CLOSE WINDOW

N3412: དཔལ་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ་།ཤྲི་གྷུ་ཡ་རད་མ་ཙིན་དྷ་མ་ནི་ན་མ:བོད་སྐད་དུ། །དཔལ་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུ་ཞེས་བྱ་བ། དཔལ་འཁོར་ལོ་བསྡོམ་པ ལ་ཕྱག་འཚལ་ལོ། །མཁའ་མཉམ་སྤྲིན་དཔུངས་འཇམ་ཚོན་འབྲུག་སྒྲ་སྒྲོགS་འཚངས་དང། ཉི་ཟླ་རིན་ཆེན་དྲ་བར་ཆར་རྒྱུན་གློག་རྒྱུ་བ། །རྒྱ་མཚོ་ལས་ནི་ཡིད་བཞིན་ནོར་བུ་འོ་མའི་མཚོ། །འཁོར་ལོ་བསྲུབ་དང་བསྲུབ་པའི་སྦྱོར་པས་གནས འདིར་རྒྱལ། །རྡོ་རྗེའི་སྐུ་ལ་ངེས་གནས་པའི། །དེ་ལ་འཁོར་ལོའི་མཆོག་གྱུར་པ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རང་བྱུང་འདི་ནི་ཧེ་རུ་ཀའོ། །དང་པོ་རི་ཤིག་སྐྱེ་བོས་བླ་མ་བརྒྱུད་པའི་རིམ་པ་ལས། །དལ་དུ་དབང་དང་དམ་ཚིག་པའི རྣལ་འབྱོར་གྱིས་སེམས་ཅན་ཐམས་ཅད་མངོན་དུ་བྱས་ཏེ། བྱང་ཆུབ་ཀྱི་སེམས་ཚད་མེད་པ་བཞི་བསྒོམ་པར་བྱའོ། །ཧཱུཾ་ཡིག་ནག་པོ་ལས་འོད་ཟེར་གྱིས་ཚོགས་དཔག་ཏུ་མེད་པ་འཕྲོས་པས་རྡོ་རྗེའི་ཚོགས་སུ་གྱུར་པ་དང། དེ་དག་ལས་འོད འཕྲོས་པས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པར་གྱུར་ནས། ལུགས་དང་ལུགས་ལས་བཟློག་པའི་རིམ་པས་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཧྲིམེ་འོང་འབར་བའི་ཚོགས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་པར་བལྟའོ། །དེ་ནས་རང་གི་ས་བོན་གྱིས་འོད་ཀྱིས། བླ་མ་དང་དལ་གྱི་འཁོར་ལོའི་ལྷ་ཚོགས། ནམ་མཁའ་ལ་བལྟས་པས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ བཟོད་པར་གསོལ་ཏེ། སྐད་ཅིག་ལས་མི་སྣང་བར་གྱུར་ཏེ། ཕྱི་ནང་བདག་དང་བཅས་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་བལྟའོ། །དེའི་རྗེས་ལ་རྟེན་དང་བརྟེན་པ་མཉམ་པར་རང་བཞིན་གྱིས་གྲུབ་པའི་དལ་འཁོར་དུར་ཁྲོད་དང བཅས་པ་འབྱུང་བ་སྟེ། མཁའ་མཉམ་མཉམ་པ་ལས་གྱུར་ཞིང། །ནམ་མཁའ་ཨི་མཁའ་ལ་ལོངས་སྤྱོད་ཅིང། །ཧེ་རུ་ཀ་དཔལ་དལ་མཆོག་།བྷ་གའི་དབུས་སུ་བསྒོམ་པར་བྱ། །སྣ་ཚོགས་པདྨ་མི་བཤིགས་ཏེ། །གེ་སར་གསང་བའི་སྤྱོད་ཡུལ ལས། ཨ་ལི་ཀ་ལིའི་འབྱོར་དབུས་ཧཱུཾ། །འོད་ཟེར་འཕྲོས་པས་ཡོངས་སུ་གྱུར་པས། །ཧི་ཧེ་རུ་ཀ་ཁྲག་འཐུང་དཔལ། །སྐད་ཅིག་གིས་ནི་སྐུ་རྫོགས་པ། ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་པ། །དུས་མཚན་དང་ནི་འཇིགས་བྱེད་དག་།གཡས བརྒྱད་ཞབས་ཀྱིས་མནན་མཛད་པ། །བདེ་དུར་ནམ་མཁའ་ཨི་རང་བཞིན་ཅན། །རྡོ་རྗེ་དྲིལ་བུ་འཛིན་པ་མཆོག། སྣ་ཚོགས་རྡོ་རྗེ་ཕྱག་རྒྱ་དྲུག་།ཟླ་ཚེས་རྡོ་རྗེ་མགོ་འཕྲེང་དག་གིས་བརྒྱན། །སྒེག་སྭོ་ཉཾས་ཀྱི་རོ་ལྡན་པས། །སྟག་ལྤགས་དང་གྱིས ཅོད་པན་ཅན། །ཡིད་བཞིན་ནོར་བུ་སྤྱི་བོར་འཛིན། །རྡོ་རྗེ་ཕག་མོ་སྐུ་ལ་འཁྲིལ། །འཛ་བ་སིན་དྷུ་ར་མདོག་མཚུངས། །ཐོད་པ་རྡོ་རྗེ་བསྡིགS་འཛུབ་མནན། །གཅེར་པུ་བཅུ་དྲུག་མཆོད་ལྡན། །རུས་པའི་འཁོར་ལོ་མགོ་ཕྲེང་དང། །ཅོད་པན་དུམ་བུའི་རྒྱན? གྱིས་བརྒྱན། །སྐྲ་གྲོལ་བ་ནི་སྤྱན་གསུམ་པ། །བདེ་ཆེན་ཐུགས་རྗེའི་བདག་ཉིད་དེ། །ཆུ་སྐྱེས་ཤར་གྱིས་པང་འདབ་ལས། །ཧེ་རུ་ཀ་ནི་སྐུ་མདོག་དཀར། །མཁའ་འགྲོ་མ་དང་གཉིས་སུ་མེད། །འཁོར་ལོ་དྲིལ་བུ་ལེགས་བསྣམས་པའོ། །ཧེ་རུ ཀ་ནི་སྐུ་མདོག་ལྗང། །ལ་མ་དང་ནི་གཉིས་སུ་མེད། །བྱང་ཕྱོགས་པད་འདབ་ལ་གནས་པ། །རྒྱ་གྲམ་དྲིལ་བུ་བསྣམས་པའོ། །ནུབ་ཕྱོགས་པ་ཡི་མདབ་མ་ལ། །ཧེ་རུ་ཀ་དཔལ་ར་གའི་མདོག་།བུང་སྐྱེས་མ་དང་གཉིས་སུ་མེད། །པདྨ་དྲིལ་བུ འཛིན་པའོ། །ལྷོ་ཕྱོགས་པདྨའི་འདབ་སྟེངས་སུ། །ཧེ་རུ་ཀ་དཔལ་གསེར་མདོག་ཅན། །གཟུགས་ཅན་མ་ཡིས་སྐུ་ལ་མཁྱུད། །རིན་ཆེན་པད་སྣོད་བསྣམས་པའོ། །དེ་དག་ཀུན་ཀྱང་ཞལ་གཅིག་པས། །ཕྱག་གཉིས་པ་དང་སྤྱན་གསུམ་པ། །དར་གྱི་ཅོད་པན་ཅན། འཇིགS བྱེད་དུས་མཚན་ཞབས་ཀྱིས་མནན་པ། ཕྱག་རྒྱ་དྲུག་གིས་སྤྲས་པ་།བདེ་བ་ཆེན་པོའི་བདག་ཉིད་དོ། །འཚམས་ཀྱི་པད་འདབ་ལ་བྱང་ཆུབ་སེམས་ཀྱི་སྣོད་ཀ་པ་ལ། །བདུད་རྩིས་རབ་ཏུ་གང་བ་བཞིའོ། །རང་བྱིན་གྱིས་བརླབS་པའི་རིམ་པ་སྟེ། ལུས་ཀྱི་དལ་མཆོག གྱུར་པས། །གནས་ཀྱི་རིམ་པ་རབ་སྦྱོར་ནས། །ལྷན་སྐྱེས་ཡེ་ཤེས་བདག་ཉིད་དེ། །སྦུགས་ཁ་སུམ་མདོ་ལྟེ་སྙིང་ཁ། །རླུང་མེ་ས་ཆུ་རིམ་པ་བཞིན། །རྒལ་ཚིགས་རི་རྒྱལ་ལྷུན་པོ་སྟེ། །ཆུ་ཤིང་མེ་ཏོག་ལྟ་བུ་ཡིས། །སྙིང་ཁའི་པདྨ་འདབ་བརྒྱད་ལ། །གེ་གསར་ལྟེ བར་བཅས་པ་སྟེ། །ཉི་ཟླ་ལས་དང་ཤེས་རབ་བཅས། །ལུགས་དང་ལུགས་མིན་ས་བོན་དབུལ། །བཅོམ་ལྡན་ཁྲག་འཐུང་ལྡན་པའོ། །ཞལ་བཞི་པ་ལ་ཕྱག་བཅུ་གཉིས། །གསུམ་གསུམ་སྤྱན་ལྔ་འགྱུར་བའི་ཞལ། །ནམ་མཁའ་ཨི་མདོག་མཚུངས་འོད འཕྲོ་བ། །དུས་མཚན་དམར་བ་གཡས་བརྐྱང་བས། །གཡོན་ཞབས་འཇིགས་བྱེད་ནག་པོ་མནན། །རྩ་བའི་ཞལ་ནི་སྐུ་དང་མཚུངས། །གཡས་ཞལ་གསེར་གྱི་མདོག་དང་མཚུངས། །རྒྱབ་ནི་པདྨ་ར་?་མདོག་།ཻནྡྲ་ནི་ལ་ཞལ་གཡོན་པའོ། །རྡོ་རྗེ་དྲིལ བུ་དང་པོ་སྟེ། །གཉིས་པས་གླང་ཆེན་ལྤགས་པ་བསྣམས། །ཌ་མ་རུ་དང་དགྲ་སྟ་དང། །གྲི་གུག་མདུང་རྩེ་གསུམ་པ་དང། །གཡས་པའི་ཕྱག་ན་བསྣམས་པའོ། །ཁཊཝཾ?་ག་དང་ཐོད་ཁྲག་དང། །རྡོ་རྗེ་ཞགས་པ་ཚངས་མགོ་སྟེ། །གཡོན་གྱི་ཕྱག་ན་བསྣམས པའོ། །སྒེག་སོགས་གར་ཉམས་ཀུན་དུ་བསྒྱུར། །སྟག་ལྤིགས་ཤམས་ཐབས་མགོ་འཕྲེང་ཅན། །ཕྱག་རྒྱ་དྲུག་གིས་སྤྲས་པའི་སྐུ། །ཐོར་ཚུགས་དང་གྱིས་ཅོད་པན་ཅན། །ཟླ་ཕྱེད་སྣ་ཚོགས་རྡོ་རྗེ་དང། །ཡིད་བཞིན་ནོར་བུ་དབུལ་འཇོག་།རུས་པའི་འཁོར་ལོ སྤྱི་བོར་མཆོན། །ཡང་དག་འཁྱུད་པའི་ཕག་མོ་ཡང། །བདེ་སྟེར་རང་བཞིན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གཅེར་བུའི་ཚུལ། །བྱིན་པ་གཉིས་ཀྱི་མཉམ་པར་མཁྱུད། །རྡོ་རྗེ་ཐོད་པ་བསྣམས་པ་སྟེ། །སྡང་ཕྱོགས ལ་བསྡིག་སྐྲ་གྲོལ་མ། །ཕྱག་རྒྱ་ལྔས་སྤྲས་ཡབ་ལ་དགོས?། །བདེ་ཆེན་ཐུགས་རྗེའི་བདག་ཉིད་དོ། །ཤར་དང་བྱང་དང་ནུབ་དང། ལྷོ་ཕྱོགས་ཀྱི་འདབ་མ་ལ། མཁའ་འགྲོ་མ་དད་ལ་མ་དང། །དུད་སྐྱེས་མ་དང་གཟུགས་ཅན་མ། །འཐིང་ཁ་དང ལྗང་ཁུ་དང། དམར་པོ་དང། སེར་མོའི་གོ་རིམས་བཞིན་དུ། །ཞལ་གཅིག་མ་།ཕྱག་བཞིན། སྤྱན་གསུམ་མ། གཡས་ཌ་མ་རུ་དང་གྲི་གུག་།གཡོན་ཁ་ཊཝཾ་ག་དང་ཐོད་པ་བསྣམས་པ། །སྐྲ་གྲོལ་པ་གཅེར་བུ་དུམ་བུའི་སྐེ་རགས་ཀྱིས བརྒྱན་པ་ཕྱག་རྒྱ་ལྔ་དང་ལྡན་པའོ། །དེ་དག་གི་འཆམས་རྣམས་སུ་བྱང་ཆུབ་སེམས་ཀྱིས་གང་བའི་སྣོད་བཞི་བདུད་རྩིའི་རང་བཞིན་ཅན་ནོ། །དེ་ནས་རབ་ཏུ་བཤད་པར་བྱ་ག་།པུ་ཛ་ཨཽ་ཨ་གྷ་ར་དྷེ་མ་།?་ཏྲི་ཀོ་ཀ་ལི་ཀ་ཧི། པྲེ་གྷྲི སཽ་ཀུ་ན་སི་མ་ཀུ་། ཐུགས་ཀྱི་འཁོར་ལོ་མདོག་འཐིང་ནག་།རྡོ་རྗེའི་ཕྲེང་བས་ཡོངས་བསྐོར་བ། །པུ་ལིར་མ་ལ་?