ཁ་དོག་གི་ངོ་བོ་ནི་ནམ་མཁའ་ཨི་སྙིང་པོ་ཡིན་པར་བརྟག་གོ་།དེ་བཞིན་དུ་དྲིའི་རྫས་ཐམས་ཅད་ལས་དྲི་འབྱུང་བའི་ངོ་བོ་ནི་དྲི་རྡོ་རྗེ་ལྟ་མོ་ཡིན་པར་བརྟག་གོ་།དེ་ལྟར་ཕྱིའི་དྲིའི་བྱེ་བྲག་རྣམ་པ
གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་དྲིའི་བྱེ་བྲག་རྣམ་པ་གསུམ་བསྟན་པར་བྱ་སྟེ། སྒྲུབ་པ་པོ་ཉིད་ཀྱི་ལུས་སྣའི་དབྱིབས་སྣང་བ་མཛའ་ཡས་ཡིན་པར་བརྟག་གོ་།དེ་བཞིན་དུ་དྲི་ཚོར་བའི་ལམ་བུ་གུའི་ངོ་བོ་ནི་ནམ་མཁའ་ཨི་སྙིང་པོ
ཡིན་པར་བརྟག་གོ་། དེ་བཞིན་དུ་དྲི་ཚོར་བས་དབང་པོ་ཐམས་ཅད་ཚིམ་པས་དགའ་བར་བྱེད་པའི་ངོ་བོ་ནི་ཇི་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་།དེ་ལྟར་ནང་གི་དྲིའི་བྱེ་བྲག་རྣམ་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་བྱེ
བྲག་རྣམ་པ་གསུམ་གྱི་དོན་བཤད་པར་བྱ་སྟེ། སྒྲུབ་པ་པོས་ཉིད་དགའ་བའི་ལྷའི་ང་རྒྱལ་དུ་བསྒོམ་པ་ཤེས་རབ་མ་དང་སྦྱོར་བའི་ཚུལ་དང་ལྡན་པར་བདུད་རྩི་རྣམ་པ་ལྔ་བཟའ་བར་བྱ་སྟེ། དེ་ཟ་བའི་དུས་སུ་བདུད་རྩིའི་ལྔའི་དྲི་འབྱུང་ངོ་བའི
གནས་ཀྱི་ངོ་བོ་ནི་སྣང་བ་མཛའ་ཡས་ཡིན་?་པར་བརྟག་གོ་། དེ་བཞིན་དུ་བདུད་རྩི་ལྔ་ལས་དྲི་འབྱུང་བའི་ངོ་བོ་ནི་ནམ་མཁའ་ཨི་སྙིང་པོ་ཡིན་པར་བརྟག་གོ་།དེ་བཞིན་དུ་དེའི་དྲི་ཞིམ་པ་ཚོར་བར་བྱ་བའི་ངོ་བོ་ནི་དྲི་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་།
དེ་ལྟར་ཕྱི་ནང་གསང་བ་གསུཾ་གྱི་དྲིའི་བྱེ་བྲག་རྣམ་པ་གསུམ་དུ་ཤེས་པར་བྱའོ། །སངས་རྒྱས་ལ་སོགས་དབུལ་བར་བྱ་ཞེས་པ་ནི། སྒྲུབ་པ་པོས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ལྔ་དང། གཞན
ཡང་ཡེ་ཤེས་དང་གསང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལྷག་མ་མདུན་དུ་སྨོས་པའི་ཕྱི་དང་ནང་དང་གསང་བའི་བྱེ་བྲག་རྣམ་པ་གསུམ་མཆོད་པར་དབུལ་བར་བྱའོ། །དེ་ལྟར་སངས་རྒྱས་ལ་སོགས་པ་དབུལ་བར་བྱ་བའི་དོན
དུ་གསུངས་སོ། །དེ་ཉིད་བཅོམ་ལྡན་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་དྲིའི་མཆོད་པའི་ངོ་བོ་བཅོམ་ལྡན་འདས་ཉིར་ཡིན་པར་གསུངས་སོ། །སྣ་ཚོགས་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་དྲི་སྨོས་པའི་ངོ་བོ་པོ་བྱེ་བྲག་སྣ
ཚོགས་ཀྱིས་ཐམས་ཅད་ལ་ཁྱབ་ནས་གནས་པའོ། །དེ་ལྟར་སྣ་ཚོགས་ཀྱི་དོན་དུ་གསུངས་སོ། །འདོད་ཆགས་ཆོས་འཛིན་བདག་པོའི་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི། དེ་བཞིན་གཤེགས
པ་ཨ་ཐམས་ཅད་ཀྱི་བླ་ན་མེད་པའི་འདོད་ཆགས་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང་གཉིས་སུ་མེད་པའི་ངོ་བོ་བླ་ན་མེད་པའི་འདོད་ཆགས་ཀྱི་ཆོས་ཀྱིས་གྲུབ་པ་འཁོར་བའི་སྐྱེ་ཤི་མེད་པ་བླ་ན་མེད་པའི་སངས་རྒྱས་ཀྱི་འབྲས་བུ
འགྲུབ་པར་འགྱུར་ཏེ་། དེ་ལྟ་བུའི་འདོད་ཆགས་དེ་འཛིན་པ་སྣང་བ་མཛའ་ཡས་ཉིད་ཀྱི་སྒྱུ?་ཕྱག་རྒྱ་གཉིས་སུ་མེད་པའི་ངོ་བོ་དེ་ནི་མདུན་དུ་སྨོས་པའི་ཚུལ་དུ་གྱི་དང་ནང་དང་གསང་བས་ཐམས་ཅད་ལ་ཁྱབ་ནས་གནས་པའི
?་ཆགས?་ཆོས་འཛིན་པ་སྣང་བ་མཛའ་ཡས་བདག་པོ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་གནས་པ་དང་འབྱུང་བ་དང་ཐིམ་པར་བསྟན་ཏོ། །དེ་ལྟར་འདོད་ཆགས་ཆོས་འཛིན་བདག་པོའི་དོན་དུ་གསུངས་སོ།། །།
ད་ནི་རོའི་བྱེ་བྲག་རྣམ་པ་གསུམ་ཤེས་པར་བྱ་བའི་དོན་བསྟན་པར་བྱ་སྟེ། རོ་ལ་རྣམ་གསུམ་ཤེས་བྱས་ནས། ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་ཐོག་མེད་རྡོ་རྗེ་འཛིན། །ཞེས་བྱ་བའི་དོན་བསྟན?
པར་བྱ་སྟེ། ཅི་ལྟར་ཡིན་ན། རོ་ལ་རྣམ་གསུམ་ཤེས་བྱས་ནས་ནི། སྒྲུབ་པ་པོས་རོའི་མཆོད་པ་བྱ་བའི་དུས་སུ་འབྲས་ཤ་ལུ་ལ་སོགས་པ་ལ་ཟས་ཇི་སྙེད་པ་ཐམས་ཅད་ཀྱི་ངོ་བོ་ནི་དོན་ཡོད་གྲུབ་པ་ཡིན་པར་བརྟག་གོ་།དེ་བཞིན་དུ་ཟས?
ཐམས་ཅད་ཚ་བ་དང། དངར?་བ་ལ་སོགས་པར་རོ་དྲུག་གི་བྱེ་བྲག་གང་དང་ལྡན་པ་དེའི་ངོ་བོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཡིན་པར་བརྟག་གོ་།དེ་བཞིན་དུ་གོང་དུ་སྨོས་པའི་ཚ་བ་དང་དངར་ག་ལ་སོགས་པ་རོ་དྲུག་?་པས་སོ་སོའི?
མྱོང་པའི་ངོ་བོ་ནི་རོ་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་། དེ་ལྟར་ཕྱིའི་རོའི་བྱེ་བྲག་རྣམ་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་རོའི་བྱེ་བྲག་གི་རྣམ་པ་གསུམ་གྱི་དོན་བསྟན་པར་བྱ་སྟེ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་ཁོར?
དབྱིབས?་ཀྱི་ངོ་བོ་སྒྲུབ་པོས་ཉིད་ཀྱི་ལུས་ལ་དོན་ཡོད་གྲུབ་པ་ཡིན་པར་བརྟག་གོ་། དེ་བཞིན་དུ་ལྕེའི་ངོ་བོས་རོ་མྱོང་བར་བྱེད་པ་དེ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཡིན་པར་བརྟག་གོ་།དེ་བཞིན་དུ་བཟའ་བ་དང་བཏུང་བ
?་ཅད་ཀྱི་ཆོས?་?་པ་ལ་སོགས་པ་རོ་དྲུག་དང་ལྡན་པ་ཟོས་ནས་ཚིམ་པར་གྱུར་པ་ནི་རོ་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་། དེ་ལྟར་ནང་གི་རོའི་བྱེ་བྲག་རྣམ་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་རོའི་བྱེ་བྲག
རྣམ་པ་གསུམ་གྱི?་དོན་བརྟག་པར་བྱ་སྟེ། །སྒྲུབ་པ་པོས་ཉིད་དགའ་བའི་ལྷའི་ཆེ་བའི་ང་རྒྱལ་བྱས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་ཚུལ་གྱིས་བདུད་རྩི་རྣམ་པ་སྔ་ཟ་བའི་དུས་སུ་དེའི་ངོ་བོ་ནི་དོན་ཡོད་གྲུབ་པ་ཡིན་
པར་བརྟག་གོ་། དེ་བཞིན་དུ་བདུད་རྩི་ལྔའི་རོ་མྱོང་བར་བྱེད་པའི་ལྕེའི་དབང་པོ་འཕགས་པ་སྤྱན་རས་གཟིགS་ཀྱི་དབང་ཕྱུག་ཡིན་པར་བརྟག་གོ་།དེ་བཞིན་དུ་བདུད་རྩི་རྣམ་པ་ལྔའི་རོ་ཞིམ་པ་མྱོང་བས་ཚིམ་པར
གྱུར་པ་ནི་རོ་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་། དེ་ལྟར་ཕྱི་དང་ནང་དང་གསང་བའི་རོའི་བྱེ་བྲག་རྣམ་པ་གསུམ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །ལྷ་རྣམས་ལ་ནི་དབུལ་བར་བྱ་ཞེས་པ། སྒྲུབ་པ་པོས་རང་དགའ་བའི་ལྷའི་བདག་པོའི་ཚུལ་དུ
བྱས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང། གསང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མདུན་དུ་སྨོས་པའི་རོའི་བྱེ་བྲག་རྣམ་པ་གསུམ་གྱི་མཆོད་པ་དབུལ་བར་བྱའོ། །དེ་ལྟར་ལྷ་རྣམས་ལ་ནི་དབུལ་བར་བྱ་བའི་དོན་དུ་གསུངས་སོ།།
དེ་ཉིད་བཅོམ་ལྡན་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་རོའི་མཆོད་པ་དེ་ཉིད་བཅོམ་ལྡན་འདས་ཡིན་པར་གསུངས་སོ། །སྣ་ཚོགས་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་རོ་སྨོས་པའི་ངོ་བོ་ཐམས་ཅད་ལ་ཁྱབ་ནས་གནས་པ་སྣ་ཚོགས
སོ། སངས་རྒྱས་ཐོཌ་མེད་རྡོ་རྗེ་འཛིན་ཞེས་པ་ནི་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་དུ་ཐུགས་རེ་ཆེན་པོའི་ཐུགས་བསྐྱེད་ནས་ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་འཕྲིན་ལས་མཛད་པ་དེ་ཉིད་སངས་རྒྱས་ཐོགས
མེད་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་བྱ་བ་ནན་ཏན་ག་ཡི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་འཛིན་པས་དེའི་ཕྱིར་རྡོ་རྗེ་འཛིན་པ་ཞེས་བསྟན་ཏོ། །དེ་ལྟར་སྐུ་ཕྱག་རྒྱ་གཉིས་སུ་མེད་པའི་ངོ་བོ་མདུན་དུ་སྨོས་པའི་ཚུལ་དུ་ཕྱི་དང་ནང་དང་གསང་བ་ཐམས་ཅད
ལ་ཁྱབ་ནས་གནས་པའི་རོ་འཛིན་པས་གནས་པ་དང་འབྱུང་བ་དང་ཐིམ་པར་བརྟན་ཏོ། །དེ་ལྟར་སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན་གྱི་དོན་དུ་གསུངས་སོ། །ད་ནི་བྱེ་བྲག་རྣམ་པ་གསུམ་དུ་ཤེས་པར་བྱ་བའི་དོན་བསྟན་པར་བྱ
སྟེ། རེག་ལ་རྣམ་གསུམ་ཤེས་བྱས་ནས། །བདག་གི་རིགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །མི་བསྐྱོད་པའི་ཚུལ་བརྙེས་པའོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། རེག་ལ་རྣམ་གསུམ་ཤེས་བྱས་ནས
ནི་སྒྲུབ་པ་པོས་རེག་གི་མཆོད་པ་བྱེད་པའི་དུས་སུ་མི་དང་ལྟའི་གོས་ཀྱི་བྱེ་བྲག་སྣ་ཚོགས་དང་ལྡན་པའི་ངོ་བོ་དེ་ནི་མི་བསྐྱོད་པ་ཡིན་པར་བརྟག་གོ་། དེ་བཞིན་དུ་ཁ་དོག་དང་གཟུགས་སོ་སོའི་བྱེ་བྲག་གི་ངོ་བོ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པ
ཡིན་པར་བརྟག་གོ་། དེ་བཞིན་དུ་གོས་ཀྱི་རེག་འཇམ་པའི་ངོ་བོ་ནི་རེག་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་།དེ་ལྟར་ཕྱིའི་རེག་གི་བྱེ་བྲག་རྣམ་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་རེག་གི་བྱེ་བྲག་རྣཾ་པ་གསུམ་བསྟན་པར
བྱ་སྟེ། རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ཐབས་དང་ཤེས་རབ་གཉིས་ཀྱི་ལུས་ཀུན་གྱི་པགས་པའི་ངོ་བོ་སྒྲུབ་པ་པོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཉིད་ཀྱི་ལུས་ཀྱི་མི་བསྐྱོད་པ་ཡིན་པར་བརྟག་གོ། །དེ་བཞིན་དུ་སྒྲུབ་པ་པོས
ཉིད་དགའ་བའི་ལྷའི་རིགས་ཀྱི་ཤེས་རབ་མ་འཁྱུད་པའི་ཚུལ་བྱེད་པ་དེ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཡིན་པར་བརྟག་གོ་། དེ་བཞིན་དུ་འཁྱུད་པའི་རེག་འཇམ་པ་བདེ་བའི་ངོ་བོ་མྱོང་བ་དེ་ནི་རེག་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་།
དེ་ལྟར་ནང་གི་རེག་གི་བྱེ་བྲག་རྣམ་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་རེག་གི་བྱེ་བྲག་རྣམ་པ་གསུམ་བསྟན་པར་བྱ་སྟེ། སྒྲུབ་པ་པོས་མདུན་དུ་སྨོས་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འཁྲུང?
པའི་འོག་ཏུ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་བའི་ངོ་བོ་དེ་ནི་མི་བསྐྱོད་པ་ཡིན་པར་བརྟག་གོ་། དེ་བཞིན་དུ་ཐབས་དང་ཤེས་རབ་རོལ་པ་བྱེད་པའི་བསྐྱོད་པའི་སྟབས་ཀྱིས་ངོ་བོ་དེ་ནི་སྒྲིབ་པ་ཐམས་ཅད་རྣམ་པར
སེལ་བ་ཡིན་པར་བརྟག་གོ་། དེ་བཞིན་དུ་ཐབས་དང་ཤེས་རབ་རོལ་པ་བྱེད་པ་གསང་བའི་དབང་པོ་བསྐྱོད་པའི་ཚུལ་གྱི་རེག་འཇམ་པ་བདེ་བའི་ངོ་བོ་མྱོང་བ་དེ་ནི་རེག་རྡོ་རྗེ་ལྷ་མོ་ཡིན་པར་བརྟག་གོ་།དེ
ལྟར་ཕྱི་དང་ནང་དང་གསང་བའི་རེག་པ་གསུམ་གྱི་དོན་དུ་ཤེས་པར་བྱའོ། །བདག་གི་རིགས་ལ་དབུལ་བར་བྱ་ཞེས་པ་ནི། སྒྲུབ་པ་པོས་རེག་གི་རིགས་མི་བསྐྱོད་པ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དང། གསང་བའི་དཀྱིལ
འཁོར་གྱི་ལྷ་ཐམས་ཅད་ཀྱི་བདག་པོའི་ཚུལ་དུ་བསྒོམས་ཏེ། མདུན་དུ་སྨོས་པའི་རེག་གི་བྱེ་བྲག་རྣམ་པ་གསུམ་མཆོད་པར་དབུལ་བར་བྱའོ། །དེ་ལྟར་བདག་གི་རིགས་ལ་དབུལ་བར་བྱ་བའི་དོན་དུ་གསུངས་སོ། །དེ་ཉིད
བཅོམ་ལྡན་ཞེས་པ་ནི་ཕྱི་དང་ནང་དང་གསང་བའི་རེག་གི་མཆོད་པའི་ངོ་བོ་ཉིད་བཅོམ་ལྡན་འདས་ཡིན་པར་གསུངས་སོ། །རྡོ་རྗེ་ཅན་མི་བསྐྱོད་པའི་ཚུལ་བརྙེད་པའོ་ཞེས་པ་ནི་མདུན་དུ་སྨོས་པའི་ཕྱི་དང་ནང་དང
གསང་བའི་ཆུལ་གྱི་རེག་གི་མཆོད་པ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་བྱས་པས་སྒྲུབ་པ་པོས་མི་བསྐྱོད་པ་དང་འདྲ་བའི་དངོས་གྲུབ་བརྙེས་པར་འགྱུར་རོ། ། །།གཟུགས་སྒྲ་རོ་ལ་སོགས་པ་ལ།།
རྟག་ཏུ་སེམས་ནི་སྒྱད་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་འདུས་པའོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། གཟུགས་དང་སྒྲ་ལ་སོགས་པ་ནི་མདུན་དུ་བཤད
པའི་འདོད་པའི་ཡོན་ཏན་ལྔའོ། །རྟག་ཏུ་སེམས་ནི་སྤྱད་པར་བྱ་ཞེས་པ་ནི་སྒྲུབ་པ་པོས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་དགའ་བའི་ལྷ་གང་ཡིན་པ་དང་གཉིས་སུ་མེད་པར་བསྒོམ་ཞིང་ཡེ་ཤེས་ཀྱི
འབྲས་བུ་མ་ཐོབ་ཀྱི་བར་དུ་སྐད་ཅིག་ཀྱང་རྒྱུན་མི་འཆད་པར་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ལ་སེམས་སྦྱར་བར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཞེས་པ་ནི་མདུན་དུ་སྨོས་པཱི་འདོད་པའི་སྟོན་?་བྱེ་བྲག
གསུམ་དུ་ལྷ་རྣམས་ཀྱི་ངོ་བོར་བརྟགས་ནས་རང་དགའ་བའི་ལྷ་དང་གཉིས་སུ་མེད་པར་བསྒོམ་ཞིང་མཆོད་པའི་ལོངས་སྤྱོད་དེ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་ཚུལ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་མ་ལུས་པ
ཐམས་ཅད་ཀྱི་གསང་བ་སྟེ། ཐེག་པ་འོག་མ་པ་ལ་སོགས་པ་ཕྱི་མི་དང་ལྷ་དང་སེམས་ཅན་བསོད་ནམས་ཀྱི་བསྐལ་བ་དང་མི་ལྡན་པ་ཐམས་ཅད་ལ་གསང་བ་ཡིན་པར་སྨོས་སོ། །གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི
དངོས་གྲུབ་ཀྱི་ངོ་བོར་འབྱུང་བའི་སྙིང་པོ་ཡིན་ནོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྙིང་པོའི་དོན་དུ་གསུངས་སོ། །བསྡུས་པའོ་ཞེས་པ་ནི་མངོན་པར་ཤེས་པ་ལྔ་ལ་སོགས་པ་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ
ཐམས་ཅད་འདོད་པའི་ཡོན་ཏན་ལྔའི་ངོ་བོ་ཅིག་ཏུ་བསྡུས་པ་ཡིན་པར་སྨོས་སོ། །དེ་ལྟར་བསྡུས་པའི་དོན་དུ་གསུངས་སོ། །གཟུགས་སྒྲ་དྲི་ལ་སོགས་པ་ཀུན། །སྔགས་པས་ལྷ་ནི་རྟག་ཏུ་བསྒོམ། །ཡང་ན་དེ་ལ་བསྒོམ་པ་ནི། །
རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་།གཟུགས་སྒྲ་དྲི་ལ་སོགS་པ་ནི་མདུན་དུ་སྨོས་པའི་འདོད་པའི་ཡོན་ཏན་རྣམ་པ་ལྔ་སྒྲུབ་པ་པོས་དུས་རྟག་ཏུ་ལོངས་སྤྱོད་བྱའོ། །དེ་ལྟར
གཟུགས་སྒྲ་དྲི?་ལ་སོགས་པའི་དོན་དུ་གསུངས་སོ། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ?་ཞེས་པ་ནི་སྔགས་པ་སྒྲུབ་པ་པོས་རང་དགའ་བའི་ལྷ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་ཞིང་མ་གྲུབ་ཀྱི་བར་དུ་རྒྱུན་མི་འཆད་པར་རྟག་ཏུ་འདོད
པའི་ཡོན་ཏན་ལྔའི་ལོངས་སྤྱོད་བྱའོ། །དེ་ལྟར་ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ་པའི་དོན་དུ་གསུངས་སོ། །ལྷ་ཉིད་དུ་གསུངས་སོ། །ཡང་ན་དེ་ལ་བསྒོམ་པ་ནི། །རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་ཞེས་པ་ནི། མདུན
དུ་སྨོས་པའི་གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་རང་དགའ་བའི་ལྷ་བདག་པོའི་ཚུལ་དུ་བྱས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང། གསང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དབུལ་པའི་དུས་སུ་འདོད་པའི་ཡོན
ཏན་སྔར་སོ་སོར་བཤད་པའི་དོན་བཞིན་དུ་ཉིད་ཉིད་ཀྱི་རིགས་ཀྱི་ལྷ་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་འདོད་པའི་ཡོན་ཏན་ལྔ་བསྒོམ་པར་བྱའོ། །དེ་ལྟར་ཡང་ན་དེ་ལ་བསྒོམ་པ་ན། རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་པའི
དོན་དུ་གསུངས་སོ། ། །།ད་ནི་རྗེས་སུ་དྲན་པ་བཅུ་དྲུག་གི་ཆོ་གའི་ཚུལ་གྱི་དོན་བཤད་པར་བྱ་སྟེ། །སངས་རྒྱས་རྗེས་སུ་དྲན་པར་སྦྱར། །ཆོས་ནི་རྗེས་སུ་དྲན་པར་བསྒོམ། །རྡོ་རྗེ་རྗེས་སུ་དྲན་བསྒོམ་པས། །
སྐུ་དང་གསུང་དང་ཐུགས་རྣམས་སྒྲོམ?་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། སངས་རྒྱས་རྗེས་སུ་དྲན་པར་སྦྱར་ན་སྒྲུབ་པ་པོས་རྣམ་པར་སྣང་མཛད་རྗེས་སུ་དྲན་པས་ཉིད་དང་གཉིས་སུ་མེད་པའི་ང་རྒྱལ་དུ་སྦྱར་བར
བྱའོ། །ཆོས་རྗེས་སུ་དྲན་པར་སྒོམ་ཞེས་པ་ནི། ཆོས་ནི་སྣང་བ་མཛའ་ཡས་ཏེ་སྒྲུབ་པ་པོས་ཇི་ལྟར་རྣམ་པར་སྣང་མཛད་ལ་སྨོས་པ་དེ་བཞིན་དུ་བྱའོ། །རྡོ་རྗེ་རྗེས་སུ་དྲན་བསྒོམས་པས་ཞེS་ནི་རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའ་
སྟེ་དེ་སྒྲུབ་པ་པོས་འོག་དང་འབྱུང་བ་སྐུ་དང་གསུང་དང་ཐུགས་སུ་གཉིས་སུ་མེད་པར་སྦྱོར་བའི་ང་རྒྱལ་དུ་བསྒོམ་པའོ། །སྐུ་དང་གསུང་དང་ཐུགས་རྣམས་བསྒོམ་ཞེས་པ་ནི་སྒྲུབ་པ་པོས་སྔར་སྨོས་པ་རྣམ་པར་སྣད?་མཛད
དང། སྣང་བ་མཛའ་ཡས་རྗེས་སུ་དྲན་པར་བསྒོམ་པའི་དུས་སུ་འང་རང་གི་ལུས་ངག་ཡིད་གསུམ་རྣམ་པར་སྣང་མཛད་དང་སྣང་བ་མཛའ་ཡས་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་དང་གཉིས་སུ་མེད་པའི་ངོ་བོར་བསྒོམ་པར་བྱའོ།
རིགས་ནི་རྗེས་སུ་དྲན་པར་སྦྱར། །ཁྲོ་བོ་རྗེས་སུ་དྲན་པར་བསྒོམ། །ལྷའི་རྗེས་སུ་དྲན་སྦྱོར་བས། །བསྒོམས་ན་བྱང་ཆུབ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། རིགས་ནི་རྗེས་སུ་དྲན་པར
སྦྱོར་ནི། སྒྲུབ་པ་པོས་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་དང། ལས་ཀྱི་རིགས་དོན་ཡོད་གྲུབ་པ་ཉིད་རྗེས་སུ་དྲན་པ་བསྒོམ་པ་གཉིས་སུ་མེད་པའི་ང་རྒྱལ་དུ་སྦྱར་བར་བྱའོ། །དེ་ལྟར་རིགS་ནི་རྗེས་སུ་དྲན་པར་སྦྱར
བའི་དོན་དུ་གསུངས་སོ། །ཁྲོ་བོ་རྗེས་སུ་དྲན་པར་བསྒོམ་ཞེས་པ་ནི། སྒྲུབ་པ་པོས་ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོ་བཅུའི་ནང་ནS་གང་ཡང་རུང་བ་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམས་པ་རྗེས་སུ་དྲན་པར་བྱའོ། །དེ
ལྟར་ཁྲོ་བོ་རྗེས་སུ་དྲན་པར་བསྒོམ་པའི་དོན་དུ་གསུངས་སོ། །ལྷའི་རྗེས་སུ་དྲན་སྦྱོར་བས་ཞེས་པ་ནི། སྒྲུབ་པ་པོས་རང་དགའ་བའི་ལྷ་རྗེས་སུ་དྲན་པའི་ང་རྒྱལ་དུ་བསྒོམ་པའོ། །བསྒོམས་ན་བྱང་ཆུབ་འཐོབ་པར
འགྱུར་ཞེས་པ་ནི། མདུན་དུ་སྨོས་པའི་རྗེས་སུ་དྲན་པ་རྣམས་སྒྲུབ་པ་པོས་ཆོ་ག་ཇི་ལྟར་སྨོས་པའི་ཚུལ་དུ་བསྒོམས་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །བུད་མེད་གསུགས་ལྡན་མདངས
བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱི་རླབས་ཀྱི་གནས་གསུམ་གྱིས། །དབེན་པར་མཆོད་པར་རབ་ཏུ་བརྩམ་།ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། བུད་མེད་གཟུགས་ལྡན་མདངས
བཟང་བ་ནི། ཤེས་རབ་མ་ཤིན་ཏུ་གཟུགས་བྱད་དང་ལྡན་པ། མདངས་བཟང་ངས་མཛེས་པ། སྐྲ་བུང་བ་ལྟ་བུ་འཁྲིལ་བ། ཕྲ་བ། སྣུམ་པ། མིག་པདྨའི་འདབ?་མ་ལྟར་མཛེས་པ། མགུལ་པ
བུམ་པའི་མགྲིན་པ་འདྲ་བ། རོ་སྟོང་ཆེ་བ་།ནུ་མ་མཐོ་ལ་སྲ་བ། འཇམ་པ། ཟླུམ་པ། བར་དོག་པ། དཔུང་པ་གླང་པོ་ཆེའི་སྣ་འདྲ་བ། རྐེད་པ་ཕྲ་བ། བརླ་སྦོམ་པ་ཟླུམ་པ། བྱིན་པ་ཤ་མི་ཕྱི་བ། དྲང་བ་རིང་བ། དང
པའི་སྟབས་སུ་འགྲོ་བ། གཞན་ཡང་སྐད་ཀྱི་དབྱངས་སྙན་པ། ཕྲ་བ་རིང་བ་དང་ལྡན་པ། ལུས་ལ་ཙན་དན་ལ་སོགས་པ་དྲི་ཞེས་པོ་ཐམས་ཅད་བྲོ་བ། དབང་ཐམས་ཅད་རྫོགས་པ། གསང་སྔགས་ཀྱི་སྤྱོད་པ་སྤྱོད་པ།
རྣམ་པར་རྟོག་པ་སྤངས་པ། བརྩོན་འགྲུས་དང་ལྡན་པ། སེམས་བརྟན་པའོ། །དེ་ལྟར་བུད་མེད་གཟུགས་ལྡན་མདངས་བཟང་བའི་དོན་དུ་གསུངས་སོ། །ལོ་གྲངས་བཅུ་དྲུག་ལོན་པ་ལ་ཞེས་པ་ནི། སྔར་སྨོས
པའི་རྗེས་སུ་དྲན་པ་བསྒོམ་པའི་དུས་སུ་བྲམ་ཟེའི་རིགས་ཀྱི་བུ་མོ་ལོ་བཅུ་དྲུག་ལོན་པ་འམ། ཡང་ན་ཁྲུས་མཁན་གྱི་བུ་མོ་ལོ་བཅུ་གཉིས་ལོན་པ་འམ། དེ་བཞིན་དུ་གར་མཁན་གྱི་བུ་མོ་ལོ་ཉི་ཤུ་རྩ་ལྔ་ལོན་པ
གཟུང་སྟེ། དེ་སར་པ་སྐྱེས་བུས་མ་སྤྱད་པ་སྟེ། དེ་ལྟར་ལོ་གྲངས་བཅུ་དྲུག་ལོན་པའི་དོན་དུ་གསུངས་སོ། །དེ་ནས་བྱིན་གྱིས་རླབས་ཀྱིས་གནས་གསུམ་གྱིས་ཞེས་པ་ནི། རྡོ་རྗེ་མཆོད་པ་མ་བྱས་པར་ཤེས་རབ་མའི
ལུས་ཀྱི་གནས་གསུམ་དུ་སྐུ་དད་གསུང་དང་ཐུགས་གསུམ་གྱི་ཡེ་ཤེས་ཀྱི་སྔགས་ཀྱི་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱ་བའི་ཆོ་གའི་ཚུལ་བསྟན་པར་སྟེ། སྒྲུབ་པ་པོས་དང་པོ་ཉིད་ཀྱི་མདུན་དུ་ཤེས
རབ་མ་སྟན་བདེ་བའི་སྟེང་དུ་བཞག་སྟེ། དེའི་འོག་ཏུ་ཤེས་རབ་མའི་སྤྱི་བོར་སྔགས་ཀྱི་ཡིག་འབྲུ་ཨོཾ་བསམ་སྟེ། ཁ་དོག་དཀར་པོ་ཆོས་གྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོའི་གཟིག་བརྗིད་ཀྱི་ཕུང་པོ་ཐིམ་པར་གྱུར་ཏོ། །དེ་ལྟར་བྱིན་གྲོས?
བརླབས་པས་ཤེས་རབ་མའི་ལུས་སྐུ་རྡོ་རྗེའི་ངོ་བོར་གྱུར་པར་བསམ་མོ། །དེའི་འོག་ཏུ་ཤེས་རབ་མའི་མགུལ་པའམ། ཡང་ན་ལྕེའི་སྟེང་དུ་ཡང་མི་འགལ་ཏེ་སྔགས་ཀྱི་ཡིག་འབྲུ་ཨོཾ་བསམ་ཏེ། ཁ་དོག་དམར་པོ་སོ་སོར
རྟོག་པའི་ཡེ་ཤེས་ཀྱི་ངོ་བོའི་གཟི་བརྗིད་ཀྱིས་འབར་ཞིང་ཐིམ་པར་གྱུར་ཏེ། དེ་ལྟར་བྱིན་གྱིས་བརླབས་པས་ཤེས་རབ་མའི་དག་གསུང་རྡོ་རྗེའི་ངོ་བོར་གྱུར་པར་བསམ་མོ། །དེའི་འོག་ཏུ་ཤེས་རབ་མའི་སྙིང་ཀར་སྔགས་ཀྱི་ས་བོན་ཡིག་འབྲུ་ཧཱུཾ
བསམ་ཏེ། ཁ་དོག་སྔོན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའི་གཟི་བརྗིད་ཀྱི་ཕུང་པོ་འབར་ཞིང་ཐིམ་པར་གྱུར་རོ། །དེ་ལྟར་བྱིན་གྱིས་བརླབས་པས་ཤེས་རབ་མའི་སེམས་ཐུགས་རྡོ་རྗེའི་ངོ་བོར་གྱུར་པར་བསམ་མོ། །དེ་ལྟར་བྱེ་བྲག
གསུམ་གྱིས་བྱིན་གྱིས་བརླབས་པ་བྱས་པའི་འོག་ཏུ་། སྦྱོར་བ་གསུམ་གྱིས་བྱིན་གྱིས་བརླབ་པའི་ཚུལ་གྱིས་ཆོ་ག་བསྟན་པར་བྱ་སྟེ། སྒྲུབ་པ་པོ་དང་པོ་རྣམ་པར་སྣང་མཛད་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་པར་བྱིན་གྱིས
བརླབ་བར་བའོ། །དེ་ལྟར་ཡོ་གའི་དོན་དུ་གསུངས་སོ། །དེ་བཞིན་དུ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་དང་གཉིས་སུ་མེད་པའི་ངོ་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་ཨ་ནུ་ཡོ་གའི་དོན་དུ་གསུངས་སོ། །དེ
ལྟར་བྱས་པའི་འོག་ཏུ་སྒྲུབ་པ་པོས་འདོད་ཆགས་ཆེན་པོའི་སེམས་དགའ་བས་ཤེས་རབ་མ་དེ་འཁྱུར་དེ་། གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་བར་བྱའོ། །དེ་ལྟར་མ་ཧཱ་ཡོ་གའི་དོན་དུ་གསུངས་སོ། །མདོར་བསྡུས་
བ་བྱིན་གྱིས་རླབས་ཀྱི་གནས་གསུམ་གྱི་དོན་དུ་ཤེས་པར་བྱའོ། །དབེན་པར་མཆོད་པར་རབ་ཏུ་བརྩམ་ཞེས་པ་ནི་མདུན་དུ་སྨོས་པའི་ཤེས་རབ་མ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་དེ་སྒྲུབ་པ་པོས
གཟུང་སྟེ། དབེན་པ་ཆེན་པོའི་གནས་ལ་སོགས་པ་སེམས་ཅན་མེད་པའི་གནས་གསང་བར་རྡོ་རྗེ་མཆོད་པར་བརྩམ་མོ། །དེ་ལྟར་དབེན་པར་མཆོད་པ་རབ་ཏུ་བརྩམ་པའི་དོན་དུ་གསུངས་སོ།། །།དེ་བཞིན་གཤེཌ
པའི་བཙུན་མོ་མཆོག་། སྤྱན་ལ་སོགས་པར་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན་།དེ་བཞིན་གཤེགས
པའི་བཙུན་མོ་མཆོག་ནི་། དེ་བཞིན་གཤེགས་པ་ནི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དོ། །དེའི་ཤེས་རབ་མ་སྔར་སྨོས་པའི་དེ་སྐུའི་རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་ངོ་བོར་བསྟན་ཏོ། །དེ་ལྟར་དེ
བཞིན་གཤེགས་པའི་བཙུན་མོའི་མཆོག་གི་དོན་དུ་གསུངས་སོ། །སྤྱན་ལ་སོགས་པ་བསྒོམ་པར་བྱ་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་པའི་སོ། །དབང་པོ་གཉིས་ནི་མཉམ་སྦྱར་བས་ཞེས་པ་ནི་སྔར་སྨོས་པའི
ཤེས་རབ་མ་སངས་རྒྱས་སྤྱན་དང། གཉིས་སུ་མེད་པར་བསྒོམ་པ་སྦྱོར་བའི་ཆོ་གས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས། ཐབས་དང་ཤེས་རབ་རོལ་པ་བྱ་ཞིང་རྣམ་པར་སྣང་མཛད་རྗེས་སུ་དྲན་པ་བསྒོམ
པར་བསྟན་ཏོ། །དེ་ལྟར་དབང་པོ་གཉིས་ནི་མཉམ་པར་སྦྱར་བའི་དོན་དུ་གསུངས་སོ། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར་ཞེས་པ་ནི་ཅི་ལྟར་སྨོས་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བས་རྡོ་རྗེ
རོལ་པ་བྱ་བའི་ཚུལ་མ་གྲུབ་གྱི་བར་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ་། དེ་ལྟར་བྱས་པས་རྣམ་པར་སྣང་མཛད་ཉིད་དང་གཉིས་སུ་མེད་པའི་དངོས་གྲུབ་ཀྱི་འབྲས་བུ་ཐོབ་པར་འགྱུར་བར་གསུངས་སོ། །དེ་ནས་ཅི་ལྟར་ཐབས?
དང་ཤེས་རབ་རོལ་པ་བྱ་ཞིང་རྣམ་པར་སྣང་མཛད་རྗེས་སུ་དྲན་པའི་སྒོམ་བ་བྱ་བ་དེ་བཞིན་དུ་སྣང་བ་མཛའ་ཡས་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། དོན་ཡོད་གྲུབ་པ་དང། དེ་བཞིན་དུ་རང་དགའ་བའི་ལྷའི་རིགས་དང། ཡ
མཱནྟ་ཀ་ལ་སོགས་པ་ཁྲོ་བོའི་རྒྱལ་བོ་ཐམས་ཅད་ཀྱི་སོ་སོའི་རིགས་ཀྱི་བྱེ་བྲག་གི་ཤེས་རབ་མ་མཚན་དང་ཡོན་ཏན་ཅི་ལྟར་སྨོས་པ་དང་ལྡན་པ་བླངས་ཏེ། རྗེས་སུ་དྲན་པའི་བསྒོམ་པ་བྱ་བར་སྨོས་སོ། །ཡི་གེ་ཧཱུཾ་དང་ཨོཾ་དག་དང། །
ཕཊ་ཀྱང་རབ་ཏུ་རྟག་པར་བྱ། །འོད་ཟེར་རྣམ་ལྔས་ཁྱབ་པའི་ཡིས། །རྡོ་རྗེ་པདྨ་བསྒོམ་པར་བྱ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ་།ཅི་ལྟར་ཡིན་ན། ཡི་གེ་ཧཱུཾ་དང་ཨོཾ་དག་དང། ཕཊ་ཀྱང་རབ་ཏུ་བརྟག་པར་བྱ་བ་ནི། རྗེས་སུ་དྲན
པ་བསྒོམ་པའི་དུས་སུ་གྲུབ་པ་པོས་དང་པོ་ཉིད་ཀྱི་གསང་བའི་རྡོ་རྗེའི་མ་ནའི་རྩེ་མོར་སྔགས་ཀྱི་ཡིག་འབྲུ་ཧཱུཾ་བསམ་སྟེ། ཁ་དོག་སྔོན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་འབར་ཞིང་གསང་བའི་རྡོ་རྗེ་ལ་གཉིས་སུ་མེད་པར་ཐིམ
པར་བསམ་མོ། །དེའི་འོག་ཏུ་ཤེས་རབ་མའི་བྷ་གའི་ནང་ནིའི་པདྨ་རཱག་ཏ་དང། འདོད་ཆགས་ཀྱི་ཁུ་བ་དང། པདྨའི་ཆུ་བྱུང་བའི་རྩེ་མོར་སྔགས་ཀྱི་ས་བོན་ཡིག་འབྲུ་ཨོཾ་བསམ་ཏེ། ཁ་དོག་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས
གྱི་ངོ་བོ་འབར་ཞིང་པདྨའི་མ་ནི་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །དེ་ལྟར་བྱས་པའི་འོག་ཏུ་གསང་བའི་དབང་པོ་གཉིས་བསྐྱོད་པའི་ཚུལ་གྱིས་རོལ་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བའི
སྒྲ་གྲགས་པ་སྔགས་ཀྱི་ས་བོན་ཡིག་འབྲུ་ཕཊ་ཀྱི་ངོ་བོར་བརྟག་གོ་། གཞན་ཡང་སྔགས་ཀྱི་ཡིག་འབྲུ་རྣམས་ཀྱིས་བྱིན་གྱིས་བརླབ་པ་བྱ་བའི་འབྲས་བུའི་དོན་བསྟན་པར་བྱ་སྟེ། སྔགས་ཀྱི་ཡིག་འབྲུ་ཧཱུཾ
གིས་བྱིན་གྱིས་བརླབ་པ་བྱས་པས་བགེགས་ཀྱི་རྒྱལ་པོ་བིན་ཡ་ཀ་ལ་སོགས་པ་བགེགས་ཐམས་ཅད་ཀྱི་འོང་བ་དང་འགྲོ་བ་གནོན་པར་འགྱུར་རོ། །དེ་བཞིན་དུ་སྔགས་ཀྱི་ཡིག་འབྲུ་ཨོཾ་གྱིས་བྱིན་གྱིས་བརླབ་བ་བྱས་པས
མདུན་དུ་སྨོས་པའི་བགེགས་ཐམས་ཅད་ཀྱི་དབང་པོ་ཐམས་ཅད་ཀྱི་སྟོབས་ཉམས་ནས་མྱོས་པར་འགྱུར་རོ། །དེ་བཞིན་དུ་སྔགས་ཀྱི་ཡིག་འབྲུ་ཕཊ་ཀྱི་བྱིན་གྱིས་བརླབ་པར་བྱས་པས་བགེགས་ཐམས་ཅད་ཀྱི་གནོད་པ
ཅི་རྙེད་བྱེད་པའི་སྒྱུ་མའི་སྤྲུལ་པ་དང་བརྩོན་འགྲུས་འཇོམས་པར་འགྱུར་རོ། །དེ་ལྟར་ཡི་གེ་ཧཱུཾ་དང་ཨོཾ་དག་དང། །ཕཊ་ཀྱང་རབ་ཏུ་བརྟག་པར་བྱ་བའི་དོན་དུ་གསུངས་སོ། །འོད་ཟེར་སྣ་ལྔས་ཁྱབ་པ་ཡི། །རྡོ་རྗེ་པདྨ་བསྒོམ
པར་བྱ་ཞེས་པ་ནི། སྔར་སྨོས་པའི་རྡོ་རྗེ་དང་པདྨའི་མ་ནི་གཉིས་སྔགས་ཀྱི་ཡིག་འབྲུ་གཉིས་ཀྱི་བྱིན་གྱིས་བརླབས་པའི་སྔགས་ཀྱི་ཡིག་འབྲུའི་གནས་གཉིས་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་ལ
རྣམ་པ་ལྔའི་ཉིད་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པའི་ཡེ་ཤེས་ཀྱི་འོད་ཟེར་ལྔ་སྤྲིན་བཞིན་དུ་སྤྲོ་བར་བྱ་སྟེ། བསྟན་པར་བྱས་སོ། །སྤྲོ་བའི་གནས་ཉིད་རྡོ་རྗེ་དང་པདྨ་འོད་ཟེར་འདྲས་ཤིངས་ཁྲུག་པས་བརྒྱན་པར་བསྒོམ་མོ། །
དེ་ལྟར་འོད་ཟེར་སྣ་ལས་ཁྱབ་པའི། །རྡོ་རྗེ་པདྨ་བསྒོམ་པར་བྱའི་དོན་དུ་གསུངས་སོ། །འབར་བཅས་ཟླ་འོད་བཞིན་དུ་དཀར། །ཡིད་དུ་འོང་བར་བསྒོམ་པར་བྱ། །སངས་རྒྱས་རྗེས་དྲན་སྦྱོར་ལ་སོགས། །བྱང་ཆུབ
འདོད་པས་བསྒོམ་པར་བྱ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། འབར་བཅས་ཟླ་འོད་བཞིན་དུ་དཀར་ནི་མདུན་དུ་སྨོས་པའི་འོད་ཟེར་རྣམ་པར་ལྔ་རྣམས་ཅི་ལྟར་ཟླ་བའི་འོད་ཟེར་འབར་བའི་ཁ་དོག་དང་ལྡན་པ་དེ་བཞིན་དུ
སྨོས་སོ། །དོན་གསལ་བར་བསྟན་པར་བྱ་སྟེ། ཟླ་བའི་འོད་ཟེར་ཁ་དོག་དཀར་བ་བཞིན་གྱིས་བསིལ་བ་དེ་ལྟར་།དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་ཀྱི་འོད་ཟེར་རྡོ་རྗེ་དང་པདྨའི་གནས་སུ་སྤྲིན་བཞིན་དུ་འཕྲོ་བས་བརྒྱན་པར་སྨོས་ཏེ།
འོད་ཟེར་དེ་ནི་གདོད་མ་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་དཀར་བའོ། །གཞན་ཡང་སེམས་ཅན་ཐམས་ཅད་མཉམ་པར་བྱིན་གྱིས་བརླབ་པས་སྡུག་བསྔལ་གྱི་འཚེ་བ་ཆེན་པོ་ཐམས་ཅད་མེད་པར་བྱེད་པས་དེའི
ཕྱིར་བསིལ་བ་ཡིན་པས་བསྟན་ཏོ། །དེ་ལྟར་འབར་བཅས་ཟླ་འོད་བཞིན་དུ་དཀར་བའི་དོན་དུ་གསུངས་སོ། །ཡིད་དུ་འོད་བ་བསྒོམ་པར་བྱ་ཞེས་པ་ནི། སྒྲུབ་པ་པོས་ཕྱིན་ཅི་ལོག་གི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི
ར་ནམ་པར་རྟོག་པ་ཐམས་ཅད་སྤངས་ནས་བླ་ན་མེད་པའི་འདོད་ཆགས་ཆེན་པོའི་སྤྱོད་པ་སྤྱད་པར་བྱ་བའི་ཚུལ་གྱིས་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱ་བས་རྗེས་སུ་དྲན་པ་བསྒོམ་པས་སྔར་སྨོས་བའི་རིགས་རྣམས་ལྔའི་བྱེ་བྲག
ག་འོད་ཟེར་གྱི་ཚོགས་སྒོམ་བ་གོམས་པར་གྱུར་པས་ཡིད་དུ་འོད་བར་འགྱུར་པའོ། །དེ་ལྟར་ཡིད་དུ་འོང་པ་བསྒོམ་པར་བྱ་བའི་དོན་དུ་གསུངས་སོ། །སངས་རྒྱས་རྗེས་དྲན་སྦྱོར་ལ་སོགས། །བྱང་ཆུབ་འདོད་པས་བསྒོམ་བར
བྱ་ཞེས་པ་ནི་སྒྲུབ་པ་པོས་ཇི་ལྟར་སངས་རྒྱས་རྣམ་པར་སྣང་མཛད་རྗེས་སུ་དྲན་པ་བསྒོམ་པ་བྱ་བའི་གཉིས་སུ་མེད་པའི་སྦྱོར་བ་བྱ་བ་དེ་བཞིན་དུ། གཞན་རྗེས་སུ་དྲན་པ་བསྒོམ་པའི་དུས་སུ་ཡང་།ཐབས་དང་ཤེས་རབ་ཀྱི
རོལ་པ་གཉིས་སུ་མེད་པའི་སྦྱོར་བ་བརྩམ་སྟེ། དེའི་དུས་སུ་རྡོ་རྗེ་དང་པདྨ་རིམ་ནི་དང། བྱང་ཆུབ་སེམས་འོད་དུ་ཞུ་བའི་དུས་སུ་སྒྲའི་ངོ་བོ་སྔགས་ཀྱི་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱ་བ་སྒོམ་ཞིང
འོད་ཟེར་རྣམ་པ་ལྔ་སྤྲིན་དུ་སྤྲོས་པས་རྡོ་རྗེ་དང་པདྨའི་མ་ནི་གཉིས་རྒྱན་གྱིས་བརྒྱན་པར་བསྒོམ་པའི་དོན་བསྟན་པར་བྱ་སྟེ། སྒྲུབ་པ་པོས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་ན། དོན་དེའི་ཕྱིར་མདུན་དུ་སྨོས་པའི་རྗེས་སུ་དྲན་པ
བསྒོམ་པའི་ཆོ་གའི་ཚུལ་བྱའོ། །དེ་ལྟར་སངས་རྒྱས་རྗེས་དྲན་སྦྱོར་ལ་སོགས། །བྱང་ཆུབ་འདོད་པས་བསྒོམ་པར་བྱ་བའི་དོན་དུ་གསུངས་སོ། །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཅི་ལྟར་བསྒོམ་ཞེ་ན། བྷ་ག་ལ་ནི་ལིང
ག་གཞུག་། སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བསྡུ་རྣམས་ཀྱི་བུ་གནས། །མཁས་བས་སངས་རྒྱས་སྤྲིན་རྣམས་སྤྲོ། །ཞེས་བྱ་བའི་དོན་བསྟན་པར་བྱ་སྟེ། ཅི་ལྟར་ཡིན་ན། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཅི
ལྟར་བསྒོམ་ཞེ་ན། ཞེས་པ་ནི་དོན་བདེ་སྟེ་བཤད་མི་དགོས་སོ། །བྷ་ག་ལ་ནི་ལིང་ག་གཞུག་ཅེས་པ་ནི་སྒྲུབ་པ་པོས་དང་པོ་ལེའུ་གསུམ་པ་ལས་ཅི་ལྟར་འབྱུང་བའི་ཚུལ་གྱི་ཆོགས་དཔལ་རྡོ་རྗེ་སེམས་དཔའ་བསྐྱེད་པར
བྱས་ནས་དེ་དང་གཉིས་སུ་མེད་པར་བསྒོམ་པའི་ང་རྒྱལ་བྱས་ཏེ་། དེའི་རིགས་ཀྱི་ཤེས་རབ་མ་ཅི་ལྟར་སྨོས་པའི་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་བླངས་ལ་དེ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར
བྱིན་གྱིས་བརླབས་ཏེ་། དེའི་འོག་ཏུ་ཐབས་དང་ཤེས་རབ་རོལ་པ་བྱས་ཏེ་བདེ་བར་གྱུར་པའི་དུས་སུ་རྡོ་རྗེ་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་སྟེ་།འོད་དུ་ཞུ་མ་ཐག་ཏུ་བྱང
ཆུབ་སེམས་ཟླ་བའི་དཀྱིལ་འཁོར་གྱི་ངོ་བོར་གྱུར་པར་བསམ་མོ། །བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་སྔགས་ཀྱི་ས་བོན་ཡིག་འབྲུ་ཨོཾ་བསམ་མོ། །ཁ་དོག་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་དབང་ཞིང་ཡེ་ཤེས་ཀྱི
ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་ལ་གཉིས་སུ་མེད་པར་གྱུར་པར་བསམ། །ས་བོན་དེ་ལས་སངས་རྒྱས་རྣམ་པར་སནྔ་མཛད་ཀྱི་སྐུ་ཕྱག་རྒྱའི་གཟུགས་རིག་པའི་སྐྱེས་བུའི་ངོ་བོ་བསྐྱེད་པར་བྱ་སྟེ། དེའི་སྐུ་ཕྱག་རྒྱའི་ཆ་ལུགS
ཕུན་སུམ་ཚོགས་པ་ནི་དཀྱིལ་འཁོར་གྱི་སྐབས་སུ་ཅི་ལྟར་སྨོས་པ་བཞིན་ནོ་། དེ་ལྟར་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་མ་ཐག་ཏུ་དེའི་སྤྱི་བོར་བསྐྱེད་མཁན་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་དབང་བསྐུར་བའི་ཚུལ་དུ
བཞུགས་པར་བསམ་མོ། །དེ་ནས་སྒྲུབ་པ་པོས་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པར་བསྒོམ་པས་སྔར་སྨོས་པའི་ཉིད་ཀྱི་རིགས་ཀི་ཤེས་རབ་མ་དེ་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་དང་གཉིས་སུ
མེད་པར་བྱིན་གྱིས་བརླབ་སྟེ། དེའི་འོག་ཏུ་འདོད་ཆགས་ཆེན་པོའི་སེམས་དགའ་བས་ཤེས་རབ་མ་དང་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས། བྷ་གར་ལིང་ག་གསང་བའི་རྡོ་རྗེས་?་པར་བྱའོ། །དེ་ལྟར་བྷ་ག་ལ་ནི་ལིང
ག་གཞུག་པའི་དོན་དུ་གསུངས་སོ། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ་ཞེས་པ་ནི་གོང་དུ་བཤད་པའི་དོན་དུ་གསུངས་སོ། །བ་སྤུ་རྣམས་ཀྱི་སྐུ་གནས། །མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ་ཞེས་པ་ནི། །གོང
དུ་སྨོས་པའི་སྒྲུབ་པ་པོས་ཉིད་ཀྱི་ལིང་ག་རྡོ་རྗེ་ཤེས་རབ་མའི་བྷ་གར་བཅུག་ནས་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་ཏེ། བདེ་བར་གྱུར་པའི་དུས་སུ་རྡོ་རྗེའི་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི
དབུས་སུ་འོད་དུ་ཞུ་སྟེ། དེ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་མོ། །བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་སྔགས་ཀྱི་ས་བོན་ཡིག་འབྲུ་ཨོཾ
བསམ་མོ། །དེའི་ཁ་དོག་དང་ཡེ་ཤེས་ནི་གོང་དུ་སྨོས་པ་དང་མཐུན། །དེ་འབར་ཞིང་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་ཐིམ་པར་གྱུར་པར་བསམ་སྟེ། ས་བོན་དེ་ལས་སངས་རྒྱས་རྣམ་པར་སྣང་མཛད
ཀྱི་གཟུགས་ཀྱི་ཕྱག་རྒྱ་སྤྲིན་བཞིན་དུ་བ་སྤུའི་བུ་གའི་ལམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱའོ། །དེ་དག་གི་གཟུགས་ཀྱི་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་སྤྲོ་བ་མཛད་མཁན་ལ་ཇི་ལྟར་སྨོས་པ་བཞིན
ནོ། །དེ་ལྟར་སངས་རྒྱས་ཀྱིས་གཟུགས་ཀྱི་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབ་པར་བསམ་སྟེ། བྱིན་གྱིས་བརླབས་པས
སེམས་ཅན་ཐམས་ཅད་ཀྱིས་བསྐལ་པ་གྲངས་མེད་པར་གཏི་མུག་གི་དབང་གིས་སྡིག་པ་ཇི་སྙེད་བསགས་པ་དེ་དག་བཅོམ་པར་འགྱུར་རོ། །དེ་ལྟར་སྤྲོས་པས་བྱིན་གྱིས་བརླབས་པའི་འོག་ཏུ་སངས་རྒྱས་ཀྱི་གཟུགས་ཀྱི་ཕྱག་རྒྱ
སྤྲིན་ལྟ་བུ་དེ་སྒྲུབ་པ་པོས་སྤྲོས་པའི་གནས་སུ་བསླར་བསྡུ་བར་བྱའོ། །དེའི་འོག་ཏུ་ཉིད་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསྒོམ་མོ། །མཁས་པ་ཞེས་པ་ནི་སྒྲུབ་པ་པོས་མདུན་དུ་སྨོས་པའི་སངས་རྒྱས་རྗེས
སུ་དྲན་པ་བསྒོམ་པའི་ཆོ་གའི་ཚུལ་ཇི་ལྟར་སྨོས་པ་སེམས་ཀྱིས་མི་བརྗེད་པར་ཤེས་རབ་ཀྱིས་ཤེས་པའོ། དེ་ལ་ཆོས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་ག་ལ་ནི་ལིང་ག་གཞུག་།རྡོ་རྗེ་ཆོས་ནི་བསྒོམ་པར་བྱ། །བ་སྤུ་རྣམས
ཀྱི་བུ་གནས། །མཁས་པས་ཆོས་ཀྱི་སྤྲིན་རྣམས་སྤྲོ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན་།དེ་ལ་ཆོས་རྗེས་སུ་དྲན་པ་ཅི་ལྟར་བསྒོམ་ཞེ་ན་།ཞེས་པའི་དོན་བདེ་སྟེ་བཤད་མི་དགོས་སོ། །བྷ་ག་ལ་ནི་ལིང་ག་གཞུག་ཅེས
པ་ནི་སྒྲུབ་པ་པོས་དང་པོ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་བསྐྱེད་ནས་དེ་དང་གཉིས་སུ་མེད་པར་བསྒོམས་ནས་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་པ་དེ་བཞིན་དུ་འདིར་བྱའོ། །བསྟན་པར་བྱ་སྟེ།
མདུན་དུ་སྨོས་པའི་ཚུལ་དུ་ཤེས་རབ་ཀྱི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་སྟེ། དེ་ཞུ་མ་ཐག་ཏུ་ཟླ་བའི་དཀྱིལ་འཁོར་དུ་ཅི་ལྟར་གྱུར་པ་དེ་བཞིན་དུ་འདིར་གྱུར་པར་བསམ་མོ། །བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར
དེའི་སྟེང་དུ་སྔགས་ཀྱི་ས་བོན་ཡིག་འབྲུ་ཨ་བསམ་སྟེ། ཁ་དོག་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་འབར་ཞིང་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ
ས་བོན་དེ་ལས་རྡོ་རྗེ་ཆོས་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་རིག་པའི་སྐྱེས་བུའི་ངོ་བོ་བསྐྱེད་པར་བྱའོ། །དེའི་ཆ་ལུགས་ཕུན་སུམ་ཚོགས་པ་དཀྱིལ་འཁོར་གྱི་སྐབས་སུ་ཇི་ལྟར་སྨོས་པ་བཞིན་འདིར་སསྦྱར་བར་གསུངས་སོ། །དེ་ལྟར
སྣང་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་བསྐྱེད་མ་ཐག་ཏུ་། དེའི་སྤྱི་བོའི་གནས་སུ་བསྐྱེད་པར་མཛད་མཁན་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་དབག་བསྐུར་བའི་ཚུལ་དུ་བཞུགས་པར་བསམ། དེ་ནས་སྒྲུབ་པ་པོ་ཉིད་སྣང་བ་མཛའ་ཡས་ཀྱི་སྐུ
ཕྱག་རྒྱ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་སྒོམ་ཞིང་མདུན་དུ་སྨོས་པའི་ཤེས་རབ་མ་པདྨའི་རིགས་གར་མཁན་གྱི་དུ་མོ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་བླངས་ཏེ། དེ་ཡེ་ཤེས་ཀྱི་ལྷ་མོ་ན་བཟའ་དཀར་མོ་དང་གཉིས་སུ་མེད
པར་བྱིན་གྱིས་བརླབས་ལ་འདོད་ཆགས་ཆེན་པོའི་སེམས་དགའ་བས་ཤེས་རབ་མ་དེ་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་བྷ་གར་ལིང་ག་རྡོ་རྗེ་གཞུག་པར་བྱ་སྟེ། དེ་ལྟར་བྷ་ག་ལ་ནི་ལིང་ག་གཞུག་པའི་དོན
དུ་གསུངས་སོ། །རྡོ་རྗེ་ཆོས་ནི་བསྒོམ་པར་བྱ་ཞེས་པ་ནི་གོང་དུ་བཤད་པའི་སྣང་བ་མཛའ་ཡས་སོ། །བ་སྤུ་རྣམས་ཀྱི་བུ་གནས། །ཆོས་ཀྱི་སྤྲིན་རྣམས་སྤྲོ་ཞེས་པ་ནི། སྒྲུབ་པ་པོ་མདུན་དུ་སྨོས་པས་ཉིད་ཀྱི་ལིང་ག་རྡོ་རྗེ་ཤེས
རབ་མའི་བྷ་གར་བཅུག་པའི་འོག་ཏུ་ཐབས་དང་ཤེS་རབ་ཀྱི་རལ་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་རྡོ་རྗེ་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་སྟེ་། དེ་འོང་དུ་ཞུ་མ་ཐག་ཏུ་བྱང
ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་མོ། །བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཨ་བསམ་སྟེ། ཁ་དོག་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ
འབར་ཞིང་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ་མོ། །ས་བོན་དེ་ལས་ཆོས་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་རིག་པའི་སྐྱེས་བུའི་ངོ་བོ་སྤྲིན་བཞིན་དུ་བ
སྤུའི་བུ་ག་རྣམས་ཀྱི་ལམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱ་སྟེ། སྐུ་ཕྱག་རྒྱ་དེ་དག་གི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་བསྐྱེད་པར་མཛད་མཁན་ལ་ཅི་ལྟར་སྨོས་པ་བཞིན་དུའོ། །ཆོས་སྣང་བ་མཛའ་
?་ཕྱག་རྒྱ་སྦྲིན་བཞིན་དུ་སྨོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབ་པར་བསམ་མོ། །དེ་ལྟར་བྱིན་གྱིས་བརླབས་པས་སེམས་ཅན
ཐམས་ཅད་ཀྱིས་བསྐལ་པ་གྲངས་མེད་པར་འདོད་ཆགས་ཀྱི་དབང་གིས་སྡིག་པ་ཇི་སྙེད་བསགས་པ་བཅོམ་པར་འགྱུར་རོ། །དེ་ལྟར་སྤྲོས་ནས་བྱིན་གྱིས་བརླབས་པའི་འོག་ཏུ་ཆོས་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་སྒྲུབ་པ་པོས
སྤྲོ་བའི་ལམ་དུ་སླར་བསྡུ་བར་བྱའོ། །དེའི་འོག་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསྒོམ་མོ། །དེ་ལྟར་བ་སྤུ་རྣམས་ཀྱི་བུ་ག་ནས། །ཆོས་ཀྱི་སྤྲིན་རྣམས་སྤྲོ་བའི་དོན་དུ་གསུངས་སོ། །མཁས་པའི་དོན་ནི་གོང་དུ
བཤད་པ་དང་མཐུན་པར་སྦྱར་རོ། །ད་ནི་རྡོ་རྗེ་རྗེས་སུ་དྲན་པར་བྱ་བའི་དོན་བསྟན་པར་བྱ་སྟེ། དེ་ལ་རྡོ་རྗེ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་ག་ལ་ནི་ལིང་ག་གཞུག་།རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །བ་སྤུ་རྣམས་ཀྱི་བུ་ག
ནས། །མཁས་པས་རྡོ་རྗེ་སྤྲིན་རྣམས་སྤྲོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་རྡོ་རྗེ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། དོན་ནི་བདེ་སྟེ་བཤད་མི་དགོས་སོ། །བྷ་ག་ལ་ནི་ལིང་གེ་གཞུག་།ཞེས་པ
ནི་སྒྲུབ་པ་པོས་དང་པོ་མདུན་དུ་སྨོས་པའི་ཚུལ་དུ་དཔལ་རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ་སྟེ། གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་པར་བྱའོ། །བསྟན་པར་བྱ་སྟེ། རྡོ་རྗེའི་རིགས་ཀྱི་བྱེ་བྲག་གི་ཁྲུས་མཁན་གྱི་བུ་མོ་མདུན་དུ
སྨོས་པའི་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་བླངས་ལ་། ཤེས་རབ་མ་དེ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱ་སྟེ། འདོད་ཆགས་ཆེན་པོའི་སེམས་དགའ་བས་ཤེས་རབ་མ
དེ་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་བྷ་གར་ལིང་ག་རྡོ་རྗེ་གཞུག་པར་བྱའོ། །དེ་ལྟར་བྷ་ག་ལ་ནི་ལིང་ག་གཞུག་པའི་དོན་དུ་གསུངས་སོ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ་ཞེས་པའི་དོན་ནི་མདུན་དུ་བཤད་པ་དང་མཐུན?་ནོ
བ་སྤུ་རྣམས་ཀྱི་བུ་གནས། །རྡོ་རྗེ་སྤྲིན་རྣམས་སྤྲོ་ཞེས་པ་ནི། མདུན་དུ་སྨོས་པའི་སྒྲུབ་པ་པོས་ཉིད་ཀྱི་ལིང་ཀ་རྡོ་རྗེ་ཤེས་རབ་མའི་བྷ་གར་བཅུག་པའི་འོག་ཏུ་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་ནས་བདེ
བར་གྱུར་པའི་དུས་སུ་རྡོ་རྗེ་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་སྟེ། དེ་འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་།བྱང་ཆུབ་སེམས་ཟླ
བའི་དཀྱིལ་འཁོར་དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་བསམ་སྟེ། ཁ་དོག་སྔོན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འབར་ཞིང་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ
པར་གྱུར་པར་བསམ་མོ། །ས་བོན་དེ་ལས་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་རིག་པའི་སྐྱེས་བུའི་ངོ་བོ་སྤྲིན་བཞིན་དུ་བསྡུའི་བུ་གའི་ལམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱའོ། །སྐུ་ཕྱག་རྒྱ་དེ་དག་གི་ཆ
ལུགས་ཕུན་སུམ་ཚོགས་པ་ནི་སྤྲོ་བར་མཛད་མཁན་གྱི་ཇི་ལྟར་སྨོས་པ་བཞིན་ནོ། །རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད
ལ་རེག་པས་བྱིན་གྱིས་བརླབ་པར་བསམ་མོ། །བྱིན་གྱིས་བརླབས་པས་སེམས་ཅན་ཐམས་ཅད་ཀྱི་བསྐལ་པ་གྲངས་མེད་པའི་བར་དུ་ཞེ་སྡང་གི་དབང་གིས་སྡིག་པ་ཇི་སྙེད་བསགས་པ་བཅོམ་པར་འགྱུར་རོ། །དེ་ལྟར
སྤྲོས་ནས་བྱིན་གྱིས་བརླབས་པའི་འོག་ཏུ་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་སྒྲུབ་པ་པོས་སྤྲོ་བའི་ལམ་དུ་སླར་བསྡུ་བར་བྱའོ། །དེའི་འོག་ཏུ་ཉིད་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར
བསྒོམ་མོ། །དེ་ལྟར་བ་སྤུ་རྣམས་ཀྱི་བུ་ག་ནས་།རྡོ་རྗེ་སྤྲིན་རྣམས་སྤྲོ་ཞེས་པའི་དོན་དུ་གསུངས་སོ། །མཁས་པས་ཞེས་པའི་དོན་ནི་གོང་དུ་བཤད་པ་དང་མཐུན་ནོ། །དེ་ནི་རིགས་རྗེས་སུ་དྲན་པའི་དོན་བསྟན་པར་བྱའོ།?་།དེ
ལ་རིགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་། བྷ་ག་ལ་ནི་ལིང་ག་གཞུག་།སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམ། །བ་སྤུ་རྣམས་ཀྱི་བུ་ག་ནས། །མཁས་པས་རིགས་ཀྱི་སྤྲིན་རྣམས་སྤྲོ། །ཞེས་བྱ་བའི་དོན་བཤད་པར
བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་རིགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཞེས་པ་རིགས་གཉིས་རྗེས་སུ་དྲན་པར་བསྒོམ་པར་བྱའོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ་།རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་དང།
ལས་ཀྱི་རིགས་དོན་ཡོད་གྲུབ་པ་སྟེ་། དེ་ལྟར་རིགས་གཉིས་སོ། །དོན་གཞན་ནི་བདེ་སྟེ་བཤད་མི་དགོས་སོ། །བྷ་ག་ལ་ནི་ལིང་ག་གཞུག་པའི་སྒྲས་ནི། སྒྲུབ་པ་པོས་དང་པོ་མདུན་དུ་མོས་པའི་ཚུལ་དུ་དཔལ་རྡོ་རྗེ་སེམས
དཔའ་ཨི་སྐུ་ཕྱག་རྒྱ་བསྐྱེད་བར་བྱ་སྟེ་། དེ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་པར་བྱའོ། །བསྟན་པར་བྱ་སྟེ། རྡོ་རྗེའི་རིགས་ཀྱི་བྱེ་བྲག་གི་ཁྲུས་མཁན་གྱི་བུ་མོ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་བླང་སྟེ། ཤེས
རབ་མེད་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་སྟེ། དེའི་འོག་ཏུ་ཤེས་རབ་མ་དེ་འདོད་ཆགས་ཆེན་པོའི་སེམས་དགའ་བས་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་བྷ་གར་ལིང་ག་གཞུག
པར་བྱ་སྟེ་། དེའི་འོག་ཏུ་ཐབས་དང་ཤེས་རབ་ཀྱི་རོལ་བ་བྱས་ནས་བདེ་བར་གྱུར་པའི་དུས་སུ་རྡོ་རྗེའི་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི་དབུས་སུ་འོད་ཞུ་སྟེ་།དེ་འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ
ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་། བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་སྭ་བསམ་སྟེ་།དེ་ཁ་དོག་སེར་པོ་མཉམ་པ་ཉིད་ཀྱི་ཡེ
ཤེས་ཀྱི་ངོ་བོ་འབར་ཞིང་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ས་བོན་དེ་ལས་རིན་པོ་ཆེའི་རིགས་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་གཟུགས
ཀྱི་ཕྱག་རྒྱ་རིག་པའི་སྐྱེས་བུའི་ངོ་བོ་བསྐྱེད་པར་བྱའོ། །དེའི་སྐུའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་དཀྱིལ་འཁོར་གྱི་སྐབས་སུ་ཇི་ལྟར་སྨོས་པ་བཞིན་ནོ། །དེ་ལྟར་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་བསྐྱེད་མ་ཐག་ཏུ་དེའི
སྤྱི་བོར་སྐྱེད་མཁན་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་རྒྱ་དབང་བསྐུར་བའི་ངོ་བོར་བཞུགས་པར་བསམ་མོ། །དེ་ནས་སྒྲུབ་པ་པོ་ཉིད་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་ཞིང་མདུན་དུ
སྨོས?་པའི་སྐྱེད་པར་བྱེད་པའི་ཡུམ་དེ་དང། འདོད་ཆགས་ཆེན་པོའི་སེམས་དགའ་བས་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་བྷ་གང་ལིང་ག་རྡོ་རྗེ་གཞུག་པར་བྱའོ། །དེ་ལྟར་བྷ་ག་ལ་ནི་ལིང་ག་གཞུག་པའི་དོན་དུ་གསུངས
སོ། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ་བར་དོན་ནི། མདུན་དུ་བཤད་པ་དང་མཐུན་ནོ། །བ་སྤུ་རྣམས་ཀྱི་བུ་གནས། །རིགས་ཀྱི་སྤྲིན་རྣམས་སྤྲོ་ཞེས་པ་ནི། མདུན་དུ་སྨོས་པའི་སྒྲུབ་པ་པོས་ཉིད་ཀྱི་ལིང་ག
རྡོ་རྗེ་ཤེས་རབ་མའི་བྷ་གར་བཅུག་པའི་འོག་ཏུ་ཐབས་དང་ཤེས་རབ་རོལ་པ་བྱས་ནས་བདེ་བར་གྱུར་པའི་རྩུས?་སུ་རྡོ་རྗེ་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམS་ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་སྟེ་། དེ་འོང་དུ་ཞུ་མ
ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ། བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་སྭ་བསམ་སྟེ། ཁ་དོག་སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་འབར་ཞིང་ཡེ་ཤེས
ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ས་བོན་དེ་ལས་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་རིག་པའི་སྐྱེས་བུ་རི་ངོ་བོ་བ་སྤུ་རྣམས་ཀྱི་བུ་གའི་ལམ་ནས་སྤྲིན་བཞིན
དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱའོ། །སྐུ་ཕྱག་རྒྱ་དེ་དག་གི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་སྤྲོ་བར་མཛད་མཁན་ལ་ཇི་ལྟར་སྨོས་པ་དེ་བཞིན་ནོ། །རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་སྤྲིན
བཞིན་དུ་སྤྲོས་མ་ཐག་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབ་པར་བསམ། དེ་བྱིན་གྱིས་བརླབ་པས་སེམས་ཅན་ཐམས་ཅད་ཀྱིས་བསྐལ་པ་གྲངས་མེད་པ་ནས
ང་རྒྱལ་གྱི་དབང་གིས་སྡིག་པ་ཇི་སྙེད་བསགས་པ་བཅོམ་པར་གྱུར་རོ། །དེ་ལྟར་སྤྲོས་ནས་བྱིན་གྱིས་བརླབས་པའི་འོག་ཏུ་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་སྤྲིན་དུ་སྒྲུབ་པ་པོས་སྤྲོ་བའི་ལམ་དུ་བསྡུ་བར་བྱའོ། །
དེའི་འོག་ཏུ་ཉིད་ཀྱི་ལུས་ལ་གཉིས་སུ་མེད་པའི་ངོ་བོར་ཐིམ་པར་གྱུར་པར་བསྒོམ་མོ། །དེ་ལྟར་བ་སྐུ་རྣམས་གྱི་བུ་གནས། རིན་པོ་ཆེའི་རིགས་ཀྱི་སྤྲིན་རྣམས་སྤྲོ་བའི་དོན་དུ་གསུངས་སོ། །མཁས་པས་ཞེས་པ་ནི་སྔར་བཤད་པ
བཞིན་འདིར་སྦྱར་རོ། ། །།དེ་ནི་ལས་ཀྱི་རིགས་ཀྱི་རྗེས་སུ་དྲན་པར་བྱ་བའི་དོན་བསྟན་པར་བྱ་སྟེ། སྒྲུབ་པ་པོས་དང་པོ་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་གྱི་རྗེས་སུ་དྲན་པ་བསྒོམ་པའི་དུས་སུ། ཅི་ལྟར་དཔལ
རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་བསྐྱེད་པ་དེ་བཞིན་དུ། དེའི་འོག་ཏུ་དེ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་པར་བྱའོ། །བསྟན་པར་བྱ་སྟེ་།རྡོ་རྗེའི་རིགས་ཀྱི་ཚུལ་གྱི་བུ་མོ་མདུན་དུ་སྨོས་པའི་མཚན་དང་ཡོན་ཏན
ཐམས་ཅད་དང་ལྡན་པ་བླངས་ཏེ། ཤེS་རབ?་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱ་སྟེ། ཤེས་རབ་མེད་དང་འདོད་ཆགས་ཆེན་པོའི་སེམས་དགའ་བས་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་བྷ་གར་?
ག་རྡོ་རྗེ་གཞུག་པར་བྱའོ། །དེའི་འོག་ཏུ་ཐབས་དང་ཤེས་རབ་རོལ་པ་བྱ་སྟེ། བདེ་བར་གྱུར་པའི་དུས་སུ་རྡོ་རྗེའི་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་སྟེ། དེ་འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ
སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་མོ། །བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་བསམ་མོ། །ཁ་དོག་ལྗང་གུ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོར་འབར་ཞིང་ཡེ་ཤེས
ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ་། ས་བོན་དེ་ལས་ལས་ཀྱི་རིགས་ཀྱི་སངས་རྒྱས་དོན་ཡོད་གྲུབ་པའི་གཟུགས་ཀྱི་ཕྱག་རྒྱ་རིག་པའི་སྐྱེད་བུའི་ངོ་བོ
བསྐྱེད་པར་བྱའོ། །དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་དཀྱིལ་འཁོར་གྱི་སྐབས་སུ་ཇི་ལྟར་སྨོས་པ་བཞིན་ནོ། །དེ་ལྟར་དོན་ཡོད་གྲུབ་པོའི་སྐུ་ཕྱག་རྒྱ་བསྐྱེད་མ་ཐག་ཏུ་དེའི་སྤྱི་བོར་བསྐྱེད་པར་མཛད་མཁན
དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ?་ཕྱག་རྒྱ་དབང་བསྐུར་བའི་ངོ་བོར་བཞུགས་པར་བསམ་མོ། །དེ་ནས་སྒྲུབ་པ་པོ་དོན་ཡོད་གྲུབ་པ་ཉིད་ཀྱི་སྐུ་ཕྱག་རྒྱ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམས་ནས་མདུན་དུ་སྨོས་པའི་མཚན་དང་ཡོན
ཏན་ཐམས་ཅད་དང་ལྡན་པའི་ལས་ཀྱི་རིགས་ཀྱི་ཤེས་རབ་མ་དམང་རིགS་ཀྱི་བུ་མོ་བླངས་ཏེ། ཤེས་རབ་མ་དེ་ཡེ་ཤེས་ཀྱི་ལྷ་མོ་དམ་ཚིག་སྒྲོལ་མ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ། །དེའི་འོག་ཏུ་འདོད་ཆགས་ཆེན་པོའི་སེམས
དགའ་བས་ཤེས་རབ་མ་དེ་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་བྷ་གར་ལིང་ག་རྡོ་རྗེ་གཞུག་པར་བྱའོ། །དེ་ལྟར་བྷ་ག་ལ་ནི་ལིང་ག་གཞུག་པའི་དོན་དུ་གསུངས་སོ། །སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམ་ཤེས་པའི་དོན་ནི་གོང་དུ
བཤད་པ་དང་མཐུན་ནོ། །བ་སྤུ་རྣམས་ཀྱི་བུ་གནས། རིགས་ཀྱི་སྤྲིན་རྣམས་སྤྲོ་ཞེས་པ་ནི། གོང་དུ་སྨོས་པའི་སྒྲུབ་པ་པོས་ལིང་ག་རྡོ་རྗེ་ཤེས་རབ་མའི་བྷ་གར་བཅུག་པའི་འོག་ཏུ་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་ནས་བདེ་བར་གྱུར
པའི་དུས་སུ་། རྡོ་རྗེའི་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་སྟེ། དེ་འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་མོ། །བྱང་ཆུབ་སེམས་བླ་བའི་དཀྱིལ
འཁོར་དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་བསམ་མོ། །ཁ་དོག་ལྗང་གུ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་འདར་ཞིང་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ
ས་བོན་དེ་ལས་ལས་ཀྱི་རིགས་བྱོན?་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་རིག་པའི་སྐྱེས་བུའི་ངོ་བོ། །བ་སྤུའི་?་གའི་ལམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་མུ་སྤྲོ་བར་བྱའོ། །དེ་དག་གི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་སྤྲོ
བར་མཛད་མཁན་པ་ཇི་ལྟར་སྨོས་པ་དེ་བཞིན་ནོ། །ལས་ཀྱི་རིགས་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རེག་པས་བྱིན་གྱིས
བརླབ་པར་བསམ་མོ། །དེ་བྱིན་གྱིས་བརླབས་བས་སེམས་ཅན་ཐམས་ཅད་ཀྱིས་བསྐལ་པ་གྲངས་མེད་པའི་བར་དུ་ཕྲག་དོག་གི་དབང་གིས་སྡིག་པ་ཇི་སྙེད་བསགས་པ་བཅོམ་པར་འགྱུར་རོ། །དེ་ལྟར་སྤྲོས
ནས་བྱིན་གྱིས་བརླབས་པའི་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་སྒྲུབ་པ་པོས་སྤྲོས་པའི་ལམ་དུ་སླར་བསྡུས་པར་བྱའོ། །དེའི་འོག་ཏུ་ཉིད་ཀྱི་ལུས་ལ་ཐིམ་པར་གྱུར་པར་བསྒོམ་མོ། །དེ་ལྟ་ན་བ་སྦུ་རྣམས
ཀྱི་བུ་གནས། ལས་ཀྱི་རིགས་ཀྱི་སྤྲིན་རྣམས་སྤྲོ་བའི་དོན་དུ་གསུངས་སོ། །མཁས་པས་ཞེས་པའི་དོན་ནི་མདུན་དུ་བཤད་པ་བཞིན་དུ་སྦྱར་རོ།། །།ད་ནི་ཁྲོ་བོ་རྗེས་སུ་དྲན་པར་བྱ་བའི་དོན་བསྟན་པར་བྱ་སྟེ། དེ་ལ
ཁྲོ་བོ་རྗེས་སུ་དྲན་བ་ཅི་ལྟར་བསྒོམ་ཞེ་ན། །བྷ་ག་ལ་ནི་ལིང་ག་གཞུག་།ཁྲོ་བོའི་གཟུགས་ནི་བསྒོམ་པར་བྱ། །བ་སྦུ?་རྣམས་ཀྱི་བུ་ག་ནས། མཁས་པས་ཁྲོ་བོ་སྤྲིན་རྣམས་སྤྲོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན།
དེ་ལ་ཁྲོ་བོ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ནའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །བྷ་ག་ལ་ནི་ལིང་ག་གཞུག་ཅེས་པ་ནི་སྒྲུབ་པ་པོས་དང་པོ་དཀྱིལ་འཁོར་དུ་སྨོས་པ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་དེ།
དེའི་འོག་ཏུ་དེ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་པར་བྱའོ། །བསྟན་པར་བྱ་སྟེ། །སྐུའི་རིགས་ཀྱི་ཚུལ་དུ་བྲམ་ཟེའི་རིགས་ཀྱི་བུ་མོ་མདུན་སྨོས་པའི་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་བླང་སྟེ། ཤེས
རབ་མ་དེ?་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ། །དེའི་འོག་ཏུ་ཐབས་དང་ཤེས་རབ་རོལ་པ་བྱ་སྟེ། བདེ་བར་གྱུར་པའི་དུས་སུ་ཤེས་རབ་མའི་བྷ་གའི་དབུས་སུ་བྱང་ཆུབ
སེམས་འོད་དུ་ཞུ་སྟེ་། དེ་འོད་དུ་ཞུ་མ་ཐག་ཏུ་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་བར་བསམ་མོ། །ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་བསམ་མོ། །དེའི་ཁ་དོག་ནག་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི
ངོ་བོ་འབར་བ་ཆེན་པོས་འབར་ཞིང་ཡེ་ཤེས་ཀྱི་གུ་བའི་ངོ་བོར་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ། ས་བོན་དེ་ལས་ཁྲོ་པོ་ཡ་མཱནྟ་ཀའི་གཟུགས་ཀྱི་ཕྱག་རྒྱ་རིག་པའི་སྐྱེས་བུའི་ངོ་བོ་བསྐྱེད
པར་བྱའོ། །དེའི་སྐུའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་དཀྱིལ་འཁོར་གྱི་སྐབས་སུ་ཇི་ལྔ་སྨོས་པ་བཞིན་ནོ། །དེ་ལྟར་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་བསྐྱེད་མ་ཐག་ཏུ་དེའི་སྦྱི་པོའི་གནས་སུ་སྐྱེད་མཁན་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་?
