CLOSE WINDOW

N3516: ལས་ཤན་ལྟ་བའི་སྒྲོན་མ
Wyliee-texts based on the ACIP/ALL Input

།དམུ་ལོང་རང་ཕྱེ་མིག་མེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆད་བའི། །སྐྱེས་མཆོག་ཡོད་ན་ཕྲད་པར་ཤོག་།མན་ངག་གི་རྒྱལ་པོ་ལྟ་བའི་འཕྲེང་བ་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་ཀུན་ཏུ བཟང་པོ་དང། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཉིས་བསྡུས་མ་ལུས་སེམས་ཉིད་ལ། །ལྟ་བའི་བྱ་བྱེད་གཉིས་མེད་ཅིང། །རང་གི་ངོ་བོ་འང་མ་གྲུབ་པས། །ལྟ་བ་མེད་པའི་ལྟ་བ་ནི། ལྟ་བའི་དམ་པ་ཁོ་ནར་འདོད། །རྨོངས་པའི་ལྟ བ་དངོས་དམིགས་པ། ལྡོངས་པས་ནམ་མཁའ་བསྙགས་པ་རྣམས། མཚན་ཉིད་མདོར་བསྡུས་བཤད་པར་བྱ། །རྒྱུ་རྐྱེན་ལས་ཀྱིས་མ་བྱས་པའི། །གསེར་གོ་ལས་བྱས་རྫས་རྣམས་ཀུན། །མིང་དབྱིབས་དངོས་ལས་ཐ་དད་ཀྱང། །ངོ་བོ གསེར་དུ་གཅིག་པ་ལྟར། །རང་བྱུང་རང་སྣང་བྱང་ཆུབ་སེམས། །སྤྲོས་བྲལ་རང་རྒྱུད་མིན་པའི་ཡུལ། །མེད་སྒྱུ་བརྟགས་ཆགས་བསྒྲུབས་འགྲུབ་སྣང། །རིག་ཕྱིར་ཕྱི་ནང་དངོས་ཀུན་ཏུ། །རང་སྣང་མཚན་ཉིད་སོ་སོར་ཡང། །སེམས་ཕྱིར་རྟོག་སྡེ་འོད་གསལ བའི། །སེམས་ཉིད་འབའ་ཞིག་ཁོ་ན་པས། །ཅིར་ཡང་སྣང་ལ་གཟུང་དུ་མེད། །སྣ་ཚོགས་གཉིས་པར་མི་ཕྱེད་པ། །བདག་བཟུང་འཇུག་རྡོ་རྗེའི་སྐུ། །ཅིར་སྣང་མ་སྤངས་དངོས་མི་དམིགས། །སྦྲུལ་རྫོགས་ཆོས་སྐུ་མ་འདྲེས་གསལ། །དེ་སོགས ལྷུན་གྲུབ་བྱང་ཆུབ་སྐུ། །མ་ནོར་མ་བཅོས་ཀུན་འབྱུང་བ། །དེ་ལ་དེ་བཞིན་དབྱིངས་ཞེས་བྱའོ། །ཅིས་ཀྱང་མ་བསྒྲིབས་ཡེ་ཤེས་མཆོག་།ཐམས་ཅད་མ་འདྲེས་ཡེ་ཤེས་གསལ། །དངོས་པོ་ཐམས་ཅད་དེ་ཉིད་དེ། །རྒྱུད་དཀྱིལ་རྫོགས་ཆེན སངས་རྒྱས་སོགས། །རང་བཞིན་ངོ་བོར་དེ་བརྗོད་དེ། །འཁོར་བ་དཀར་དག་རིན་ཆེན་གླིང། །མྱ་ངན་འདས་ཟླ་བརྗོད་མེད་པ། །ཐ་སྙད་ཅི་ཡང་མིན་པ་སྟེ། །མིང་གྲངས་གདུལ་བྱའི་ཆེད་དུ་ཟད། །དེ་ལྟར་རང་རིག་རང་སྣང་བས། །གང་ལ་ཅིར་སྣང་དུས ཉིད་ན། ད་ལྟ་བྱ་ལྟ་བྱེད་གཉིས་མེད་པ། །མཐོང་བ་མེད་པའི་མཐོང་ཡིན་ཡང། །ངེས་པའི་རྐྱེན་གྱིས་མ་ངེས་དང། །སྤྱིའི་སྣང་གཉིས་རྟགས་གསུམ་དུ། །རང་བློའི་རྒྱུན་ལས་གྲུབ་པའོ། །བཤད་པ་བཞིན་དུ་རང་སྣང་ལ། །མ་རིག་བདག་ལྟ་བརྟགས པ་ཡིས། །ཞར་བློས་གུས་ན་འདུག་པ་དང། །རྫས་བེམས་སྣང་བའི་བརྟགས་པ་གསུམ། །གོམས་པས་ཉམས་སུ་སྐྱེ་བ་ཉིད། །ལོག་རྟོག་རྒྱུན་ལ་རྟག་གནས་པས། །ཉོན་མོངས་ལས་ཀྱིས་ཅིར་སྣང་བའི། །དངོས་ཀུན་ལོག་རྟོག་ཙམ་ཉིད་ལས། ། འཕྲ་དང་ཟབ་པ་ཡོད་མིན་པས། །འཁྲུལ་པའི་སྣང་བ་ཞེས་སུ་གསུངས། །རང་བཞིན་ཤེས་སྤངས་ཟློག་པའི་ཕྱིར། །ཆོས་ཉིད་བྱ་བྱེད་རིགས་པ་གཉིས། །རང་བཞིན་ལས་ཀྱིས་ཐ་དད་དོ། །སྣོད་བཅུད་རིམས་སྦྱར་ཐེག་བསམ་ཡས། །དགོངས གསུང་བརླབས་འབྱུང་དུ་མ་ལས། རང་བཞིན་ཆ་འཐུན་གོལ་བ་གཉིས། །བྱེ་བྲག་དུ་མའང་གཉིས་འདུས་ཏེ། །རིམ་ལྟ་བྱེད་བོ་རྟག་པ་གཉིས། །བདག་དང་དངོས་པོ་རྐྱེན་ལས་འབྱུང། །འཇིག་མཛའ་སྤོང་པའི་ཆང་ལྟའོ། །མོས་བ་ཆུང་ངུ?་བ་དག་ནི། །སེམས ནི་གཞིར་སྣང་སྐད་ཅིག་མིའོ། །རྒྱུན་ལ་ལྟ་བ་གཉིས་མ་གྲུབ། །སོ་སོའི་ངོ་བོ་ཕྲ་རབ་ནི། །བདག་དང་འཇིག་རྟེན་གཞིར་འདོད་པ། །ཆོས་ཙམ་འཕགས་པའི་སྤྱོད་ཡུལ་ལ། །ཡོར་བོར་རྣམ་པར་ཤེས་པ་ཡིས། །མུ་རྫས་ལྟ་བུར་ལྐོག་གྱུར་པས། །སྤང་ཕྱིར་རྗེས་སུ འགོག་བྱེད་པའི། །གཞན་དག་འཛིན་པ་ཆ་མདུན་ཡང། །འཕྲ་མོ་ཕྱོགས་ཆས་མ་གྲུབ་ཕྱིར། །དངོས་པོའི་ངོ་བོ་མཛའ་སྟོང་ཡང། །སྟོང་པའི་རྒྱུན་གྱིས་སྟོང་བའང། །སོ་སོ་འཆི་ཡིས་འཆིང་བར་འགྱུར། །ཕྱོགས་རྟོགས་པ་ཡི་གཞུང་དག་ཀྱང། །དོན་ནི་རྒྱུད་བཅས་ཆོས་ཙམ་མིན རྣམ་རིག་སྐད་ཅིག་ངོ་བོ་ཉིད། །དངོས་ཉིད་སྣང་ཕྱིར་སེམས་ཙམ་སྟེ། །རྨི་ལམ་ཁང་སོགས་ཇི་ལྟ་བར། །དངོས་པོ་ཐམས་ཅད་སྐད་ཅིག་མའོ། །གང་ཡང་དེ་སྣང་དུས་ཉིད་ལ། །སྔ་ཕྱི་ཀུན་བསྒྲིབས་ད་ལྟ་ཉིད། །ཅིག་ཕྱིར་ཆ་ཤས་རྣམ་པས་སྟོང། །ཉི་ཤར་ཆུ་ཤེལ བཻ་ཌཱུར་སོགས། །བརྟག་པར་དཀའ་བའི་ཡེ་ཤེས་ཉིད། །དེ་ལྟའི་རྒྱུན་དུ་རང་གནས་པའོ། །རྗེས་སུ་འཇུག་པར་བྱེད་པ་ནི། །མི་རྟོག་ཏིང་འཛིན་ཞེས་བྱའོ། །མི་གནས་ཐེག་ཆེན་གཞུང་གསུམ་མདོ། །གཞན་གྱི་དམ་པའི་དོན་དེ་ཉིད། །ཕྱོགས་གཅིག་ལ་གནས ཡང་དག་མིན། །རྐྱེན་སྣང་སེ་གོལ་ཆའི་ཕྱིར། །གཉིས་བྲལ་སྨྲ་བའང་རིགས་པས་འགལ། །གང་ཡང་རང་གྲུབ་མ་ཡིན་ཏེ། །ལག་སོར་ཚོགས་ཀྱིས་དངོས་མིན་བཞིན། །བརྒྱད་ཕྱེད་གཞན་དབང་སྣང་བ་ཡང། །མཐུན་སྣང་ལ་སོགས་རིགས་པ་བཞིས། ། ངེས་པར་ཡོད་པར་ཀུན་བསྒྲིབ་འདོད། །འདུས་སྣང་དོན་བྱེད་རྒྱུ་ཙམ་ལ། །ཆོས་དང་ལྡན་པ་ཞེས་བརྗོད་ཀྱང། །ངོ་བོ་མཐོང་བ་མིང་ཙམ་ཕྱིར། །རང་གི་མཚན་ཉིད་བརྗོད་བྱ་མིན། །གཞན་སྣང་རྒྱུ་དང་གྲངས་བྲལ་དང། །བདག་གཞན་གཉིས་སྒྱུས་མི་སྐྱེ་ཕྱིར།། གང་ཡང་རང་གི་ངོ་བོ་སྟོང། །དུས་གསུམ་དུ་ཡང་མ་གྲུབ་པ། །རང་བཞིན་ངོ་བོས་སྟོང་པ་ཉིད། །མ་བྱས་མི་འགྱུར་མ་རེག་ཅིང། །ངོ་བོས་བརྗོད་མེད་རིགས་བཞིས་ངེས། །ཤེས་བྱ་བདེན་གཉིས་ངོ་བོ་ཉིད། །མུན་སྣང་བཞིན་དུ་འཐད་མིན་ལ། །ལོ་མ་མཚོན་བཞིན་གཞན་ལས་མིན། ། གང་ཡང་གཉིས་ལས་འདའ་མེད་པ། །མཛའ་ལས་འདས་ཕྱིར་དབུ་མར་འདོད། །ཐེག་པ་མཆོག་ལ་བྱེ་བྲག་སྟེ། །དམིགས་པ་འཕྲ་མོ་བྱ་བ་ཉིད། །རང་སེམས་མཛའ་བཞི་ཡོངས་བྲལ་ལ། །རང་རིག་ཡེ་ཤེས་གཞན་ལས་མིན། །རྐྱེན་སྣང་གླང་པའི་ཡེ་ཤེས་ཀྱིས། །མཐོང་པའི་དངོས པོ་མཐོང་འཇམ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བ་རྣམ་པར་དག་ཅེས་བྱའོ། །དག་པས་ལྟས་ན་ཀུན་ཀྱང་གཙང། །རྟོགས་པས་བསམས་ན་ཅི་ཡང་འགྲུབ། །དངོས་ཀུན་རང་རིག་མཚན་ཉིད་དེ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས། །ལུགས་བསྐུར་བཞིན དུ་སྣང་བར་འདོད། །ཡེ་ཤེས་བྱིན་བརླབས་སྣང་བ་ཉིད། །སྡེང་མ་ཆུང་པར་རིམས་ལྟ་ཞིང། །སྣང་སྟོང་རིམ་གྱིས་བརྟན་པར་བྱེད། །ཆོ་ག་ལས་དང་རྫས་བསོགས་པ། །རྣལ་འབྱོར་གཉིས་དབང་སྨྲ་གཞུང་ནི། །ཐམས་ཅད་སེམས་ཀྱི་བརླབས་སྣང་ཕྱིར། །དེ་ཉིད་མཛའ་སྟོང རིག་གསལ་བས། །རྒྱུ་རྐྱེན་མ་བྱས་མཛའ་བྲལ་བའི། །རང་བཞིན་ཆོས་ཀྱི་སྐུ་ཉིད་དོ། །ཀུན་གཞི་སེམས་བཏུན་ཚུལ་བཞིན་དུ། །ཆོས་སྐུ་སྣང་བའི་བྱིན་རླབས་རོལ། །རྡོར་སོགས་རིགས་ལྔའི་དཀྱིལ་འཁོར་དུ། །སངས་མ་རྒྱས་པ་མེད་པ་ནི། །རང་བཞིན་སྟུག་པོ བཀོད་པའོ། །རྐྱེན་ལམ་རྣལ་འབྱོར་རྣམ་གཉིས་ཀྱིས། །མངོན་བྱས་ལྷུན་གྲུབ་རྣལ་འབྱོར་ནི། །བྱིན་བརླབས་ཡ་མཚན་བསམ་ཡས་ཀྱང། །རྣལ་འབྱོར་གསལ་བ་མཉམ་པར་འདོད། །རྣལ་འབྱོར་གསུམ་པོ་རིམས་སྣང་བ། །གཅིག་རང་དུ་མར་སྨྲ་བ་ནི། །རང རིག་ཉི་མའི་སྙིང་པོ་ཉིད། །དངོས་གཉིས་ལས་སོགས་བྱེད་པའི་ཕྱིར། །ཆོ་འཕྲུལ་གཉིས་ལས་མི་ཞན་པས། །དབང་སྒྱུར་ཐབས་ཀྱིས་རྒྱལ་བར་འདོད། །ཆོ་འཕྲུལ་ཡུལ་སེམས་ཚུལ་ཉིད་ཀྱང། །ཐབས་དང་ཤེས་རབ་མཚན་ཉིད་དེ། །ཕུང་སོགས་ཡབ་ཡུམ་དཀྱིལ འཁོར་ནི། །རྒྱུད་མིན་རང་བཞིན་སྣང་བ་ཉིད། །གཉིས་མེད་བྱང་སེམས་ངོ་བོ་ལས། །འཁོར་བའི་མཚན་ཉིད་རང་གིས་མེད། །སྨན་གྱི་རྒྱལ་པོ་མ་ཀི་ཏས། །གང་ལ་རེག་པ་སྨན་དུ་འགྱུར། །དབང་སྒྱུར་མན་ངག་ལ་གནས་པས། །དུག་སོགས བྱང་ཆུབ་ལམ་དུ་འགྱུར། །ཐབས་ཀྱིས་དབང་སྒྱུར་མ་ཆགས་པའི། །ཐོགས་མེད་ཤེས་རབ་སྤྱན་སྣང་བས། །རྣམ་གསུམ་ཏིང་འཛིན་རིམས་བསྒོམས་ཡང། །དབང་སྒྱུར་སེམས་ཀྱིས་ཆོ་འཕྲུལ་ལས། །རྒྱུ་འབྲས་རིམ་པ་མེད་པར་འདོད། །རྗེས་ཡོ?་ཐོབ་འཇུག རྣལ་འབྱོར་གཞུང། །མ་སྐྱེས་རང་རིག་ཡེ་ཤེས་ནི། །རྩལ་རྫོགས་རོལ་པ་རང་སྣང་བས། །གྲངས་མདོག་མ་ངེས་སྐུ་གསུང་ཐུགས། །རང་སྣང་ཕྱག་རྒྱ་བསམ་མི་ཁྱབ། །ཀུན་བཟངས་རིལ་ཕྱིར་བླང་དོར་མེད། །གང་ཡང་སེམས་ལ་གཞན་མིན་བས། །རང་བཞིན་ཅིར