Wylie | e-texts based on the ACIP/ALL ![]() ![]() |
། །།དཔལ་འཁོར་ལོ་བདེ་མཆོག་གི་རྣམ་པར་སྤྲུལ་པ་དང། ཡུལ་ཉི་ཤུ་རྩ་བཞིའི་རྒྱུ་མཚན་བཞུགས་སོ།། །།*། །དཔལ་འཁོར་ལོ་སྡོམ་པ
ལ་ཕྱག་འཚེ་ཁ་ཅིག་ལས་དྲིལ་བུ་པས་མཛད་ཟེར། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། །དཔལ་བདེ་མཆོག་ཇི་ལྟར་སྤྲུལ་པའི་ཚུལ་ནི་འདི་ལྟ་སྟེ། །འཛམ་བུའི་གླིང་འདིར?་བསྐལ་པ་རྫོགས་ལྡན་གྱི་དུས་སུ། །སེམས་ཅན་ནི་རྣམ་ལ་ཡོན་ཏན་བཞི་སྟེ། ཚེ
དཔག་ཏུ་མེད་པ་ཐུབ་པ་དང། །ལོངས་སྤྱོད་ལ་བདག་གི་བ་མེད་པ་དང། ཁ་དོག་རང་ལ་འོད་ཡོད་པ་དང། །རྫུ་འཕྲུལ་ནམ་མཁའ་ལ་འཕུར་ཤེས་པའི་དུས་སུ། །དེ་ནས་ཚེ་འགྲིང་པ་ནི་གསུམ་ལྡན་གྱི་དུས་སོ། །ལོངས་སྤྱོད་འགྲིབ་པ་ནི་གཉིས་ལྡན་གྱི་དུས
སོ། །དེ་ནས་ས་ཞག་ལ་སོགས་པ་ཟོས་པས། །ཤི་བ་རྣམས་ལ་རོ་བྱུང་སྟེ། །རོ་དེ་དག་བསྐྱལ་བའི་ས་ལ་དུར་ཁྲོད་ཅེས་པར་གྲགས་ལ། །དེ་ཕྱོགས་འཚམས་ལ་སོགས་པར་ཆགས་སོ། །དེ་ནས་རྫུ་འཕྲུལ་དང་ཁ་དོག་གཉིས་ཉམས་བ་ནི་བརྩོང་ལྡན་གྱིས་དུས
སོ། །དེའི་དུས་སུ་བུ་འདི?་མ་ལ་ཡ་དང། །ཛཱ་ལན་དྷ་ར་དང། ཨཽ་རྒྱན་དང། ཨར་བུ་ཏ་དང། བཞི་རུ་སུམ་ཅུ་རྩ་གསུམ་གྱིས་ལྷ་འགའ་ཞིག་བབས་ནས་སྤྲུལ་ཞིང་གཞི་བཟུང་བས་དེ་ལ་གནས་ཞེས་བརྟགས་སོ། །དེ་ནས་གོ་ཏ་བ་རི་དང། རསྨི་ཤྭ་རི་དང། དེ་བི
ཀོ་ཊི་དང། མ་ལ་ཝ?་ནུ། དྲི་ཟས་བཟུང་བས་དེ་ལ་ཉེ་བའི་གནས་ཤེས་ཟེར་ལ། །དེ་དག་ནི་སུམ་ཅུ་རྩ་གསུམ་པ་དང། དྲི་ཟས་བཟུང་བས་མཁའ་སྤྱོད་ཅེས་གྲགས་སོ། །དེ་ནས་ཀ་མ་རུ་པ་དང། ཨོ་ཊེ་གཉིས་གནོད་སྦྱིན་གྱིས་བཟུང་བ་ལ་ཞིང་དུ་བརྟགས་ཞིས། ཏྲི་ཤ
ཀུ་ནེ་དང། ཀོ་ས་ལ་གཉིས་གནོད་སྦྱིན་གྱིས་གཡོག་གིས་བཟུང་བས་ཉེ་བའི་ཞིང་ཞེས་སོ། །དེ་ནས་ཀི་ལཾ་ཀ་དང། ལཾ་བི་ཀ་གཉིས་སྲིན་པོས་བཟུང་བས། ཙྪན་དྷོ་ཧ་ཞེས་བཏགས་ལ། །ཀཉྩི་དང། ཧི་མ་ལ་ཡ་གཉིས་སྲིན་པོའི་གཡོག་གིས་བཟུང་བས། ཉེ་
བའི་ཚན་དྷོ་ཧ་ཞེས་སོ། །དེ་ལྟར་གནོད་སྦྱིན་དང་སྲིན་བོས་བཟུང་བས་ས?་སྦྱོད་ཞེས་གྲགས་སོ། །དེ་ནས་བྲེ་ཏ་པུ་རི་དང། གྲི་བ་དེ་བ་གཉིས་ཀླུས་བཟུང་བས་དེ་ལ་འདུ་བ་ཞེས་བཏགས་ལ། སཽ་རཥྚ་དང། སུ་ཝན་གྲི་བ་གཉིས་ཀླུའི་གཡག་གིས་དབང?
