Wylie | e-texts based on the ACIP/ALL ![]() ![]() |
དཔལ་འཁོར་ལོ་སྡོམ་པའི་སྦྱིན་བསྲེག་གི་ཆོ་བཞུགས། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་ཧོ་མ་བཱི་དྷི། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྦྱིན་བསྲེག་གི་ཆོ་ག་།བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་ཞིག་བྱུང
དེ་?་རས་ནམ་མཁའ་དང་མཉམ་?་ཡིད་དང་ས་དང་ཆུ་དང་མེ་དང་ཤིས་པ་བརྗོད་པ་?་རླུང་ཉོན་མོངས་?་བྱ་མི་ཤེས་སྒྲི་བོ་བརྗོད་བྱ་སྟོན། རྒྱ་ཆེན་འཚོགས་རྣམས་བསྲེག་པར་ནུས་ཡེ་ཤེས་ཀྱི་སྣ་བས་པའི་ཚུལ་གཅིག་ཉིད་གྱུར་ཅིག། ས་སྦྱར
སྡོང་བུའི་ལྷག་མའང་དུས་མཛའ་ཨི་མེ་བཞིན་འགྲོ་བ་རྣམས་ཀྱིས་ཤེས་གྱུར་མར་མེའོ། །སྣང་བའི་མཆོག་ངེས་འཇིག་རྟེན་རྣམས་ལ་ཇི་ཞིག་ལྟ་བུར་གསལ་བྱེད་གནས་གྱུར་ཅིག་།ལས་སྐྱོན་ཞི་བ་ལ་སོགས་ནི། སྦྱིན་བསྲེག་ལ་སོགས
རྒྱལ་བས་གསུངས། །དེ་ལ་རི་རབ་ཆེན་པོ་ལ་ཏ་པ་ཡི། ཆོ་ག་དྲི་མེད་ཡོད་མོད་ཀྱི། འོན་ཀྱང་འདུས་པའི་མེ་རྟོགས་པའི་ཡེ་ཤེས་ལུགས་ཡིན་ཞིང། །བློ་དམན་རྣམས་ཁམས་གསུམ་གྱི་ཀྱིས་རྟོགས་བླ་མིན། །དེ་ཉིད་དགོང་?་དངོས་པ། ཟབ་མོའི་རྒྱུད་འདི་རུ། །དེའི་བྱེ་བྲག
གསལ་བར་བྲི། །གང་ན་རང་གི་ལས་ཀྱི་ནི། །ཆོ་སློབ་དཔོན་སློབ?་པའི་སྐྱོན་སོགས་ག་རྣམས་ནི་?་ཡོད་མིན་པ། །ཐུན་མོང་རྒྱུན་གསུངས་ཆོ་ག་དེར། །མཁས་པ་རྣམས་ཀྱིས་བསྟེན་པར་བྱ། །དེ་ལ་ཉོས་བཞི་པའི་ཐབ་བུར་ནི། །ས་ཙམ་སྡོམ་པའི་ཕྱོགས་བདག?
སྦྱིན་སྲེག་གི་ཆོ་ག་སྟོན་རྩ?་པའི་རྒྱུད་ན་མི་གསལ་བའི་རང་རྒའི་སྐྱོན་སོགས་གིས་ལ་སོགས། པོར་ཁྲུ་གང་ཙམ་ཟླུམ་པོར་རོ། །ཐབ་ཁུང་གི་སྟེང་དུ་སོར་བཞི་ཚུན་ཆད་རྡོ་རྗེ་མཁའ་འགྲོའི་རྒྱུད། བཞག་ལ། ཁ་ཁྱེར་བརྒྱ་དང་དཔངས་སུ་སོར་བཞི་ཐབS་ཁུང་སྟོན་པ་ལས། བཞི་པ། ཅུང་ཞིག་ཁ་?