བསྐུར་བའི་ངོ་བོར་བཞུགས་པར་བསམ་མོ། དེ་ནས་སྒྲུབ་པ་པོ་ཉིད་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་དང་གཉིས་སུ་མེད་པར་བསྒོམ་ཞིང། མདུན་དུ་སྨོས་པའི་སྐུའི་རིགས་ཀྱི་བྱེ་བྲག་གི་ཤེས་རབ་མདོ་ཁྲོ་བོའི་དབང་ཕྱུག་མ་རོ་ལངས་མ་དང།
གཉིས་སུ་མེད་པར་བྱིན་གྱིས་བརླབ་སྟེ། དེ་དང་འདོད་ཆགས་ཆེན་པོའི་སེམས་དགའ་བས་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་བྷ་གར་འདི?་རྡོ་རྗེ་གཞུག་པར་བྱའོ། །དེ་ལྟར་བྷ་ག་ལ་ནི་ལིང་ག་གཞུག་པའི་དོན་དུ་གསུངས་སོ
ཁྲོ་བོའི་གཟུགས་ནི་བསྒོམ་པར་བྱ་ཞེས་པ་ནི་གོང་དུ་བཤད་དོ། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཁྲོ་བོའི་སྤྲིན་རྣམས་སྤྲོ?་ཞེས་པ་ནི། མདུན་དུ་སྨོས་པའི་སྒྲུབ་པ་པོས་ཉིད་ཀྱི་ལིང་ག་རྡོ་རྗེ་ཤེS་རབ་མའི་བྷ་གར་བཅུག་པའི་འོག་ཏུ་ཐབས་དང་ཤེས་རབ
ཀྱི་རོལ་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་རྡོ་རྗེའི་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི་དབུས་སུ་འོང་དུ་ཞུའོ། །དེ་འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་རྒྱ་མཚོ་ཆེན་པོ་དང། མཉམ་པར་གྱུར་པར་བསམ་མོ།
དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་བསམ་མོ། །ཁ་དོག་ནག་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འབར་ཞིང་བྱང་ཆུབ་སེམས་རྒྱ་མཚོ་ཆེན་པོ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ། ས
བོན་དེ་ལས་ཁྲོ་བོ་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་རིག་པའི་སྐྱེས་བུའི་ངོ་བོ་སྤྲིན་བཞིན་དུ་བ་སྤུ་རྣམས་ཀྱི་བུ་གའི་ལམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱའོ། །དེ་དག་གི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་བསྐྱེད་པར
མཛད་མཁན་གྱི་ཇི་ལྟར་སྨོས་པ་བཞིན་ནོ། །ཁྲོ་བོ་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབ་པར་བསམ་མོ། །དེ་བྱིན
གྱིས་བརླབས་པས་སེམས་ཅན་ཐམས་ཅད་ལ་འཆི་བའི་འཇིགས་པ་མེད་པར་འགྱུར་རོ། །དེ་ལྟར་སྤྲོས་ནས་བྱིན་གྱིས་བརླབས་པའི་འོག་ཏུ་ཁྲོ་བོ་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་སྒྲུབ་པ་པོས་སྤྲོ་བའི་ལམ་དུ་སླར་བསྡུ་བར་བྱའོ
དེའི་འོག་ཏུ་ཉིད་ཀྱིས་ལུས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་བར་བསྒོམ་མོ། །དེ་ལྟར་བ་སྦུ་རྣམས་ཀྱི་བུ་གནས། ཁྲོ་བོ་སྤྲིན་རྣམས་སྤྲོ་བའི་དོན་དུ་གསུངས་སོ། །མཁས་པས་ཞེས་པ་ནི་མདུན་དུ་བཤད་པ་བཞིན་དུ་སྦྱར་རོ།།
གཞན་ཡང་ཁྲོ?་བོ་ཡ་མཱནྟ་ཀ་རྗེས་སུ་དྲན་པ་བསྒོམ་པར་བྱ་བ་བསྟན་པར་བྱ་སྟེ། ཇི་ལྟར་ཡ་མཱནྟ་ཀ་ཉིད་ཀྱི་རིགས་ཀྱི་བདག་པོ་བསྐྱེད་པར་བྱ་བའི་ཚུལ་གྱི་ཆོ་ག་སྨོས་པ་དེ་བཞིན་དུ་པདྨའི་རིགས་སྣང་བ་མཛའ་ཡས་བསྐྱེད་པའི
ཚུལ་གྱི་ཆོ་ག་ཉིད་ཀྱི་ལྷ་མོ་དང་ལྡན་པ་དང། དེ་བཞིན་དུ་སྔགས་ཀྱི་ས་བོན་དང། སྐུ་ཕྱག་རྒྱའོ?་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལྟར། ཁྲོ་བོ་པདྨནྟ་ཀ་རྗེས་སུ་དྲན་པ་བསྒོམ་པ་བྱས་ནས། མདུན་དུ་སྨོས་པ
སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པ་བྱས་པས་ནད་ཀྱི་སྡུག་བསྔལ་གྱི་འཇིགས་པ་སྐྱེ་བ་མེད་པར་འགྱུར་རོ། །དེ་ལྟར་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པ་བྱས་པའི་འོག་ཏུ་ཁྲོ་བོ་པདམཱནྟ་ཀའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་སྒྲུབ་པ་པོ?
སྤྲོ་བའི་ལམ་དུ་སླར་བསྡུ་བར་བྱའོ། །དེ་ལྟར་བསྡུས་པའི་རོག་ཏུ་ཉིད་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསྒོམ་མོ་གཞེ་ན་ཡང་པྲཛྙཱནྟ་ཀ་དང། བིཁཱུཾ?་ཏ་ཀ་ལ་སོགས་པ་ཁྲོ་བོ་བརྒྱད་རྗེས་སུ་དྲན་པ་བསྒོམ་བར་བྱ་བ་བསྟན་པར
བྱ་སྟེ། ཉིད་ཀྱི་རིགས་ཀྱི་བདག་པོ་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་བསྐྱེད་དེ་།དེའི་འོག་ཏུ་དེ་དང་གཉིས་སུ་མེད་པར་བསྒོམ་པའི་ང་རྒྱལ་བྱའོ། །བསྟན་པར་བྱ་སྟེ། རྡོ་རྗེ་རིགས་ཀྱི་བྱེ་བྲག་གི་ཁྲུས་མཁན་གྱི་བུ་མོ་བདུན་དུ་སྨས་པའི་མཚན
དང་ཡོན་རྟན་ཐམས་ཅད་དང་ལྡན་པ་བཟུང་སྟེ། ཤེས་རབ་མ་ཡེ་ཤེས་ཀྱི་ལྟ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱ་སྟེ། དེའི་འོག་ཏུ་ཐབས་དང་ཤེས་རབ་རོལ་བ་བྱས་ནས། བདེ་བར་གྱུར་པའི་དུས་སུ་རྡོ་རྗེའི་ལམ་ནས
ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུའོ། །དེ་འོད་དུ་ཞུ་མ་ཐག་ཏུ་བྱང་ཆུབ་སེམས་རྒྱ་མཚོ་ཆེན་པ་དང་མཉམ་པར་གྱུར་པར་བསམ་མོ་།བྱང་ཆུབ་སེམས་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་སྔགས་ས་བོན་ཡིག་འབྲུ་ཧཱུཾ
བསམ་སྟེ་། ཁ་དོག་ནག་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འབར་ཞིང་ཡེ་ཤེས་ཀྱི་ཁུ་བ་ལྟ་བུར་བྱང་ཆུབ་སེམས་རྒྱ་མཚོ་ཆེན་པོ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ་མོ། །ས་བོན་དེ་ལས་པྲཛྙཱ་ནྟ་ཀ་ལ་སོགས་པ་ཁྲོ་བོ་བརྒྱད
ཀྱི་སྐུ་ཕྱག་རྒྱ་རིགས་པའི་སྐྱེས་བུའི་ངོ་བོར་རིམ་པར་སྤྲིན་བཞིན་དུ་བ་སྤུ་རྣམས་ཀྱི་བུ་གའི་ལམ་ནས་སྤྲོ་བར་བྱ་སྟེ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རེག་པའི་ཚུལ་གྱི་སྦྱིན་གྱིས་བརླབ་པར་བསམ་མོ
དེ་བྱིན་གྱིས་བརླབས་པས་སེམས་ཅན་དམྱལ་བར་འགྲོ་བའི་འཇིགས་པ་མེད་པར་འགྱུར་རོ། །དེ་ལྟར་སྤྲོ་ཞིང་བྱིན་གྱིས་བརླབ་པ་བྱས་པའི་འོག་ཏུ་ཁྲོ་བོ་པྲཛྙནད?་ཀ་ལ་སོགས་པ་བརྒྱད་ཀྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་སྒྲུབ་པ་པོས
སྤྲོ་བའི་ལམ་དུ་སླང?་བསྡུ་བར་བྱའོ། །དེའི་འོག་ཏུ་ཉིད་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསྒོམ་མོ། །དེ་ལྟར་ཁྲོ་བོ་རྗེས་སུ་དྲན་པར་བྱ་བའི་དོན་དུ་ཤེས་པར་བྱའོ།། །།ད་ནི་དམ་ཚིག་རྗེས་སུ་དྲན་པར་བྱ
བའི་དོན་བསྟན་པར་བྱའོ། །དེ་ལ་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བདག་ནི་རྡོ་རྗེ་པདྨར་ལྡན། །དབང་པོ་གཉིས་ནི་རབ་སྦྱར་སྟེ། །བདག་གི་ཁུ་བའི་ཐིགས་པ་ཡིས། །སངས་རྒྱས་རྡོ་རྗེ་སེམས་དཔའ་མཆོད། །ཞེས་བྱ་བའི
དོན་བསྟན་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །བདག་ནི་རྡོ་རྗེ་པདྨར་ལྡན་ཞེས་པ་སྒྲུབ་པ་པོས་དང་པོ་རང་དགའ་བའི་ལྷ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ
སྟེ། ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་ཤེས་རབ་མ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ་བླང་སྟེ། དེ་དང་དགའ་བའི་ལྷའི་རིགས་ཀྱི་ཡེ་ཤེས་ཀྱི་ལྷ་མོ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་བསྒོམ་པ་དང་བྱིན
གྱིས་བརླབ་པ་བྱས་པའི་འོག་ཏུ་སྒྲུབ་པ་པོས་འདོད་ཆགས་ཆེན་པོའི་སེམས་དགའ་བས་ལག་པ་གཡོན་པས་ཤེས་རབ་མ་འཁྱུད་པར་བྱ་སྟེ། ཉིད་ཀྱི་ཤེས་རབ་མའི་པདྨའི་སྒོར་རེག་པའི་ཚུལ་དུ་སྐད་ཅིག་ཙམ་བཞག་སྟེ། དེའི་འོག
ཏུ་སོ་སོར་འདོད་ཆགས་བསྐྱེད་པའི་ཚུལ་སྒྲོས་ཙུན་པ་ན་བྱའོ། །དེ་ནས་ཐབས་དང་ཤེས་རབ་ཀྱི་རོལ་པ་བརྩམ་པར་བྱའོ། །དེ་ལྟར་བདག་ནི་རྡོ་རྗེ་པདྨ་ད་ལྡན་པའི་དོན་དུ་གསུངས་སོ། །དབང་པོ་གཉིས་ནི་མཉམ་སྦྱར་ཏེ་ཞེས་པ་ནི
ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་བྱ་བའི་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་བའོ། །བདག་གི་ཁུ་བའི་ཐིགས་པ་ཡིས། སངས་རྒྱས་ཞེས་པ་མི་བདུན་དུ་སྨོས་པའི་ཚུལ་གྱི་ཆོ་གས་ཐམས་དང་ཤེས་རབ་རོལ་པ་བྱས
ནས་བདེ་བར་གྱུར་པའི་དུས་སུ་དབང་པོའི་ལམ་ནས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཆད་ཀྱི་ཐིགས་པ་བཞིན་དུ་ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་བར་བྱའོ། །བསྟན་པར་བྱ་སྟེ། སྒྲུབ་པ་པོས་རང་གི། བུ་བའི་ངོ་བོ་བྱང་ཆུབ་སེམས
ཏ་ཧིགས་པ་རེ་རེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་ཚུལ་དུ་ཤེས་རབ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་མ་ཐག་ཏུ་སྔགས་ཀྱི་ས་བོན་ཡིག་འབྲུ་ཨོཾ་ལ་སོགས་པ་རིགས་ལྔའི་སྔགས་ཀྱི་ས་བོན་ཡིག
འབྲུས་བྱིན་གྱིས་བརླབ་པར་བྱ་སྟེ། ས་བོན་སྔགས་ཀྱི་ཡིག་འབྲུ་དེ་རྣམས་ཉིད་ཉིད་ཀྱི་ཁ་དོག་དང་ཡེ་ཤེས་དང་ལྡན་པ་གཟི་བརྗིད་ཀྱིས་འབར་ཞིང་མདུན་དུ་སྨོས་པའི་བྱང་ཆུབ་སེམས་ཀྱི་ཐིགས་པ་རྣམས་ལ་གཉིས་སུ་མེད་པར
ཐིམ་པར་གྱུར་པར་བསམ་མོ། །ས་བོན་དེ་ལས་རྣམ་པར་སྣང་མཛད་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་གི་སྐུ་ཕྱག་རྒྱ་རིག་པའི་སྐྱེས་བུའི་ངོ་བོ་སྦྱིན་བཞིན་དུ་མདུན་དུ་སྨོས་པའི་ཚུལ་དུ་བ་སྦུ་རྣམས་ཀྱི་བུ་གའི་ལམ་ནས་འཇིག
རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱ་སྟེ་། སྐུ?་ཕྱག་རྒྱ་དེ་དག་གི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་མདུན་དུ་ཇི་ལྟར་སྨོས་པ་བཞིན་ནོ། །དེ་ལྟར་སྤྲོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པར་སེམས་ཅན་ཐམས
ཅད་ལ་རེག་པའི་ཚུལ་གྱིས་བྱིན་གྱིས་བརླབ་པར་བསམ་མོ། །དེ་ལ་རིགས་རྣམ་པ་ལྔས་སེམས་ཅན་ཐམས་ཅད་ཇི་ལྟར་བྱིན་གྱིས་བརླབས་པས་སོ་སོར་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་ལྟ
བུས་ཚངས་པ་འཁོར་དང་བཅས་པ་མ་ལུས་པ་རེག་པའི་ཚུལ་གྱིས་བྱིན་གྱིS་བརླབS་ནས་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་མཛད་པར་བསམ་མོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་མ་ལུས་པ
རེག་པའི་ཚུལ་གྱིས་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་མཛད་པར་བསམ་མོ། །དེའི་འོག་ཏུ་དེ་བཞིན་གཤེགས་བ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་ཁྱབ་འཇུག་འཁོར་དང་བཅས་པ་རིག?་པའི་ཚུལ་གྱིས་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ལ
གཉིས་སུ་མེད་པའི་ངོ་བོར་བསྡུ་བར་མཛད་པར་བསམ་མོ། དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་མ་ལུས་པ་རེག་པའི་ཚུལ་གྱིས་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར
མཛད་པར་བསམ་མོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་བགེགས་ཀྱི་རྒྱལ་པོ་བིན་ཡ་ཀ་འཁོར་དང་བཅས་པ་མ་ལུས་པ་དང། གཞན་སེམས་ཅན་མ་ལུས་པ་ཀུན་རེག་པའི་ཚུལ་གྱིས་བྱིན་གྱིས་བརླབ་པ་མཛད་ནས་ཉིད་ཀྱི་?
སྐུ་ལ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་མཛད་པར་བསམ་མོ། །དེ་ལྟར་བྱིན་གྱིས་བརླབས་ནས་སེམས་ཅན་ཐམས་ཅད་གཉིས་སུ་མེད་པར་མཛད་པའི་འོག་ཏུ་སྒྲུབ་པ་པོས་སྤྲོ་བ་པའི་ལམ་དུ་སླར་ཤེས་རབ་མའི་བྷ་གའི་དབུས་གསང
པའི་ཐུགས་ཀར་བསྡུ་བར་བྱའོ། །དེ་ལྟར་རང་གི་ཁུ་བའི་ཐིགས་པ་ཡིས། །སངས་རྒྱས་ཞེས་པའི་དོན་དུ་གསུངས་སོ། །རྡོ་རྗེ་སེམས་དཔའ་མཆོད་པར་བྱ་ཞེས་པ་ནི། སྒྲུབ་པ་པོས་མདུན་དུ་སྨོས་པའི་སྤྲོ་བསྡུ
བྱས་མ་ཐག་ཏུ་འདོད་ཆགས་ཆེན་པོའི་སེམས་དགའ་བས་ཐབས་དང་ཤེས་རབ་རོལ་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ། རྡོ་རྗེ་ལམ་ནས་རང་གི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཆར་གྱི་རྒྱུན་བཞིན
དུ་སེམས་ཅན་ཐམས་ཅད་དང་གཉིས་སུ་མེད་པའི་ངོ་བོ་རིགས་ལྔའི་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུའི་སྤྱི་བོར་འོད་དུ་ཞུ་བར་བྱ་སྟེ། དེ་འོད་དུ་ཞུ་བའི་ཚུལ་གྱི་གསང་བའི་མཆོད་པའི་རྫས་ཀྱིས་མཆོད་པར་བསམ་མོ། །བསྟན
པར་བྱ་སྟེ། དེ་ལྟར་མཆོད་པ་བྱས་པའི་འོག་ཏུ་རིགས་ལྔའི་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ་འོད་དུ་ཞུ་ནས། ཤེས་རབ་མའི་བྷ་གའི་དབུས་སུ་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་མོ། །དེའི
འོག་ཏུ་སྒྲུབ་པ་པོས་བནདྷ?་མཚན་ཐམས་ཅད་དང་ལྡན་པ་བླངས་པའི་ནང་དུ། ཤེས་རབ་མའི་བྷ་གའི་དབུས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་བྱང་ཆུབ་སེམས་དང་གཉིས་སུ་མེད་པ་དེ་བླངས་ལ་བཞག་གོ་།དེའི་འོག་ཏུ་སྐད་ཅིག་ཙམ
ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དང། རང་བཞིན་གྱིས་རྣམ་པར་དག་པ་ཡིན་པར་བསྒོམ་པར་བྱ་སྟེ། དེ་ནས་བནདྷའི་ནང་གི་ཡེ་ཤེས་གསད་པའི་བདུད་རྩི་གཟའ་བར་བྱའོ། །དེ་ལྟར་བྱེ་བྲག་གསུམ་གྱི་མཆོད་པས་རྡོ་རྗེ་སེམས
དཔའ་མཆོད་པར་འགྱུར་རོ། །གཞན་ཡང་རྡོ་རྗེ་སེམས་དཔའ་མཆོད་པར་འགྱུར་བའི་དོན་གསལ་བར་བསྟན་པར་བྱ་སྟེ། དོན་དམ་པའི་བྱེ་བྲག་དང། སྔགས་ཀྱི་ཡེ་ཤེས་ཀྱི་བྱེ་བྲག་དང། སྐུའི་བྱེ་བྲག་དང། བྱིན་གྱིས་བརླབས་ནས
གཉིས་སུ་མེད་པའི་བྱེ་བྲག་དང། མཆོད་པའི་ངོ་བོའི་བྱེ་བྲག་དང། ཡེ་ཤེས་གསང་བའི་བདུད་རྩིའི་ངོ་བོར་གྱུར་པའི་བྱེ་བྲག་དང། ཟོས་བས་འབྲས་བུ་འགྲུབ་པའི་བྱེ་བྲག་གོ་།དེ་ལ་དོན་དམ་པའི་བྱེ་བྲག་ནི་ཆོས་ཀྱི་སྐུའི་ངོ་བོ་སྟོང་པ
ན་ཨམ་མཁའ་ཨི་བཞིན་དུ་ཀུན་ལ་ཁྱབ་ནས་གནས་པ་དེས་མདུན་དུ་སྨོས་ཧཔའི་སེམས་ཅན་མ་ལུས་པ་ཐམས་ཅད་རིགས་ལྔའི་བྱེ་བྲག་གི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་བྱིན་གྱིས་བརླབས་ནས་འདུས་པར་མཛད་པ་དེ་ལ་ཁྱབ་ནས་གནས་པས་དེ
ཉིད་དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་བསྟན་ཏོ། །དེ་ནས་སྔགས་ཀྱི་ཡེ་ཤེས་ཀྱི་བྱེ་བྲག་ནི་གོང་དུ་མོས་པ་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པ་དང། བསྡུ་བར་མཛད
པའི་ཕྱིར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་དེ། ཉིད་ཉིད་ཀྱི་བསྐྱེད་པའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཡེ་ཤེས་ཀྱི་ངོ་བོ་དེ་ལས་རྡོ་རྗེ་སེམས་དཔའ་ཉིད་བདག་པོའི་ཚུལ་དུ་མེ་ལོང་ལྟ་བུའི་ཡེ
ཤེས་དང། གཉིས་སུ་མེད་པའི་ངོ་བོས་ཁྱབ་ནས་གནས་པར་བསྟན་ཏོ། །དེ་ནས་སྐུའི་བྱེ་བྲག་ནི། མདུན་དུ་སྨོས་པའི་སྔགས་ཀྱི་ས་བོན་ཡིག་འབྲུ་ཡེ་ཤེས་དང་ལྡན་པ་དེ་རྣམས་ལས་བསྐྱེད་པའི་སྐུ་ཕྱག་རྒྱ་སྦྲིན་ལྟ་བུ་དེ་ལ་།རྡོ་རྗེ
སེམས་དཔའ་བདག་པོའི་ཐུགས་ཀྱིས་སྐུ་དང་གསུང་ལ་གཉིས་སུ་མེད་པར་ཁྱབ་ནས་གནས་པར་བསྟན་ཏོ། །དེ་ནས་བྱིན་གྱིས་བརླབས་ནས་གཉིས་སུ་མེད་པའི་ཚུལ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པ
ལ་ངའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས?་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ནས་གསང་བའི་ཐུགས་དཀར་བསྡུ་བར་མཛད་པའི་དུས་དེའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པའི་ཐུགས་རྗེ་ཆེན་པོའི་གཉིས་སུ་མེད་པ་ཡེ་ཤེས
ཀྱི་ངོ་བོ་ཉིད་དཔལ་རྡོ་རྗེ་སེམས་དཔའ་བདག་པོས་ཁྱབ་ནས་གནས་པར་བསྟན་ཏོ། །དེ་ནས་མཆོད་པའི་ངོ་བོའི་བྱེ་བྲག་ནི་མདུན་དུ་སྨོས་པའི་སྒྲུབ་པ་པོས་རང་དགའ་བའི་ལྷ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་པས་འདོད་ཆགས
ཅ་ཧེན་པོའི་སེམས་དགའ་?་བས་ཐབས་དང་ཤེས་རབ་ཀྱི་རོལ་བ་བྱས་ནས་བདེ་བར་གྱུར་པའི་དུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་སེམས་ཅན་ཐམས་ཅད་དང་གཉིས་སུ
མེད་པའི་ངོ་བོ་དེ་དག་བྱང་ཆུབ་སེམས་གསང་བའི་མཆོད་པའི་རྫས་ཀྱིས་མཆོད་པའི་བབས་དང་ཤེས་རབ་ཀྱི་རོལ་པ་བྱས་པས་བདེ་བར་གྱུར་པའི་ངོ་བོ་དང། བྱང་ཆུབ་སེམས་བྱུང་བའི་མཆོད་པའི་རྫས་དེ་ཉིད་ཀྱི་ངོ་བོ་ལ་རྡོ་རྗེ་སེམས་དཔར་བདག་པོའི
ཚུལ་གྱིས་ཁྱབ་ནས་གནས་པར་བསྟན་ཏོ། །དེ་ནས་ཡེ་ཤེས་གསང་བའི་བདུད་རྩིའི་ཁུ་བའི་ངོ་བོར་གྱུར་པའི་བྱེ་བྲག་ནི་མདུན་དུ་སྨོས་པ་གསང་བའི་ཐུགས་ཀ་ན་གནས་པའི་རིགས་ལྔའི་བྱེ་བྲག་གི་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ
ས་ཨེམས་ཅན་ཐམས་ཅད་རང་གཉིས་སུ་མེད་པའི་ངོ་བོ་དེ་སྒྲུབ་པ་པོས་ཐབས་དང་ཤེས་རབ་རོལ་པ་བྱས་ནས་རང་གི་ཁུ་བ་བྱང་ཆུབ་སེམས་མཆོད་པའི་རྫས་ཕབ་པའི་ཚུལ་གྱིས་མཆོད་པ་བྱས་པའི་འོག་ཏུ་དེ་དག་གི་སྐུ་ཕྱག་རྒྱ་འོད་དུ་ཞུ་བའི་ཡེ
ས་ཧེས་ཀྱི་ཁུ་བའི་ངོ་བོ་མཆོད་པའི་རྫས་བྱང་ཆུབ་སེམས་དང་གཉིས་སུ་མེད་པའི་ཤེས་རབ་མའི་བྷ་གའི་དབུས་ཀྱི་གནས་སུ་རྒྱ་མཚོ་ཆེན་པོ་དང་མཉམ་པར་གྱུར་པ་དེ་ལ་རྡོ་རྗེ་སེམས་དཔའ་ཉིད་བདག་པོའི་ཚུལ་མེ་ལོང་ལྟ་བུའི་ཡེ་ཤེས་དང་གཉིས
སུ་མེད་པས་ཁྱབ་ནས་གནས་པར་བསྟན་ཏོ། །དེ་ནས་བཟའ་བས་འབྲས་བུ་གྲུབ་པའི་ཚུལ་ནི་མདུན་དུ་སྨོས་པའི་ཡེ་ཤེས་གསང་བའི་བདུད་རྩིའི་ཁུ་བ་དེ་ཇི་ལྟར་སྨོས་པའི་ཆོ་གས་བསྒོམ་ཞིང་བཟའ་བས་ཡེ་ཤེས་རྣམ་པ་ལྔ་དང་གཉིས་སུ་མེད
པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྱི་འབྲས་བུ་འགྲུབ་པར་འགྱུར་ཏེ། དེ་གྲུབ་པའི་འབྲས་བུའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་ཉིད་དེ་བདག་པོའི་ཚུལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོས་ཁྱབ་ནས་གནས་པར་བསྟན་ཏོ། །དེ་ལྟར་བྱེ་བྲག་བདུན་གྱིས
རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཁྱབ་ནས་གནས་པ་གསང་བའི་མཆོད་པས་མཆོད་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་སེམས་དཔའ་མཆོད་པའི་དོན་དུ་ཤེས་པར་བྱའོ། །དེ་ལ་དཀྱིལ་འཁོར་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། དབང་པོ་གཉིས་ནི
མཉམ་སྦྱར་ཏེ། །མཁས་པས་བདག་གི་ཁུ་བ་དག་།སྦྱོར་བ་པས་ནི་རྟག་ཏུ་དབྱུང། །དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། དེ་ལ་དཀྱིལ་འཁོར་རྗེས
སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །དབང་པོ་གཉིS་ནི་མཉམ་སྦྱར་ཏེ་ཞེས་པ་ནི་རྒྱུད་འདི་ལས་སྨོས་པའི་སྐུའི་དཀྱིལ་འཁོར་དང། །གསུང་གི་དཀྱིལ་འཁོར་དང། ཐུགས་ཀྱི་དཀྱིལ་འཁོར་དང་གསུམ་གྱི
ནང་ནས་རྣལ་འབྱོར་པ་སེམས་གང་ལ་མོས་པ་དེ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བསྐྱེད་པའི་ཆོ་གའི་ཚུལ་བསྟན་པར་བྱ་སྟེ། རྣལ་འབྱོར་པས་དང་པོ་ལེའུ་གསུམ་པ་ལས་སྨོས་པའི་ཆོ་གའི་ཚུལ
དུ་དཔལ་རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དང། སྣང་བ་མཛའ་ཡས་བསྐྱེད་པར་བྱ་སྟེ། དེའི་འོག་ཏུ་དཀྱིལ་འཁོར་གང་རྗེས་སུ་དྲན་པ་བསྒོམ་པ་དེའི་བདག་པོ་དང་གཉིས་སུ་མེད་པའི
ང་རྒྱལ་བསྒོམ་སྟེ། དེའི་དུས་སུ་དཀྱིལ་འཁོར་གྱི་བདག་པོའི་རིགས་ཀྱི་བྱེ་བྲག་གི་ལོ་བཅུ་གཉིས་མ་དང་བཅུ་དྲུག་མ་དང་ཉི་ཤུ་རྩ་ལྔའི་ཚད་ཀྱི་སྐྱེས་བུས་མ་སྤྱད་པའི་སར་བ། མདུན་དུ་སྨོས་པའི་མཚན་དང་ཡོན་ཏན
ཐམས་ཅད་དང་ལྡན་པ་བླངས་པ། དཀྱིལ་འཁོར་གྱི་བདག་པོའི་ཤེས་རབ་ཀྱི་ཡེ་ཤེས་ཀྱི་ལྷ་མོ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་ཏེ། གཉིས་ཀ་ཕྱིའི་སྟན་བདེ་བའི་སྟེང་དུ་འདུག་སྟེ། འདོད་ཆགས་ཆེན
པོའི་སེམས་དགའ་བས་སོ་སོར་འཁྱུད་དེ། སྒྲོས་ཙུམ་པ་ན་བྱ་ཞིང་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་དབང་པོའི་ལམ་ནས་ཤེས་རབ
མའི་བྷ་གའི་དབུས་སུ་རང་གི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོད་དུ་ཞུའོ། །དེ་ལྟར་དབང་པོ་གཉིས་ནི་མཉམ་སྦྱར་ཏེའི་དོན་དུ་གསུངས་སོ། །བདག་གི་ཁུ་བ་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །མཁས་པས་ཤེས་པ་ནི། རྣལ
འ་བྱོར་བ་རྡོ་རྗེ་སློབ་དཔོན་ལས་རྒྱུད་འདི་ལ་སོགས་པ་གསང་སྔགས་ཀྱི་བསྒོམ་པའི་མན་ངག་ཐོས་པ་མ་ནོར་པར་ཤེས་པ་སེམས་ལ་བཟུང་བའི་རྣལ་འབྱོར་པ་མཁས་པས་དཀྱིལ་འཁོར་རྗེས་སུ་དྲན་པར་བྱ་བའི་ཕྱིར་ཐབས་དང་ཤེས
རབ་ཀྱི་རོལ་པ་བྱའོ། །དེ་ལྟར་མཁས་པའི་དོན་དུ་གསུངས་སོ། །དེ་ནས་སྦྱོར་བ་པས་ནི་རྟག་ཏུ་དབྱུང། དཀྱིལ་འཁོར་ཞེས་པ་ནི་མདུན་དུ་སྨོས་པའི་ཤེས་རབ་མའི་བྷ་གའི་དབུས་ཀྱི་བདག་གི་ཁུ་བ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར
གྱི་ངོ་བོར་གྱུར་པར་བསམ་མོ། །དེའི་འོག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ། ལེའུ་བཞི་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་ཅི་ལྟར་སྨོས་པ་བཞིན་དུ་ལྷ་རྣམས་ཀྱི་སོ་སོའི་སྔགས་ཀྱི་ས་བོན་ཡིག་འབྲུ་ཡེ་ཤེས
དང་ཁ་དོག་དང་ལྡན་པར་རིམ་པ་མནོར་བར་བཀོད་པར་བསམ་སྟེ། དེ་རྣམས་སྐར་མ་བཞིན་དུ་འབར་ཞིང་རིམ་པར་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར
བསམ་མོ། །ས་བོན་དེ་ལས་སྔགས་ཀྱི་ཡིག་འབྲུའི་རིམ་པ་ཅི་ལྟར་བཀོད་པ་བཞིན་དུ་ལྷ་རྣམས་ཀྱི་སྐུ་ཕྱག་རྒྱ་བསྐྱེད་པར་བྱའོ། །སྐུ་ཕྱག་རྒྱ་དེ་དག་གི་སྐུ་མདོག་ལ་སོགས་པ་ཆ་ལུགས་ཕུན་སུམ་ཚོགས་པ་ནི་ལེའུ་བཞི་པ་ལས་སྨོས
པ་བཞིན་ནོ། །དེ་ལྟར་གསང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་རྣལ་འབྱོར་པས་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འབྲས་བུ་མ་གྲུབ་ཀྱི་བར་དུ་ཉིན་མཚན་རྒྱུན་མི་ཆད་པར་མདུན་དུ་སྨོས་པའི་ཆོ་གའི་ཚུལ་གྱིས་དཀྱིལ་འཁོར་བསྐྱེད་ནས་བསྒོམ
པར་བྱའོ། །དེ་ལྟར་སྦྱོར་བ་པས་ནི་རྟག་ཏུ་དབྱུང། དཀྱིལ་འཁོར་ཞེས་པའི་དོན་དུ་གསུངས་སོ། །དཀྱིལ་འཁོར་ཚུལ་དུ་བྱ་ཞེས་པ་ནི་མདུན་དུ་སྨོས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་མ་སྐྱེད་པའི་གོང་དུ། ཤེས་རབ
མའི་བྷ་གའི་ནམ་མཁའ་ཨི་དབུས་སུ་སྔགས་ཀྱི་ས་བོན་ཡིག་འབྲུ། དེ་བཞིན་གཤེགས་པ་བཞིའི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་ལ་སོགས་པ་བཞིའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོ་གཟུགས་ཀྱི་ངོ་བོ་རི་ཐམས
ཅད་ཀྱི་རྒྱལ་པོ་གསེར་གྱི་རི་དང་འདྲ་ཞིང་མཉམ་པར་བསམ་མོ། །དེ་ནི་སྐུ་དང་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བ་ཆེན་པོ་ཕྲེང་བ་འབར་བ་འོད་དུ་ཞུ་སྟེ། ཡེ་ཤེས་ཀྱི་ཁུ་བ་རྒྱ་མཚོ་ཆེན་པོ་དང་མཉམ་པར་གྱུར་པར
བསམ་མོ། །ས་བོན་དེ་ལས་ལེའུ་བཞི་པའི་དཀྱིལ་འཁོར་དང་དབྱིབས་དང་ཆོད་དང་ཁ་དོག་གི་བྱེ་བྲག་དང་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡེ་ཤེS་ཀྱི་གཞལ་ཡས་ཁང་བསྐྱེད་དེ། དེའི་ནང་དུ་མདུན་དུ་སྨོས་པའི་དཀྱིལ་འཁོར
གྱི་ལྷ་རྣམས་སོ་སོའི་གདན་ལ་བཞུགས་པར་བསྒོམ་མོ། །དེ་ལྟར་དཀྱིལ་འཁོར་ཚུལ་བྱ་ཞེས་པའི་དོན་དུ་གསུངས་སོ།། །།དེ་ལ་སྐུ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། །སངས་རྒྱས་ཀུན་གྱི་སྐུ་གད་ནི། །
ཕུང་པོ་ལྔ་ལ་རབ་ཏུ་རྒྱས། །སངས་རྒྱས་སྐུའི་རང་བཞིན་གྱིས། །བདག་ཀྱང་དེ་དང་འདྲ་བར་འགྱུར། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་སྐུ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ནའི་དོན་ནི་བདེ་སྟེ་བཤད
མི་དགོས་སོ། །སངས་རྒྱས་ཀུན་གྱི་སྐུ་གང་ནི་ཞེས་པ་ནི་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། མི་བསྐྱོད་པ་སྟེ། དེ་ལྟར་རིགས་ལྔའི་བྱེ་བྲག་གིས་ཉིད་ཉིད་ཀྱི
སྐུ་གྲངས་མེད་པ་བསྟན་པའོ། །ཕུང་པོ་ལྔ་ནི་རབ་ཏུ་རྒྱས་ཞེས་པ་ནི་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་གྲངས་མེད་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་སྟེ། ཉིད་ཉིད་ཀྱི་ཕུང་པོ་ལྔ་སངས
རྒྱས་ལྔའི་ཡེ་ཤེས་ཀྱི་ངོ་བོས་རྒྱས་པར་གནས་པའོ། །དེའི་དོན་གསལ་པར་བསྟན་པར་བྱ་སྟེ་།གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོས་རྒྱས་པར་གནས་སོ། །དེ་བཞིན་དུ་ཚོར་བའི་ཕུང
པོ་རིན་ཆེན་འབྱུང་ལྡན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོས་རྒྱས་པར་གནས་པའོ། །དེ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཛའ་ཡས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོས་རྒྱས་པར་གནས་སོ། །འདུ་བྱེད་ཀྱི་ཕུང་པོ་དོན
ཡོད་གྲུབ་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོས་རྒྱས་པར་གནས་པའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོས་རྒྱས་པར་གནས་པའོ། །དེ་ལྟར་ཕུང་པོ་ལྔ་ནི་རབ་ཏུ་རྒྱས་པའི
དོན་དུ་གསུངས་སོ། །སངས་རྒྱས་སྐུའི་རང་བཞིན་གྱིས་ཞེས་པ་ནི་མདུན་དུ་སྨོས་པའི་སངས་རྒྱས་ཐམས་ཅད་ཀྱི་ཕུང་པོ་ལྔ་སོ་སོར་ཡེ་ཤེས་དང་གཉིས་སུ་མེད་པའི་ངོ་བོར་གནས་པ་དེ། །དོན་དམ་པར་སངས་རྒྱས་རྣམ་པར་སྣང
མཛད་དང་གཉིས་སུ་མེད་པར་གྱུར་པའོ། །བདག་ཀྱང་དེ་དང་འདྲ་བར་གྱུར་ཞེས་པ་ནི། སྒྲུབ་པ་པོ་རང་དགའ་བའི་ལྷ་སྒོམ་པའི་དུས་སུ་མདུན་དུ་སྨོས་པའི་སྐུ་རྗེས་སུ་དྲན་པའི་ཚིག་བརྗོད་པའི་ཚུལ་གྱིས་འདུས་པ་སངས་རྒྱས
?་པར་སྣང་མཛད་གཉིས་སུ་མེད་པའི་ངོ་བོ་དེ་དང། བདག་འདྲ་བར་གྱུར་ཅིག་།དེ་ལྟར་བྱས་པའི་སྨོན་ལམ་གྱི་ཚུལ་བྱིན་གྱིས་བརླབ་པ་རྗེས་སུ་དྲན་པའི་སྒོམ་པ་ཡིན་ནོ། །དེ་ལྟར་བདག་ཀྱང་དེ་དང་འདྲ་བར་གྱུར་ཞེས་པའི་དོན་དུ
གསུངས་སོ། །དེ་ལ་གསུང་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །གསུང་དེ་དེས་ཚིག་ཕུན་སུམ་ཚོགས། །བདག་གི་ངག་ཀྱང་དེ་འདྲ་སྟེ། །ཆོས་ཀྱི་འཛིན་པ་འདྲ་བར་འགྱུར། ཞེས་བྱ
བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་གསུངས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ནའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན་ཞེས་པ་ནི། མདུན་དུ་སྨོས་པ་ཅི་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྣམ་པར
སྣང་མཛད་དང་གཉིས་སུ་མེད་པར་སྨོས་པ་དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་གཉིས་སུ་མེད་པའི་ངོ་བོ། །རྡོ་རྗེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཛའ་ཡས་སོ། །ཆོས་རིག་པའི་ཡེ་ཤེས་ཐམས་ཅད་ཀྱི་ངོ་བོ
གསུང་བ་དེ་སྣང་བ་མཛའ་ཡས་ཀྱི་གསུང་ཡིན་ནོ། །དེ་ལྟར་རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན་པའི་དོན་དུ་གསུངས་སོ། །གསུང་དེ་ངེས་ཚིག་ཕུན་སུམ་ཚོགས་ཞེས་པ་ནི། རིག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའི་ངོ་བོས
སངས་རྒྱས་ཐམས་ཅད་ལ་ཁྱབ་ནས་གནས་པ་སྟེ། བླ་ན་མེད་པའི་གསུང་ཡིན་ནོ། །བདག་གི་དག་ཀྱང་དེ་འདྲ་སྟེ་ཞེས་པ་ནི། སྒྲུབ་པ་པོས་རང་དགའ་བའི་ལྷ་བསྒོམ་པའི་དུས་སུ་གསུང་རྗེས་སུ་དྲན་པའི་ཚིག་བརྗོད་པའི་ཚུལ་གྱིས
མདོར་བསྡུ་བ་གསུང་གཉིས་སུ་མེད་པ་རྡོ་རྗེ་ཆོས་སྣང་བ་མཛའ་ཡས་ཀྱི་གསུང་དང་བདག་གཉིས་སུ་མེད་པར་གྱུར། །དེ་ལྟར་བྱ་བའི་སྨོན་ལམ་གྱི་ཚུལ་གྱིས་བྱིན་གྱིས་བརླབ་པ་རྗེས་སུ་དྲན་པའི་སྒོམ་པ་ཡིན་ནོ། །དེ་ལྟར་བདག་དག་ཀྱང་དེ་འདྲ
སྟེའི་དོན་དུ་གསུངས་སོ། །ཆོས་ཀྱི་འཛིན་པ་འདྲ་བར་གྱུར་ཞེས་པ་ནི་ཆོས་འཛིན་སྣང་བ་མཛའ་ཡས་དང་འདྲ་བར་མདུན་དུ་སྨོས་པའི་བླ་ན་མེད་པའི་གསུང་གི་ངོ་བོར་འགྱུར་རོ། །དེ་ལ་ཐུགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།
གསང་བའི་བདག་པོ་བློ་ལྡན་པ། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །རྡོ་རྗེ་འཛིན་པ་ལྟ་བུར་ནི། །བདག་གི་སེམས་ཀྱང་དེ་འདྲར?་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་ཐུགས་རྗེས་སུ་དྲན་ཇི་ལྟར་སྒོམ་ཞེ་ན་ཞེས་པའི
དོན་ནི་བདེ་སྟེ་བཤད་མི་དགོས་སོ། །གསང་བའི་བདག་པོ་བློ་ལྡན་པ། །ཀུན་ཏུ་བཟང་པོའི་ཐུགས། གང་ཡིན་ཞེས་པ་ནི། མདུན་དུ་སྨོས་པ་སངས་རྒྱས་ཐམས་ཅད་ཀྱི་གསུང་གཉིས་སུ་མེད་པའི་ངོ་བོར། རྡོ་རྗེ་ཆོས་སྣང་བ་མཛའ་ཡས་སྨོས་པ
དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ངོ་བོར་བྱང་ཆུབ་སེམས་དཔའ་ཆེན་པོ་གསུམ་སྨོས་སོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་སྟོབས་ཀྱི་བྱིན་གྱིས་བརླབས་ནི
བྱང་ཆུབ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྟེ། དེ་ནི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་ཐབས་ཀྱིས་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་གནོད་པ་ཅན་ཐམས་ཅད་གཞོམ་པའི་ཕྱིར་སྤྲུལ་པར་གསུངས་སོ། །གཞན་ཡང་སངས་རྒྱས
ཐམས་ཅད་ཀྱི་ཐུགས་བླ་ན་མེད་པའི་མཁྱེན་རབ་ཀྱི་ངོ་བོ་ནི་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཏེ། དེས་ཚངས་པ་དང་ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ལ་སོགས་པ་དང། གཞན་ཡང་ཕ་རོལ་རྒོལ་བའི་མི་ཐམས་ཅད་གཞོམ་པའི་ཕྱིར་སྤྲུལ་པར
གསུངས་སོ། །གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་ངོ་བོ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟེ། ངེས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པའི་ཕྱིར་སྤྲུལ་པར་གསུངས་སོ། །ཡང་གསང་བའི
བདག་པོ་ཕྱག་ན་རྡོ་རྗེ་?་ཡེ་སྐྱི་སྟོངས་ཀྱི་མཐུའི་ངོ་བོའོ། །དེ་བཞིན་དུ་བློ་དང་ལྡན་པ་འཇམ་དཔལ་ནི། བླ་ན་མེད་པའི་ཐུགས་ཀྱི་མཁྱེན་རབ་གྱི་ངོ་བོའོ། །དེ་བཞིན་དུ་ཀུན་ཏུ་བཟང་པོ་ནི་ཐུགས་ཡེ་ཤེས་ཀྱི་ཚེ་འཕྲུལ་གྱི་ངོ་བོའོ། །དེ་ལྟ་གསང་བའི་བདག
པོ་བློ་ལྡན་པ། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན་ཞེས་པའི་དོན་དུ་གསུངས་སོ། །རྡོ་རྗེ་འཛིན་པ་ལྟ་བུར་ནི། ཞེས་པ་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་དང་འདྲ་བ་མདུན་དུ་སྨོས་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས
བ་ཡེ་བྲག་རྣམས་པ་གསུམ་དུ་དོན་དམ་པར་དབྱེར་མེད་པར་གྱུར་པ་བདག་གི་སེམས་ཀྱང་དེ་འདྲར་གྱུར་ཞེས་པ་སྒྲུབ་པ་པོས་རང་དགའ་བའི་ལྷ་བསྒོཾ་བའི་དུས་སུ་ཐུགས་རྗེས་སུ་དྲན་པའི་ཚུལ་གྱིས་མདོར་བསྡུ་བ་ཐུགས་གཉིས་སུ་མེད་པའི་ངོ་བོ་དོན
དམ་པར་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་དང་གཉིས་སུ་མེད་པའི་ངོ་བོར་བདག་གི་སེམས་ཀྱང་དེ་དང་འདྲ་བར་འགྱུར། །དེ་ལྟར་བྱ་བའི་སྨོན་ལམ་གྱི་ཚུལ་གྱིས་བྱིན་གྱིས་བརླབ་པ་རྗེས་སུ་དྲན་པ་བསྒོམ་པ་ཡིན་ནོ། །དེ་ལྟར་བདག་གི
སེམས་ཀྱང་དེ་འདྲར་འགྱུར་ཞེས་པའི་དོན་དུ་གསུངས་སོ། །དེ་ལ་སེམས་ཅན་རྗེས་སུ་དྲན་པ་ཅི་ལྟར་བསྒོམ་ཞེ་ན། སེམས་ཅན་ཀུན་གྱི་སེམས་གང་ཡིན། །སྐུ་དང་གསུང་དང་ཐུགས་ཀྱི་མཚན། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི
སྤྱོད་པ་མཁའ་དང་མཚུངས་པར་འགྱུར། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་སེམས་ཅན་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ནའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །སེམས་ཅན་ཀུན་གྱི་སེམས་གང
ཡིན། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཞེས་པ་ནི། སྒྲུབ་པ་པོས་རང་དགའ་བའི་ལྷ་བསྒོམ་པའི་དུས་སུ་སྙིང་རྗེ་ཆེན་པོ་མཉམ་པའི་སེམས་བསྐྱེད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་འགྲོ་བ་རིས
དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སེམས་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་གསུམ་དང་གཉིས་སུ་མེད་བའི་ངོ་བོ་ཡིན་པར་བརྟག་གོ་། གཞན་ཡང་མདུན་དུ་སྨོས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་སྐུ་གསུང
ཐུགས་དང་གཉིས་སུ་མེད་པའི་བརྟགས་པའི་དུས་སུ་སྒྲུབ་པ་པོས་རང་དགའ་བའི་ལྷ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་སེམས་གྱུར་པར་མཉམ་པར་སྦྱོར་བས་སེམས་ཅན་གྱི་སེམས་གྱུར་པར་བསམ་མོ། །དེ་ལྟར་སེམས་ཅན་ཀུན་གྱི
སེམས་གང་ཡིན། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་གྱི་དོན་དུ་གསུངས་སོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་མདུན་དུ་སྨོས་པའི་སྒྲུབ་པ་པོས་སྙིང་རྗེ་ཆེན་ཕོ་བསྐྱེད་པའི་སེམས་མཉམ་པ་བསྒོམ་པ་ཉིད་ཀྱིས
དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་རྣམ་པ་ལྔའི་བྱེ་བྲག་གི་སངས་རྒྱས་གྲངས་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་དང་འདྲ་བར་འགྱུར་རོ། །སྤྱོད་པ་མཁའ་དང་མཚུངས་པར་འགྱུར་ཞེས་པ་ནི། དོན་དམ་པར་སངས་རྒྱས
ཐམས་ཅད་ཇི་ལྟར་ཕྱིའི་ནམ་མཁའ་ཀུན་ལ་མཉམ་པར་ཁྱབ་པ་བཞིན་དུ་མི་ཟད་པ། མི་འགྱུར་བ། བརྟན་པ། ཆོས་ཀྱི་སྐུ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྲས་བུ་ཐམས་ཅད་གཉིས་སུ་མེད་པའི་བདག་ཉིད་ཡིན་ནོ།།
དེ་ལྟར་སྤྱོད་པ་མཁའ་དང་མཚུངས་པར་འགྱུར་ཞེས་པའི་དོན་དུ་གསུངས་སོ། །དེ་ལ་སྔགས་ཐམས་ཅད་ཀྱི་གཟུགས་སྐུ་དང་གསུང་དང་ཐུགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རྡོ་རྗེ་སྔགས་ཀྱི་སྐུ་གང་ཡིན། །གསུང
ཡང་སྐུ་ཡིས་རྣམ་བསྒོམ་པ། །བདག་ཀྱང་རྟག་ཏུ་དེ་འདྲ་བར། །སྔགས་ཀྱི་འཛིན་པ་ལྟ་བུར་འགྱུར། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། །ཇི་ལྟར་ཡིན་ན། དེ་ལ་སྔགས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས
རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ནའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །རྡོ་རྗེ་སྔགས་ཀྱི་སྐུ་གང་ཡིན་ཞེས་པ་ནི་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་ལ
སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་ཀྱི་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ་ཐུགས་རྡོ་རྗེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ་ཕྱག་རྒྱ་མི་ཕྱེད་པའི་གཟུགས་ཡིན་ནོ། །གསུང་ཡང
སྐུ་ཡིས་རྣམ་བསྒོམས་པ་ཞེས་པ་ནི། ཐུགས་རྡོ་རྗེའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་ཨི་གསུང་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་གསུང་གཉིས་སུ་མེད་པར་སྨོས་པ་གསུང་སྣང་བ་མཛའ་ཡས་ཀྱི་ངོ་བོར
གནས་པའོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་པའི་སྐུ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བླ་ན་མེད་པའི་རྡོ་རྗེའི་སྐུ་གཉིས་སུ་མེད་པའི་ངོ་བོར་སྨོས་ཏེ། སྐུ་དེ་རྣམ་པར་སྣང་མཛད་ཡིན་ཏེ་དེ་ལ་གནས་པར
