Wylie | e-texts based on the ACIP/ALL ![]() ![]() |
?་དྷ་རཾ་སཽ་མྱ་རི་ཤཱ་ལ་ལོ་ཙ་ནཾ། །*། །དགྱེས་རྫོང་གྱི་བསྡུལ་དོན་ཅུང་ཟད་དྲན་པ་བཞུགས་སོ། །*། །ོཾ་སྭ་སྟི། རྒྱ་གར་སྐད་དུ། ཀིཉྩི་ཚམྲི་ཏི། བོད་སྐད་དུ། ཅུང་ཟད་དྲན་པ་ཞེས་བྱ་བ། །དཔལ་ཧེ་རུ་ཀ་ལ་ཕྱག་འགྲོ་རྣམས་འདིར་ནི་གཅིག་ཏུ་བཅུ?་རྩིར་མཛད་པའི་སྤྱན།
འཚལ་ལོ། །རལ་པ་འཆང་?་འོད་དཀར་དང་མཚུངས་ཡངས་པའི་སྤྱན། །འདིར་བླ་མའི་མན་ངག་འགའ་ཞིག་བྲི་བར་བྱའོ། །ེ་ཝཾ་ལ་སོགས་པ་ཡི་གེ་ནི། །ལྷ་ཡི་རིམ་པ་ཐུན་མོང་སྟེ། །སྒས་བ་རྣམ་པ་གསུམ་དུ་འགྱུར། །འབྲས་བུའི་དོན་ནི་མཛའ་ཡིན་ནོ། །ཕྱི་དང
གསང་བ་དེ་བཞིན་ནང། །དཀྱིལ་འཁོར་ལས་ཀྱིས་ཕྱག་རྒྱ་དང། །ལུས་ནི་སྦས་པ་གསུམ་དུ་བཞེད། །དེ་བཞིན་ཉིད་ནི་ཀུན་ཏུ་འགྲོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་དང། །ཆོས་ཀྱི་སྒྲ་དེ་རྒྱུད་མཐུན་ནོ། །མཉམ་པར
འགྲོ་བའི་བདེ་བ་སྟེ། །འདི་དག་སེམས་དཔའ་གསུམ་དུ་བརྗོད། །ཟུང་དུ་འཇུག་པ་རྒྱས་བཏབ་པ། །དེ་ནི་དགྱེས་པའི་རྡོ་རྗེའོ། །དེ་དག་ལ་ཡང་རྟོགས་བྱ་དང། །ཡུལ་ཅན་གྱིས་ནི་དབྱེ་བར་འདོད། །ཁུས་ལ་གནས་དང་ཐིག་ལེ་དང། །སྲོག་རྩོལ
ལ་སོགས་རིམ་པའི་ཕྱིར། །རྣལ་འབྱོར་གསུམ་གྱི་དབྱེ་བ་ཡིས། །གཏུམ་མོ་རྣམ་པ་ལྔར་འགྱུར་རོ། །གང་ཞིག་བདེ་བ་ཆོས་ཀྱི་དབྱིངས། །སྐུ་དང་གསུང་དང་དེ་བཞིན་ཐུགས། །གཉིད་དང་སང་སོགས་རབ་འཁྲུགས་པ། །དེ་ནི་རྩ་དང་ཐིག་ལེ་དང།།
རླུང་གི་རབ་ཏུ་དབྱེ་བས་ཏེ། །འཁོར་བ་པོ་དང་ལམ་དང་ནི། །ཡོན་ཏན་དུ་མའི་ཚུལ་གྱིས་གནས། །རྣམ་པ་ཐམས་ཅད་རང་བཞིན་གཅིག་།དེ་ལས་འཁོར་བའི་དྲི་མ་སྐྱེས། །མྱང་འདས་ལས་ཡང་དེ་ལས་སོ། །བདེ་ཆེན་ལུས་ལ་མི་གནས་ཏེ། །ལུས་ལ