། ཐོད་པའི་དུམ་བུས་རེ་བ་གཏུམ་མོ། །ཛ་ལན་དྷ་ར་སྤྱི་གཙུག་ཏུ། །ཀེང་རུས་ཆེན་པོ་གཏུམ་མིག་མ། །ཽ་རྒྱན་རྣམ? གཡས་པར་ཡང། །ཀེང་རུས་ཅན་དང་འོད་ལྡན་མ། །ར་བུ་ཏ་ན་ལྟག་ཁུང་དུ། །མཚོ་རྩིགས་སྣ་ཚོགས་པདྨ་ཡིས། །གྷོ་ད་བརྒྱན་པ་གཡོན། །ལྷ་འདྲ་བ་ཡི་གློ་ཅན་མ། །ར་མི་ཤྭར་སྨིན་མའི་དབུས། །འོད་དཔག་མེད་དང་མི་ཐུབ་མ།། དྷི་ཡི་གྷོ་ཏི་མིག་དུ་ནི། །རྡོ་རྗེ་འོད་དང་ལམ་དབང་ཕྱུག་།འོད་དཔག་མེད་ནི་ཕྲག་པར་ཡང། །རྡོ་རྗེ་སྐུ་དང་ཤིང་གྲིབ་ན། །ཐུགས་ཀྱི་རིགས་ལ་ངེས་པར་འབྱུང་བ་འདི་དག་ནི་མཁའ་ལ་སྤྱོད་པའོ། །གསུང་གི་འཁོར་ལོ་དམར་པོའི་མདོག།། པདྨའི་ཕྲེང་བས་ཡོངས་བསྐོར་བའི། །ཀ་མ་རུ་པ་མཆན་ཁུང་དུ། །མྱུ་གུ་ཅན་དང་ས་བསྲུངས་མ། །ེ་ལྟར་ནུ་མ་རྡོ་རྗེ་ཡིས། །རལ་པ་ཅན་དང་འཇིགས་བྱེད་མ། །ཏྲི་ཤཀུ་ནི་ལྟེ་པར་ནི་།དཔའ་ཆེན་རླུང་གི་ཤུགས་ཅན་མ། །ཀོ་ས་ལ་ནི་སྣ་རྩེར་ཡང། །རྡོ རྗེ་ཧཱུཾ་མཛད་ཆད་མཐུར་མ། །ཀ་ལིང་ཀ་ཁང་རབ་བཟངས་དང། །ལྷ་མོ་བསྔོ་བ་སངས་ལེགས་པའི། །ལཾ་པ་ཀ་ནི་མགྲིན་པར་ཡང། །རྡོ་རྗེ་བཟང་དང་རབ་བཟངས་མ། །ཀཎ་རྩིར་སྙིང་ཁར་དཔའ་བོ་ནི། །འཇིགས་བྱེད་ཆེ་དང་རྟ་སྣམ། །ཧི་མ་ལས་འདོམས སུ་ནི། །མིག་མི་བཟང་དང་བྱ་གདོང་མ། །གསུངས་གི་རིགས་ལས་ངེས་པར་འབྱུང། །འདི་དག་ནི་ས་ལ་སྤྱོད་པའོ། །སྐུའི་འཁོར་ལོ་མདོག་དཀར་ཞིང། །འཁོར་ལོའི་ཕྲེང་པས་ཡོངས་བསྐོར་བ། །པྲ་ཏ་པུ་རི་མཚན་མ་ལ། །སྟོབས་པོ་ཆེ་དང་འཁོར ཤུགས་མ། །གྷི་ཧ་?་བཤད་ལམ་དུ། །རིན་ཆེན་རྡོ་རྗེ་དུ་སྐྱེས་མ། །སཽའུ་ར་ཥ་བརླ་གཉིས་སུ། །རྟ་མགྲིན་ཆང་མཆོད་དཔའ་མོ་ཡིས། །པུ་བེན་ཏི་པ་བྱིན་པར་ཡང། །ནམ་མཁའ་སྙིང་དང་ག་ཆ་མ། ན་ག་ར་ནི་ལག་སོར་མ། །ཧེ་རུ་ཀ་ར་པ་དཔའ་མོ་ལ སིན་དྷུ་ར་རྐང་པའི་པོ་ལ་དུ་ཡང། །པདྨ་གར་དབང་སྟོབས་ཆེན་མོ། །མ་རོ་མཐེ་བོང་རྣམ་སྣང་དང། །དཔའ་མོ་འཁོར་?་བསྒྱུར་བའོ། །ཀུ་?་ཏ་ནི་དབུས་མོར་ཡང། །རྡོར་སེམས་བརྩོན་འགྲུས་ཆེན་མའོ། །སྐུ་རིགས་ལས་བྱུང་འདི་དག་ནི། །སའི འོག་ལ་སྤྱོད་པའོ། །དཔའ་བོ་དེ་དག་ཐམས་ཅད་ནི། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྤྱན་གསུམ་པ། འཁོར་ལོ་སོ་?་ཁ་དོག་རང་ནའཐུན་པ། གཡས་དང་པོ་ནི་རིམ་པ་བཞིན་དུ། །རྡོ་རྗེ་དང། པདྨ་དང། འཁོར་ལོ་སྟེ། གཡོན་དང་པོ་དྲིལ བུ་འཛིན་ཅིང། སུམ་ལ་མཁྱུད་པའོ། །འོག་མ་གཉིས་ཀྱི་?