འགྱུར་རོ། །དེ་ལྟར་རྡོ་རྗེ་སྔགས་ཀྱི་གསུང་དང་སྐུ་རྗེས་སུ་དྲན་པར་བསྒོམ་པར་བྱའོ། །དེ་ལྟར་གསུང་ཡང་སྐུ་ཡིས་རྣམ་པར་བསྒོམས་པའི་དོན་དུ་གསུངས་སོ། །བདག་ཀྱང་རྟག་ཏུ་དེ་འདྲ་བར་ཞེས་པ་ནི་མདུན་དུ
སྨོས་པའི་རྡོ་རྗེ་སྔགས་ཀྱི་སྐུ་དང་གསུང་དང་གཉིས་སུ་མེད་པའི་ངོ་བོ་འདྲ་བར་སྒྲུབ་པ་པོས་སྨོན་ལམ་གྱི་ཚུལ་གྱི་ཚིག་བརྗོད་པས་དུས་རྟག་ཏུ་དོན་དམ་པའི་ངོ་བོར་མ་གྱུར་པ་བདག་གྱུར་ཏེ། དེ་ལྟར་བདག་ཀྱང་རྟག་ཏུ
དེ་འདྲ་བའི་དོན་དུ་གསུངས་སོ། །སྔགས་ཀྱི་མངའ་བདག་ལྟ་བུར་གྱུར་ཞེས་པ་ནི། ཅི་ལྟར་སྔགས་འཛིན་པ་ཐུགས་རྡོ་རྗེ་ལ་གསུང་དང་སྐུ་གཉིས་སུ་མེད་པ་དེ་བཞིན་དུ་སྔགས་འཛིན་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད
ཀྱི་སྔགས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཐུགས་དང་གསུང་དང་སྐུ་གསུམ་གཉིས་སུ་མེད་པ་སྐུ་ཕྱག་རྒྱས་འཛིན་པ་དེ་དང་འདྲ་བར་མདུན་དུ་སྨོས་པའི་ཚིག་བརྗོད་པས། བདག་འགྱུར་བ་ཡིན་ནོ། །དེ་ལྟར་སྔགས་ཀྱི་མངའ་
བདག་འདྲ་བར་འགྱུར་བའི་དོན་དུ་གསུངས་སོ། །དེ་ལ་དམ་ཚིག་རྗེས་སུ་དྲན་པ་ཅི་ལྟར་བསྒོམ་ཞེ་ན། དམ་ཚིག་གི་?་ཕྱུང?། །ཚོགས་འབྲས་བུ་འདོད?་པས་བཏུད། །དེ་བཞིན་གཤེགས་པའི་འཁོར་སྤྲོས་ནི། །དངོས་གྲུབ་རབ་ཏུ
འཐོབ་པར་འགྱུར། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ?་དའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ཁུ་བ་ཕྱུང་སྟེ་ཞེས་པ་ནི་སྒྲུབ་པ་པོས་རང་དགའ་བའི་ལྷ་དང་གཉིས་སུ་མེད
པའི་ང་རྒྱལ་དུ་བསྒོམ་སྟེ། རང་དགའ་བའི་ལྷའི་རིགས་ཀྱི་བྱེ་བྲག་གི་ཤེས་རབ་མ་མཚན་དང་ཡོན་ཏན་ཇི་ལྟར་སྨོས་པ་ཐམས་ཅད་དང་ལྡན་པ་བླང་སྟེ། དེ་དང་གཉིས་སུ་མེད་བར་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར
སྦྱར་ཏེ། ཐབས་དང་ཤེས་རབ་ཀྱི་རོལ་པ་བྱ་སྟེ། བདེ་བར་གྱུར་པའི་དུས་སུ་དབང་པོ་གཉིས་ཀྱི་སྒོ་ནས་ཤེས་རབ་མའི་བྷ་གའི་དབུས་སུ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཆར་གྱི་རྒྱུན་བཞིན་དུ་མཉམ་པར་འོད་དུ་ཞུའོ། །དེ་ལྟར་དམ་ཚིག
གི་ཁུ་བ?་ཕྱང་སྟེའི་དོན་དུ་གསུངས་སོ། །ཆོ་ག་བཞིན་ཞེས་པ་ནི་མདུན་དུ་སྨོས་པའི་སྒྲུབ་པ་པོས་དང་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་སེམས་དད་པའི་ལྷ་གང་ཡིན་པའི་སྐུ་ཕྱག་རྒྱ་ཇི་ལྟར་སྨོས་པའི་ཆོ་ག་བཞིན་དུ
བསྐྱེད་པར་བྱའོ། །བསྟན་པར་བྱ་སྟེ། ཡུལ་སྟོང་ཆེན་པོ་ལ་སོགས་པ་གནས་དབེན་པར་བཤད་ཅིང་ལས་དཀྱིལ་འཁོར་གྲུ་བཞི་ཁྲུ་གང་བའི་ཚད་དུ་བྱ་སྟེ། དཀྱིལ་འཁོར་དེ་ལ་ཕྱིའི་པདྨ་དང། ཨཽ་པ་ལ་དང། ཀུ་མུ་ཏ་དང། ཙམ
?་སོགས་ལ་མེ་ཏོག་དྲི་དང་ལྡན་པ་སྣ་ཚོགས་བཀྲམ་ལ་དམ་ཚིག་གི་དཀྱིལ་འཁོར་དེའི་སྟེང་དུ་སྟན་འཇམ་པ་ལ་འདུག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བར་བསྒོམ་མོ། །དེའི་འོག་ཏུ་དོན་དམ་པ་བྱང་ཆུབ་སེམས
ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་མོ། །དེའི་འོག་ཏུ་རང་དགའ་བའི་ལྷའི་ས་བོན་སྔགས་ཀྱི་ཡིག་འབྲུ་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ཡེ་ཤེས་དང་ལྡན་པའི་ངོ་བོར་གྱུར་པར་བསྒོམ་མོ་།དེའི་འོག་ཏུ
ས་བོན་སྔགས་ཀྱི་ཡིག་འབྲུ་དེ་ལས་སྐུ་ཕྱག་རྒྱ་རིག་པའི་སྐྱེས་བུའི་ངོ་བོར་གྱུར་རོ། །དེའི་ཆ་ལུགས་ཕུན་སུམ་ཚོགས་པ་དཀྱིལ་འཁོར་གྱི་སྐབས་སུ་ཅི་ལྟར་སྨོས་པ་དང་ལྡན་པར་བསྒོམ་དཀྱིལ་འཁོར་གྱི་སྐབས་སུ་ཅི་ལྟར་སྨོས་པ་དང་ལྡན་པར་བསྒོ
ལྷའི་སྐུ་ཕྱག་རྒྱ་བསྐྱེད་མ་ཐག་ཏུ་གཉིས་སུ་མེད་པའི་ང་རྒྱལ་དུ་བསྒོམ་པར་བྱ་སྟེ། མདུན་དུ་སྨོས་པའི་ཤེས་རབ་མ་དེའི་གནས་ལྡང་དེ་བཞིན་གཤེགས་པ་ལྔའི་ས་བོན་སྔགས་ཀྱི་ཡིག་འབྲུ་ལྔས་ཇི་ལྟར་སྨོས་པའི་ཚུལ
གྱིས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལྟར་བྱིན་གྱིས་བརླབ་པ་བྱས་པས་ཤེས་རབ་མདོ་དང་དགའ་བའི་ལྷའི་བྱེ་བྲག་གི་ཡེ་ཤེས་ཀྱི་ལྷ་མོ་དང་གཉིས་སུ་མེད་པའི་ངོ་བོར་གྱུར་པར་བསམ། །དེའི་འོག་ཏུ་སྒྲུབ་པ་པོས་འདོད་ཆགས་ཆེན
པ་ཨོའི་སེམས་དགའ་བས་ལག་པ་གཡོན་པས་ཤེས་རབ་མ་འཁྱུད་དེ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་དབང་པོ་གཉིས་ཀྱི་ལམ་གྱི་སྒོ
ནས་མཉམ་པར་ཤེས་རབ་མའི་བྷ་གའི་དབུས་སུ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཆར་གྱི་རྒྱུན་བཞིན་དུ་འོད་དུ་ཞུའོ། །དེ་ལྟར་ཆོག་བཞིན་ཞེས་གསུངས་སོ། །འབྲས་བུ་འདོད་པས་ཞེས་པ་ནི་སྒྲུབ་པ་པོས་ཕྱག་རྒྱ་ཆེན
པོའི་ངོ་བོ་བླ་ན་མེད་པའི་འབྲས་བུ་ཐོབ་པར་འདོད་ན་མདུན་དུ་སྨོས་པའི་ཚུལ་གྱི་སྒོམ་པའི་ཆོ་ག་བྱའོ། །བཏུང་བར་བྱ། དེ་བཞིན་གཤེགས་པའི་འཁོར་སྤྲོས་ན་ཞེས་པ་ནི་མདུན་དུ་སྨོས་པའི་ཤེས་རབ་མའི་བྷ་གའི་དབུས
ཀ་ཡི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཐབས་དང་ཤེས་རབ་ཀྱི་རོལ་པས་འོད་དུ་ཞུ་བ་དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་རིམ་པའི་བྱེ་བྲག་གི་ས་བོན་སྔགས་ཀྱི་ཡིག་འབྲུ་རྣམས་ཉིད་ཉིད་ཀྱི་རིགས་ཀྱི་ཁ
དོག་དང་ཡེ་ཤེས་དང་ལྡན་པ་གཟི་བརྗིད་ཀྱི་ཕུང་པོ་འབར་ཞིང་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ་མོ། །ས་བོན་དེ་ལས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་རིགས་ཀྱི་བྱེ་བྲག་གི་སྐུ་ཕྱག་རྒྱ
སྤྲིན་བཞིན་དུ་སྤྲོ་བར་བྱའོ། །བཤད་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་ཐམས་ཅད་རིག་པའི་སྐྱེས་བུའི་གཟུགས་ཀྱི་ངོ་བོ་སྟེ། དེའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་དཀྱིལ་འཁོར་དུ་ཇི་ལྟར་སྨོས་པ་བཞིན
འདིར་སྦྱར་རོ། །དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོས་མ་ཐག་ཏུ་ལྟ་དང་མི་ལ་སོགས་པ་སེམས་ཅན་མ་ལུས་པ་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པར་བྱ་བའི་ཆོ་ག་བསྟན་པར་བྱ་སྟེ་?
དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་དབང་ཕྱག་ཆེན་པོ་འཁོར་དང་བཅས་པའི་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ཕྱག་རྒྱལ་གཉིས་སུ་མེད་པར་བསྡུ་བར་མཛད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི
སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་ཚངས་པ་འཁོར་དང་བཅས་པ་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ཕྱག་རྒྱལ་གཉིས་སུ་མེད་པར་བསྡུ་བར་མཛད་དོ། །དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་ཁྱབ་འཇུག་འཁོར
དང་བཅས་པ་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་མཛད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་བྱིན་གྱིས
བརླབས་ནས་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་བར་བསྡུ་བར་མཛད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་ལྟ་བུས་བགེགས་ཀྱི་རྒྱལ་པོ་བིན་ཡ་ཀ་ལ་སོགས་པ་སེམས་ཅན་མ་ལུས་པ་ཐམས
ཅད་བྱིན་གྱིས་བརླབས་ནས་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་མཛད་དོ། །དེ་ལྟར་མཛད་པའི་འོག་ཏུ་སྒྲུབ་པ་པོས་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱའི་སྤྲིན་བཀོད་པ་བསྡུ་བར་བྱ་སྟེ། དེ་མ་ཐག་ཏུ་སྒྲུབ་པ་པོས་རྡོ་རྗེ་དང་པདྨ་གཉིས་ཀྱི
གནས་ནས་། ཡེ་ཤེས་ལྔའི་གནས་ནས་ཡེ་ཤེས་ལྔའི་ངོ་བོར་འབར་བ་ཆེན་པོའི་འོད་སྤྲོ་བར་བསམ་མོ། །འབར་བའི་འོད་དེས་མདུན་དུ་སྨོས་བའི་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་སེམས་ཅན་ཐམས་ཅད་དང་གཉིས་སུ་མེད་པའི་ངོ་བོ
སྤྲིན་བཀོད་པ་འོད་དུ་ཞུ་སྟེ། ཡེ་ཤེས་ཀྱི་ཁུ་བ་རྒྱ་མཚོ་ཆེན་པོ་དང་མཉམ་བར་གྱུར་པར་བསམ་མོ། །ཆོ་གའི་ཚུལ་དེས་བརྡའ་སྐད་དུ་དེ་བཞིན་གཤེགས་པའི་བཀོད་པ་གསང་བའི་དོན་དུ་གསུངས་སོ། །དངོས་གྲུབ་རབ་ཏུ་ཐོབ་པར
འགྱུར་ཞེས་པ་ནི། མདུན་དུ་སྨོས་བའི་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱའི་སྤྲིན་བཀོད་པ་འོད་དུ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཁུ་བའི་རྒྱ་མཚོ་ཆེན་པོ་དེ་སྒྲུབ་པ་པོས་ཤེས་རབ་མའི་བྷ་གའི་དབུས་ནས་བླང་སྟེ། བནདྷ་ཚད་དང
ལྡན་པའི་ནང་དུ་བཞག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཚིག་བརྗོད་ཅིང་ཤེས་རབ་མ་དང་བཅས་པས་བཏུང་བར་བྱའོ། །དེ་ལྟར་བྱས་པས་ངེས་པ་ཐེ་ཙོམ་མེད་པར་དང་དགའ་བའི་ལྷ་དང་གཉིས་སུ་མེད
པའི་ངོ་བོ་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཏུ་ཐོབ་པར་འགྱུར་པའི་དོན་དུ་གསུངས་སོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རྡན་པ་ཇི་ལྟར་བསྒོམ་ཞེ་ན། རང་བཞིན
གྱིས་ནི་རབ་ཏུ་གསལ། །ཐམས་ཅད་མ་སྐྱེས་གནས་པ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །ཁམས་ཀྱང་མེད་ཅིང་འབྱུང་བ་མེད། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
རྗེས་སུ་དྲན་པ་ཅི་ལྟར་བསྒོམ་ཞེ་ནའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །རང་བཞིན་གྱིས་ནི་རབ་ཏུ་གསལ། །ཐམས་ཅད་ཞེས་པ་ནི་སྒྲུབ་པ་པོས་རང་དགའ་བའི་ལྷ་རྗེས་སུ་དྲན་པ་བསྒོམ་པའི་དུས་སུ། དང་པོ་ཤེས་རབ་ཀྱི་ཕ་རོལ
ཏུ་ཕྱིན་པ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །བཤད་པར་བྱ་སྟེ། སྒྲུབ་པ་པོས་རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་གསལ་པར་བལྟ་སྟེ། ཆོས་ཐམས་ཅད་གདོད་མ་ནས
ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པའི་སྡིག་པའི་དྲི་མ་ཐམས་ཅད་དང་ཡེ་ནས་བྲལ་བས་དེའི་ཕྱིར་ཕྱི་དང་ནང་གི་ཆོས་ཐམས་ཅད་དང་བཞིན་གྱིས་རབ་ཏུ་གསལ་བ་ཡིན་ནོ། །དེ་ལྟར་རང་བཞིན་གྱིས་ནི་རབ་ཏུ་གསལ། །ཐམས
ཅད་ཀྱི་དོན་དུ་གསུངས་སོ། །མ་སྐྱེས་གནས་པ་མེད་ཞེས་པའི་ནི་གོང་དུ་སྨོས་པའི་ཕྱི་ནང་གི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ། གཅིག་ཏུ་གནས་པའི་དངོས་པོ་དང་བྲལ་བ་དོན་དམ་པར་ངོ་བོར་མེད་པ་ཡིན་ནོ། །བྱང་ཆུབ་མེད
ཅིང་མངོན་རྟོགས་མེད་ཅེས་པ་ནི་དོན་དམ་པ་བླ་ན་མེད་པའི་བྱང་ཆུབ་དེ་ནི་སྟོང་པའི་ངོ་བོའི། །གཞན་ཡང་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་བྱ་བའི་བསྒོམ་པ་དང་བཟླས་བ་དང་དམ་ཚིག་གི་བདུད་རྩི་བཟའ་?་བ་ལ་སོགས་པའི་ངོ་བོ་མ་སྐྱེས་པ
དངོས་པོ་མེད་པར་བརྟག་གོ་། དེ་ལྟར་བྱང་ཆུབ་མེད་ཅིང་མངོན་རྟོགས་མེད་པའི་དོན་དུ་གསུངས་སོ། །ཁམས་ཀྱང་མེད་ཅིང་འབྱུང་བའང?་མེད་ཅེས་པ་ནི་མདུན་དུ་སྨོས་པའི་ཕྱི་ནང་གི་ཆོས་ཐམས་ཅད་འབྱུང་བའི་གནས་ཁམས
ཀྱང་མེད་དོ། །བཤད་པར་བྱ་སྟེ། །ཕྱི་ནང་གི་ཆོས་ཐམས་ཅད་འབྱུང་བ་མེད་པ་རང་བཞིན་གྱིས་སྟོང་པ་ནམ་མཁའ་བཞིན་དུ་སྨོས་སོ། །དེ་ལྟར་ཁམས་ཀྱང་མེད་ཅིང་འབྱུང་བ་འང་མེད་པའི་དོན་དུ
གསུངས་སོ། །དེ་ལ་མ་སྐྱེས་བ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རང་བཞིན་གྱིས་ནི་རབ་ཏུ་གསལ། མཚན་མེད་མི་འགྱུར་ནམ་མཁའ་བཞིན། །གཉིས་མེད་གཉིས་སུ་མེད་མིན་ཞིང། །ཤིན་ཏུ་དྲི་མེད་ནམ་མཁའ་བཞིན། །
ཞེས་བྱ་བའི་དོན་བཤད་བར་བྱ་སྟེ། ཅི་ལྟར་ཡིན་ན། དེ་ལམ་སྐྱེས་པ་རྗེས་སུ་དྲན་པ་ཅི་ལྟར་བསྒོམ་ཞེ་ནའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །རང་བཞིན་གྱིས་ནི་རབ་ཏུ་གསལ། །ནམ་མཁའ་བཞིན་ཞེས་པ་ནི་གོང་དུ་སྨོས་པ
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་དྲན་པར་བྱས་བའི་འོག་ཏུ་ཆོས་ཐམS་ཅད་དོན་དམ་པའི་ཚུལ་ཏུ་ཁྱད་པར་དུ་བསྒོམ་པར་བྱའོ། །བསྟན་པར་བྱ་སྟེ། ཇི་ལྟར་སྟོན་ཀའི་དུས་ཀྱི་ཉི་མ་ཕྱེད་ཀྱི་ནམ་མཁའ་སྤྲིན་མེད་པ་ཉི་མའི
འོད་དང་ལྡན་པ་དེ་བཞིན་དུ་ཆོས་ཐམས་ཅད་དོན་དམ་པར་བྱང་ཆུབ་སེམས་སུ་སྒོམ་པར་བྱའོ། །དེ་ལྟར་རང་བཞིན་གྱིས་ནི་རབ་ཏུ་གསལ་ནམ་མཁའ་བཞིན་ཞེས་པའི་དོན་དུ་གསུངས་སོ། །མཚན་མེད་མི་འགྱུར་ཞེས་པ
ནི། ཕྱིའི་ནམ་མཁའ་རང་བཞིན་གྱིས་གཟུགས་ཀྱི་མཚན་མ་དང་བྲལ་བ་རང་བཞིན་གྱིས་སྟོང་པ་མ་སྐྱེས་པའི་དོན་གྱིས་ཨ་ལ་སོགས་པ་སྔགས་ཀྱི་ས་བོན་གྱི་ཡིག་འབྲུ་རིགས་ལྔ་ལ་སོགས་པའི་བྱེ་བྲག་གི་ཡིག་འབྲུ
འབྱུང་བ?་གང་ཡང་རུང་བྱ་དེ་ནི་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་གཟུགས་ཀྱི་མཚན་མ་དང་བྲལ་བ། རང་བཞིན་གྱིས་སྟོང་པའི་ངོ་བོ་མ་སྐྱེས་པ་ཡིན་པས་སྔགས་ཀྱི་ས་བོན་ཡིག་འབྲུ་རྣམས་མདུན་དུ་སྨོས
བའི་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་མ་སྐྱེས་པ་མི་ལྟ་བ་བཞིན་དུ་བརྟག་གོ་། དེ་ལྟར་མཚན་མེད་མི་འགྱུར་ཞེས་པའི་དོན་དུ་གསུངས་སོ། །གཉིས་མེད་གཉིས་སུ་མེད་མིན་ཞེས་པ་ནི་ཕྱིའི་ནམ་མཁའ་ཐམས་ཅད་དང་གཉིས་སུ་མེད
པའི་ངོ་བོ་སྟེ། ཀུན་རྫོབ་ཏུ་སྣང་བའི་རྫས་ཐམས་ཅད་ནམ་མཁའ་ལས་བྱུང་བས་དེའི་ཕྱིར་གཉིས་སུ་མེད་པའོ། །གཞན་ཡང་གཉིས་སུ་མེད་པ་མ་ཡིན་པ་ནི། །ནམ་མཁའ་གཅིག་པའི་ངོ་བོ་མ་ཡིན་པ་དེ་ནི་མདུན་དུ་སྨོས་པའི་ནམ
མཁའ་མ་སྐྱེས་པ་སྟོད་པའི་ངོ་བོའོ། །ནམ་མཁའ་ཇི་ལྟ་བ་བཞིན་དུ་དོན་དམ་པ་བྱང་ཆུབ་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་ལ་སོགས་པ་ཆོས་ཐམས་ཅད་གཉིས་སུ་མེད་པའི་ངོ་བོ
ཡིན་ཏེ། དོན་དམ་པ་བྱང་ཆུབ་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་ལ་སོགས་པ་ཆོས་ཐམས་ཅད་མ་སྐྱེས་བའི་ཕྱིར་གཉིས་སུ་མེད་པའོ། །གཞན་ཡང་གཉིས་སུ་མེད་པ་ཡང
མ་ཡིན་པ་གཅིག་པའི་ངོ་བོ་ཡང་མ་ཡིན་པའི་དོན་དམ་པ་བྱང་ཆུབ་སེམས་མདུན་དུ་སྨོས་པའི་དོན་གྱིས་མ་སྐྱེས་པ་སྟོང་པ་ནམ་མཁའ་ཨི་ངོ་བོར་བརྟག་གོ་། དེ་ལྟར་གཉིས་མེད་གཉིས་སུ་མེད་མིན་གྱི་དོན་དུ་གསུངས་སོ། །ཞི་ཞེས་པ
ནི། དོན་དམ་པའི་བྱང་ཆུབ་སེམས་བསྒོམས་ནས་གྲུབ་པའི་འོག་ཏུ་སྒྲུབ་པ་པོ་འཁོར་བར་སྐྱེ་བ་དང་འཆི་བ་ལ་སོགས་པ་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་ཏེ། ཆོས་ཀྱི་སྐུ་དང་གཉིས་སུ་མེད་པའི་ངོ་བོ
བདེ་བ་ཆེན་པོའི་འབྲས་བུ་ཐོབ་པས་ཞི་བ་ཡིན་ནོ། །ཤིན་ཏུ་དྲི་མེད་ནམ་མཁའ་བཞིན་ཞེས་པ་ནི། ཇི་ལྟར་ནམ་མཁའ་རང་བཞིན་གྱིས་སྟོང་པའི་ཕྱིར་དྲི་མ་གང་གིས་ཀྱང་མི་གོས་པ་དེ་བཞིན་དུ། དོན་དམ་པ་བྱང་ཆུབ་སེམས་རང་བཞིན
གྱིས་མ་སྐྱེས་པ་སྟོང་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཀྱི་སྡིག་པའི་དྲི་མས་མ་གོས་པའོ། །དེ་ལྟར་ཤིན་ཏུ་དྲི་མེད་ནམ་མཁའ་བཞིན་གྱི་དོན་དུ་གསུངས་སོ། །དེ་ལ་ཞེ་སྡང་གི་རིགས་ལ་སོགས་པའི
མཆོད་པ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བུད་མེད་སེམས་ནི་རབ་བརྟན་པ། །ལོ་གྲངས་བཅུ་གཉིས་ལོན་པ་ལ། །རིགས་ཀྱི་སྦྱོར་བ་རབ་བསྒོམས་ཏེ། །བདག་གི་ཁུ་བས་མཆོད་པར་བྱ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ།
ཇི་ལྟར་ཡིན་ན། དེ་ལ་ཞེ་སྡང་གི་རིགས་ལ་སོགས་པའི་མཆོད་པ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །སྒྲུབ་པ་པོས་ཞེ་སྡང་གི་རིགས་ལ་སོགས་པ་རིགས་ལྔའི་བྱེ་བྲག་གི་གསང་བའི་མཆོད་པ
རྗེས་སུ་དྲན་པར་བྱ་བ་བསྟན་པར་བྱ་སྟེ། བུད་མེད་སེམས་ནི་རབ་བརྟན་པ་ནི། ཤེས་རབ་མ་གསང་སྔགས་ཀྱི་སྤྱོད་པ་སྤྱོད་པ་ལ་སེམས་བརྟན་པའོ། །གཞན་ཡང་བསྒོམ་པ་དང་བཟླས་པས་བརྩོན་པ། མཚན་དང་ཡོན་ཏན་ཐམས
ཅད་དང་ལྡན་པའོ། །ལོ་གྲངས་བཅུ་གཉིས་ལོན་བ་ལ་ཞེས་པ་ནི་ཞེ་སྡང་རྡོ་རྗེ་རྗེས་སུ་དྲན་པ་མཆོད་པ་བྱ་བའི་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་ཁྲུས་མཁན་གྱི་བུ་མོ་བླང་སྟེ་ལོ་བཅུ་གཉིས་ལོན་པའོ། །དེ་བཞིན་དུ་སྐུའི་རིགས་ཀྱི
རྗེས་སུ་དྲན་པའི་མཆོད་པ་བྱ་བའི་ཉིད་ཀྱི་བྱེ་བྲག་གི་བྲམ་ཟེའི་རིགས་ཀྱི་བུ་མོ་བླང་སྟེ་ལོ་བཅུ་དྲུག་ལོན་པའོ། །དེ་བཞིན་དུ་རིན་པོ་ཆེའི་རིགས་རྗེས་སུ་དྲན་པ་མཆོད་པ་བྱ་བ་ནི་ཞེ་སྡང་གི་རིགས་ཀྱི་བྱེ་བྲག་གི་ཡང་མི་འགལ
?་། དེ་བཞིན་དུ་པདྨའི་རིགས་ཀྱི་རྗེས་སུ་དྲན་པ་མཆོད་པ་བྱ་བ་ཉིད་ཀྱི་རིགས་ཀྱི་གར་མཁན་གྱི་བུ་མོ་བླང་ངོ། །དེ་བཞིན་དུ་ལས་གྱི་རིགས་ཀྱི་རྗེས་སུ་དྲན་པའི་མཆོད་པ་བྱ་བ་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་དམག?་ཚིག་ཀྱི་བུ་མོ་བླང་ངོ
དེ་ལྟར་ལོ་གྲངས་བཅུ་གཉིས་ལོན་པའི་དོན་དུ་གསུངས་སོ། །རིགས་ཀྱི་སྦྱོར་བ་རབ་བསྒོམས་ཏེ་ཞེས་པ་ནི། སྒྲུབ་པ་པོས་མདུན་དུ་སྣོས་པའི་རིགས་ལྔའི་ཤེས་རབ་མ་རྣམས་རྗེས་སུ་དྲན་པའི་མཆོད་པ་བྱ་བའི་དུས་སུ་ཉིད་ཀྱི་རིགས་ཀྱི་བྱེ་བྲག
གི་བདག་པོའི་ཆེ་བའི་ང་རྒྱལ་དུ་བསྒོམ་པས་སྦྱོར་བས་བྱའོ། །དེ་ལྟར་རིགས་ཀྱི་སྦྱོར་བ་རབ་བསྒོམས་ཏེའི་དོན་དུ་གསུངས་སོ། །བདག་གི་ཁུ་བས་མཆོད་པར་བྱ་ཞེས་པ་ནི་ཤེས་རབ་མ་དེ་རྣམས་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་ལྷ་མོ་དང་གཉིས་སུ་མེད