གནས་སྙམ་ཤེས་པ་འཇུག་། ལུས་སྒོམ་པ་ལས་དེ་ཉིད་ཤེས། །ཅི་ཕྱིར་གཏུ་མོ་ལས་བྱུང་ཕྱིར། །འདུ་བའི་དུས་ལ་བརྒྱུད་པ་ནི། །སྙིང་གའི་འཁོར་ལོ་བཟུང་བ་སྟེ། །བཅུ་གཅིག་གསང་བའི་རྩ་བར་འདོད། །ཟླ་ཕྱེད་ནོར་བུའི་མགུལ་དུའོ། །རྒྱལ
མཚན་ཡན་ལག་རྩེ་མོར་ཏེ། །མཚོན་ཆ་སྣ་རྩེར་འདོད་པ་ཡིན། །རྩ་གཉིས་སྦྱོར་བ་བསྣུན་པ་སྟེ། །བཟའ་བ་ཕན་ཚུན་འཕྲོག་པར་བརྗོད། །ཆོས་འབྱུང་རྣལ་འབྱོར་མའི་དཀྱིལ་འཁོར་རོ། །འཕར་མ་གཉིས་སུ་བསྟན་པ་ནི། །གང་ཞིག་བྷ་ཀའི་འཁོར་ལོ
ལ། །རིམ་གསུམ་དོན་དུ་བཞེད་པ་ཡིན། །ཆོས་འབྱུང་ལས་སྐྱེས་གསུམ་ཡིན་ཏེ། །དེ་ཕྱིར་ཁུ་བའང་རྣམ་པ་གསུམ། །རྫས་དང་རླུང་གི་བདེ་བ་དང། །ཡེ་ཤེས་ཉིད་ཀྱི་ཐིག་ལེར་འདོད། །ཆུ་བོའི་རྒྱུན་ནི་བདེ་ཆེན་ཏེ། །མར་མེའི་རྩེ་མོ་ཞེས་བྱའོ། །ཤེས
རབ་འབར་བའི་རྣམ་པ་ནི། །ཆད་པ་མེད་ཕྱིར་རྟག་པ་སྟེ། །རྗེས་སུ་འགྲོ་བའི་དེ་ཉིད་བསྒོམ། །བདུན་ཅུ་རྩ་གཉིས་ཐིག་ལེ་དང། །འབར་བ་ཁྱབ་པར་བྱེད་པ་དང། །རྩ་གནས་རླུང་ནི་འགུགས་པ་དང། །དེངས་ནུས་ཕྱིར་ན་བལྟ་བ་བཞིའོ། །དངོས་གྲུབ་ངེས་བསྟན་དེ་ཉིད
ནི། །ནམ་མཁའ་ཨི་རྣལ་འབྱོར་བདག་མེད་མ། །ཧེ་རུ་ཀ་དཔལ་ཉིན་མོར་བཤད། །འགྲུབ་པའི་གནས་ནི་ནམ་མཁའ་ཨོ། །རང་ཁྱིམ་ཨ་ཝ་དྷུ་ཏཱིར་བརྗོད། །བདག་ཉིད་མཆོག་གི་བདག་ཡིན་ཏེ། །འགྲུབ་པར་སྤྱད་པ་སྤངས་པའི་བློ། །རྣལ་འབྱོར་མ་ནི་གཟུགས་ཞེས
བརྗོད། །འདྲེས་པའི་བདེ་བ་ཧེ་རུ་ཀའོ། །དེ་ཡི་དུས་ཀྱི་ཁྱད་པར་ནི། །བསམ་གཏན་ཞེས་བྱ་ཡན་ལག་ལྔ། །ཟླ་བ་ཕྱེད་ཀྱིས་བརྟན་འགྱུར་ཞིང། །དང་པོར་གཟུགས་ནི་ཉིན་གཅིག་ལའོ། །སྒྱུ་མ་ལ་སོགས་དཔེས་བསྟན་པ། །རིམ་པ་དང་པོར་ངེས་བསྟན་དང།།
སྒྱུ་མའི་སྐུ་གཉིས་བསྟན་པ་ཡིན། །རྨི?་ལམ་ལ་སོགས་བསམ་གཏན་བཤད། །དང་པོའི་དབང་གིས་ངེས་མཚོན་ཞིང། །སྐྱེད་པ་འདིར་ནི་དཔེ་ཡིན་ཏེ། །རྒྱུ་ནི་སྦས་པའི་དོན་དུ་འདོང། །འབྲས་བུའི་དང་བྱིན་བརླབ་པ་མཛའ་། རླུང་གི་དེ་ཉིད་ཁ་དོག་དྲུག།