གཞོལ་བ་བྱས་པའི། ཕྱི་རོལ་གྱི་འཚམས་རྣམས་སུ་རྩེ་གསུམ་པ་འཁོར་ལོར་བྲེང་བ་བསྐོར་བར་བྱའོ། རྡོ་རྗེ་མཚན་པའོ། །ཁ་ཁྱེར་དང་ཐབ་ཁུང་འཇིམ་པ་དཀར་པོས་བྱུག་གོ་།དེའི་ཕྱི་རོལ་དུ་ཁྲུ་གང་ཙམ་པ་ལང་གི་ལྕི་བས་བྱུགས་ལ། ཡང་དེ་འཁོར་ལོའི་ཕྲེང་?
གཉི་གར་བདུད་རྩི་ལྔ་དང་བཅས་པའི་དྲི་དཀར་པོས་བྱུགས་བུ་?་མོད་བྱིང་བསྟན་པ་ཏེ། ཐུན་འཚམས་གསུམ་དུ་མེ་ཏོག་ཀར་པོ་གཅལ་དུ་བཀྲམ་པར་བྱའོ། །རྒྱས་པ་ལ་ནི་ས་ཕྱོགས་འཁྱེར་གྱི་སེར་པོར་ཁྲུ་དོ་ཁུར་བཞི་པ་འམ། རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུའོ། །
དེའི་སྟང་དུ་སོར་བརྒྱད་བོར་ལ། ཐབས་ཁུང?་དང་འཁྱེར?། རྒྱ་དང་དཔངས་སུ་སོར་བརྒྱད་པའི་ཁ་ཕྱི་ནང་ཁྱེར་རོ་རིན་པོ་ཆེ་བསྐོར། །བདུད་རྩི་དང་བཅས་པའི་འཇོམ?་པ་སེར་པོ་དང་དྲི་ཞིམ་པོས། །ཐབ་ཁུང་དང་དེའི་ལས་ས་ཕྱོགས་བྱུགས་ལ། མེ་ཏོག་རྣམ་པ་སྣ་ཚོགས
ཀྱིས་བརྒྱན་པར་བྱའོ། །དབང་ལ་ནི་ས་ཕྱོགས་དམར་པོ་འམ། གཞན་ཡང་རུང་སྟེ། ཟླ་གམ་གྱི་རྣམ་པའམ། རླུང་གི་དཀྱིལ་འཁོར་གྱི་རང་བཞིན་ནམ། ཆོས་འབྱུང་གི་རྣམ་པ་འམ། བྱང་ཆུབ་ཀྱི་ཤིང་གི་ལོ་མ་ལྟ་བུའོ། །དགུག་པ་ལ་ཡང་ཐབ་ཁུང་འདི
ཉིད་དོ། །ཡང་ན་རྡོ་རྗེ་གཅིག་པའི་རྣམ་པ་ལྟ་བུའོ། །ཐབ་ཁུང་དེ་དག་སེར་པོ་ཐམས་ཅད་ཀྱང་བདུད་རྩི་དང་བཅས་པའི་འཇི་པཾ་དམར་པོ་ལ་སོགས་པས། བྱུགས་ལ་མེ་ཟླུམ་པོ་རྩེ་མོ་?་རི་ཡོད་པ་ཁ་ཁྱེར་ནི་པདྨ་སྐོར་བའོ་ཏོག་དམར་པོ་ལ་ལྷོའི་བུམ་འགུགས་པར་?
ས་ཕྱོགས་དམར་པོ། སོགས་པས་མཛེས་པར་བརྒྱན་པ་བྱའོ། །ཐབས་ཁུང་དེ་དག་རྣམས་ཀྱི་ཁུང་འབྲུ་བ་དང། ཁ་ཁྱེར་ལ་སོགས་པའི་ཚད་ནི་ཞི་བའི་ཐབ་ཁུང་བཞིན་དུ་ཤེས་པར་བྱའོ། །རེངས་པར་བྱེད་པ་དང། རྨོངས་པར་བྱེད་པ་དང། སྐྲོད་པར་བྱེད་པ་དང། གསོད?