བས། ཉེ་བའི་འདུ་བ་ཅན་ཅེས་བྱའོ། །དེ་ནས་རི་རབ་ཀྱི་ཁོང་གསེང་ནས་ལྷ་མ་ཡིན་བྱུང་ནས། ན་གྱར་དང། སིན་དྷུ་གཞིS་བཟུང་བས་དུར་ཁྲོད་ཅེས་ཟེར་ལ། མ་རུ་དང། ཀུ་ལུ་ཏ་གཉིས་ལྷ་མ་ཡིན་གྱིས་གཡོག་གིས་བཟུང་བས་ཉེ་བའི་དུར་ཁྲོད་ཙམ་སོ། །དེ་ལྟར་ཀླུ་རབ
ལྷ་མ་ཡིན་གྱིས་བཟུང་བས་ས་འོག་ཅེས་གྲགས་སོ། །དེ་ལྟར་དེ་རྣམས་ནི་དྲག་པོ་ཉི་ཤུ་རྩ་བཞིར་གྱུར་ནས། ཟས་སུ་ཤ་ཟ། སྐོམ་དུ་ཁྲག་འཐུང་ལ། འགྲོ་འཆག་།ཉལ། འདུག་རྣམས་སུ་སོ་སོ་རང་རེའི་ཆུང་མ་རྣམས་དང་མཁྱུད་ཅིང། གོས་སུ་མི་ལྤགས་ལ་སོགས་པ
ཕྱེན་པ། ལག་ཏུ་དགྲ་སྟ་དང། ཏྲི་ཤུ་ལ་སོགས་པ་ཐོགས་ནས་ནི་རང་ཤུའི་རྒྱན་གྱིས་བརྒྱན་ཏེ། དེ་རྣམས་ཀྱིས་འཛམ་བུའི་གླིང་གི་མི་རྣམས་མ་རུངS་པར་བྱས་སོ། །དུས་དེའི་ཚེ་དྲགས་པ་ཅན་དེ་དག་བགྲོས་པས། ཁོ་བོ་བདག་ལ་དཔོན་ཅིག་དགོས་པས། དེ་རི་རབ་ཀྱི
སྟེངས་ན་མཧཱ་དེ་བ་ཞེས་པ་སྐུ་བཞིའི་བདག་ཉིད་ཕྲིན་ལས་བཞིའི་ངོ་བོ་ཞལ་བཞི་མངའ་བ་སྟེ། དེའང་ཞལ་རེ་རེ་ཞིང་ཡུམ་རེ་རེ་ཡོད་པ། དེ་ལྟར་ཐུན་དང་པོ་ལ། ཤར་ཕྱོགས་སུ་གཽ་རི་དང་སྤྱོད་ལ། ཐུན་གཉིས་པ་ལ་ལྷོར་ཨེ་ཀ་ཛཱ་ཏི་དང་རོལ་ཅིང། ཐུན་གསུམ་པ་ལ
ནུབ་ཏུ་ཀ་ལ་ར་ཏྲི་དང་རོལ་ཅིང། །ཐུན་ཐ་མ་ལ་བྱང་དུ་ཨཽ་མ་དE་བི་དང་མཉམ་པར་གནས་པ་སྟེ། དེ་དག་ནི་ཉེ་བའི་ཡུམ་མོ། །སྦས་པའི་ཡུམ་བཞི་ནི། །སྐྲ་ཅན་མ་དང། ཉེ་བའི་སྐྲ་ཅན་མ་དང། མུན་པ་མ་དང། ཉེ་བའི་མུན་པ་མའོ། །དེ་ལྟ་བུ་དེ་ལ་དཔོན་ཞུས་སོ། །དེ་ལྟར
དཔོན་གཡོག་ཉི་ཤུ་རྩ་ལྔ་པོ་ངེས། །འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་འཚེ་ཞིང་ཕུང་བར་བྱས་སོ། །དེའི་དུས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། །དྲེགས་པ་དབོན་གཡོག་དེ་དག་གིས་འཇིག་རྟེན་གྱི་ཁམས་བརླག་པར་གཟིགས་ནས། དེ་དག
འདུལ་བའི་ཕྱིར་འོག་མིན་ནས་རི་རབ་ཀྱི་རྩེར་བྱོན་ཏེ། རིགས་ལྔའོ་དེ་བཞིན་གཤེགས་བ་རྣམས་ལ། དཔལ་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་པར་སྦྲུལ། འོད་དཔག་མེད་ཀྱི་སྐུ་རུ་མཛད། །རིན་ཆེན་འབྱུང་ལྡན་གྱི་གཙུག་ཏོར་དུ་བརྒྱན། །དོན་ཡོད
གྲུབ་པས་དལ་ཀྱི་ལྷ་ཚོགས་སུ་སྤྲུལ། མི་བསྐྱོད་བས་གོ་ཆའི་ལྷར་མཛད་ནས། །དེའང། སྐུ་བཞི་ལས་ལོངས་སྐུ་དཔལ་རྡོ་རྗེ་འཆང་གི་ངོ་བོ། །ཞལ་གཅིག་ཕྱག་གཉིས་པ། ཡུམ་ཀུན་ཏུ་བཟང་མོ་དང་མཉམ་པར་སྦྱོར་བ། སྐུ་མདོག་དཀར་པོ་གཅིག་ཏུ་སྤྲུལ་ཏེ། དེ་ལས