དེ་ཉིད་ལྔ་ཡི་གསོལ་སྟེ། །གཞན་དུ་བདེ་བའི་ཐེག་?། །རྣམ་པ་ཐམས་ཅད་འཛིན་པར་འདོད། །རིགས་ཀྱི་ཡེ་ཤེས་རྣམ་པ་ལྔ། །ལྷུན་གྱིས་གྲུབ་པར་རྫོགས་པ་ནི། །བསྒྲུབ་པར་བྱ་བའི་ཡུལ་ཡིན་ཏེ། །རྗེས་མཐུན་ལམ་ནི་སྒྲུབ་བྱེད་དོ། །བདེ་ཆེན་སྟོན་པ
བཞི་ཡིན་ཏེ། །རང་བཞིན་ལས་ཀྱི་ཕྱག་རྒྱ་དང། །ཕྱག་རྒྱ་ཆེ་ལས་ངེས་པར་སྐྱེས། །ལུས་ལས་སྐྱེས་པའང་དེ་བཞིན་ནོ། །བདེ་བ་ཆེན་པོ་གཅིག་ཡིན་ཏེ། །ཀུན་ད་ལྟ་བུ་གཉིས་པར་གྲགས། །དེ་གཉིས་དབྱེར་མེད་འདྲེས་གྱུར་པ། །བརྟེན་པ་མེད་ཅིང་བརྟེན་ཡོད
མིན། །རང་བཞིན་རྒྱུད་དང་མི་འགྱུར་དང། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ། །ཤེས་བྱ་རྡོ་རྗེའི་རིགས་ཡིན་ཏེ། །ཤེས་པ་དེ་རྗེས་འཇུག་པའོ། །རྡོ་རྗེ་སྙིང་པོ་དེས་བསྟན་པ། །མི་འགྱུར་བ་ཡི་དེ་ཉིད་དེ། །སྒྱུ་མ་རྟག་བ་ཞེས་བྱ་བ། །སྟོང་ཉིད་གཟུགས་བརྙན་ཡིན
པར་བརྗོད། །བདེ་བའང་ཤེས་རབ་གཟུགས་ཀྱི་ཕྱིར། །ལྷ་མོའི་སྦྱོར་བ་གཙོར་བསྟན་ཏེ། །སྟོང་པའང་ཐབས་ཀྱི་བདག་ཉིད་ཕྱིར། །ཧེ་རུ་ཀ་དཔལ་ངེས་པར་གསུངས། །བདེ་བར་མཉམ་པ་ཉིད་ཀྱི་ཕྱིར། །རྣལ་འབྱོར་མ་སོགས་ཞལ
གཅིག་ཉིད། །རྣམ་པ་ཐམས་ཅད་འཛིན་པའི་ཕྱིར། །ཁྲོ་བོ་ཆེན་པོ་དུ་མའི་སྐུ། །རྡོ་རྗེའི་རིགས་དང་སྔགས་དང་ནི། །དེ་བཞིན་ཐབས་ཀྱི་ཆོ་ག་དང། །ལྷ་མོའི་རྒྱུད་ཀྱི་སྦྱོར་པ་སྟེ། །རྣམ་བཞི་ཐོག་མའི་དུམ་བུར་བཞེད། །ཕྱི་མ་འཐོར་བ་བསྡུས་པ་དང།
མི་གསལ་པ་རྣམས་ངེས་བསྟན་དང། །ཐེ་ཚོམ་ངེས་པར་གཅོད་པ་དང། །སླར་ཡང་ངེས་པར་བསྟན་པའོ། །གཉིས་པ་གསུམ་པ་དེ་བཞིན་གཞན། །བཞི་པ་ལྔ་པ་གོ་རིམ་བཞིན། །གཞན་རྣམས་ཡན་ལག་ཕྲ་མོ་ནི། །ཕན་འདོག་རབ་ཏུ་འདྲེན་པ