པར་བྱེད་པ་རྣམས་ནི་མདོན?་སྤྱོད་དེ། །དེ་ནི་རྩུབ་པ་འམ། འཐུལ་བ་དང། གས་པ། ནམ་མཁའ་ལྟར་གནག་ཅིང་སྔོ་བའི་ས་ཕྱོགས་སུ། གྲུ་གསུམ་སོར་ཉི་ཤུ་པ། །བ་བྱང་དུ་བསྟན་པའོ། །དེའི་སྟེང་དུ་སོར་གསུམ་བོར་ལ་བརྒྱ་དང་དཔངས་སུ་སོང་གསུམ
པའི་ཁ་ཁྱེར་ཕྱི་རོལ་དུ་ཅུང་ཟད་གཞོལ་བའོ། །དེ་བདུད་རྩི་དང་བཅས་པའི་འཇིམ་ལས་ཐམས་དབང་པའི་ཐང་ཁུང་ལྗང་ཁུ། པ་གནག་པོ་དང། ཐལ་བ་དང། བུད་བུ་འམ་རྩེ་མོ་ནི་རང་ཐུད་ཚབ་རྔ་མོ་ཏུག་པ་གང་རྙེད་པས་བྱུགས་ལ། དྲི་དང་དམར་པོ་འམ་ནག་པོས་?
ཏེ། མེ་ཏོག་གམ་རལ་གྲི་ཕྲེང་བས་བསྐོར་བའོ། འབྲུ་འམ། སྤུན་པས་གཅལ་དུ་བགྲམ་པར་བྱའོ། །ལས་དེ་དང་རྗེས་སུ་འཐུན་པའི་ས་ཕྱོགས་སུ་ལས་ཐམས་ཅད་པའི་ཐབ་ཁུང་ཞིན་བ་ལྟ་བུ་སྟེ། འོན་ཀྱང་མེ་ཏོག་པད་མ་ཁ་བྱ་བ་ལྟ་བུ་ཡི། །རྣམ་པའི་ཁ་ཁྱེར
ཅན་། རྡོ་རྗེའི་ཕྲེང་བས་བསྐོར་བ་དང། རང་རང་གི་ཕྱོགས་ནི་གནས་པའི་དེ་བཞིན་གཤེགས་པའི་མཚན་མས་ཕྱོགས་མཚན་པ། དཀྱིལ་ན་བཞུགས་པའི་གཙོ་བོའི་ཕྱག་རྒྱས་དཀྱིལ་འཁོར་བྱིན་ཁྱད་པར་བསྟན་པས་གྱིས་བརླབ་པའོ། །
ཐབ་ཁུང་ཐམས་ཅད་ཀྱང་ཐབ་ཁུང་གི་རྣམ་པ་ལྟ་བུའི་ཁ་ཁྱེར་གྱིས་བསྐོར་བ། དཔངས་སུ་ཚད་ཐབ་ཁུང་གི་ཕྱེད་ཡོད་པ། རང་གི་ལྷའི་མཚན་མས་དཀྱིལ་དུ་མཚན་པར་བྱ་སྟེ། དེ་དག་བྱང་ཆུང་དུར་སོང་བརྒྱད། དཔངས་སུ་སོར་གཅིག་གི
ཞེས་པ་ལ་འཁོར་ལོ་ཤར་དུ་རྡོ་རྗེ་བྲི། ལྷོར་རིན་ཆེན་ནུབ་དུ་པདྨ་གི་བྱང་དུ་རལ་གྲི་བྲི། བརྒྱས་པ་ལ་གྱིས་དུ་རིན་པོ་ཆེ་གཞན་དག་རིམ་པར་བཞགས་དབང་ལ་དཀྱིལ་དུ་པདྨ་བྲི། རྒྱས་པ་ལ་དཀྱིལ་དུ་རིན་པོ་ཆེ་བྲི། ལྷོ་རྡོ་རྗེ་ནུབ་དུ་པདྨ་ཕྲེང?་བྱང་དུ་རལ་གྲི་བྲི། ཚད་དོ། །གཞན་མ་ནི་སོར་དྲུག་པའོ། །དཀྱིལ་དུ་བྲིས་པའི་གཙོ་བོའི་ཕྱག་མཚན་བྱི་རིང་བུ་དག་ཆགས་?