འབྲས་བུའི་ཧེ་རུ་ཀ་སྐུ་མདོག་ནག་པོ་ཞལ་བཞི་ཕྱོག་བཅུ་གཉིས་པ། ཡུམ་རྡོ་རྗེ་ཕག་མོ་དང་མཁྱུད་པར་སྤྲུལ་ནས། སྐུ་གསུང་ཐུགས་ཀྱི་དཔའ་བོ་ཉི་ཤུ་རྩ་བཞི་དང། དཔའ་མོ་ཉི་ཤུ་རྩ་བཞི་སྤྲུལ་ནས། དེའང་སྐུའི་མཛད་པས་དྲག་པོ་ཉེར་བཞི་བརྟུལ་ཞིང། དབང
མཛད་པ་གསུམ་སྟེ། ལོངས་སྤྱོད་པ་དང། ཐིམ་པ་དང། དབང་དུ་བྱས་པའི། ལོངས་སྤྱད་པ་ནི་གཉིས་པ་ལས། །བཙུན་མོའི་ཚོགས་རྣམས་ཧེ་རུ་ཀས་ཕྲོགས་ཤིང་སྤྱད་པ་ནི། ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་པ་ཡིན་ལ། རུས་པའི་བརྒྱན་ཆ་རྣམས
ཀྱང་རང་ལ་བརྒྱན་པ་ནི་། བརྒྱན་ལ་ལོངས་སྤྱོད་བའོ། །ཐིམ་པ་ལ་ཡང་གཉིས་ཏེ། སྲོག་ཐིམ་ནས་ནི། ཕོ་རྣམས་བསད་ནས་རྣམ་པར་ཤེས་པ་བསྒྱུར་བའོ། །ཡེ་ཤེས་ཐིམ་པ་ནི་མ་ཧཱ་དེ་བ་ཐལ་བའི་དབང་པོར་གྱུར་ལ། དྲག་པོ་ཉེར་བཞི་བསད་ནས
དཔའ་བོ་ཉེར་བཞིའི་ཡེ་ཤེས་དང་བསྲེས་ལ། །མོ་རྣམས་བསད་ཅིང་རྣམ་པར་ཤེས་པ་རྣམས་རྣལ་འབྱོར་མ་རྣམས་དང་གཉིས་སུ་མེད་པར་བྱས་པའོ། །འཇིཌ་བྱེད་ཉེར་བཞི་ནི་དཔའ་ཨོ་ཉེར་བཞིའི་གདན་དུ་བྱ་བའོ། །ངག་དབང་དུ་བྱ་བ་ནི། དེ་དག་གི་ངག་རེངས
བར་བྱས་ལ། ཡིད་དབང་དུ་བྱས་པ་ནི་ཐམས་ཅད་ཀྱི་ཡིད་རྒྱལ་དུ་བཅུག་པའོ། །དེ་ལྟར་ཕོ་རྣམས་ནི་ཞེ་སྡང་གི་ཚུལ་གྱིས་བརྟུལ་ཞིང། མོ་རྣམས་ནི་ཆགས་པའི་ཚུལ་གྱིས་བརྟུལ་ལོ། །དེ་དག་གི་ཕྱོགས་སུ་རྟོགས་པའི་མི་འམ་ཅི་ཕོ་འདུལ་བའི་དོན་དུ་སྒོ
མ་བཞི་ལ། མི་འམ་ཅི་མོ་འདུལ་བ་ནི། །འཚམས་མ་བཞིར་སྣང་བའོ། །དེ་ལྟར་འདུལ་བྱ་རྣམས་བརྟུལ་ནས། གནས་ཉི་ཤུ་རྩ་བཞིར་དཔའ་བོ་ཉེར་བཞི་དང། དཔའ་མོ་ཉེར་བཞི་རྣམས་སྤྲུལ་པ་མ་རྟོགས་པར་ད་ལྟན
བཞུགས་སོ། །དེ་ནས་རི་རབ་ཀྱི་རྩེར་བྱོན་ནས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། ཐོག་མར་རྒྱུད་ལེའུ་འབུམ་པ་གསུངས་སོ། །དེ་མངས་པར་གཟིགས་ནས། ཡང་མཆོད་པ་ཕུལ་ནས་ཞུས་པས། ཁ?་བ་མ་ཡ་ཅེས་པ
ཤོ་ལོ་ཀ་འབུམ་པ་གསུངས་སོ། །དེ་ནས་ཡང་ནང་གི་མཆོད་པ་དང། བསྟོད་པ་ཕུལ་ནས་ཞུས་པ། །མཁའ་འགྲོ་མ་དྲ་བ་སྡོམ་པ་རྒྱ་མཚོའི་རྒྱུད་ཚིག་རྐང་པ་འབུཾ་པ་གསུངས་སོ། །དེ་ནས་ཡང་མཆོད་པ་སྣ་ཚོགས་ཕུལ་ནས་ཞུས་པས། ལེའུ་ལྔ་བཅུ?