ཉིད། །བཞི་པ་ཤེས་རབ་གཙོད་ཀྱང་ལ། །ལྔ་པ་ཆ་མཆད་དེ་བཞིན་ཐབས། །ལྷག་མ་ཀུན་ཏུ་འགྲོ་བ་ཡི། །གོ་རིམ་ངེས་པ་མེད་པར་བརྗོད། །བསྡུས་པའི་དོན་ནི་རབ་བསྟན་པ། །རྒྱ་ཆེར་བཤད་པ་མ་ཡིན་ནོ། །མཚན་ཉིད་འཇུག་འགྱུར་ཤེས་བྱ་སྟེ་།དེ་མཚོན
རྒྱུད་གསུམ་ཡིན་པར་འདོད། །ཀུན་རྫོབ་ཉིད་དང་དོན་དམ་བདག་།དེ་བཞིན་འཇུག་པ་རྣམ་གཉིས་ཏེ། །འཁོར་བ་དང་ནི་རྣམ་དག་གོ་།གཞན་ཡང་ལམ་ནི་ཡོངས་སུ་སྔགས། །ས་དང་ལྷག་པར་གནས་པ་དང། །འབྲི་དང་དཀྱིལ་འཁོར་ཉིད་ཀྱི་ལས། །མཆོད་པ
དང་ནི་དབང་བསྐུར་བ། །དཀྱིལ་འཁོར་ལས་ཀྱི་རིམ་པའོ། །ལུས་དང་ཐུལ་ཚོན་བསྡོམ་པ་དང། །བྷ་ག་བྱང་ཆུབ་སེམས་གཉིས་སོ། །གསུམ་པ་སྟོབས་ཀྱིས་གྲུབ་པ་སྟེ། །ལྷག་མ་ཚིག་གིས་ངེས་བསྟན་པའོ། །སྒོམ་དང་དེ་བཞིན་བཟླས་པ་དང། །བསྲེག
བླུགས་གཏོར་མ་རབ་ཏུ་གནས། །ལས་ཀྱི་རབ་འབྱམས་ཇི་སྙེད་དེ། །ཡན་ལག་དང་བཅས་སྐྱེས་པའོ། །ཧེ་རུ་ཀ་ཡི་རྣམ་གསུམ་དང། །གཉིས་ཀྱིས་དབྱེ་བ་རྣལ་འབྱོར་མ། །ཡོངས་སུ་རྫོགས་པའི་དགེས་རྡོར་ཏེ། །འཁོར་ལོ་རྣམ་པ་དྲུག་ཏུ་བརྗོད། །དེ་བཞིན་ད
ཡི་ཆོ་ག་ཡང། །བསྡུས་དང་ཤིན་ཏུ་ཉུ་དུ་དང། །བར་མ་རྒྱས་དང་རབ་རྒྱས་དང། །ཤིན་ཏུ་རྒྱས་པར་བརྗོད་པ་ཡིན། །སོ་སོར་སྡུད་པ་ལ་སོགས་པ། །ཕྱག་རྒྱ་ཆེན་པོའི་སྒོམ་པ་དྲུག་།ཐིག་ལེ་གཉིས་དང་ཕྲ་མོ་དང། །ལས་དང་སྒོམ་པ་ཆོས་རྣམས་སོ། །སངས་རྒྱས
བདེ་བ་ཆེ་ཉིད་དང། །རྣམ་པ་གཉིས་དོན་སྐུ་ཉིད་དང། །ལྷན་ཅིག་སྐྱེས་དང་རྣམ་པ་ལྔ། །བཞི་ཡི་རབ་དབྱེ་དེ་བཞིན་ནོ། །རང་བཞིན་ཞེས་བྱ་མཚན་ཉིད་རིགས། །རྣམ་པ་སྣ་ཚོགས་འཁོར་བ་སྟེ་།རྒྱུད་གང་ལས་ནི་རང་བཞིན་ཅེས། །རྒྱུད་ནི་རྒྱུ་ཞེས་བསྟན་པ
ཡིན། །གནམ་གསུམ་པོ་དང་འཕྲོ་བ་དུག་།རྩ་ཡི་རབ་དབྱེ་དེ་བཞིན་དུ། །ཁམས་དང་རླུང་གི་བཟོད་པ་དང། །དེ་ཡིས་དུ་འགོད་སྣ་ཚོགས་སོ། །ལྟ་སྟངས་དང་པོའི་དེ་ནས་སླར། །གང་ཟག་རབ་ཏུ་དབྱེ་བ་བཞིན། །དེ་བཞིན་མངོན་པར་སངས་རྒྱས་ཉིད། །
རྣལ་འབྱོར་འགྲུབ་པའི་རིམ་པའོ། །དགའ་བའི་གནས་པ་སྤྲིན་ཡིན་ཏེ། །རྒྱུ་འདྲ་བདག་བྱིན་?་རླབས་པར་འདོད། །བཞི་ཡི་འབྲས་བུ་གཉིད་ལོག་དང། །སད་འགྱུར་མཉམ་པའོ་སྦྱོར་བ་དྲུག་།ཞིང་གི་དབྱི་བ་དེ་བཞིན་དུ། །ལུས་ཀྱི་དེ་ཉིད་ནང་གི་ས།
འཕགས་པའི་གནས་པ་བརྩ?་གཉིས་དང། །ལྷན་ཅིག་སྐྱེས་པའི་ས་རྣམས་གཉིས། །དུས་ཚད་དེ་བཞིན་གནས་དང་ཡང། །གྲོགས་དང་ཆ་བྱད་བསྒྱུར་བ་དང། །སྒོམ་པ་དང་ནི་དམ་ཚིག་སྟེ། །བརྟུལ་ཞུགས་ཀྱི་ནི་བསྐྱེད?་པ་དྲུག་།སྤྱོད་པ་འདི་ལ་གསུཾ
དང་གསུམ། །དེ་དག་གཉིས་ཀྱིས་དབྱེ་བས་ན། །བཅུ་གཉིས་གྲངས་ཀྱིས་འགྲོ་བ་སྟེ། །རིགས་པའི་བརྟུལ་ཞུགས་སྡོམ་པའོ། །བྱང་ཆུབ་རྣམ་པ་ལྔ་རྒྱུ་སྟེ། །།སྐུ་དང་དེ་བཞིན་ཡེ་ཤེས་དབྱེ། །རིགས་དང་ལྷ་དང་ཡོན་ཏན་ནི། །འདི་དག་སྒྲུབ་བྱའི་དོན
དུ་བརྗོད། །རྡོ་རྗེ་བཞི་རྣམས་ཀྱི་རང་བཞིན། །གནས་དང་དེ་བཞིན་འཁོར་ངེས་པ། །དེ་ཡང་དགེས་རྡོར་སྨ་རྣམས་ཀྱི། །འབྲས་བུའི་དེ་ཉིད་ངེས་པར་འདོད། །ཡི་གེ་གཉིས་དང་ལྷན་སྐྱེས་དག་།དགའ་དང་ལྷན་ཅིག་རབ་དབྱེ་དང། །དེ་ཁོ་ན་ཉི་དང་ཕུན་ཚོགས། །
གཏམ་ནི་ཆེན་པོ་རྨད་བྱུང་དྲུག་། མཚན་ཉིད་རྒྱུ་ཡི་རིམ་པ་དང། །འཁོར་པ་ཉིད་དང་དཀྱིལ་འཁོར་དང། །དེ་ཡི་ལས་རིམ་སྐྱེད་པ་དང། །འཁོར་ལོའི་དབྱེ་བ་སྒོམ་པའི་རིམ། །རྫོགས་པའི་རྒྱུ་དང་ཕྱག་རྒྱ་ཆེ། །བརྟུལ་ཞུགས་དང་འབྲེལ
བརྟུལ་ཞུགས་ཉིད། །རྣལ་འབྱོར་འཇུག་པའི་རིམ་དངོས་དང། །དེ་ལས་ཕྱེ་བ་གཞན་གཉིས་ཏེ། །སྦྱོར་དང་ས་ཡི་རིམ་པའོ། །གང་ཞིག་འབྲས་བུའི་རབ་དབྱེ་ལའང། །མཚན་ཉིད་དེ་བཞིན་མཚོན་ཆའོ། །གཏམ་གྱི་ངེས་ཚིག་ཀྱང་དེ་བཞིན། །རྩ་པའི
ཚིག་གི་དབྱེ་བ་ནི། །བཅོ་བརྒྱད་གྲངས་ལས་རབ་ཕྱེ་པ། །ཡན་ལག་རྣམ་པ་དུ་མ་སྟེ། །མདོ་ཙམ་བརྒྱད་ལྷག་བརྒྱ་ཡིན་ནོ། །ཡན་ལག་ཐབས་གང་འདིར་དྲན་ཏེ། །ཀུན་ལས་བཏུད་པར་འབྱུང་པའོ། །དགོས་པ་ལ་སོགས་དང་པོར་དབྱེ། །མིང་དང་གང་གི