དཀྱིལ་འཁོར་གྱི་ཁང་པ་འམ། ལྷའི་ཁང་པའི་ཤར་ཕྱོགས་སུ་ནི་ཞི་བའི་ཐབ་ཁུང་དང་དབང་གི་ཐབ་ཁུང་ངོ། །ལྷོ་ཕྱོགས་སུ་ནི་རྒྱས་པའིའོ། །ནུབ་ཕྱོགས་སུ་ནི་དགུག་པའོ། །བྱང་ཕྱོགས་སུ་ནི་མངོན་སྤྱོད་ཀྱི་ཐབ་ཁུང་ངོ། །ཡང་ན་ལས་དང། རྗེས་སུ་འཐུན་པའི་རྡུལ་?
ཁ་ཤར་དུ་ལྟད་ནས་བར་སྲང་བཞི་པོ་མ་ཡིན་ན་ད་ལྟ་བུ་ངེས་པ་མེད། ཚོན་གྱིས་ཐབ་ཁུང་བྱའོ། །དེ་དག་ནི་ཐབ་ཁུང་བསྟན་པའོ། །?་ལྟ་གསེར་རམ་ཟངས་མས་སམ་།ནི་མ་ཁ་ཅུང་དུ་ལྟ་པའི་ཤིང་ངམ་།མཆོད་སྦྱིན་གྱི་ཁ་ལྷོར་ལྟ། ཤིང་ལས་དགང་གཟར་ས་?་སམ་མ་ཁོཾ?་ནབ?་རྩི་བྲི།
པདྨའི་འདབ་མའི་རྣམ་པ་ལྟ་བུའི་ཆུང་སོར་བརྒྱད་ཞེ་དབུ?་སོང་བཞི་པའི་ཚང་དང་ལྡན་པ། རྡོ་རྗེ་རྩེ་གསུམ་པ་སོར་བཞི་པས་རང་བཞིན་དག་པ་གཟང་སུ་བར་གྱི་?་པ་ལས་དང་པོ་?་སྟོན། སྤྲས་པ། གཉིད་དུ་སོར་གཉིས་ཙམ་དམའ་བར་བྱས་པའོ། །དེའི་རྗེས་ལ་གཉི་ག?
ཡང་སོར་བཞི་?་བཞི་པ། འགོ་?་ཚད་བཞིར་བྱས་པ། རྡོ་རྗེ་རྩེ་ལྔ་པ་སོར་གཉིས་དང་ལྡན་པ། རྒྱུན་འབབ་པའི་ཁ་མཐེའུ་ཆུང་དམ། གྲེ་བོད་གང་ཡང་རུང་བ་ཤོང་བ་ཙམ་འོབས་སུ་བྲུས་པའོ། །དེའི་ཡུ་བ་ནི་སྐྱེས་བུ་ཚད་དང་ལྡན
པའི་སོར་གྱིས་གཅལ་བའི་སོར་ཉི་ཤུ་རྩ་བཞི་པ། རྡོ་རྗེ་ཁུ་ཚུར་ལ་སོགས་པའི་ཆང་བས་གཟུང་དུ་རུང་བར་བྱས་པའོ། །ཡུ་བའི་འོག་དུ་རིན་ཆེན་རྡོ་རྗེ་སོར་དྲུག་པའོ་།གླུགས་གཟར་ཡང་གོང་དུ་སྨོས་པའི་ཤིང་ལ་སོགས་པའི་རྫས་ལ་བྱས་པ། པདྨ
འདབ་མ་བརྒྱད་པ་ལྟ་བུའི་ཁ་ཞེང་དུ་སོར་གཉིས་པ། སོར་གཅིག་ཙམ་གཏིང་དུ་བྲུས་པ། རྡོ་རྗེ་རྩེ་ལྔ་པ་སྤྲས་པའོ། །ཡུ་བ་ནི་གླུགས་གཟར་བཞིན་དུ་རིན་ཆེན་རྡོ་རྗེས་བརྒྱན་པའོ། །གལ་ཏེ་དགང་གཟར་དང་གླུག་གཟར་མེད་པར་གྱུར་ནས། སོར་མོ་ལྔ་བསྡམས་ལ་དབང་གླུགས?