རྩ་གཅིག་པ་ཡི་གེ་འབུམ་པ་གསུངས་སོ། །དེ་ནས་བཤད་པའི་རྒྱུད་རྣམས་གསུངས་སོ། །དཔལ་བདེ་མཆོག་གི་བྱུང་ཚུལ།། ཨཐིིའཛམ་བུའི་གླིང་གི་རིམ་ལ་ཡའོ། །དེའི་སྐེད་པ་ན་འཆར་བ་ཅན་ཞེས་པ་འམ། དྲི་ཆེན་པོ་ཅན་ཞེས་བྱ་བར་ཡང་འགྲོ་སྟེ། །དེ་ཙན་དན་གྱི་དྲི་དང་ལྡང་བའི་རི་བོ། །དེ་ཡང་ནང་ལུས་ཀྱི་དལ་ལྟར་ན། །མགོ་བོའི་རྐེད་ནས་མིག་འཆར་བ་ཡིན་ཞིང། ཇི
ལྟར་ཙན་དན་གྱི་ཐར་ཆུ་ལ་ག་བུར་གྱི་དྲི་མ་ནམ་པ་ལྟར། ལུས་ཀྱི་གནས་དེ་ཉིད་ན་བྱང་སེམས་ཀྱིས་དྲི་བཞི་མཉམ་ལྟ་བཱུང་གནས་པའོ། །ཛ་ལན་དྷ་ར་ཞེས་འདར་བ་འཛིན་པ་སྟེ། ཕྱི་ལྟར་ཐོ་ལིང་གི་གཙང་པ་ཤ་པ་རུ་པ་བྱ་བ་དང། གར་བཞིའི
གཙང་པོ་ཕྱིར་བ་ཤ་ཞེས་པ་དང། ཤི་ཀའི་གཙང་པོ་མེ་ར་བ་ཤེས་པ་དང་གསུམ་གདོམ་པའི་མདོ་ན་གྲོང་ཁྱེར་ཆེན་པོ་གཅིག་ཡོད་དེ། དེ་ལས་རྒྱད་གྲགས་གཅིག་གི་ཕ་རོལ་ན་སྔོན་གྱི་བསྒྲུབ་གནས་བྲག་ཕུག་བརྒྱད་ཅུ། ཆུ་མིག་བརྒྱད་ཅུ།
ཤིང་དྲུང་བརྒྱད་ཅུ་ཡོད་ལ། དེའི་ཐད་ཀའི་བྲག་གི་དབུས་ན་ཆུ་འབབ་པའི་སྟེགས་ལ། མུ་སྟེགS་བ་དང་ཡུལ་ཤི་ཀ་བ་ཁྲུས་བྱེད་པ་སྟེ། ཡུལ་དེ་ལ་འབར་བ་འཛིན་པ་ཅེས་པར་གྲགས་སོ། །ནང་ལྟར་ན་སྤྱི་གཙུག་ཚངས་ཕུག་ཀྱང་དྲོད་རྣམས་རྒྱུ་ཞིང་?་པའོ། །
ཽ་རྒྱན་ཞེས་ཐོད་པ་འཛིན་བ་སྟེ། ནུབ་ཕྱོགས་མཁའ་འགྲོ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས་ཏེ། སའི་དབྱིབས་ཆོས་འབྱུང་ལྟར་གནས་ཞིང། དེ་ན་གནས་པའི་མི་རྣམས་ཀྱང་ཤེས་རབ་ཆེ་བའོ། །ནང་ལྟར་ན་རྣ་བ་གཡས་པ་སྟེ། དེས་ཐོས་པ
འཛིན་པའོ། །རྦུ་ཏ་ནི་རྡོ་འཇོག་ཅེས་བྱ་སྟེ། གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བ་ནི། རི་དབུས་མཐོལ་མཛའ་གཞོལ་བ། འབྲང་རྒྱས་ལྟ་བུ་ལ་ནགས་ཚལ་འཐུག་པོ་ཡོད་བ། ཕྱུགས་རྫི་ལ་སོགས་པའི་མི་མང་པོ་རྒྱུ་ཞིང་ཉམས་དགའ་པའི་གནས་ས།།
དེ་ལ་རྡོ་རྗེ་བརྩེགས་པ་ཅན་ཞེས་གྲགས་སོ། །ནང་ལྟར་ན་ལྟག་པའང་རྒལ་ཚིགས་ཀྱི་སྟེང་ན་རྡོ་བརྩེགས་པ་ལྟར་གནས་པའོ། །དེ་དག་ཏུ་མཁའ་འགྲོ་མ་རྣམས་རྒྱུན་ཏུ་ཚོགས་པའི་གནས་ཡིན་པས་ན། གནས་ཞེས་བྱའོ། །ནང་ལྟར་ན་བདེ་སྟོང་ཉམས
ཀྱིས་བརྟེན་བྱང་སེམས་རྒྱུན་དུ་གནས་པ་ནའོ། །གོ་ཏ་ཝ་རི་ཞེས་ཐོས་འཛིན་གྱི་ཁྱད་པར་རོ། །དེའང་བའི་མཆོག་སྦྱིན་ཅེས་པ་སྟེ། བལ་བོ་ཅིག་གི་བ་ཅིག་ཡོད་ལ་།དེ་རི་ལ་བཏང་བས་ནུམ་སྟོང་པར་བྱུང་སྟེ་བལྟས་པས་ས་སྐྱོངས་ཅིག་ན་འཁོར?