ཡང་མ་སྐྱེས་ཕྱིར། །རྟོགས་པའི་སྨྲ་བསམ་ཡུལ་བྲལ་བ། །ཀུན་གཞི་བཟང་མོའི་མངའ་ཀློང་ལས། །ཅིར་ཡང་སྣང་བ་ཡུམ་གྱི་དབྱིངས། །རང་སྣང་རོལ་བ་བསམ་ཡས་ཀྱང། །བྷ་གའི་ཀློང་ལས་གཡོས་མེད་དེ། །འདུ་འབྲལ་མེད་པའི་བདེ་ཆེན་པོ། །སངས་མ་རྒྱས པ་ཅིག་མེད་པའོ། །མང་ཉུང་གྲངས་ཀྱི་ལྷ་རྣམས་ཀྱང། །ཆུ་ལ་ཉ་ལྡང་ཚུལ་སྣང་བཞིན། །འོད་ཀྱིས་ཏིང་འཛིན་ཤུགས་ཀྱིས་འགྲོ་།གང་ཞིག་འདི་ལས་གནས་གྱུར་ན། །དམ་ཚིག་སྤྱོད་སོགས་གཙོར་མ་གསུངས། །རང་བཞིན་ཉིད་མཐུན་རང་བཞིན་རྫོགས དེ་ཕྱིར་ལྟ་སོགས་ཁྱད་པར་འཕགས། །རྣལ་འབྱོར་མིང་གསུམ་གཞུང་ཉིད། །དངོས་པོ་དེ་ཉིད་ཇི་ལྟ་བ། །དེ་བཞིན་མ་ལོག་མངོན་བྱེད་པ། །སྤྱི་མིན་རང་གི་མཚན་ཉིད་དུ། །རང་རིག་མངོན་སུམ་གསལ་དུས་ན། །རང་སྣང་མཛའ་བྲལ་རྒྱུན་ལས་གྲོལ།། ཡེ་ཤེས་ནམ་མཁའ་དབུས་མཛའ་མེད། །དེ་བཞིན་ཉིད་གཤེགས་ཡང་དག་རྫོགས། །ཐ་སྙད་གཉིས་ཀྱི་ཆོས་རྣམས་རིལ། །མཉམ་རྫོགས་བདག་ཉིད་ཆེན་པོའི་བརྒྱན། །ལས་ཡོན་ལྷུན་གྲུབ་བྱེད་དང་བྲལ། །དངོས་དེ་ཉིད་ཀྱང་མདོར་བསྟན་ན། །ཆོས་སེམས ཡེ་ནས་གཉིས་སུ་མེད། །ཐམས་ཅད་མ་འདྲེས་ཡོངས་རྫོགས་པ། །ཅིར་སྣང་ཅི་ཡང་མ་ཡིན་ཏེ། །བཙམ་བཞི་བྱས་དངོས་ལྟར་འདོད་པའི། །དངོས་པོ་རྣམ་དྲུག་ལ་སོགས་པ། །གང་ཡང་མིན་ཕྱིར་ངེས་ཚིག་ལྡན། །ཡུལ་བྲལ་གཉིས་མེད་རང་མི་དམིགས། །ཀུན་བཟང ཉིད་ཀྱིས་བསྟན་དཀའ་ལ། བྱེད་བོ་ཆོས་ཅན་སྐད་ཅིག་དང། །སྒྱུ་སྣང་རྟོགས་པའི་རིགས་སྣང་དང། །བརླབས་དང་ཆོ་འཕྲུལ་རྩལ་སྣང་བ། །འདི་ལ་གདོད་ནས་ཡོད་མ་ཡིན། །རིག་པ་བཞི་སྣང་བརླབས་སོགས་པ། །བལྟས་པ་ཙམ་སྟེ་བྱེ་བྲག་མེད། །རྒྱུ་ཉིད་རྡོ་རྗེ་རྐྱེན དེ་བཞིན། །དེས་ན་སྐྱེ་མེད་འགགས་སོགས་སྟོང། །བདག་ལས་གཞན་པ་མི་སྣང་ཞིང། །བདག་ཀྱང་འདི་འདྲ་མི་དམིགས་པས། །སྣང་མེད་སྟོང་པ་ཆེན་པོར་གསུངས། །གཉིས་བསྡུས་བརྗོད་སྣང་ཐམས་ཅད་ཀུན། །མི་འགོག་སེམས་ལ་གཞལ་མེད་པས