་དང་ཁ་ཊཝཾ་ག་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཅོད་པན་ཙོན?་ནོ། །དཔའ་མོ་རྣམས་ནི། ཞལ་གཅིག་ཕྱག་གཉིས་མ་ཕྱག་གི་?་ལ་མཁྱུད་པ། རྡོ་རྗེ་དང་ཐོད་པ་བསྣམས་པ་སྟེ། ཀུན གྱིས་དཔྲལ་བར་རྡོ་རྗེའི་ཕྲེང་བས་མཚན་པའོ། །ལྕེའི་ལྐོག་ཏུ་ཁྭ་གདོང་མའོ། །སྣའི་རྩེར་ནི་འུག་གདོང་མའོ། །མཚན་མའི་རྩེར་ནི་ཁྱི་གདོང་མའོ། །བཤང་བའི་ལམ་དུ་ཕག་གདོང་མའོ། །གཤིན་རྗེ་བརྟན་མ་རྣ་བ་གཡས།། གཡོན་པར་གཤིན་རྗེ་ཕོ་ཉ་མོའོ། །མཆེ་བ་ཅན་ལ་མིག་གཡས་ཏེ། །མིག་གཡོན་གཤིན་རྗེ་འཇོམས་མའོ། །ལྷ་མོ་དེ་དག་ཐམས་ཅད་ཀྱང། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །གཅེར་བུ་ཕྱོགས་ན་གནས་པ་རྣམས། །མཁའ་འགྲོ་མ་དང་འཐུན་ནོ།། འཚམས་རྣམས་སུ་མི་ཕྱེད་དབང་ཕྱུག་གི་གཟུགས་ཅན་ཡིད་འཕྲོག་མ་ཆ་གཉིས་འཛིན་མ། ཕྱག་རྒྱ་ལྔ་དང་བུམ་བའི་སྐེ་རགས་ཀྱིས་རབ་ཏུ་བརྒྱན་པའོ། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་དང་ནི། །ཚན་དྷོ་ཉེ་བའི་ཚན་དྷོ་སྟེ། །འདུས པ་ཉེ་བའི་འདུ་བ་དང། དུར་ཁྲོད་ཉེ་བའི་དུ་འཁྲོད་སྟེ། །ས་བཅུ་རྣམ་པར་དག་པ་སྟེ། །སུམ་ཅུ་རྩ་བདུན་ཚུལ་གྱིས་ནི། །བྱང་ཆུབ་མཆོག་ལ་གནས་པ་དང། །རྣམ་པར་མི་རྟོག་སེམས་བདག་ཉིད། །བདེ་སྟོང་རོ་ཅིག་གྱུར་པའོ། །ཕུང་པོ་ཁམས་དང་སྐྱེ མཆེད་རྣམས། །ལྷའི་རྣམ་པར་དག་པའོ། །དེ་ནས་གོ་ཆ་གཉིས་བཤད་དེ། །གནས་ཀྱི་རིམS་པ་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་རྣམ་སྣང་དང། །ཉི་མ་པདྨ་གར་དབང་ཕྱུག་།རྟ་མཆོག་ཧེ་རུ་ཀ་བདག་ཉིད། །སྔགས་ཀྱིས་རྣམ་པ་ལྷའི་གཟུགས།། རྡོ་རྗེ་ཕག་མོ་གཤིན་རྫེ་མ། །རྨོངས་བྱེད་མ་དང་སྐྲག་བྱེད་མ། །བསྐྱོད་བྱེད་མ་དང་གཏུམ་མོ་སྟེ། །མཁས་པས་ལེགས་པར་དགོད་པར་བྱ། །དང་སྔགས་ལས་བྱུང་འོད་ཟེར་འཕྲོས། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །སངས་རྒྱས་བྱང་ཆུབ སེམས་དཔའ་ཨི་ཚོགས། །ཕྱོགས་བཅུའི་ཆོས་ཀྱི་དབྱིངས་ལས་དགུག་།ོཾ་ཡོ་ག་ཤུད་དྷོ་སརྦ་དྷརྨ་ཡོ་ག་ཤུད་དྷོ་ཧཾ། དེ་དག་གི་ཡེ་ཤེས་འཁོར་ལོ་དེ་དག་མཐོང་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཥི་ལྕ་དུ་ལཾ། ཞེས་བརྗོད་པར་བྱའོ། །སྤྱན་མ་ལ སོགས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་ཆར་འབེབས་ཤིང། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཉྩི་སཏྭ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་དག་རྗེས་སུ་ཆགས་བའི་སྦྱོར་བ་ལས་བྱུང་བའི། བྱང་སེམས་རྒྱུན་གྱིས་དབང་བསྐུར་ཞིང། །བདེ་བ་ཆེན་པོའི ངོ་བོར་གྱུར་པའོ། །རྣལ་འབྱོར་ཀུན་གྱིས་སྦྱོར་བའི་ས། །རོ་ཅིག་གྱུར་པ་བསྒོམ་པར་བྱ། །སྐུ་གསུམ་སྐུ་ཡིས་ཡེ་ཤེས་ཆེ། །སྲོག་དང་བརྩོལ་བ་ཡང་དག་སྤྲོ། །ཧཱུཾ་ཨ་ཨོཾ་བཾ་རིམ་པ་བཞིན་གསལ་བར་བྱས་ན་སྤྲོ་བ་བསྡུ་བའི་བདག་ཉིད་དུ་གནས པར་བྱ་སྟེ། ཨོཾ་ཤྲི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཌ་ཀི་ནི་ཛཝ་ལ་སཾ་བྷ་ར་སྭཱཧཱ། ཨོཾ་ཧྲི་ཧ་ཧ་ཧཱུཾ་ཕཊ། ཨོཾ་སརྦ་བུད་དྷ་ཌ་ཀི་ནི་ཡེ་བཛྲ་ཝ་རྞ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བEེ་རོ་ཙ་ན་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཤྲི་བུད་དྷ་ཧི་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌ་ཀི་ནི་ཛབ་ལ་སཾ་བྷ་ར་སྦཱཧཱ། ོཾ་ཤྲི་ཀརྨ་ཧེ་ཧེ་རུ་རུ་ཀེཾ་ཧཱུཾ་ཧཱུཾ་ཕཊ། ཌ་ཀི་ནི་ཛཝ་ལ་སཾ་བྷ་ར་སྭཱཧཱ། ཨོཾ་ཤྲི་པདྨ་ཧེ་རུ་རུ་ཀེཾ་ཧཱུཾ་ཧཱུཾ་ཕཊ། ཌ་ཀི་ནི་ཛཝ་ལ་སཾ་བྷ་ར་སྭཱཧཱ། ཨོཾ་ཤྲི་རདན་ཧེ་ཧེ་རུ་རུ་ཀེཾ་ཧཱུཾ་ཧཱུཾ་ཕཊ། ཌ་ཀི་ནི་ཛཝ་ལ་ས་བྷཱ་ར་སྭཱཧཱ། ཨོཾ་ཌ་ཀི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཡེ་ཧཱུཾ་ཧཱུཾ་ཕཊ། ོཾ་ཁཥྚ་རོ་ཧེ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རུ་པི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་གྷ་ཝ་ཏེ་ཝི་རི་ཤ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀལ་གྷི་ཧྣ་སཾ་བྷ་སཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊ་མ་ཀུ་ཊ་ཀོ་ཧ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ད་ཥྚཾ་ཀ་ལོ་གྲ་ཛཧི་ཥ་ན་མུ་ཁ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཾ་དྷ་ཏྲ་ཏྲུ་ཛ པུ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་བཾ་ཤཾ་ཧཡཾ་ཏྲི་ཤུ་ལ་ཁ་ཊཝཾ་ཀ་དྷ་རི་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བEེ་གྷྲོ་ཛ་ན་མ་བྷ་ར་དྷ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དུ་སྨནདྷ་ཀ་ར་ཝ་པུ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། བ་སྤུའི་བུ་གའི་རྩེ་མོ་ལས་འཕྲོས་པའི་ལོངས་སྤྱོད་པའི་འཁོར་ལོ དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ་།སླར་ཚུར་འདུས་པས་རོ་ཅིག་པ་ཟག་པ་མེད་པའི་ཡེ་ཤེས་སུ་ཐིམ་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་ཁམས་ལ་རྣམ་པར་བརྟག། འགྲོ་བ་རིགས་དྲུག་བསྒྲལ་ནས་ཀྱང། །བླ་མེད་བྱང་ཆུབ་གནས་སུ་བཞག་།སྐུ་གསུང་ཐུགས་ཀྱི་རང་བཞིན་ལས། །ཡི་གེ་གསུམ་གྱིས་བདག་ཉིད་པས། །མཐོ་རིས་མི་ཡུལ་ས་འོག་ཏུ། །ལུས་ཅན་དེ་ནི་སྐུ་ཅིག་འགྱུར། །མཉམ་ཉིད་གནས པའི་སེམས་ཀྱིས་ནི། །རྣལ་འབྱོར་དབང་ཕྱུག་ལྡང་བ་ནི། །མཁའ་འགྲོ་མ་ཡི་བདེ་བ་མཆོག། གླུས་བསྐུལ་བ་ནི་དྲན་པར་བྱ། །ཐོག་མར་བླ་མ་མཆོད་པ་དང། །རྡོ་རྗེ་སེམས་དཔའ་རང་བཞིན་ལས། །དབང་བསྐུར་རོལ་བའི་བདེ་ཆེན་པོ། །སྐད་ཅིག་གིས་ནི་ཀུན ཁྱབ་བོ། །སྐུ་གསུང་ཐུགས་ལ་གནས་བར་བྱ། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །སྙིང་རྗེ་ཆེན་པོའི་ཡིད་ཀྱིས་ནི། །ཁམས་གསུམ་པ་ཡིས་སེམས་ཅན་ཀུན། ཤྲཱི་ཧེ་རུ་ཀར་བལྟའ་བྱ་ཞིང། །བྱང་སེམས་ཆུ་རྒྱུན་ཁྲུས་བྱས་ཏེ། །བཅུ་ཕྱེད་བཏུད རྩིའི་ཟས་ལ་ཟ། །གཅེར་བུ་སྐྲ་རོལ་ལྟོར་ལྟས་ལ། །བརྟུལ་ཤུགས་ཅན་གྱིས་གཏོར་མ་སྦྱིན། །གསང་བའི་རིམ་པ་བསྟན་པའོ། །སྤྲོས་བྲལ་ཀུན་ལ་དམིགས་ནས་ནི། །སྤྲོས་བསྤྲོས་པ་མེད་པར་བྱ། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །སྤྲོས་བྲལ་བདེ་བ་ཆེན་པོ་སྟེ། །བརྟན་དང་གཡོ་བའི་འཇིག་རྟེན་ཀུན། མ་ལུས་ལུས་པ་མེད་གྲུབ་ཅིང། །དེ་ཉིད་སྦྱར?