ཡུལ་ཅིག་འོ་མས་གསང་གནས་གནང་སྟེ། དེ་བརྐོས་པས་རྡོ་ལས་གྲུབ་པའི་མ་ཧཱ་དེ་བའི་ལིང་ཁ་ཅིག་བྱུང་སྟེ། དེའི་ཤར་ཕྱོགས་ན་ཆུ་འབབ་ལ། །དེའང་བརྒལ་བ་ན་འདིགས་བྱེད་ཅེས་བྱ་བའི་རི། །ནགས་ཚལ་དང་མེ་ཏོག་ཏུ་ལྡན་པ་ཉམས་དགའ་
བའི་ས་ཕྱོགས་ཅིག་ན། བའི་མཆོག་སྦྱིན་བྱས་པའི་མཚམས་སུ་བརྐོས་པས་རྔོ་ནག་པོ་ཟོ་ཟོ་བ་གཅིག་ལ་ཆོས་འབྱུང་གི་རྣམ་པ་བྱང་སེམས་ཀྱིས་གང་བ་ཅིག་སྣང་སྟེ། དེ་ལྟ་བུའི་གནས་སོ། །ནང་ལྟར་ན་མཆོག་སྦྱིན་ལྟར་རྣ་བ་ནས་ཀྱང་རྣ་ལྤགས་འཛག
པས་རྣ་པ་གཡོན་པའོ། །རམ་ཤྭ་ར་ཞེས་པ་ནི། དགའ་བའི་ནགS་ཚལ་ཞེས་པ་སྟེ། དེའང་རྡོ་རྗེ་གདན་གྱི་ཤར་ཕྱོགS། རྒྱལ་པོ་དགའ་བྱེད་དབང་ཕྱུག་གི་གྲོང་ན་སྔོན་གྱི་བསྒྲུབ་གནས་བྲག་རྟའི་རྡོག་མ་འདྲ་བ་ཅིག་ཡོད་ལ། དེ་ལ་ནགས་ཀྱི
འཚམས་ཞེས་གྲགས་སོ། །ནང་ལྟར་ན་སྨིན་མ་འཚམས་དང་ཆོས་འཐུན་པའོ། །དེ་བ་ཀོ་ཊ་ཞེས་ལྷ་མོའི་མཁར་ཏེ། ཤར་ཕྱོགས་བྷ་རེ་ན་ཏྲའི་གྲོང་ཁྱེར་པཉྩ་པ་ཏ་ན་རྒྱང་གྲགས་བཞིའི་ཕ་རོལ་ན། རྒྱལ་པོ་དེ་སོ་པ་ལའི་ལྷ་ཁང་ན་ལྷ་བརྟེན་མིག་ལྟ་བུ་གཉིས་ཡོད
ལ། དེ་ལ་ལྷ་མོ་མཁར་ཞེས་ཨཽ་མ་དེ་བའི་བརྟེན་དེ་ལ་གཞན་གྱིས་གཟུགས་བརྙན་འཆར་རོ། །ནང་ལྟར་ན་མིག་གཉིས་ལ་གཞན་གྱིས་གཟུགས་བརྙན་འཆར་རོ། །མ་ལ་ཝེ་ཞེས་ཕྲེང་བ་འཛིན་པ་སྟེ། ཡུལ་དེ་ན་བསྒྲུབ་གནS་གཡས་གཡོན་དམའ་ཞིང
དབུས་མཐོ་བ་ཕྲེང་བ་ལྟ་བུ་ཅིག་ཡོད་དེ། དེ་ན་རྡོའི་ཆོས་འབྱུང་བསྒྲུབ་པ་པོས་རེས་མཐོང་རེས་མི་མཐོང་བ་ཅིག་ཡོད་ལ། དེ་ལ་ཕྲེང་བ་འཛིན་པ་ཞེས་གྲགས་སོ། །ནང་ལྟར་ན། ལག་སོར་ཕྲེང་བ་ལྟ་བུ་དཔུངས་ལ་བརྟེན་བའོ། །དེ་དག་ལ་ཉེ་བའི་གནས
ཞེས་པ་ནི། མཁའ་འགྲོ་སོགས་རེ་འགའ་ཙམ་གནས་ཤིང་རྒྱུན་ཏུ་མི་གནས་པའོ། །ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་རྒྱུ་བའི་གདུལ་བྱ་རྗེས་སུ་འཛིན་པས་མཁའ་ལ་སྤྱོད་པའོ། །ཀ་མ་རུ་པར་ནི་དྲོད་ལྡན་ཞེས་པ་སྟེ། ཤར་ཕྱོགས་ན་ལྟ་བརྟེན་འཆན
ཁུང་ལྟ་བུ་ཅིག་ན་རྡོའི་ཆོས་འབྱུང་ལས་དག་པས་མཐོང་བ་ཅིག་ཡོད་ལ། མིང་ནི་འདོད་གཟུགས་ཅེས་སོ། །ནང་ལྟར་ན་འཆན་ཁུང་ཡང་རྔོབས?་སོ། །ོ་ཌེ་ནི། བསོ་བྱེད་དེ། ལྷོ་ཕྱོགས་ཀྱི་རྒྱལ་པོ་ཤིང་རྟ་བཅུ་པའི་གནས་ན། བསྒྲུབ་གནས་ན། ལྷ་བརྟེན་རོའི