བྱའོ། །སོར་མོ་གསུམ་བསྡམས་པས་གླུགས་གཟར་བྱའོ། །དེ་དག་ནི་དགང་གཟར་དང་གླུགས་གཟར་བརྟན་པའོ། །ཞི་བ་ལ་ནི་པ་ལ་ཤ་དང། ཨཽ་དུམ་བཱ་ར་དང། ཨ་འབྲ་དང། ཀ་དམ་བཱ་དང། ཀཱ་ཤS་ཐ་དང། གླག་ཤ་དང། ནྱེ་གྲོ་དྷ་ལ་སོགས་ལག་པ་གཡོན་?་པའི
མ་ཅན་གྱི་ཤིང་ལས་སྐྱེས་པ། འོ་མ་དང་བཅས་པ། རློན་པ། རྩེ་མོའི་ཆ་ནས་མཐོ་གང་ཙི་དུ་མཉཾ་པོར་བཅད་པ། ཡི་གེ་སྟོན་པ་ལ་དངོས?་?་བདུད་རྩི་དང་བཅས་པའི་དྲིའི་ཆུས་བྲན་ལ། དེ་དང་ལྡན་པའི་སྣུམ་དང། སྦྲང་རྩི་དང། འོ་མས་རྩེ་མོ་གཉི་ཀ་བྱུག་པའི་ཡམས་ཤིང་ལོ
མ་དང་བཅས་པ། མཐ་།ལག་ལ་གཡས་པས་བོང་དང་སྲིན་ལག་གིས་བླངས་ཏེ་རྩེ་མོ་གཅིག་ནས་བསྲེག་པར་བྱའོ། །ཤིང་དེ་ཡང་རུལ་བ་དང་འཕགས་པ་འཕང་བ་དང། ཁོང་སྟོང་དང། གྲུགས་པ་དང། པགས་པ་མེད་པ་དང། ཐུངས་པ་དང། ལ་བྱོག?་པ་དང། རྩ
མོ་གཉིས་པ་དང། འཕྲས་པ་དང། སྦོམས་པ་དང། རིངས་པ་དང། སྲིན་བུས་གཉི་ཀར་མར་ནང་དུ་བཞུགས་པར་བྱའོ་མ་ཟོས་པ་དང། སྲོག་ཆགས་དང་བཅས་པ་རྣམས་སྤངས་པར་བྱའོ། །ནས་དང། འོ་མ་དང། ཞོ་དང། བོ་ཀ་ལིང་དང། ཀུ་ཤ་ལྗང་ཀུ་དང། དུར་བ་དང
ཙུ་ཏའི་ལོ་མ་དང། ཙན་དང་དང། དོང་ཀ་དང། མེ་ཏོག་དང། ས་ལེའི་འབྲས་ཟན་དང། མེ་ཏོག་དཀར་པོ་དང། ན་ག་གེ་སར་དང། ཐང་ཆུ་དྲི་ཞིམ་པོ་དང། བདུད་རྩི་དང་བཅས་པའི་སྦྲང་རྩི་འམ། སྲེག་རྫས་སྟོན་པའོ། པའི་མར་རྣམས་ཇི་ལྟར་རྙེད་པ་ལྟར་བསྲེགས
པར་བྱའོ། །རྒྱས་བ་ན་ནི་ཡམས་ཤིང་དེ་དག་ཉིད་ཀྱི་དཀྱིལ་གྱི་ཆ་ནས། ཁུ་ཚུར་ཙམ་གྱི་ཚད་ཁྲུ་གང་ཙམ་བླངས་ལ། དེ་བདུད་རྩི་དང་དྲི་བྱ་གུས་ཞིམ་ཤིང་སྲེག་རྫས་ཐམས་ཅད་དཀར་པོ་བྱ?་པོས་བྲན་ཤིང་སྲེག་སྲས་ཐམས་ཅད་སེར་པོ་བྱ་ཏེ། དེ་དང་ལྡན་པའི་ཞོ་དང། འོ་མ་དང།
སྣུམ་གྱིས་བྱུགས་ལ། ཟན་བཟང་པོའི་གོང་བུ་།སྦྲང་རྩི་དང། སྣུམ་དང་ལྡན་པ་དང། ཤ་ཏ་བུས་པ་དང། བིལ་བའི་འབྲས་བུ་དང། ས་ལུའི་འབྲས་ཐུག་པོ་ཆེ་མ་གྲུགS་པ་དང། པད་མ་དང་ན་ག་གེ་སར་དང། ཀར་ནི་ཀ་དང། འབྲུ་རྣམས་སོ། །དབང