འདོགས་སྣང་བརྟགས་པར་རུང་མ་ཡིན། །རྣམ་པ་ཀུན་ལྡན་སྟོང་ཆེན་པོ། །སངས་རྒྱས་པས་ཀྱང་སྔར་སངས་རྒྱས། །སྣང་གསུམ་གྲགས་པའི་ཆོས་རྣམས་ཀུན། །འདི་ལས་བརྟགས་ནས་བརྟགས་སྣང་ཕྱིར། །ཐམས་ཅད་ཀུན་སྣང་གཞི་རྩར་བཤད། །གང ལའང་གདོད་ནས་ཡོད་མིན་པས། །བརྟགས་རྣམས་ཀྱི་བུས་ཁྱི་ཚུལ་གསུངས། །དུས་གསུམ་ཆོས་ཀུན་གཅིག་ཁྱད་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང། །ཐམས་ཅད་སེམས་གསལ་དེ་བཞིན་ཉིད། །མ་བྱས་རྒྱུན་མིན་ཕྱོགས་མེད་གསལ། །ཡེ་ཤེས མིང་བཞིའི་རང་བཞིན་ཉིད། །མཛའ་བྲལ་བསམ་པའི་ཡུལ་འདས་པས། །ཐིག་ལེ་ཆེན་པོ་གཅིག་ཏུ་ཉིད། །ཐེར་ཟུག་རྒྱུན་ལས་ཡེ་ནས་གྲོལ། །དོན་དམ་ནོར་བདུན་གཞན་འདོད་པའང། །གདུལ་བྱའི་ངོ་བོ་འདོད་པ་མིན། །གང་ཡང་དམ་པར་མི་ལྟ་ན། ཅི་བསམས སྐྱོན་མེད་བྱ་ལམ་དང། །རྒྱུ་ཤེས་སླུ་བ་མེད་པ་བཞིན། །འདི་ལ་གོལ་ས་ཡོད་མ་ཡིན། །མཉམ་རྫོགས་བདག་ཉིད་ཆེན་པོའི་ཕྱིར། །བདེན་པ་གཉིས་ཀྱི་སྙད་ལས་འདས། །བཞི་གཉིས་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རང་བཞིན་གྱིས་སྟོང་དེ་བཞིན་ཉིད། །གདོང ནས་སྐྱེ་བ་མེད་པའི་དང། །རིགས་བཞིས་ངེས་པ་དོན་དམ་དངོས། །བླ་མེད་མི་གནས་ངེས་པར་འདོད། །དེ་ཉིད་རང་རིག་ཁོ་ནའི་ཕྱིར། །སྟོང་ཉིད་ཡེ་ཤེས་ངོ་བོ་ལས། །བྱིན་བརླབས་སྣང་བ་གཞིར་གྱུར་པས། །ཡིད་བཞིན་ནོར་ལྟར་རིམ་སྣང་བ། །རྗེས་ཐོབ ལ་སོགས་ཐེག་པའི་གཞུང། །བདེན་གཉིས་མཉམ་པ་ཉིད་ཀྱི་དབྱིངས། །དངོས་ཀུན་མ་བཅོས་སེམས་གསལ་བ། །མ་ནོར་མ་བཅོས་དེ་བཞིན་ཉིད། །འབྲས་བུ་ལྷུན་གྱིས་གྲུབ་པའི་དང་ཤེས་བྱ་ཁྱད་འགྱུར་དོན་དམ་གསུམ། །དེ་སོགས་བལྟོས་བརྟགས་བརྗོད་བྲམ་བའོ། །མིང བཞི་སོགས་མཚོན་ཤེས་བྱ་ཉིད། །ཡེ་ནས་ཡིན་ཞེས་ཡེ་ཤེས་ཀྱང། །གནས་འགྱུར་ལམ་དང་འབྲས་སྐབས་སུ། །རྒྱུ་ཡིས་གཉིས་དང་བཞིར་འདོད་པ། །ཡུལ་ཕྱིར་རྒྱུ་འཐུན་སྐབས་ཅིག་མའོ། །རྣལ་སོགས་སྟོང་ཉིད་ཡེ་ཤེས་དང། །དོན་ཤེས་སྐབས་ཀྱི་ཡེ ཤེས་བཞིས། །དོན་དྲངས་ཀྱིས་ཀྱང་ཁྱད་པར་འགྱུར། །ཀུན་ཡེ་རང་རིག་ཤེས་གསལ་བ། །ཅིས་ཀྱང་མ་བསྒྲིབས་ངེས་པའི་ཚིག་།རང་བྱུང་རང་རིག་དབྱིངས་མི་གནས། །སྐབས་མིང་བཞི་ཕྱིར་གཅིག་མེད་ལ། །ཆོས་ཀུན་མ་འདྲེས་བདག་གསལ་ཕྱིར། །ཡེ ཤེས་རྣམ་གྲངས་བསམ་མི་ཁྱབ། །ཡང་དག་རྫོགས་སངས་རྒྱས་ཀྱིའང། །ཡེ་ཤེས་ཡུལ་མེད་ཅང་མི་ཤེས། །མ་ལུས་བདག་གསལ་རྟོག་མེད་པ། །ཡེ་ཤེས་མིང་གཉིས་དངོས་གཅིག་པའོ།། །།གང་གིས་དོན་འདི་མཐོང་གྱུར ན། །དེ་བཞིན་ཉིད་གཤེགས་ཁོ་ནའི་ཕྱིར། །ཇི་བཞིན་པའི་དངོས་དེ་བཞིན། །རྟོགས་གཉིས་གྲོལ་བའི་ཡེ་ཤེས་སྐུ། །ངོ་བོ་ཉིད་རྟག་བརྗོད་ལས་འདས། །བརྟགས་སོགས་ཐད་ཀའི་ཆོས་ཀུན་ཡང། །སེམས་ཕྱིར་ཡོད་མིན་མ་དམིགས་པས། །བླང་དོར བྱེད་དང་དོན་གྱིས་བྲལ། །འདུ་ཤེས་རང་བཞིན་ཡེ་ཤེས་ཀྱང། །འདུ་ཤེས་ཐམས་ཅད་འབྱུང་མི་འགྱུར། །རང་འབྱུང་ཡེ་ཤེས་མངོན་བྱེས་པའི། །ཉི་མ་བྱེ་བ་འོད་བརྡལ་ཡང། །དུས་དང་རྣམ་པ་ཐམས་ཅད་དུ། །སངས་རྒྱས་པར་བྱ་བྱེད་མེད་པའི། །ཆོས ནི་རྡུལ་ཙམ་ཡོད་མིན་པས། །སངས་རྒྱས་མེད་པའི་ཚེ་རབས་གསུངས། །བསྐལ་པའི་གྲངས་དང་ཚེ་རབས་སུ། །དམན་པའི་བླང་དོར་ཅི་བྱས་དང། །འབྲིང་གིས་དམིགས་པས་གྲོལ་ཐོབ་དང། །དོན་འདི་ཉམས་སུ་མྱོང་ན། །བརྟགས་པ་ཉིད་ལས་མ་གཏོགས་པར། །སྤངས ཐོབ་ངོ་བོ་གདོང་ནས་མེད། །དངོས་དྲུག་དམིགས་རང་གཞན་དོན་གྱི། །འདུ་ཤེས་རྒྱུན་དང་བྱ་ལས་གྲོལ། །བདག་གི་མུ་མཛའ་ཡས་སངས་རྒྱས། །ཇི་བཞིན་དེར་གྱུར་ཀུན་བདག་རྫོགས། །དེ་བཞིན་གཤེགས་པ་ཡང་དག་རྫོགས། །དེ་སོགས་ཐ་སྙད་ཙམ་དུ་ཟད། །དམན འབྲས་སྐུ་དང་ཡེ་ཤེས་མཆོག། དངོས་ཉིད་ཤིན་ཏུ་རྣམ་དག་དང། །གཉེན་མེད་དོན་བཞིན་རྣམ་པར་ཤེས། །མིང་གསུམ་ལྡན་འདི་མཆོག་གི་གཞུང། །ཚོགས་བརྒྱད་ལ་སོགས་ཆོས་ཀུན་དང། །དངོས་ཅིག་བསལ་བས་ཐ་དད་པ། །དངོས་མེད་ཡེ་ཤེས་སྣ་ཚོགས