ལིང་ཁ་ནུ་མ་ལྟ་བུ་ཅིག་ཡོད་པས། དེ་ལ་བསོ་བྱེད་ཅེས་གྲགས་ཤིང། ཡུལ་དེ་ཡོ་བྱད་ཤིན་ཏུ་མང་ངོ། །ནང་ལྟར་ན་ནུ་མས་ཀྱང་གཞན་བསོ་ཞིང་མི་མཛད་པའོ། །ཞིང་ཞེས་དཔའ་བོ་དང་རྣལ་འབྱོར་མ་རྒྱུན་ཏུ་འཚོགས་པའོ། །ཏྲི་ཤ་ཀུ་ཎ་ཞེས་གསུམ་འདུས་ཅེས
པ་སྟེ། ཏུ་རུ་ཀའི་ཡུལ་ན་ཆུ་བོ་གང་གཱ་དང། པཀྵུ་དང་།སིན་དྷུ་གསུམ་འདུས་པའི་ས་ན་རྡོའི་ཆོས་འབྱུང་ལྟ་བུ་ཅིག་ཡོད་ལ། དེ་ལ་བྱ་དད་པ་དང། ཀྲུང་ཁྲུང་དང། ས་ར་ས་དང། བཞད་པ་དང། ནེ་ཅོ་ལ་སོགས་པ་མང་པོ་སྐད་སྙན་པ་སྒྲོགས་ཅིང་ཉམས་དགའ་བ་ཅིག་ཡོད་ལ། མིང་ནི་གསུམ
འདུས་ཅེས་གྲགས་སོ། །ནང་ལྟར་ན། ལྟེ་བར་རྩ་གསུམ་འདུས་པས་སོ། །ཀཽ་ས་ལ་ནི་ནུབ་ཕྱོགས་རྒྱལ་པོས་ས་རྒྱལ་གྱིས་རྒྱལ་ཁམས་ནས་རྒྱང་གྲགས་ཅིག་ན་བསྒྲུབ་གནས་ན་སྣ་ལྟ་བུའི་ལིང་ཁ་གཅིག་ཡོད་དེ། དེ་ལ་མི་རྒྱུད་བྱེད་ཅེས་སོ། །ནང་ལྟར་ན་སྣ་རྩེར་སེམས་རྒྱུད
པའོ། །རེས་འགའ་འཚོགས་པས་ཉེ་བའི་ཞིང་ངོ། །ཀ་ལིང་ཀ་ནི་ཟད་བྱེད་ཅེས་ཏེ། རྡོ་རྗེ་གདན་ནས་དཔག་ཚད་བཅུ་གཉིས་ཀྱི་ཕ་རོལ་ན་ཡུལ་གླང་པོས་འཛིན་ཅེས་བྱ་བ་ནི། ཁ་ལྟ་བུའི་བསྒྲུབ་གནས་སྤང་དང་ནགས་ཀྱི་མཚམས་ལེགས་པོ་ཅིག་ཡོད་ལ། དེ་ནི་ཟད
བྱེད་ཅེས་སོ། །ཡུལ་དེར་ཡི་དགས་མང་བས་རོ་བསྐྱལ་བ་ཙམ་གྱིས་མེད་པར་བྱེད་དོ། །ནང་ལྟར་ན་ཁས་ཀྱང་ཟས་མྱུར་དུ་མེད་པར་བྱེད་པས་ནའོ། །ལཾ་པ་ཀ་ནི། འཕྱང་བ་ཅན་ཞེས་ཏེ། གར་ལོག་གི་རྒྱབ་ན་བསྒྲུབ་གནས་བྲག་དང་ཆུ་འཐབ་བ་སྟེ། དེ་ན་རྡོའི
ལིང་ཁ་སྐྱེ་མགྲིན་ལྟ་བུ་ཅིག་ཡོད་དོ། །དིང་སང་འཇིག་རྟེན་གྱི་མཁའ་འགྲོས་བཟུང་བས་མི་མ་ཡིན་གནས་སོ། །དེར་བྲག་ཅིག་འཕྱང་བ་ལྟར་འདུག། འཕྱང་བ་ཅན་ཞེས་བྱའོ། །ནང་ལྟར་ན་མགྲིན་པའི་ལྐོག་ན་གློ་སྙིང་འཕྱང་བའོ། །ཙཚན་དྷོ་ཧ་ནི་ཕན་འདོགས་དང
ཚར་གཅོད་ལ་འདུན་པས་ནའོ། །ནང་ལུས་ཀྱི་འང་དེ་དག་ནས་བྱང་སེམས་ཀྱི་ཚར་གཅོད་དང་ཕན་འདོགས་བྱེད་པའོ། །ཀཉྩི་ནི་གསལ་ལ་འཛིན་པ་སྟེ། །ཏུ་རུ་ཀའི་ཡུལ་ནས་དཔག་ཚད་བཅུ་གཉིས་པའི་གྲོང་ཁྱེར་ཆེན་པོ་ཅིག་ཡོད་ལ། དེའི་དབུས་སུ་རྡོའི་ལིང་ཁ་སྙིང
ལྟ་བུ་ཅིག་ཡོད་དེ། མིང་གསལ་བ་འཛིན་ཅེས་སོ། །གནས་དེར་གནས་པ་རྣམས་ཤེས་རབ་གསལ་སྐད། ནང་ལྟར་ན་སྙིང་ཡང་དོན་གསལ་བའོ། །ཧི་མ་ལ་ཡ་ཞེས་ཁ་བ་ཅན་ནོ། །དེ་ནི་གངས་ཏེ་སེ་ཏེ། རྡོ་མཚན་མ་མི་ཙམ་ལ་ཆུ་འབབ་པའོ། །དེར་ཁ་བ་འབབ་པས་ན་ཁ་བ