དུ་བྱ་བའི་ལས་ལ་ནི། ཙམ་པ་ཀའི་ཤིང་དང། མྱ་ངན་མེད་པའི་ཤིང་དང། བ་ཀུ་ལའི་ཤིང་དང། པྲི་ཡང་ཀུའི་ཤིང་དང། ལ་གུ་ཙེའི་ཤིང་ལ་སོགས་པ་ཡམས་ཤིང་མཐོ་གདབ་འདབ་མ་དང་བཅས་པ་དང། མེ་ཏོག་དམར་པོའམ། ཤིང་ཏོག་སྒྱུར་མེའོ། །དབང་དུ
བྱ་བའི་རྫས་གཞན་རྣམས་ནི་རང་གིས་རྟོག་པ་བཅས?་བསྟན་པ་ལྟར་བྱའོ། །དགུག་པ་ལ་ནི། དེ་རྣམས་ཉིད་དང། གཞན་ལྕགས་ཀྱུའི་རྣམ་པ་ལྟ་བུའི་ཚེར་མ་ཅན་ནོ། །?་གི་ཁྲག་དང་འཚལ་ཆེན་གྱི་བྱུག་ལ་དམར་དཔོར་བྱ་ཤིང་དང་རྫས་ཐམས་ཅད་དམར་པོར་བྱ། མངོན་སྤྱོད་ལ་ནི། ནིམ་པ
རྒྱལ་པོ་དབང་དུ་བྱེད་འདོར་ན་མེ་ཏོག་དམར་པོ་ཏིལ?་དམར་པོ། དང་།སེང་ལྡེང་དང་།བ་དིར་དང། བིལ་ལོ་དྷ་ཀ་དང། མྱོས་བྱེད་རྣམས་སམ། གཞན་ཡང་རོ་ཚ་བ་དང། ཚེར་མ་ཅན་དང། རོ་ཁ་བའི་ཤིང་རྣམས་ཀྱིས། འགལ་དུམ་དང། སྒང་གཟར་ཀླུགས་གཟར་ལྕགS་ལ་བྱན་ཤིང་འདི་རྣམས་ལ་བྱ
སོར་བཅུ་ཙམ་པ། རྩ་བའི་ཆ་བླངས་པའི་ཡམས་ཤིང་རྩེ་མོ་གཉི་ག་རྣོ་བར་བྱས་པ། དུག་དང་ཁྲག་དང། མར་ནག་གིས་བྱུགས་པ་དང། ཡུངས་ཀར་དང། མར་ནག་ཚན་ཏེ་དང། ཁྲག་དང། ལན་ཚ་དང། རཱ་ཛ་ཀཱི་དང། ནིམ་པའི་ཐང་ཆུ་དང། ཅི་ཏི་?་ཏི་དང།
རྐང་རྗེས་ཀྱི་རྡུལ་དང། བོང་བུ་དང། རྔ་མོ་ལ་སོགས་པའི་ཏུག་བ་དང། སྐྲ་བཏུངས?་པ་དང། ཞགས?་པ་དང། བྱ་རོག་ལ་སོགས་པའི་གཤོག་པ་དང། བཤང་བ་དང། གཅིན་དང། ཚེར་མ་དང། རུས་པའི་ཕྱེ་མ་དང། རུ་རུའི་ཤ་ལ་སོགས་པ་ཇི་ལྟར་རྙེད་པའི
རྫས་རྣམས་དུག་དང་བཅས་པའི་ཚ་དང། ཁྲག་གིས་བྱུགS་ལ་བསྲེག་གོ་།ཡང་ན་རྫས་དེ་དག་ཉིད་ཀྱི་ཐལ་བ་འམ། སེལ་བ་འམ། སྣུན་པ་ལ་སོགས་པ་ལ། དགྲ་བོའི་གཟུགས་བརྙན་བྱས་ལ། དུག་ལ་སོགས་པས་བྱུགས་ཏེ། རྐང་པ་གཡོན་པའི་མཐེའུ