དོན་བསྡུ་དང། །གཞུང་གི་མཚན་ནི་རྡོ་རྗོད་བྱེད་དེ། །བརྗོད་བྱ་དོན་གྱི་དབྱེ་པར་འདོད། །རྒྱུད་ནི་རྣམ་པ་གསུམ་ཡིན་ལ། །ཡན་ལག་གླེང་གཞི་ཡིན་པར་བརྗོད། །ངེས་ཚིག་བསྒྲུབ་བྱ་སྒྲུབ་བྱེད་དོ། །རྒྱུ་ནི་རྣལ་འབྱོར་རིམ་པ་ཡིན། །བསྒྲུབ་པར་བྱ་བ་མཐར་ཐུག་ཉིད།།
གཉིས་མེད་རིམ་པའང་དེར་བརྗོད་དོ། །དགོས་པའི་དོན་དང་དོན་གཞན་དང། །ཚིག་གཞན་སྟོན་པ་དགོངས་པ་ཅན། །དྲང་བ་ངེས་པའི་དོན་དག་ནི། །བདེན་པ་གཉིས་ཀྱི་མཚན་ཉིད་དོ། །སྐལ་ལྡན་མཆོག་ནི་རིན་ཆེན་འདྲ། །ཙན་དན་བློ་གྲོས་ཆུང་དུད་བརྗོད། །བློ
གྲོས་ཡངས་པའང་སྐྱོན་བཅས་པ། །དེ་ནི་མཚོ་སྐྱེས་མཚན་ཉིད་དོ། །ཤིན་ཏུ་ཡངས་པ་མིན་ཡང་འདིར། །དུལ་སོགས་ཡོན་ཏན་ཨཽཏཔལ་ལ། །མ་ཆགས་ཕན་པའི་བློས་དམན་ན། །ཀུ?་མུ་ཏ་མཚུངས་འདི་བརྗོད་དོ། །བདེན་པ་གཉིས་བུ་བསྟན་པ་ནི། །རྣམ་གྲངས
ཚུལ་གྱིས་འདི་བཤད་དོ། །སྔར་བསྟན་པ་ནི་རིགས་པའི་ཡུལ། །དག་པ་པ་དེ་བསྟན་པ་ཡིན། །མན་ངག་ཅུང་ཟད་དྲན་བྱས་པས། །བསོད་ནམས་ཅུང་ཟད་བསགས་པ་དེས། །རྡོ་རྗེ་འཛིན་པའི་གནས་ཐོབ་ནས། །འགྲོ་ཀུན་རྡོ་རྗེ་འཛིན་བྱེད་ཤོག་།ཅུང་ཟད་དྲན་པ
ཞེས་བྱ་བ། །བསྡུས་པའི་དོན་གྱི་ཡན་ལག་རྫོགས་སོ།། །ཞེས་པ་སློབ་དཔོན་ཆེན་པོ་ཤཱནྟི་གུཔཏས་གསུངས་པའི་ངེས་པ་ཚིག་ཏུ་སྦྱར་པའོ། །རྒྱ་གར་གྱི་མཁས་པ་པུརྞྞཱ་བཛྲ་ལས་དུས་དང་བོར་རིང་དུ་སྦྱངས་ཤིང་མཉན་ཏེ་རྒྱལ་ཁམས་པ་ཏཱ་ར
ནཱ་ཐས་དུས་ཕྱིས?་དཔེ་ལས་གཡར་ཁྲལ་དུ་བསྒྱུར་བའོ། ། །།*། །དགེས་པ་རྡོ་རྗེའི་རྫོགས་རིམ་གྱི་གཞུང་སྦྱར་བ་བསྡུས་པ་ཞེས་བྱ་བ་བཞུགས་སོ། །*། རྒྱ་གར་སྐད་དུ། ཡུཀྟ་སཾ་ཀྵཔཏི། བོད་སྐད་དུ། སྦྱོར་བ་མངོན་བསྡུས་ཞེས་བྱ་བ། །དཔལ་ཧེ
རུ་ཀ་ལ་ཕྱག་འཚལ་ལོ།
CLOSE WINDOW