ཅན་ཞེས་སོ། །ནང་ལྟར་ན། འདོམས་ཏེ། དེར་ཀྱང་དྲི་ཆུ་འབབ་པས་ནའོ། །ཉེ་བའི་མཚན་དྷོ་ཧ་ནི། རེས་འགའ་ཚར་གཅོད་རྗེས་བཟུང་བྱེད་པས་ནའོ། །ནང་དཱུང། དེ་དང་མཚུངས་པའོ། །གསུང་གི་འཁོར་ལོས་མི་ལ་སོགས་པའི་ས་ལ
གནས་པའི་རྣམས་རྗེས་སུ་འཛིན་པས་ན། །ས་ལ་སྤྱོད་པའོ། །བྲེ་ཏ་བུ་རིན་ཡི་དགS་གྲོང་དམ་འདོད་པ་ཅན་ནོ། །དེ་རྒྱ་བོད་ཀྱི་མཚམས་ན། བསྒྲུབ་གནས་དམ་གྲོག་དང། གཅོད་རོང་དང། འབར་འབུར་གྱིས་དབུས་ན། རྡོའི་ལིང་ཁ་མཚན་མ་ལྟ་བུ་ཅིག་ཡོད་དེ། དེ
ཡི་དགས་ཀྱི་གནས་བྱ་བ་ཅིག་ཡིན་ལ། །དེར་གནས་པ་རྣམས་ཟས་སྐོམ་གྱིས་གདུངས་པའོ། །ནང་དོན་མཚན་མ་སྟེ། འདོད་ཆགས་ཀྱིས་བརྡུངས་པའོ། །གྷྲི་ཧ་དེ་བ་ཏེ། ཞེས་ལྷའི་ཁྱིམ་ཅན་ཅེས་སོ། །ལི་ཡུལ་གྱི་ལྕང་ར་རྨུག་པོ་ན་།བསྒྲུབ་གནས་རྡོའི
ལིང་ཁ་དཔལ་བཤོས་ལྟ་བུས་མཚན་པ་ཅིག་ཡོད་ལ། དེ་ལྷའི་ཁྱིམ་ཞེས་གྲགས་སོ། །ནང་ལྟར་ན། བཤད་ལམ་ཡང་རྣམ་སྣང་གི་གནས་ཡིན་པས་དེ་སྐད་ཅེས་བྱའོ། །འདུ་བ་ཅན་ཞེས་དཔའ་བོ་དང་རྣལ་འབྱོར་མགུན་ག་ན་ཙཀྲ་ལ་རྒྱུན་ཏུ་འདུ་བས་ནེའོ།?
སཽ་དཥྚ་ཞེས་པ་འཁྲད་བྱེད་མ་སྟེ། ཏུ་ཏུ་ཀའི་ཡུལ་ན་གྲོང་ཁྱེར་བུ་མུ་བྱ་བ་ཅིག་ཡོད། ཁ་ཅིག་ནི་བ་ར་ཎ་སེ་ཡིན་པར་འདོད། །བསྒྲུབ་གནས་དེ་ན་བརླ་ལྟ་བུའི་ལིང་ཁ་ཅིག་ཡོད་ལ། མིང་ནི་བཟང་པོ་འམ་འཁྲད་བྱེད་ཅེས་བྱ་སྟེ་ཡུལ་དེའི་ས་དང་བྲག་འཁྲང་ཞིང
བཟང་བས་ནའོ། །ནང་ལྟར་ན་རྐེད་པའང་འཁྲང་ཞིང་བརྟན?་པར་བྱེད་པས་ན་བརླའི་རྩའོ། །སུ་བརྞ་དཱི་ཝ་ཞེས་གསེར་གྱི་གླིང་ངོ། །དེ་ནི་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱ་མཚོའི་རོལ་གསེར་གྱི་གླིང་ཞེས་ཏེ། ཁ་ཅིག་ནི། རྒྱལ་པོ་དཔལ་ལྡན་གཙུག་གི་ནོར་བུའི་ཡུལ་རྒྱ
ནར་སྟོང་ཀུན་ཡིན་པས་དེ་དང་ཉེ་བ་ན་བསྒྲུབ་གནས་ཀྱི་ལིང་ཁ་བྱིན་པ་ལྟ་བུ་ཅིག་ཡོད་དེ་དེ་ན་རང་མང?་ཞིང་འཕེལ་བའོ། །ནང་ལྟར་ན་བྱིན་པས་ཀྱང་ལུས་ཀྱི་ཚལ་བསྐྱེད་བའོ། །ཉེ་བའི་འདུ་བ་ཅན་ནི་ཚོགས་ལ་རེས་འགའ་ཙམ་འདུ་བའོ། །ན་ག་ར་ཞེས་མགོ
བརྒྱན་ཅེས་སོ། །དེ་ན་སྲིན་ཡུལ་ལང་ཀ་པུ་ར་སྟེ། བསྒྲུབ་གནས་མཚོའི་དོ་ཅིག་ལ་རྡོའི་ལིང་ག་རྐང་སོར་ལྟ་བུ་ཅིག་ཡོད་དོ། །ཁ་ཅིག་ནི། ཁ་ཆེ་དང་རྒྱ་གར་ནུབ་བྱང་མཚམས་ན་གླིང་ཅིག་ཡོད་པས་དེ་ཡུལ་པུ་ར་བྱ་བ་ཡིན་ཟེར་རོ། །མིང་ནི་ཀླུའི་མགོ་བརྒྱན?