ཆུང་ནས་བཙམས་ཏེ། མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་བསྲེག་པར་བྱའོ། །ལས་ཐམས་ཅད་པ་ལ་ནི། པ་ལ་ཤ་དང། གླག་ཤ་དང་།ཽ་དུམ་འབའ་ར་དང། སེང་ལྡེང་དང། ཨ་ར་ཀ་དང་།ནྱ་གྲོ་ད་དང། བEེ་ཀཾ་ཀ་དང། ཨ་འབྲ་དང། ཤ་མོ་དང། ཀང་ཤ་ཡི་དང།
ར?་པ་སྨར་ག་དང། ཨ་ཤྭད་ཐཱ་རྣམས་གང་རྙེད་པ། ཕྲལ་དུ་བཅད་པའམ། རྩེ་མོ་གཅིག་པ་འམ། ཤིང་གཞན་པ། རན་པ། མཐོ་གང་ཙམ་པ། བདུད་རྩི་དང་བཅས་པའི་ཆུ་དྲི་ཞིམ་པོས་བྲན་ལ། ལས་དང་རྗེས་སུ་མཐུན་པའི་རྩེ་མོ་གཉི་གར་སྣུམ་ལ་སོགས
པས་བྱུགས་པའི། ཡམས་ཤིང་ལས་ལ་ཇི་ལྟར་བརྗོད་པའི། །ནས་དང། འོ་མ་ལ་སོགས་པ་དང་བསྲེག་པར་བྱའོ། །གཞན་ཡང་ལས་ཐམས་ཅད་པ་ལ་ནི། ཞི་བ་དང། རྒྱས་པ་ལ་གང་སྨོས་པའི་རྫས་དང། རང་ཅི་བཀྲའ?་བའི་རྫས་དེ་ཡང་མར་དང་བསྣོས
ཏེ། གུ་གུལ་ལམ། བ་ལུའི་ཐང་ཆུ་དང། ཉིན་ཅིག་བཞིན་དུ་རང་རང་གི་སྔགས་ཀྱིས། ཉིན་ཅིག་བཞིན་དུ་བསྲེག་པར་བྱའོ། །མཆོད་པར་བྱ་བའི་དྲིའི་མེ་ཏོག་ལ་སོགས་པ་ལ། ལས་དང་རྗེས་སུ་མཐུན་པ་དང་རང་གི་སྔགས་ཅི་ལྟ་བས་བསྔགས་པར་བྱའོ།།
དེ་དག་ནི་རྫས་བསྟན་པའོ། །ཞི་བ་ལ་ནི་།མཆོད་སྦྱིན་གྱི་ཤིང་སྲོག་ཆགས་མེད་པ་ལས་བྱས་པའི་བུད་ཤིང་དམ། ནགས་ཀྱི་ལྕི་བའམ། གང་ཡང་རུང་བ་ཧོ་མ་ཁུང་བས་ཡིད་ཙམ་དམའ་བར་རོ། །རྒྱས་པ་ལ་ནི། ནགས?་ཀྱི་ལྕི་བ་མ་གཏོགས་པ་ཇི་སྐད
བཤད་པའི། བུད་ཤིང་འབྲས་བུ་དང་བཅས་པོའོ། །དབང་དུ་བྱེད་པ་ལ་ནི། ནིམ་པ་དང་ཨ་འབྲི་ཤིང་ལས་བྱས་པའི་བུད་ཤིང་དང། གཞན་ཡང་མེ་ཏོག་དང་བཅས་པའོ། །དགུག་པ་ལ་ནི་ཚེར་མ་དང་བཅས་པའོ། །མངོན་སྤྱོད་ལ་ནི། རོ་ཚབ་ཚེར་མ་ཅན།
དྲི་ད?་བའི་དུར་ཁྲོད་ནས་བྱུང་བ་རྣམས་དང། བོང་བུ་དང། རྔ་མོ་ལ་སོགས་པའི་ཏུག་པ་དང། ཤིན་དུ་སྐམ་པོའི་བུད་ཤིང་ངོ། །ལས་ཐམས་ཅད་པའི་བུད་ཤིང་ནི། ལས་དང་རྗེས་སུ་མཐུན་པས་སོ། །དེ་དག་ནི་བུད་ཤིང་བསྟན་པའོ། །དེ་ནས་སྒྲུབ་པ་པོ་ནང་ཕར་སྔར་ཁྲུས
བྱས་པ། དྲི་ཞིམ་བོས་ཡན་ལག་བྱུགས་པ། བྱམས་པ་དང། སྙིང་རྗེ་དང་ལྡན་པས། གོས་དཀར་པོ་འཆང་བ། ལས་དང་རྗེས་སུ་མཐུན་པའི་ཚུལ་གྱིས། བསྐྱེད་པའི་ལྷའི་རྣལ་འབྱོར་བྱས་པ། བསྲུང་བའི་ཆོ་ག་དང། བཟླས་པ
