CLOSE WINDOW

N3463: རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

། གྲུབ་པའི་དབང་ཕྱུག།། རྒྱ་གར་སྐད་དུ། ཤྲི་བཛྲ་ཡོ་གི་ནི་སྭ་དྷ་ནཱ་མ། བོད་སྐད་དུ། རྡོ་ལོཙྪ་པའི་མཚན་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་མ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་སྔགས་པ་ཡིས། །བདེ་བའི སྟན་ལ་ཉེར་འདུག་ནས། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །སེམས་ཅན་ཀུན་ལ་ཁྱད་པར་བསྒོམ། །སྐད་ཅིག་གིས་ནི་སྣང་བ་ལས། །པདྨ་ཉི་མའི་གདན་སྟེངས་སུ། །དཔལ་ལྡན་རྡོ་རྗེ་ཌ་ཀི་མ། །ཕྱག་མཚན་ལ་སོགས་རྫོགས་ནས་ནི། །སྐད་ཅིག་ཙམ་ལས་བསཾ པར་བྱ། །ལྟེ་བའི་ས་བོན་ལས་བྱུང་བའི། །འོད་ཀྱིས་གདོད་ནས་གྲུབ་པ་ཡི། །ལྷ་མོ་སྤྱན་དྲངས་མཆོད་པར་བྱ། །བདུན་པ་ཡོངས་སུ་རྫོགས་པར་བྱ། །བཟོད་བར་གསོལ་ནས་གཤེགས་སུ་གསོལ། །སྐད་ཅིག་གིས་ནི་སྟོང་པ་ཉིད། །རྣམ་པར་དག་པའི་ངོ་བོར་བསམ།། སྟོང་བའི་ངང་ལས་པདྨ་དང། ཟླ་བའི་དབུས་སུ་གནས་པ་ཡི། །བཾ་དམར་ས་བོན་བསམ་བར་བྱ། །དེ་ལས་འོད་འབྲོས་སེམས་ཅན་དོན། །བྱས་ཏེ་ཕྱོགས་བཅུའི་དཔའ་བོ་དང། །ཌཱ་ཀི་ཐམས་ཅད་མཉེས་གྱུར་བའི། །བདེ་གཤེགས་ནུས་བ་དཔག་མེད་བའི། །བྱིན་བརླབས་བཀུག་སྟེ གནས་བྱས་བས། །སླར་འདུས་བརྟན་གཡོ་གནས་གྱུར་ནས། །འོད་ཕྱུང་ཡོངས་སུ་གྱུར་པ་ལས། །བདག་ཉིད་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ལི་ཁྲི་ལྟ་བུར་དམར་བ་ཉིད། །རྩ་བའི་ཞལ་ནི་སེངྒེའི་གདོང། །དཀར་ལ་མཚེར་བ་ཁྲོ་ཚུལ་ཅན། །? བ་གཙིགས་པ་སྨར་ཅན། །དབུ་སྐྲ་མཐོན་ཐིང་ཐུར་དུ་བྲལ། །གཡས་ན་རྡོ་རྗེ་གྲི་གུག་དང། །ཌ་མ་རུ་དང་བཅས་པ་བསྣམས། །གཡོན་པ་ཐོད་པ་ཁྲག་བཀང་དང། །མཆན་ཁུང་ཁ་ཊཝཾ་ཁ་ནི་བསྣམས། །སྐྱིལ་ཀྲུང་ཕྱེད་བཞུགས་གར་སྟབས་ཅན། །དུས་མཚན་མནན་ཅིང་ཕེཾ་ཕེཾ སྒྲོགས། །ཧཱུཾ་ཧཱུཾ་དྲག་པོའི་རང་སྒྲ་ཅན། །ཐོད་བ་སྐམ་པོ་ལྔ་ཡིས་ནི། །དབུ་རྒྱན་རློན་པའི་དོ་ཤལ་བྱས། །ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན། །ཅོད་པན་དར་དཔྱངས་དག་གིས་མཛེས། །སྐུ་ལ་མེའི་འོད་འཕྲོ་ཞིང། །རྡོ་རྗེ་ཌ་ཀི་དམར་མོ་དང། །པདྨ་གསུང་གི་ཌཱ་ཀི་དང། །ཡང་དག་ཐུགས ཀྱི་ཌཱ་ཀི་དང། །ཡོན་ཏན་རྒྱས་པའི་ཌཱ་ཀི་ནི། །ཕྲིན་ལས་སྣ་ཚོགས་ཌཱ་ཀི་མའོ། །རིམས་ཀྱིས་ཌཱ་ཀི་དེ་རྣམས་ཀྱང། །མཁའ་ལ་སྤྱོད་དངས་ལ་སྤྱོད། །ས་འོག་སྤྱོད་པ་ཐམས་ཅད་དང། །དུར་ཁྲོད་གནས་རྣམས་དག་ཏུ་རོལ། །སྐད་ཅིག་གཅིག་གིས་ཁྱབ་པར་བསམ། །ཡེ་ཤེས་སེམས དཔའ་རང་འདྲ་ཡི། །ལྷ་མོ་སྤྱན་དྲངས་བསྟིམ་བར་བྱ། །དེ་ནས་དབང་བསྐུར་རྒྱས་གདབ་བྱ། །མཆོད་བསྟོང་དམ་ཚིག་བཟླས་པ་ནི། །སྟེང་འོག་བར་སྣང་སྟོང་པ་ཨེ། །ཆོས་འབྱུང་གྲུ་གསུམ་དབུས་སུ་བསམ་པ་ནི། །གཡུང་དུང་འཁྱིལ་བ་དམར་བ་ནི།། ལྟེ་བར་བཾ་གནས་དྷུ་ཏཱི་ཡིན རིམ་བཞིན་དྲག་ཏུ་འཁོར་བ་ལས། །སྐུ་གསུང་ཐུགས་དང་བདེ་ཆེན་དང། །བླ་ན་མེད་པའི་བདེ་ཆེན་སྐྱེ། །ོཾ་ཤྲཱི་བཛྲ་ཡོ་གི་ནི་སི་ན་ར་མ་ཧཱུཾ་ཕཊ། གསང་བའི་རིམ་པ་འདི་ཉིད་དེ། །བླ་ན་མེད་པ་མཆོག་གི་ལམ། །མཐར་ནི་བཟླས་པ་སྣ་ཚོགས་བྱ། །སྐྱོན་རིམ་པ་བསྟུས་ནས་ནི། །བཾ?་ལ ཐིམ་ཞིང་སྟོང་པར་བསམ། །དེས་ནི་མཆོག་གི་གོ་འཕང་ཐོབ། །ཕོ་རྒྱུད་ཕོ་རླུང་ཐབས་ཀྱི་སྟེ། །མོ་རླུང་ཤེས་རབ་བླ་མའི་རྒྱུད། །གཉིས་མེད་མ་ནིང་ཡེ་ཤེས་རླུང། །ཟུང་འཇུག་བསྒོམས་པས་བདེ་ཆེན་འཐོབ། །རྩ་རླུང་བྱང་སེམས་གདམ་ངག ནི། །རྣམ་ཤེས་སྟོང་པ་ཟུང་འཇུག་ཕྱག་རྒྱ་ཆེ། །ཆོས་རྣམས་སྒྱུ་མ་བདེ་མཆོག་སྟོད་མཐོང་ན། །ཟག་བཅས་དངོས་པོའི་ཚོགས་རྣམས་རྟོག་པར་འགྱུར། །སྒྱུ་མ་སྟོང་པའི་དངོས་པོ་སྣ་ཚོགས་ཀུན། །དབུ་མའི་དང་དུ་ཐིག་ལེ་གཅིག་ཏུ་གསལ། །རྨི་ལམ་ཆོས་ཉིད་སྣང་བའི