ཞེས་སོ། །ནང་ལྟར་ན་རྐང་སེར་རྣམས་ཀྱང་སྤྲུལ་མགོ་ལྟར་རྐང་མགོས་བརྒྱན་པའོ། །སྲིན་དྷུ་ཞེས་བརླག་བྱེད་དེ། ཛཱ་ལན་དྷ་ར་དང། ཏུ་རུ་ཀའི་བར་ན་ཡོད་དེ། དེའང་ཛཱ་ལན་དྷ་ར་ཉེ་བ་ན་ཆུ་བོ་སིན་དྷུའི་འགྲམ་ན་བསྒྲུབ་གནས་རྡོའི་ལིང་ག་རྐང་བོ་ལ་ལྟ་བུ
ཅིག་ཡོད་དེ་མིང་ནི་བརླག་བྱེད་ཅེས། ནང་ལྟར་ན་རྐང་པའི་བོལ་དུ་བྱང་སེམས་བརླག་པར་འགྱུར་བས་ནའོ། །དུར་ཁྲོད་ནི། དཔའ་བོ་དང་རྣལ་འབྱོར་མས་མ་རུང་པ་ཚར་གཅོད་པའི་འཕྲིན་ལས་མཛད་པས་ནའོ། །མ་རུ་ཞེས
ཆུ་མི་འབབ་བ་སྟེ། ཛཱ་ལན་དྷ་རའི་བྱང་ཕྱོགས་ན། བྲག་ཕུག་བསྒྲུབ་པ་བོ་བརྒྱ་རྩ་བརྒྱད་ཤོང་བ་ཅིག་ཡོད་ལ། དེ་ན་རྡོའི་ལིང་ག་རྐང་འཐེབ་ལྟ་བུ་ཅིག་ཡོད་དེ། གནས་དེར་མས་ཡར་ནི་མི་ཐར་ལ། ཡས་མར་སྤྱད་ཐག་འདོམ་བཅུ་གཉིས་ཅེས་གྱིས་སླེབ་པ
ལ་འདོམ་དོ་ཙམ་ཆད་ནས་བསྒྲུབ་པ་པོ་གཏོང་བའོ། །དེ་ལ་མིང་ནི་དྲོད་མེད་དམ་།ནུས་ཆུ་ཞེས་བྱའོ། །ནང་ལྟར་ན་རྐང་འཐེབ་ཀྱང་དྲོད་ཆུང་ཞིང། བྱང་སེམས་ཀྱི་ནུས་པ་ཞན་པས་ནའོ། །ཀུ་ལུ་ཏ་ཞེས་འབྱར་བ་ཅན་ཏེ། དེ་ནི་གར་ཞའི་ཡུལ་གྱིས་རྒྱབ་ཉུང་ཏི
བྱ་བའི་ཡུལ་གྱི་ཕུག་ན། བསྒྲུབ་གནས་སུ་ལིང་ག། པུས་མོ་ལྟ་བུ་མཚན་པ་གཅིག་ཡོད་དེ། ཐུར་དུ་བརྐོས་པས་ཆོས་འབྱུང་ཅིག་ཀྱང་ཡོད་སྐད། དེའི་མིང་ནི་འབྱར་བ་ཅན་ཞེས་བྱ་སྟེ། ཡུལ་དེའི་རི་བྲག་རྣམས་ཅིག་ལ་ཅིག་མཉེས་ཤིང་འབྱར་བའི་ཚུལ
དུ་ཡོད་པའོ། །ནང་ལྟར་ན། །རྐང་པའི་པུས་མོ་གཉིས་ཀྱི་ལྷ་ང་འབྱར་བ་འམ། བརླ་དང་བྱིན་པ་འབྱོར་བའི་རྩེ་ན་པུས་མོ་ཡོད་པས་ན་དེ་སྐད་ཅེས་བྱའོ། །ཉེ་བའི་དུར་ཁྲོད་ཅེས་ཚར་གཅོད་ཀྱི་ལས་རེས་འགའ་བྱེད་ཅིང། གཙོ་བོར་བྱེད་པ་མ་ཡིན་པས
ནའོ། །སྐུའི་འཁོར་ལོས་ངན་སོང་ལ་སོགས་པའི་ས་འོག་གི་འགྲོ་བ་རྣམས་འདུལ་བས་ན་།ས་འོག་སྤྱོད་ཅེས་གྲགས་སོ། །དཔལ་འཁོར་ལོ་བདེ་མཆོག་གི་རྣམ་པར་འཕྲུལ་པ་དང། ཡུལ་ཉི་ཤུ་རྩ་བཞིའི་རྒྱུ་མཚན་བསྟན་པ།
ན་རོ་པཎ་ཆེན་གྱིས་ཞལ་མངའ་ནས་གསུངས་པ། མར་པས་བསྒྱུར་བའོ།། ཨཐིིཽ་རྒྱན་མཁའ་འགྲོ་སྐུ་གསུམ་བདག་།
CLOSE WINDOW