་བ་ཉིད་དུ་མང། །བདེ་མཆོག་ངམ་པ་འགྲུབ་པ་ཡིན། །བཅོམ་ལྡན་སྐུ་གསུང་ཐུགས་ལ་བཞུགས། ཨ་ལི་ཀ་ལི་མཉམ་གནས་པ། །འཁོར་ལོ་ལ་ནི་ངེས་པར་བསྐོར། །སྟེང་དུ་འཁོར་བའི་ཚུལ་གྱིས་ནི། །འོག་ཏུ་འབབ་པར་དེས པའི་ཕྱིར། །ཟག་མེད་དེ་མེད་བདེ་བའི་དངོས། །འཆི་མེད་ཐིག་ལེའི་ངོ་བོ་ནི། །ས་བོན་ཚུལ་གྱིས་འབར་བར་འགྱུར། །རྟག་ཏུ་སྙིང་གིས་དབུས་གནས་པས། །འོད་གསལ་བདེ་བ་ཆེན་པོ་ནི། །ཉི་མ་ཟླ་བ་རྣམ་དག་པ། །ཆར་དང་ནུབ་པ་བསྟན་པ་ཡིན།། སྡིག་པ་ཀུན་ལས་རྣམ་གྲོལ་ཞིན། །བསོད་ནམས་ཐམས་ཅད་རྣམ་པར་འཕེལ། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །གཞན་དུ་རྙེད་པར་མི་འགྱུར་རོ། །ལུས་མེད་དྲི་མ་མེད་པ་སྟེ། །ལོངས་སྤྱོད་པ་ཡིས་སྐུ་རང་བཞིན། །ཡེ་ཤེས་སྐུ་ནི་དྲི་མ་མེད། །སྐྱེ མཆེད་ཉིད་ལ་ཐོབ་པར་འགྱུར། །ཐབས་དང་ཤེས་རབ་སྙོམས་འཇུག་ཅིང། །གཉིས་པ་གཉིས་ནི་རྣམ་བྲལ་བའོ། །འདས་པ་ཡང་ནི་ད་ལྟར་ཡང། །མ་འོངས་པ་ཡིས་དུས་གསུམ་མོ། །ལྷན་སྐྱེས་ཡེ་ཤེས་མཆོག་བདེ་བ། །དྲི་མེད་མཁའ་ལྟར་དག་པའི་བདག་།གསང་བ སེམས་ཀྱི་སྤྱོང་ཡུལ་ལས། །ཟུང་དུ་འཇུག་པའི་ངོ་བོ་ནི། །མི་རྟོག་པ་ལ་རབ་གནས་ནས། །མཆོག་གི་སྐུ་ནི་ངེས་པར་ཐོབ། །བསྒོ་པ་འདི་ནི་མཆོག་ཡིན་ཏེ། །འདོད་པའི་དངོས་གྲུབ་བླ་ན་མེད། །རྣལ་འབྱོར་སྐྱེ་བ་འདི་ཉིད་ལ། །རྡོ་རྗེ་འཆང་གིས་ཐོབ་པོ། །རྣལ འབྱོར་པ་རྣམས་འཕོ་བའི་ཚེ། །དཔལ་ལྡན་ཁྲག་འཐུང་ལ་སོགས་བ། །རྣལ་འབྱོར་མ་ཡི་ཚོགས་རྣམས་ཀྱིས། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། ། མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །དཔལ་འཁོར་ལེ་བསྡོམ་པ། བདེ་མཆོག་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུ་རིན་པོ་ཆེ། དཔལ་ཨཽ་རྒྱན་གྷན་དྷོ་ལའི་གཙུག་ལག་ཁང་ནས། དྲི་མེད་ཡེ་ཤེས་མཁའ་འགྲོ་མས། རྗེ་བཙུན་ཏེ་ལོ་པ་ལ་གདམས པ། དཔལ་བདེ་མཆོག་འཁོར་ལེའི་བསྒྲུབ་ཐབས། སྙན་ནས་སྙན་དུ་བརྒྱུད་པའི་རིམ་པ། དཔལ་ན་རོ་པས་མཛད་པ་རྫོགས་སོ།། །།*། །།རྒྱ་གར་གྱི་པཎྜི་ཏ་ཤྲཱི་ན་རོ་པ་ཆེན་པོ་དང། བོད་ཀྱི་ལོ་ཙ་ཚ་བ་མར་པ་ཆོས་ཀྱི་བློ གྲོས་དག་གིས་ཞུས་ཏེ་བསྒྱུར་བའོ། ། །།བདེ་མཆོག་རིམ་ལྔ་དྲིལ་བུ་པས་མཛད་པ་བྱམས་པ་གླིང་པའི་འགྱུར།། །།*། རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་པཉྩ་ཀྲ་མ། བོད་སྐད་དུ་།དཔལ་འཁོར་ལོ་བདེ མཆོག་གི་རིམ་པ་ལྔ་པ།

CLOSE WINDOW