པའི་ངོ་བོར་འདོད་ཆགས་ཆེན་པོའི་སེམས་དགའ་བས་གཉིས་སུ་མེད་པར་འཁྱུད་ནས་སོ་སོར་སྒྲོས་བཙུམ་པ་ན་བྱ་ཞིང་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ཏེ། ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ
དབང་པོ་གཉིས་ཀྱི་ལམ་ནས་མཉམ་པར་ཁུ་བའི་ངོ་བོ་བྱང་ཆུབ་སེམས་བྷ་གའི་དབུས་སུ་འོད་དུ་ཞུའོ། །དེའི་འོག་ཏུ་བནདྷ་ཚད་དང་ལྡན་པའི་ནང་དུ་ཤེས་རབ་མའི་བྷ་གའི་དབུས་སུ་ཁུ་བའི་ངོ་བོ་བྱང་ཆུབ་བླངས་ལ་བཞག་གོ་།དེའི
འོག་ཏུ་ཆོས་ཐམས་ཅད་དང་བཞིན་གྱིས་རྣམ་པར་དག་པར་བསྒོམ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཤུདྡྷོ་ཧཱཾ་ཞེས་བརྗོད་ཅིང་བནབཏའི་ནང་གི་བྱང་ཆུབ་སེམས་བདུད་རྩི་ཤེས་རབ་མ་དང་བཅས་པས། བཟའ་བར་བྱའོ། །དེ་ལྟར
བདག་གི་ཁུ་བར་བསྟན་ཏོ། །མདུན་དུ་སྨོས་པ་རིགས་ལྔའི་ཤེས་རབ་མ་དང་རོལ་པ་བྱས་པས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོད་དུ་ཞུ་བ་དེ་ཉིད་ཉིད་ཀྱི་བདག་པོ་ཡིན་པར་བརྟག་གོ་།དེ་བཞིན་དུ་ཤེས
རབ་མའི་འདོད་ཆགས་ཀྱི་ཁུ་བ་འོད་དུ་བཞུ་བ་དེ་ནི་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་ཡེ་ཤེས་ཀྱི་ལྷ་མོ་ཡིན་པར་བརྟག་གོ། དེ་ལྟར་བསྒོམ་པའི་ཆོ་གS་བྱས་པ་རང་གི་ཁུ་བ་གཉིས་སུ་མེད་པའི་ངོ་བོ་བྱང་ཆུབ་སེམས་བདུད་རྩིར་མི་བཏགས
པ་བཟའ་བའི་མཆོད་པ་བྱ་བར་སྨོས་སོ། །དེ་ལྟར་བདག་གི་ཁུ་བས་མཆོད་པར་བྱ་བའི་དོན་དུ་གསུངས་སོ། །འདིས་ནི་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་འཛིན་པའི་ཐུགས་དང་ནི། །ཆོས་འཛིན
མཆོག་གི་གསུང་དག་ཀྱང། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། ཞེས་བྱ་བའི་དོན་བཤད་བར་བྱ་སྟེ། ཅི་ལྟར་ཡིན་ན། འདིS་ནི་དེ་བཞིན་གཤེགས་པའི་སྐུ་ནི་མདུན་དུ་སྨོས་པའི་སྒྲུབ་པ་པོས་གསང་བའི་མཆོད་པ་རྗེས་སུ་དྲན་པའི
བསྒོམ་པ་བྱས་པས་ཇི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་སྣང་མཛད་ཀྱི་སྐུ་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་བའི་ངོ་བོ་དེ་འགྲུབ་པར་འགྱུར་རོ། །དེ་ལྟར་འདིས་ནི་དེ་བཞིན་གཤེགས་པའི་སྐུའི་དོན་དུ
གསུངས་སོ། །རྡོ་རྗེ་འཛིན་གྱི་ཐུགས་དང་ནི་ཞེས་པ་ནི། རྡོ་རྗེའི་སྐུ་ཇི་ལྟར་འགྲུབ་པ་དེ་བཞིན་དུ་རྡོ་རྗེ་འཛིན་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པའི་ངོ་བོ་དེ་འགྲུབ་པར་འགྱུར་རོ། །དེ
ལྟར་རྡོ་རྗེ་འཛིན་གྱི་ཐུགས་ཀྱི་དོན་དུ་གསུངས་སོ། །ཆོས་འཛིན་མཆོག་གི་གསུང་ཞེས་པ་ནི། རྡོ་རྗེ་ཐུགས་ཇི་ལྟར་འགྲུབ་པ་དེ་བཞིན་དུ་ཆོས་འཛིན་པའི་མཆོག་སྣང་བ་མཛའ་ཡས་ཀྱི་རྡོ་རྗེ་གསུང་དེ་བཞིན་གཤེགས་པ་ཐམས་ཅད
དང་གཉིས་སུ་མེད་པ་དེ་ཐོབ་པར་འགྱུར་རོ། །དེ་ལྟར་ཆོས་འཛིན་མཆོག་གི་གསུང་གི་དོན་དུ་གསུངས་སོ། །ཆེ་འདི་ཉིད་ལ་ཐོབ་པར་འགྱུར་ཞེས་པ་ནི་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཉིས་སུ་མེད་པའི་ངོ་བོར་རང
དགའ་བའི་ལྷའི་སྐུ་ཕྱག་རྒྱ་དང་གཉིས་སུ་མེད་པར་སྒྲུབ་པ་པོ་ཚེ་འདི་ཉིད་ལ་གཟུགས་ཀྱི་ཕུང་པོ་?་པར་འབྲུ་?་འབྱུང་ངོའོ། །དེ་ལྟར་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་བའི་དོན་དུ་གསུངས་སོ། །སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ། །གཞན
ཡང་དམན་པའི་རིགས་བཤད་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །བཟླས་པ་ཙམ་གྱིས་དེ་འགྲུབ་འགྱུར་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ་ཞེས་པའི་དོན་ནི་བདེ་སྡེ་བཤད་མི་དགོས་སོ། །གཞན
ཡང་དམན་པའི་རིགས་བཤད་རྣམས་ཞེས་པ་ནི། །མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་གསུམ་གཉིས་སུ་མེད་པའི་དངོས་གྲུབ་ཀྱི་འབྲས་བུ་དེ་གསང་བའི་མཆོད་པ་རྗེས་སུ་དྲན་པའི་བསྒོམ་པ་བྱས་ན་སེམས་ཅན་རིགས་དམན་པ་ཡང་འགྲུབ
པར་འགྱུར་ན་མཐོན་པོ་ལྟ་ཅི་སྨོས་སོ། །བཤད་པར་བྱ་སྟེ། ལེའུ་ལྔ་པ་ལས་སྨོས་པའི་རིགས་ངན་ཙན་ད་ལ་དང་སྨྲེ་ཤ་ཅན་ལ་སོགས་པར་རིགས་དམན་པ་གང་ཡང་རུང་སྟེ། སྡིག་པ་ཅན་གྱིས་སྡིག་པའི་ལས་སྤྱོད་པ་སྤངས་ནས་ཐེག་པ་ཆེན
པོ་གསང་སྔགས་ཀྱི་སྤྱོད་པ་སྤྱོད་པར་བྱེད་ན། མདུན་དུ་སྨོས་པའི་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་ན། བྲམ་ཟེ་དང་རྒྱལ་རིགས་ལ་སོགས་པ། རིགས་མཐོ་བ་རྣམས་འགྲུབ་པར་འགྱུར་བ་ཅི་སྨོས་སོ། །དེ་ལྟར་གང་གཞན
དམན་པའི་རིགས་བཤད་རྣམས་ཀྱི་དོན་དུ་གསུངས་སོ། །རྡོ་རྗེ་མི་ཕྱེད་པ་གསུམ་བསྒོམས་ཏེ་ཞེས་པ་ནི་མདུན་དུ་སྨོས་པའི་སྒྲུབ་པ་པོས་སྔགས་ཀྱི་བཟླས་པ་བྱ་བའི་དུས་སུ་སྔགས་ཀྱི་ཡིག་འབྲུ་རྣམས་སྐུ་རྡོ་དང་གསུང་ཐུགས་རྡོ་ཡེ་ཤེས་གསུཾ་གཉིས་སུ
མེད་པའི་ངོ་བོར་བསྒོམ་པར་བྱ་སྟེ། དེ་ལྟར་བྱས་ན་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་དང་གཉིས་སུ་མེད་པའི་འབྲས་བུ་འགྲུབ་པར་འགྱུར་བ་སྨོས་སོ། །དེ་ལྟར་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེའི་དོན་དུ་གསུངས་སོ།།
བཟླས་པ་ཙམ་ཀྱིས་དེ་འགྲུབ་པར་འགྱུར་ཞེས་པ་ནི། རིགས་དམན་པ་ལ་སོགས་པ་གང་ཡང་རུང་བའི་སྒྲུབ་པ་པོའི། གསང་བའི་མཆོད་པ་རྗེས་སུ་དྲན་པར་བྱ་བའི་དུས། རང་དགའ་བའི་ལྷའི་སྔགས་བཟླ་བར་བྱ་སྟེ། ངེས་རང་དགའ་
ལྷ་དང་གཉིས་སུ་མེད་པའི་ངོ་བོར་འགྲུབ་པར་འགྱུར་རོ། །དེ་ལྟར་བཟླས་པ་ཙམ་གྱིས་དེ་འགྲུབ་པར་འགྱུར་བའི་དོན་དུ་གསུངས་སོ།། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བ་འདུས་པའི་རྒྱ
ཆེར་འགྲེལ་པ། །།མཁས་པ་ཆེན་པོ་རྡོ་རྗེ་སློབ་དཔོན་འཕགས་པ་ཀུན་དགའ་ཨི་སྙིང་པོས་མཛད་པ།། །།ལེའུ་བདུན་པ་རྫོགས་སོ།། །།དེ་ནས་ད་ནི་ལེའུ་བདུན་པའི་འོག་ཏུ། ལེའུ་བརྒྱད་པ་བཤད
གཅིག་དམ་ཚིག་གི་ལེའུ་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་གྱིས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཛིན་པ
ཆེན་པོ་ལ། བསྟོད་པ་འདིས་གསོལ་བ་བཏབ་པོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ནི་ལེའུ་བདུན་པ་བཤད་བའི་འོག་ཏུ་ལེའུ་བརྒྱད་པ་བཤད་པར་མཛད་པའི་དོན་མཚོན་པའོ། །དེ་ལྟར་དེ་ནས་ཀྱི་དོན་དུ
གསུངས་སོ། །བཅོམ་ལྡན་འདས་ཞེས་པ་ནི། དེ་བཞིན་གཤེགས་པའི་དཀོན་མཆོག་དཔལ་འཁོར་དང་བཅས་པ་སྨོས་སོ། །བཅོམ་ལྡན་འདས་ཀྱི་དོན་ནི་ཇི་ལྟར་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་བཅོམ་ལྡན
འདས་ཞེས་པ་ནི་སྟོན་བར་སྨོས་སོ། །དེའི་དོན་ཇི་ལྟར་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་བར་གསུངས་སོ། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་བྱེ་བྲག་གྲངས་མེད་པ་ཐམས་ཅད
ཡིན་པར་སྨོས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་དུ་གསུངས་སོ། །སྐུ་དང་གསུང་དང་ཐུགས་ཞེས་པ་ནི་མདུན་དུ་བསྟན་པ་དེ་དག་ཐམས་ཅད་དོན་དམ་པར་གཉིས་སུ་མེད་པར་གནས་པ་ཡིན་ནོ། །དེ་ལྟར
སྐུ་དང་གསུང་དང་ཐུགས་ཀྱི་དོན་དུ་གསུངས་སོ། །བདག་པོ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་ངོ་བོའི་སྐུ་ཕྱག་རྒྱ་དེ་རྣམས་བསྐྱེད་པར་མཛད་མཁན་སྟོན་པ་རྡོ་རྗེ་མི་བསྐྱོད་པར་སྨོས།།
དེ་ལྟར་བདག་པོའི་དོན་དུ་གསུངས་སོ། །རྡོ་རྗེ་འཛིན་པ་ཆེན་པོ་ཞེས་པ་ནི། རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་ནང་ན་མེ་ལོང་ལྟ་བུའི་ཡེ་ཤེས་བདག་པོའི་ཚུལ་ཡིན་ནོ། །གཞན་ཡང་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ངོ
བོ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། དེའི་ཕྱིར་རྡོ་རྗེ་འཛིན་པ་ཆེན་པོར་སྨོས་སོ། །རྡོ་རྗེའི་དོན་བྱེ་བྲག་རྣམ་པ་གསུམ་དུ་བསྟན་པར་བྱ་སྟེ། སྐུའི་བྱེ་བྲག་དང། ཡེ་ཤེས་ཀྱི་བྱེ་བྲག་དང། །ཚོན་གྱི་བྱེ་བྲག་གོ། དེ་ལ་སྐུའི་བྱེ་བྲག་ནི་སྐུ་ཕྱག
རྒྱས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་ངོ་བོ་འཛིན་པ་ཡིན་ནོ། །ཡེ་ཤེས་ཀྱི་བྱེ་བྲག་ནི་ཉིད་ཀྱི་གསང་བའི་ཐུགས་ཀ་ན་གནས་པ་མདུན་དུ་སྨོས་པའི་ཚུལ་དུ་རིགས་ལྔའི་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ་གཟུགས་ཡེ
ཤེས་སེམས་དཔའ་དེ་ནི་ཡེ་ཤེས་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་ཆོ་འཕྲུལ་སྦྲོ་བ་དང་བསྡུ་བའི་གནས་རྡོ་རྗེ་འཛིན་པ་ཡིན་ནོ། །ཚོན་གྱི་བྱེ་བྲག་ནི་སྟོན་པའི་ཕྱག་གཡས་དང་པོ་ན་ཡེ་ཤེས་རྣམ་པ་ལྔ་གཉིས་སུ་མེད་པའི་ངོ་བོ་རྡོ་རྗེ་རྩེ་ལྔ་འཛིན
པ་དེས་མ་རུངས་པའི་བགེགས་གནོད་པ་བྱེད་པ་ཐམས་ཅད་འཇོམས་པར་མཛད་པ་ཡིན་ནོ། །དེ་ལྟར་མདོར་བསྡུས་བ་རྡོ་རྗེ་འཛིན་པ་ཆེན་པོའི་དོན་དུ་གསུངས་སོ། །བསྟོད་པ་འདིས་གསོལ་བ་བཏབ་པོ་ཞེས་པ་ནི། སྟོན་པ
རྡོ་རྗེ་འཛིན་པས་གསང་བའི་མཆོད་པ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཐམས་ཅད་བཤད་པར་མཛད་པའི་ཕྱིར། དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་གྱིས་བསྟོད་པའི་སྒོ་ནས་གསོལ་བ་བཏབ་པའོ། །དེ་ལྟར
བསྟོད་པ་འདིས་གསོལ་བ་བཏབ་པོ་ཞེས་པའི་དོན་དུ་གསུངས་སོ། །རྡོ་རྗེ་སེམས་དཔའ་ཐེག་པ་ཆེ། །ནམ་མཁའ་ཨི་སྤྱོད་པ་རྣམ་པར་སྦྱོང། །ཀུན་ཏུ་བཟང་པོ་སྤྱོད་པའི་མཆོག་།རྒྱལ་མཆོག་མཆོད་?
པ་བཤད་དུ་གསོལ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རྡོ་རྗེ་སེམས་དཔའ་ཐེག་པ་ཆེ་ནི། ཐེག་པ་དྲུག་གི་བདག་ཉིད་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ་རྡོ་རྗེ་སེམས་དཔར་སྨོས་སོ། །སྒྲུབ་པ་པོས་དེ་དང་གཉིས
སུ་མེད་པར་བསྒོམས་པས་བསྙེན་ན་གཅིག་གི་ངོ་བོ་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་ཐོབ་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ཨི་ཐེག་པ་ཆེའི་དོན་དུ་གསུངས་སོ། །ནམ་མཁའ་ཨི་སྤྱོད་པ་ཞེས་པ་ནི་དོན་དམ་པ་ནམ་བའི་ངོ་བོ་ལྷ
མོ་ཐམས་ཅད་དང་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའི་སྤྲུལ་པ་། ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་ནམ་མཁའ་ཡིན་པར་སྨོས་སོ། །མཱ་མ་ཀཱི་དེང་ལྡན་པར་གཉིས་སུ་མེད་པར་འཁྱུད་པའི
སྦྱོར་བས་ཐབས་དང་ཤེས་རབ་རོལ་པ་མཛད་པ་དེ་ནི་ནམ་མཁའ་ཨི་སྤྱོད་པ་ཡིན་པར་སྨོས་སོ། །དེ་ལྟར་ནམ་མཁའ་ཨི་སྦྱོད་པའི་དོན་དུ་གསུངས་སོ། །རྣམ་སྦྱོད་བ་ཞེས་པ་ནི་མདུན་དུ་སྨོས་པའི་ནམ་མཁའ་ཨི་སྤྱོད་པའི་བདག་ཉིད
དཔལ་རྡོ་རྗེ་སེམས་དཔའ་དེ་དང་གཉིས་སུ་མེད་པར་སྒྲུབ་པ་པོས་ང་རྒྱལ་གྱིས་བསྒོམ་པ་བྱ་ཞིང་ཐབས་དང་ཤེས་རབ་རོལ་པ་བྱའོ། །སྤྱོད་པ་དེ་སྤྱད་པས་སྒྲུབ་པ་པོས་དཔལ་རྡོ་རྗེ་སེམས་དཔས་མེ་ལོང་ལྟ
བུ་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པར་མཛད་དོ། །དེ་བྱིན་གྱིས་བརླབས་མ་ཐག་ཏུ་སྒྲུབ་པ་པོའི་ལུས་ཉོན་མོངས་པའི་ཕུང་པོ་སྡིག་པའི་དྲི་མས་གོས་པ་དེ་སྦྱོང་བར་འགྱུར་རོ། །དེའི་དུས་སུ་དཔལ་རྡོ་རྗེ་སེམས
དཔའ་དང་གཉིས་སུ་མེད་པར་འགྲུབ་པོ་། དེ་ལྟར་རྣམ་པར་སྦྱོང་བའི་དོན་དུ་གསུངས་སོ། །ཀུན་ཏུ་བཟང་པོ་མཆོད་པའི་མཆོག་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་རྣམ་པར་རྣམ་མཛད་ཡིན
པར་སྨོས་སོ། །དེ་དང་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྤྲུལ་པ་སངས་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱ་དེ་དང་ལྡན་པར་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་ཐབས་དང་ཤེས་རབ་རོལ་པ་བྱའོ། །དེ་བྱས་པས་སྒྲུབ་པ
པོ་དོན་དམ་པ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དེ་འགྲུབ་པར་འགྱུར་རོ། །མཆོད་པ་དེ་ནི་ཕྱི་དང་ནང་གི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་པར་སྨོས་སོ། །དེ་ལྟར་ཀུན་ཏུ་བཟང་པོའི་མཆོག་གི་དོན་དུ་གསུངས་སོ། །རྒྱལ་མཆོག
མཆོད་པ་བཤད་དུ་གསོལ་ཞེས་པ་ནི་། དཔལ་རྡོ་རྗེ་སེམས་དཔའ་ཨི་ཐུགས་རྗེའི་ཞེ་སྡང་གི་ཡོན་ཏན་གྱིས་མ་རུངས་པའི་བགེགས་ཀྱི་ཚོགས་ཡེ་ཤེས་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱི་སྟོབས་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱི
སྟོབས་ཀྱི་ཐབS་ཀྱིས་ཕམ་པར་མཛད་པ་ཡིན་ནོ། །བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་ཐུགས་རྗེ་ཞེ་སྡང་གི་ཡོན་ཏན་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་རྒྱལ་བར་མཚན་བཏགས་པར་སྨོས་སོ། །དེའི
རྡོ་རྗེའི་རིགས་མཱ་མ་ཀཱི་དེང་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བས་ཐབས་དང་ཤེས་རབ་རོལ་པ་བྱས་ནས་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་འགྱུར་རོ། །རྒྱལ་བ་ཐམས་ཅད་ཀྱི་བདག་པོ་ཁྱོད་ཀྱིས་མཆོད་པའི
མེ་ཆོག་དེ་བཤད་དུ་གསོལ་ཞེས་པའོ། །དེ་ལྟར་རྒྱལ་མཆོག་མཆོད་པ་བཤད་དུ་གསོལ་ཞེས་པའི་དོན་དུ་གསུངས་སོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེའི་ཐེག་པ་རབ་སྟོན་པ། །ནམ་མཁའ་ཨི་དབྱིངས་དང་མཚུངས
པའི་མཆོག་། རྒྱལ་མཆོག་མཆོད་པ་བཤད་དུ་གསོལ། ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། འདོད་ཆགས་ནི་ཕྱིན་ཅི་ལོག་གི་འདོད་ཆགས་མེད་པར་མཛད་མཁན་བླ་ན་མེད་པའི་འདོད་ཆགས
ཀྱི་ངོ་བོ་སོ་སོར་རྟོག་བའི་ཡེ་ཤེས་དང་གཉིས་སུ་མེད་པ་སྣང་བ་མཛའ་ཡས་སུ་སྨོས་སོ། །དེ་ལྟར་འདོད་ཆགས་གྱི་དོན་དུ་གསུངས་སོ། །དེ་ནས་ཞེ་སྡང་ཞེས་པ་ནི་ཕྱིན་ཅི་ལོག་པའི་ཞེ་སྡང་མེད་པར་མཛད་མཁན་ཐུགས་རྗེ
ཆེན་པོ་བླ་ན་མེད་པའི་ཞེ་སྡང་གི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་དང་གཉིས་སུ་མེད་པ་ཞེ་སྡང་རྡོ་རྗེར་སྨོས་སོ། །དེ་ལྟར་ཞེ་སྡང་གི་དོན་དུ་གསུངས་སོ། །དེ་ནས་གཏི་མུག་ཆེ་ཞེས་པ་ནི། ཕྱིན་ཅི་ལོག་པའི་གཏི་མུག་མེད་པར
མཛད་མཁན་བླ་ན་མེད་པའི་གཏི་མུག་གི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དུ་གསུངས་སོ། །དེ་ལྟར་གཏི་མུག་ཆེའི་དོན་དུ་གསུངས་སོ། །རྡོ་རྗེའི་ཐེག་བ་ཞེS་བ་ནི་ཞེ་སྡང་རྡོ་རྗེ་ཡིན་ནོ།།
ཐེག་པ་ནི་དེའི་གཉིས་སུ་མེད་པའི་རིགས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཤེས་རབ་ལྷ་མོ་ཞེ་སྡང་དགའ་མར་སྨོས་སོ། །དེ་ལྟར་རྡོ་རྗེ་ཐེག་པའི་དོན་དུ་གསུངས་སོ། །རབ་སྟོན་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ནམ་མཁའ་ཨི་དབྱིངས
དང་མཚུངས་པའི་མཆོག་ཞེས་པ་ནི། འདོད་ཆགས་རྡོ་རྗེ་སྣང་བ་མཛའ་ཡས་སོ་སོར་རྟོག་པའི་ཡེ་ཤེས་མཱ་མ་ཀཱའི་ངོ་བོ་ཡེ་ཤེས་དང་གཉིས་སུ་མེད་པར་མཚུངས་པ་ཤེས་རབ་མ་ལྷ་མོ་ནམ་བཟའ་དཀར་མོར་སྨོས
སོ། །དེ་ལྟར་ནམ་མཁའ་ཨི་དབྱིངས་དང་མཚུངས་པའི་དོན་དུ་གསུངས་སོ། །རྒྱལ་གནས་པ་ཞེས་པ་ནི་མདུན་དུ་སྨོས་པའི་ཚུལ་དུ་རྒྱལ་བ་རྣམ་པར་སྣང་མཛད་ཀྱི་རྡོ་རྗེའི་མཆོད་པ་མཛད་པའི་གནས་ཀྱི་ངོ་བོ་ཤེས
རབ་མ་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་དུ་སྨོས་སོ། །བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་གསུམ་ལྷ་མོ་དང་བཅས་པ་དེ་ནི་དོན་དམ་པར་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་ལ་གཉིས་སུ
མེད་བར་གནས་པ་ཡིན་པར་ཤེས་པར་བྱའོ། །མཆོད་པ་བཤད་དུ་གསོལ་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ཐར་བའི་ལམ་ནི་རབ་སྟོན་པ། །ཐེག་པ་གསུམ་གྱི་ལམ་ལ་གནས། །སངས་རྒྱས་སྐལ་མཆོག་དག་པའི་བདག། བླ
མེད་མཆོད་པ་བཤད་དུ་གསོལ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཐར་པ་ནི་འཁོར་བའི་ཉོན་མོངས་པའི་སྡིག་པས་སེམས་ཅན་བཅིངས་པ་དེ་སྤངས་པས་ཐར་པ་བདེ་བ་ཆེན་པོ་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུའི
གནས་ཐོབ་བོ། །དེ་ལྟར་ཐར་པའི་དོན་དུ་གསུངས་སོ། །དེ་ནས་ལས་ནི་རབ་སྟོན་པ་ཞེས་པ་ནི། ལམ་ནི་གསང་སྔགས་ཀྱི་སྤྱོད་པ་འགྲུབ་པར་མཛད་པ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་དམ་ཚིག་སྒྲོལ་མར་སྨོས་སོ། །དེ་ལྟར་ལམ
ནི་རབ་ཏུ་སྟོན་པའི་དོན་དུ་གསུངས་སོ། །ཐེག་པ་གསུམ་གྱི་ལམ་ལ་གནས་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་གསུམ་ཐེག་པ་གསུམ་དུ་མིང་བཏགས་པ་དེ་རྣམས་ཀྱི་ལམ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས
ཅན་ཐམས་ཅད་ཀྱི་དོན་གྲུབ་པ་མཛད་པ་ཐུགས་རྗེའི་འཕྲིན་ལས་ཀྱི་ངོ་བོ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། དེ་ལྟར་ཐེག་པ་གསུམ་གྱི་ལམ་སྒྲུབ་པ་པོ་རྣམས་ལ་དམ་ཚིག་སྒྲོལ་མས་བྱིན་གྱིས་རློབ་པར་མཛད་པས། བྱ་བ་ལ་ནན་ཏན
གྱི་ཡེ་ཤེས་ཀྱི་ངོ་བོ་ཐེག་པ་གསུམ་དབྱེར་མེད་པ་འགྲུབ་པར་འགྱུར་རོ། །དེ་ལྟར་ཐེག་པ་གསུམ་གྱི་ལམ་ལ་གནས་ཀྱི་དོན་དུ་གསུངས་སོ། །སངས་རྒྱས་སྐལ་མཆོག་དག་པའི་བདག་ཞེས་པ་ནི་སངས་རྒྱས་དོན་ཡོད་གྲུབ་པ་དེ
བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་འགྱིངས་པ་སྤྲོ་བ་དང་བསྡུ་བས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་མཛད་པས་བསོད་ནམས་ཀྱི་སྐལ་པ་དང། ལྡན་པ་དེ་དང་གཉིས