ཅན། །དངོས་ཉིད་ཆོས་ཀུན་ལྡན་བྲལ་མིན། །དོན་འདི་རྣལ་འབྱོར་མངོན་སུམ་མོ།། །།མཆོག་གིས་རང་རིག་མངོན་སུམ་དུ། །རང་གྲོལ་གསལ་ཐོབ་གཉིས་ལས་འདས། །ངོ་བོ་བསམ་རྫོགས་རིལ་དང་བྲལ། །སངས་རྒྱས་ཀྱིས་ཀྱང་བསྟན དཀའ་བ། །དམན་དོན་གཞུང་གིས་གལ་རྫོགས། །དེའི་རྗེས་འཇུག་ཚང་དག་ཀྱང། །དངོས་དེ་ཉིད་ལ་རྣམ་མེད་ཀྱང། །རང་བཞིན་ལས་ཀྱི་རྩལ་རིམ་པས། །བཅོས་ཕྱོགས་སྦྱངས་རྒྱུད་ཐབས་རྩལ་གྱིས། །མི་བཟློག་རིམ་པ་སྔོན་བྱའི་ཕྱིར། །གཏན་ཚིགས་བཞིས སོགས་རིམས་བཀོད་པས། །དངོས་དེ་ཉིད་ཤེས་ཀུན་སྨྲ་ཡང། །བཙལ་བྲལ་བྱ་མེད་དོན་མ་རིག། རྗེས་སོགས་ལྟོས་ལྟས་ཁོ་ནར་སྣང། །རྩེ་མཆོག་གཞུང་གི་ཚད་གསུམ་ཉིད། །བཞི་སོགས་སོ་སོའི་ཚད་མ་ཡིས། །དངོས་དེ་ཉིད་སོགས་གང་དེ་ཉིད། །གནས་མིན ཚད་དང་དེ་རུ་མཛའ་། །སྤངས་པའི་རང་རིག་གང་ཡིན་པ། །ཁྱུ་མཆོག་མདོ་རིས་ལྟ་བུས་ཚད། །དེ་ཕྱིར་ལམ་ཀུན་མཁས་སྤྱོད་ཡུལ། །ནམ་མཁའ་རྨད་སོགས་རྗེས་མཐུན་པར། །མྱོང་བའི་ཉམས་བསྡུར་མི་འགལ་རིགས། །ཚིག་སྤངས་ཡིད་ཆེས་ཚད མར?་གསུངས། །མ་ལུས་སེམས་ཕྱིར་སྣང་མི་འཛིན། །ཅི་ཡང་མིན་ཕྱིར་ཅིར་མི་གནས། །ཐམས་ཅད་བདག་ཕྱིར་ཐོབ་སྤངས་མེད། །བདག་གཞན་དོན་བྲལ་ཅང་མི་འགོག་།ལྷ་བསྒོམ་འབྲས་བཅས་གཏན་ཚིགས་མོད། །རྒྱས་པར་མདོ་བཞི་མེ་ལོང དང། །ངེས་བདུན་ངེས་ཟིན་གཏན་ཚིགས་དྲུག་།ཚུལ་ཀྱིས་ངེས་པ་བཅུ་གཉིས་སོགས། །གཞུང་མདོ་ཚད་མར་ལྟ་བར་བྱའོ། །གཞུང་ངན་གྲིབ་མ་ལྟ་བའི་ལོང་ཐུག་བཞེན། །མི་ལུས་མ་འདྲེས་གཞུང་ནུབ་རྨོངས་དོན་དུ། །ལ་ཤན་མེ་ལོང་འདི་ལྟས་བསོད་ནམས་གང འགྲོ་ཀུན་དངོས་པོའི་དེ་ཉིད་མདོན་བྱེད་ཤོག་། ལས་ཤན་ལྟ་བའི་སྒྲོན་མ་ཞེས་བྱ་བ། བཞད་པ་རྡོ་རྗེས་མཛད་པ་རྫོགས་སོ།། །།པདྨའི་སྤྱན་ལ་ཕྱག་འཚལ་ནས། །ལྟ་བའི་རིམ་པ་བཤད་པར་བྱ། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གསེར གྱི་རྫས་ལྟར་ཅིག་ལ་སྣང།

CLOSE WINDOW