ཡེ་ཤེས་ཉིད། །རིག་པ་སྐྱེ་མེད་ཡེ་ཤེས་ལྷན་ཅིག་སྐྱེས། །འོད་གསལ་མ་ལུས་དྷུ་ཏིའི་ནང་དུ་ཐིམ། །རྣམ་ཤེས་ལུས་ཀྱི་ངོ་བོ་གསལ་ཞིང་སྟོང། །རིག་པ་སེམས་ཀྱི་རྣམ་ཤེས་སྟོང་ལ་བདེན། །དབྱེར་མེད་ཟུང་འཇུག་སྟོང་བར་ཕྱག་རྒྱ་ཆེ། །འོད་གསལ་སྒྱུ་མའི་རང་བཞིན་? མེད་ཅིང་ཡང་སྣང། །ཌཱ་ཀ་སྒྱུ་མའི་གར་མཁན་ཉིད། །རང་སེམས་སྤྲུལ་པ་ཅིང་ཡང་སྟོན། །འདུས་བྱས་རྫས་རྣམས་ཌཱ་ཀི་མཆོད་པའི་རྟེན། །འདོད་ཡོན་སྣ་ཚོགས་ཌཱ་ཀི་ལོངས་སྤྱོད་བྱེད། །འབྱུང་བའི་སྣང་བ་གཏོར་ཆེན་བོ་ཉིད། །ཡུལ་སྣང་སྒྱུ་མར་བྱིན་གྱིས་རློབS? ངོ་སྙོམས་སྤྱོད་པས་ཆགས་སྡང་འཁྲི་བ་མཆོད། །ལས་ཀྱི་ཕྱག་རྒྱ་བདེ་བའི་ལམ་བྱེད་པ། །ཐབས་དང་ཤེས་རབ་སྦྱོར་བས་རྟོག་མེད་འགྲུབ། །ཆོས་ཀྱི་ཕྱག་རྒྱ་འོད་རིག་ཐབས་དང་ལྡན། །རང་ལུས་བདེ་བར་གྱུར་པས་མཆོག་གི་ལམ། །སྣང་སྟོང་དབྱེར་མེད་འོད་གསལ ཕྱག་རྒྱ་ཆེ། །རླུང་ཉིད་མས་འཇུག་བདེ་བ་ཡས་འདྲེན་པའོ། །སྐུ་གསུམ་དབྱེར་མེད་འབྲས་བུ་གསང་བའི་ལམ། །ཐིག་ལེ་བདེ་ཆེན་དམ་ཚིག་ཕྱག་རྒྱ་འདི། །འགྱུར་མེད་འཆི་འཕོ་མེད་པའི་བདེ་ཆེན་ཡིན། རྟོག་པ་རང་སར་གྲོལ་ན་ཆོས་ཀྱི་ལམ། །གཞན་ལུས་ལམ་དུ སློངས་ན་བདེ་ཆེན་ཐོབ། །ཟུང་འཇུག་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཐམས་ཅད་ངོ་བོ་ཉིད་དུ་ཆོས་སྐུར་འཆར་བའོ། །དཔལ་རྡོ་རྗེ་ཌཱ་ཀི་མའི་གསང་བའི་བསྒྲུབ་ཐབས། །སློབ་དཔོན་སིང་གྷ་ལ་པའི་གདམས་པ། ཨ་ཙཉཱ?་དམར་པོ་ཞབས་ཀྱིས་གནང་བ། མཁས་པ་རྒྱའི་ཐུགས དམ། ཞིག་པོ་བདེ་འབར་ལ་བརྒྱུད་པ་།ས་མ་ཡ་ཐ་མི་ཏི།། །།རྒྱ་གར་སྐད་དུ། ཥ་ཌ་ཡོ་གི་ནི་ས་དྷ་ན། བོད་སྐད་དུ། རྣལ་འབྱོར་མ་དྲུག་གི་སྒྲུབS་པའི་ཐབས། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །རིགས་དྲུག་གིས་ནི་རང་བཞིན་དང། །ཡེ་ཤེས་དྲུག་གི ངོ་བོ་ཉིད།

CLOSE WINDOW