སུ་མེད་པར་ལྡན་པ་ཡིན་ནོ། །བཤད་པར་བྱ་སྟེ། ཕྱིའི་ཕྱིན་ཅི་ལོག་པའི་ཉོན་མོངས་པའི་རྣམ་པར་རྟོག་པའི་དྲི་མས་གདོད་མ་ནས་ཀྱི་རིགས་ཀྱི་ཡེ་ཤེས་ལ་མ་གོས་པ་ཡིན་ནོ། །དེ་ལྟར་སངས་རྒྱས་སྐལ་མཆོག་དག
པའི་བདག་གི་དོན་དུ་གསུངས་སོ། །བླ་མེད་ཞེས་པ་ནི་ལྷ་དང་མི་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ནང་ན་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ནི། ཡེ་ཤེས་དང་བསོད་ནམས་དང་རིགས་པ་དང་སྟོབས་ལ་སོགས་པ
དང་ལྡན་པ་ཡིན་ནོ། །དེ་ལྟར་བླ་ན་མེད་པའི་དོན་ཏུ་གསུངས་སོ། །དེ་ནས་མཆོད་པ་བཤད་དུ་གསོལ་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །བྱང་ཆུབ་སེམས་ནི་རྒྱས་པའི་སྤྱན། །ཆོས་ཀྱི་འཁོར་ལོ་རབ
བསྐོར་བ། །སྐུ་དང་གསུང་ཐུགས་ཤིན་ཏུ་དག་།ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན། བྱང་ཆུབ་སེམས་ནི་རྒྱས་པའི་སྤྱན་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སྟོན་པ
མི་སྐྱོང་པ་རྡོ་རྗེ་འཛིན་གྱི་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུའི་ངོ་བོ་དེ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཐུགས་རྗེ་ཆེན་པོར་གཉིས་སུ་མེད་པའི་སྙིང་པོའི་ངོ་བོར་སྨོས་སོ། །དེའི་བྱང་ཆུབ་སེམས་ལས་སྟོན་པ་མི
བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་སྐྱེད་པ་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་འགྱུར་རོ། །བྱང་ཆུབ་སེམས་ལས་ཐུགས་རྗེའི་དབང་གིས་ཕྱོགས་བཅུར་གཟིགས་པས་རྒྱས་པའི་སྤྱན་གྱི་དོན་དུ་གསུངས་སོ། །ཆོས
ཀྱི་འཁོར་ལོ་རབ་བསྐོར་བ་ཞེས་པ་ནི། བྱང་ཆུབ་སེམས་ལས་བྱུང་བའི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་བསྒྱིངས་བའི་སྟོབས་གྱིས་ཡང་སྟོད་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བྱེ་བྲག་སྣ་ཚོགས་སུ་ལན་མང་པོར
བསྐོར་བར་མཛད་པས། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དང་བྲལ་བར་མཛད་དེ། །བྱིན་གྱིས་བརླབས་པས་སངས་རྒྱས་དན་བྱང་ཆུབ་སེམས་དཔའ་ཨི་འབྲས་བུ་འཐོབ་པར་འགྱུར་རོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་རབ་སྐོར་བའི་དོན
དུ་གསུངས་སོ། །སྐུ་དང་གསུང་ཐུགས་རབ་ཏུ་དག་ཞེས་པ་ནི། སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་སྔོན་ཏུ། ཐུགས་རྗེ་ཆེན་པོ་ཞེ་སྡང་གི་ཆོ་འཕྲུལ་གྱི་སྤྲུལ་པ་ཡེ་ཤེས་གསུམ་གྱིས་བསྒྱིངས་པས
བདུད་བཞིའི་དཔུང་ཕམ་པར་མཛད་པར་སྨོས་སོ། །དེ་ནས་པམ་པར་མཛད་པའི་དོན་བསྟན་པར་བྱ་སྟེ། སྐུའི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀའི་སྐུ་ཕྱག་རྒྱ་སྲིན་བཞིན་དུ་སྤྲོས་པས་འཆི་བདག་གི་བདུད་གཤིན་རྗེ་འཁོར་དང་བཅས་པ་ཕ་མ
པར་མཛད་པ་ཡིན་ནོ། །དེ་ལྟར་སྐུའི་དོན་དུ་གསུངས་སོ། །དེ་ནས་དེ་བཞིན་དུ་ཉིད་ཀྱི་རྡོ་རྗེའི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་པདམཱནྟ་ཀའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པས་ཉོན་མོངས་པའི་བདུད་གཏི་མུག་གི་བདག་ཉིད་ཚངས་པ
འཁོར་དང་བཅས་པ་ཕཾ་པར་མཛད་པ་ཡིན་ནོ། །དེ་ལྟར་ཐུགས་ཀྱི་དོན་དུ་གསུངས་སོ། །དེ་ནས་དེ་བཞིན་དུ་གསུང་གི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་པདམཱནྟ་ཀའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོས་པས་ལྷའི་བུའི་བདུད་འདོད་ཆགས
ཀྱི་བདག་ཉིད་ཀ་མ་དེ་བ་འཁོར་དང་བཅས་པ་ཕམ་པར་མཛད་པ་ཡིན་ནོ། །དེ་ལྟར་གསུང་གི་དོན་དུ་གསུངས་སོ། །དེ་ནས་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་དྲི་མ་གདོད་མ་ནས་ཐུགས་རྡོ་རྗེ་ལ་མ་གོས་པའི
ཏ་ཧུགས་ཀྱི་སྟོབས་ཀྱིས་བྱིན་གྱི་བརླབས་ཀྱི་ངོ་བོ་རྡོ་རྗེའི་རིགས་ཉིད་ཀྱི་ཁྲོ་བོའི་རྒྱལ་པོ་བགྷྣ་ཏ་ཀའི་སྐུ་ཕྱག་རྒྱ་སྦྲིན་བཞིན་དུ་སྤྲོས་པས་ཕུང་པོའི་བདུད་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་ཕྲག་དོག་གི་བདག་ཉིད་འཁོར་དང་བཅས་པ་ཕམ
པར་མཛད་པ་ཡིན་ནོ། །དེ་ལྟར་མདོར་སྡུས་པར་སྐུ་དང་གསུང་ཐུགས་རབ་ཏུ་དག་པའི་དོན་དུ་གསུངས་སོ། །ཕྱག་འཚལ་ཞེས་པ་ནི་འོག་ནས་བྱུང་བའི་རྡོ་རྗེ་ཐེག་པ་དང་གཉིས་སུ་མེད་པའི་ངོ་བོ་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་དེ་ལ་ཕྱག་འཚལ
བ་སེམས་དག་པས་དད་པ་ཆེན་པོའི་སེམས་དགའ་བས་བྱས་པ་སྟེ། དེ་ལྟར་ཕྱག་འཚལ་བའི་དོན་དུ་གསུངས་སོ། །དེ་ནས་རྡོ་རྗེའི་ཐེག་པ་ཞེས་པ་ནི་།རྡོ་རྗེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་དེ་ནི་རིགས་ལྔའི་ཡེ་ཤེས་དང་གཉིས་སུ་མེད་པའི་ངོ་བོ
སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱའི་གཟུགས་དེ་དང་བསྒོམ་པ་བྱས་པས་སྟེ། སྟོན་པ་མི་བསྐྱོད་རྡོ་རྗེ་འཛིན་དང་གཉིས་སུ་མེད་པའི་ངོ་བོ་བླ་ན་མེད་པ་དངོས་གྲུབ་ཀྱི་འབྲས་བུ་འཐོབ་བོ། །དེ་ལྟར་རྡོ་རྗེ་ཐེག་པ་ལའི་དོན་དུ་གསུངས་སོ།། །།
དེ་ལྟར་བསྟོད་པའི་ཚིག་གིས་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་། བསྟོད་པར་བྱས་པ་ལ་ཅི་ཡང་མི་གསུང་བར་བཞུག་པ་དང་།དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་སོགས་པས་ཡང་བསྟོད་པའི་ཚིག་གིས་བསྐུལ་བར
བྱས་པ་དེ་བསྟན་པར་བྱ་སྟེ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ཐམས་ཅད་ནམ་མཁའ་ཨི་མི་འགྱུར་མཆོག་།ཐམས་ཅད་དབང་བསྐུར་ཀུན་གྱི་དོན། །ཀུན་དབང་རྡོ་རྗེ་རིན་ཆེན་འཛིན། ཞེས་བྱ་བའི་དོན་བཤད་བར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ནི
མདུན་དུ་སྦྱོས་པའི་བསྟོད་པ་དང་པོ་བྱས་པའི་འོག་ཏུ་ཡང་བསྟོད་པ་བྱེད་པའི་དོན་མཚོན་པའོ། །ད་ལྟར་དེ་ནས་ཀྱི་དོན་དུ་གསུངས་སོ། །རྒྱལ་པོ་ཞེས་པ་ནི་རྣམ་པར་སྣང་མཛད་པ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་འཁོར་ཕུན
ས་ཨུམ་ཚོགས་པ་ཐམས་ཅད་ཀྱི་ནང་ན་ཡེ་ཤེས་ཀྱི་ཚེ་འཕྲུལ་གྱིས་བསྒྱིངས་པ་ཁྲོ་པོའི་ཐབས་ཀྱིས་བདུད་ཀྱི་དཔུང་ཐམས་ཅད་ཕམ་པར་མཛད་པ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བའི
རྒྱན་གྱི་བརྒྱན་པའོ། །དེ་འཁོར་ལོ་སྒྱུར་བའི་རྒྱལ་པོ་བཞིན་དུ་མདུན་དུ་སྨོས་པའི་འཁོར་གྱི་ནང་དུ་བཞུགས་པ་ཡིན་ནོ། །དེ་ལྟར་རྒྱལ་པོའི་དོན་དུ་གསུངས་སོ། །རྡོ་རྗེ་འཛིན་ཞེས་པ་ནི་བྱེ་བྲག་རྣམ་པ་གསུམ་དུ་སྨོས་ཏེ་།སྐུའི་བྱེ་བྲག་དང།
ཡེ་ཤེས་སེམས་པའི་བྱེ་བྲག་དང། མཚོན་ཆའི་བྱེ་བྲག་གོ་།དེའི་དོན་ཇི་ལྟར་མདུན་དུ་སྨོས་པ། དེ་བཞིན་དུ་འདིར་སྦྱར་བས་སྨོས་སོ། །ཐམས་ཅད་ནམ་མཁའ་ཞེས་པ་མདུན་དུ་སྨོས་པའི་རྡོ་རྗེ་འཛིན་རྒྱལ་པོའི་དོན་དེ་ནི་དོན་དམ་པར་དེ་བཞིན
གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པ་ཆོས་ཀྱི་སྐུའི་ངོ་བོ་མ་སྐྱེས་པ་སྟོང་པ་ཕྱིའི་ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་ནས་གནས་པའོ། །དེ་ལྟར་ཐམས་ཅད་ནམ་མཁའ་ཨི་དོན་དུ་གསུངས་སོ། །མི་འགྱུར་མཆོག
ཞེས་པ་ནི། ཡེ་ཤེས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་འབྲས་བུ་འབྱུང་བའི་སྙིང་པོ་ཆོས་ཀྱི་སྐུ་དེ་ལས་ཡེ་ཤེས་ཀྱི་ཚུལ་དུ་ཡིག་འབྲུ་ཧཱུཾ་དུ་གྱུར་རོ། །དེ་ལས་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱར་གྱུར་རོ། །ཕྱག་རྒྱ་དེས་རྒྱུད་བཀའ་
?་པའི་?་ཏུ་?་ཆོས་ཀྱི་སྐུའི་ངོ་བོ་འགྱུར་པའོ། །དེ་ལྟར་མི་འགྱུར་བའི་དོན་དུ་གསུངས་སོ། །ཐམས་ཅད་དབང་བསྐུར་ཞེས་པ་ནི། དབང་བསྐུར་བའི་ཐམས་ཅད་ཀྱི་ངོ་བོ་ཡེ་ཤེས་གསང་བ་དོན་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་ཉིད
ཀྱི་ཡེ་ཤེས་ཀྱི་ཟབས?་ཀྱི་ཕྱག་བྱའོ?། །གསང་བ་ནི་ཤེས་རབ་མའི་ཕྱག་རྒྱའོ། །དེ་དང་གཉིས་སུ་མེད་པའི་ངོ་བོ་ཡེ་ཤེས་གསང་བར་མིང་བཏགས་པའི་སྐུ་ཕྱག་རྒྱ་དེ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་རིགས
ཀྱི་བྱེ་བྲག་གྲངས་མེད་པ་སྟེ་། དེ་རྣམས་ཀྱི་སྤྱི་བོ་ལ་དབང་བསྐུར་བའི་ཚུལ་དུ་གནས་པ་ཡིན་ནོ། །དེ་ལྟར་ཐམས་ཅད་དབང་བསྐུར་བའི་དོན་དུ་གསུངས་སོ། །ཀུན་གྱི་དོན་ཞེས་པ་ནི་ཐུགས་རྗེ་ཆེན་པོའི་ངོ་བོའི
འཕྲིན་ལས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པའོ། །དེ་ནི་བྱ་བ་ལན་ཏན་གྱི་ཡེ་ཤེས་དོན་ཡོད་གྲུབ་པ་དང་གཉིས་སུ་མེད་པའོ། །དེ་ལྟར་ཀུན་གྱི་དོན་དུ་གསུངས་སོ། །ཀུན་དབང་ཞེས་པ་ནི་མདུན་དུ་སྨོས་པའི་འཕྲིན
ལས་བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་ཀྱི་ཐབས་ཀྱིས་སེམས་ཅན་ཐམས་ཅད་བྲན་བཞིན་དུ་དབང་དུ་མཛད་དོ། །དེ་ལྟར་ཀུན་དབང་གི་དོན་དུ་གསུངས་སོ། །རྡོ་རྗེ་རིན་ཆེན་འཛིན་ཞེས་པ་ནི་མདུན་དུ་བསྟན་པའི་འཕྲིན་ལས་བྱ་དེ་ལ་ནན་ཏན་གྱི་ཡེ
ཤེས་ཀྱི་སྒྱུ་འཕྲུལ་ཐབས་ཀྱིས་སེམས་ཅན་ཐམས་དབང་དུ་བསྡུས་མ་ཐག་ཏུ་བྱམས་པ་ཆེན་པོའི་ཐུགས་བསྐྱེད་དེ། རྡོ་རྗེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་དང་གཉིས་སུ་མེད་པའི་ངོ་བོ་རིན་ཆེན་འཛིན་དེ་བཞིན་གཤེགས
པ་རིན་ཆེན་འབྱུང་ལྡན་གྱི་བྱིན་གྱི་རླབས་ཀྱིས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འབྲས་བུ་གྲུབ་པར་མཛད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ནི། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་དང
གཉིས་སུ་མེད་པའི་ངོ་བོ་དོན་དམ་པར་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུས་རྟག་ཏུ་མཛད་པ་མཐར་ཕྱིན་པའི་ཡོན་ཏན་གྱི་ཐུགས་མཉམ་པ་ཡིན་ནོ། །གཞན་ཡང་མེ་ལོང་ལྟ་བུའི
ཡེ་ཤེས་དང་གཉིས་སུ་མེད་པ་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ཉིད་ཀྱི་སྐུ་ཕྱག་རྒྱའི་གཟུགས་སུ་སྨོས་སོ། །དེ་ནས་དེ་བཞིན་དུ་དེ་དང་གཉིས་སུ་མེད་པ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་རིན་ཆེན་དུ་མཚན
བཏགས་པའི་ཤེས་རབ་དེ་རྡོ་རྗེས་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བའི་ཚུལ་གྱིས་འཛིན་ཏོ། །དེ་ལྟར་རྡོ་རྗེ་རིན་ཆེན་འཛིན་གྱི་དོན་དུ་གསུངས་སོ། །དེ་བཞིན་གཤེགས་པའི་མཆོད་པའི་མཆོག་།རྡོ་རྗེ་མི་ཕྱེད་གསུམ་གནས་པར། །སྐུ་དང
གསུང་ཐུགས་སྐལ་ལྡན་མཆོག་། རྒྱལ་བ་འབྱུང་འགྱུར་བཤད་དུ་གསོལ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པའི་མཆོད་པ་ནི་དཔལ་རྡོ་རྗེ་འཛིན་པ་ཉིད་ལ་སོགས་པར་གིས་རྣམ་པ་ལྔའི་བྱེ་བྲག་གི
དེ་བཞིན་གཤེགས་པ་སྨོས་སོ། །དེ་རྣམས་ཀྱི་མཆོད་པ་གསང་བ་གསང་བ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་མཆོད་པའི་དོན་དུ་གསུངས་སོ། །མཆོག་ཞེས་པ་ནི་ལྷ་དང་མི་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ཕྱི་དང་ནང
གི་མཆོད་པ་ཐམས་ཅད་ཀྱི་ནང་ན། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་པའི་མཆོད་པ་དམ་པ་དེ་བདག་མེད་པ་ལས་བྱུང་ངོ། །གཞན་ཡང་སྒྲུབ་པ་པོས་དེ་བཞིན་གཤེགས་པ་རྣམས་བསྒོམས་ནས་མཆོད
པ་བྱས་པས་ཡེ་ཤེས་དང་གཉིས་སུ་མེད་པའི་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་མཆོག་གི་དོན་དུ་གསུངས་སོ། །རྡོ་རྗེ་མི་ཕྱེད་གསུམ་གནས་པར་ཞེས་པ་ནི། དེ་བཞིན་གཤེགས་པའི་མཆོད་པའི་མཆོག་།
སྐུ་དང་གསུང་དང་ཐུགས་གསུམ་ལས་བྱུང་ངོ། །གཞན་ཡང་སྐུ་དང་གསུང་དང་ཐུགས་གསུམ་ནི་མི་ཕྱེད་པའི་ངོ་བོ་ཡིན་ནོ། །བསྟན་པར་བྱ་སྟེ། མཆོད་པར་བྱེད་མཁན་དང་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ
པ?་ཡེ་ཤེས་ཀྱི་ལྷ་མོ་རྣམས་ཀྱི་སྐུ?་ཕྱག་རྒྱའི་སྐུ་དང་གསུང་དང་ཐུགས་གསུམ་ནི་གཉིས་སུ་མེད་པའི་ངོ་བོར་སྨོས་སོ། །དེ་ནས་དེ་བཞིན་དུ་མཆོད་པ་བྱས་པས་བདེ་བར་གྱུར་པའི་དུས་སུ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤེས་རབ་མའི་བྷ
གའི་དབུས་སུ་འོད་དུ་ཞུ་བ་གསང་བའི་མཆོད་པའི་རྫས་དེ་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པར་གནས་པའོ། །མཆོད་པ་དེ་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་?་དེ་བཞིན་དུ་སྒྲུབ་པ་པོས་བསྒོན?་?
ནས། མདུན་དུ་སྨོས་པའི་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་མི་ཕྱེད་གསུམ་གནས་པར་གྱི་དོན་དུ་གསུངས་སོ་སྐུ་དང་གསུང་ཐུགས་སྐལ་བར་ལྡན་ཞས་པ་ན་མདུན་དུ་སྨོས་པའི་མཆོད་པ་དེ་ཤིན་ཏུ་སྐལ་བ་དང་ལྡན
པའོ། །དེ་བཞིན་བཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་དོན་དམ་པར་ཡེ་ཤེས་གསུམ་གྱི་བསོད་ནམས་ཆེན་པོའི་འབྲས་བུའི་བདག་ཉིད་དོ། །དེ་ལྟར་སྐུ་དང་གསུང་ཐུགས་མཆོག་གི་དོན་དུ་གསུངས་སོ། །རྒྱལ་བ
འབྱུང་འགྱུར་བཤད་དུ་གསོལ་ཞེས་པ་ནི། སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ལ་སོགས་པ་རྒྱལ་བ་ཐམས་ཅད་ཀྱིས་རིམ་པར་སོ་སོར་གསང་བའི་མཆོད་པ་མཛད་པས་སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པར་བྱ་བའི་ཕྱིར་ཕྱག
རྒྱ་བྱུང?་ངོ། །གཞན་ཡང་གསང་བའི་མཆོད་པས་བདེ་བར་གྱུར་པའི་ངོ་བོ་དེ་ནི་མདུན་དུ་སྨོས་པའི་ཚུལ་དུ་རྒྱལ་བ་རྣམས་ལས་བྱུང་ངོ། །མཆོད་པ་དེ་སྟོན་པ་རྡོ་རྗེ་འཛིན་གྱིས་བདག་ཅག་འཁོར་ཐམས་ཅད་ལ་བཤད་དུ
གསོལ་ཞེས་པའོ། །དེ་ལྟར་རྒྱལ་བ་འབྱུང་འགྱུར་བཤད་དུ་གསོལ་གྱི་དོན་དུ་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་གྱིས་བསྟོད་པའི་སྒོ་ནས་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ལ་གསོལ་བ
བཏབ་མ་ཐག་ཏུ་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ཐུགས་དགྱེས་པས་ཟབ་པ་སྙན་པའི་གསུང་གིས། གསང་བའི་མཆོད་པའི་གནས་ཕུན་སུམ་ཚོགས་པ་བསྒོམ་པའི་ཆོ་ག་བྱ་པའི་བཤད་པ་དེ་བསྟན་པར་བྱ་སྟེ། །ན་ཆུང་གཞོན་ནུ་མིག
བྲང?་བཙལ། །གཟུགས་བཟང་གཞོན་པས་བརྒྱན་པ་ནི་ལོ་གྲངས་ཉི་ཤུ་ལྔ་ལོན་པ། །སྙེད་ནས་བྱོལ་སོང་སྐྱེ་གནས་བརྟག་།ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟང་ཡིན་ན། ན་ཆུང་གཞོན་ནུ་མིག་བཟང་བཙལ། །གཟུགས་བཟང་གཞོན་པས་བརྒྱན་?
སྒྲུབ་པ་པོས་གསང་བའི་མཆོད་པའི་ངོ་བོ་སྒྲུབ་པ་བསྒྲུབས་པར་བྱ་སྟེ། པདྨའི་རིགས་ཀྱི་བྱེ་བྲག་ཕྱིའི་གར་མཁན་གྱི་བུ་མོ་བླང་སྟེ། དེའི་མིག་པདྨའི་འདབ་མ་འདྲ་བ་རིང་བ་མཛས་པའོ། །གཞན་ཡང་བུ་མོ་དེའི་སྐྲ་འཁྲིལ་བ། བུད་བལྟ་བུ་སྣུམ་པ་ནག་པ་འཕྲ་བ། ?
ཅུང་ཟད་མཐོལ་དྲང་བ། མཆུ་དམར་བ། རོ་སྟོད་ཆེ་བ། ནུ་མ། ཆེ་བ་ཟླུམ?་པ། སྲབ་པ་འཇམ་པ་མཐོ་པ། པར་དོག་པའོ། །གསུས་པ་ཆུང་བ། རྐེད་པ་ཕྲ་བ། བརླ་ཟླུམ་པ་སྦོམ་པ་འཇམ་པ། དཔུང་པ་གླང་ཆེའི་སྣ་འདྲ་བ་ལག?་པའི་སོར་མོ་འཕྲ?་ལ?་རིང་བ
དྲང་བ། རྐང་པ་ཡང་དེ་བཞིན་དུའོ། །མདངས་དང་ལྡན་པ་དེ་ལྟ་བུའི་ན་ཆུང་དང་ལ་བབ་པ་དེའི་གཟུགས་གཞོན་པའི་རྒྱན་གྱིས་བརྒྱན་པས་མཛེས་པའོ། །དེ་ལྟར་ན་ཆུང་གཞོན་ནུ་མིག་པ་ཟང?་བཙལ། གཟུགས་བཟང་?་བརྒྱན་པའི་དོན་དུ་?
གསུངས་སོ། །ལོ་གྲངས་ཉི་ཤུ་ལྔ་ལོན་པ། རྙེད་ནས་ཞེས་པ་ནི། མདུན་དུ་སྨོས་པའི་བུ་མོ་མཚན་དང་ཡོན་ཏན་ཐམས་ཅད་དང་ལྡན་པ། ལོ་ཉི་ཤུ་རྩ་ལྔ་ལོན་པ་བཟུང་དོ། །དེ་ལྟར་ལོ་གྲངས་ཉི་ཤུ་རྩ་ལྔ་ཁོན?་?་གྱི་དོན་དུ་གསུངས་སོ།།
དེ་ལྟ་བུའི་པདྨའི?་རིགས?་ཀྱི་ཤེས་རབ་མ་མ་རྙེད?་ན་ཅི་ལྟར་བྱ་ཞེ་ན། རྡོ་རྗེ་རིགས་ཀྱི་བྱེ་བྲག་གི་ཁྲུས་མཁན་གྱི་བུ་མོ་བཟུང་ངོ། །དེ་ཡང་ལོ་བཅུ་གཉིས་ལོན་པའོ། །དེ་ཡང་མི་?་ན་སྐུའི་རིགས་ཀྱི་བྱེ་བྲག་བྲམ་ཟེའི་རིགས་ཀྱི་བུ་མོ་བཟུང་ངོ། །དེ་ཡང
?་མོ་ནི?་རྣམས་ཀྱང་ཇི་ལྟར་པདྨའི་རིགས་མིག?་རངས་མོན?་ཆུང?་གཞོན་པས་བརྒྱན་པ་མཚན་དང་ཡོན་རྟན་ཐམས་ཅད་དང་ལྡན་པ་དེ་བཞིན་དུ་འདེར?་རྒྱལ?་བས?་གསུངས་སོ། །དེ་ལྟར་ལོ་གྲངས་ཉི་ཤུ་ལྔ་ལོན་པ
རྙེད་ནས་ཀྱི་དོན་དུ་གསུངས་སོ། །བྱོལ་སོང་སྐྱེ་གནས་བརྟག་ཞེས་པ་ནི་།བྱེ་བྲག་རྣམ་པ་གཉིས་སུ་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཤེས་རབ
མའི་སྐྱེ་གནས་བན་གླང་ཅན་གྱི་སྐྱེ་གནས་ཀྱི་ངོ་བོར་བརྟག་གོ་། ཇི་ལྟར་བན་གླང་མོའི་ལུས་ཀྱི་དྲི་ལྟར་བྲོ་བར་སྨོས་སོ། །གཞན་ཡང་བྱོལ་སོང་སྐྱེ་གནས་ཀྱི་དོན་ནི། སྒྲུབ
པ་པོས་མདུན་དུ་སྨོས་པའི་ཤེས་རབ་མ་རྣམས་ལ། སྣང་བ་མཛའ་ཡས་ལ་སོགས་པ་ཉིད་ཉིད་ཀྱི་རིགས་ཀྱི་བདག་པོ་དང་གཉིས་སུ་མེད་པའི་ང་རྒྱལ་གྱིས་བསྒོམ་པར་བྱ་ཞིང
འདོད་ཆགས་ཆེན་པོའི་སེམས་དགའ་བས་ཤེས་རབ་མ་དེ། པདྨ་དང། པདྨ་ཆེན་པོ་དང། མཛའ་ཡས་དང། ཀླུའི་རྒྱལ་པོ་དུང་སྐྱོད་ལ་སོགས་པའི་ཀླུའི་རྒྱལ་མོ་ཐམས་ཅད
ཀྱི་ནང་ན་སེམས་ཀྱིས་འདོད་པ་དེའི་སྐྱེ་གནས་ཡིན་པར་བརྟག་གོ་། དེ་དང་འཁྱུད་པས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས་ཐབས་དང་ཤེས་རབ་རོལ་པ་བྱའོ། །དེ་བྱས
བས་བདེ་བར་གྱུར་པའི་དུས་སུ་ཤེས་རབ་མའི་བྷ་གའི་དབུས་ཀྱི་གནས་སུ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོད་དུ་ཞུའོ།
CLOSE WINDOW