བྱས་པ་དེས། པདྨའི་གདན་གྱི་སྟེང་དུ། སྟན་འབོལ་བ་ལ་ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ། ཅང་མི་སྨྲ་བ་བསྒྲུབ་བྱ་ལ་དམིགས་པའི་བློས་འདུག་སྟེ། ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ། ཞི་བའི་ཡིད་ཀྱིས་ཞི་བའི་ལས་བྱའོ། །དེ་བཞིན་དུ
རྗེས་སུ་འཚམས་པར་བྱུགས་པ་འཕྲེང་པས་སེར་པོ་དང་གོས་སྣ་ཚོགས་ཀྱིས་བརྒྱན་པའོ། །དགའ་བའི་ཡིད་ཀྱིས་སྟན་བཟང་པོ་ལ། ཁ་བྱང་ཕྱོགས་སུ་བལྟས་ཏེ་འདུག་ལ། ཉའི་ཉིན་མོ་ནས་བརྩམས་ཏེ་སྔ་དྲོའི་དུས་སུ་རྒྱས་པའི་ལས་བྱའོ།།
ཆགས་པའི་སེམས་དང་ལྡན་པ་རྒྱན་འཆང། དམར་པོ་ལ་སོགས་པས་སྦྲས་པ། སྟན་བདེ་བ་ལ། ཁ་ནུབ་ཏུ་བལྟས་ཏེ། རྡོ་རྗེའི་སྐྱིལ་མོ་ཀྲུངས་ཀྱིས་འདུག་ལ། དབང་དུ་བྱའོ། །དེ་བཞིན་དུ་དགུག་པ་ལ་ཡང་སྟེ། འོན་ཀྱང་ནུབ་ཕྱོགས
ལོགས་སུ་ཁ་སྟེང་དུ་བལྟས་ནས། ལྷ་བསྙེན་པར་བྱའོ། །མངོན་སྤྱོད་ལ་ནི། སྟན་སྲན་ཏེ་འམ། །བྲོས་པའི་ཡིད་ཀྱིས་སྟན་མེད་པ་འམ། བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་ཀར་ཞོན་ནས། རྐང་པས་རྐང་པ་མནན་ཏེ་འདུག་པ། བདག་གཞན་མེད
པར་གོས་དང། རྒྱན་ཆ་སྔོན་པོས་སྤྲས་པ། ཁྲག་དང་ཆུའི་གྲོས་སྤོངས་པ། སོ་དང་མཆེ་བ་བཙིགས་པ། མིག་བགྲད་པ། ཁྲོ་གཉེར་གྱི་གདོང་པ་ཅན་གྱིས་།མར་ངོའི་ཉི་མ་གང་ལ། ཉི་མ་ཕྱེད་ཀྱི་དུས་སམ། ནམ་ཕྱེད་ན། ཁྲོ་བོ་ཉིད་གཙོ་པོར
བྱས་ཏེ། བསྒྲུབ་བྱའི་སྙིང་གི་པདྨར་སོན་པའི་བསྲུང་བ། །ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྕགས་ཀྱུས་བཅད་དེ། ཕྱུང་ནས་ལྷ་ཐམས་ཅད་ཀྱིས་སྤངས་བར་བསམ་ལ། སྙིང་རྗེས་རླན་པའི་སེམས་ཀྱིས། །དེའི་སྡིག་པ་རྣམས་ལས
བཟློག་ནས། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་འམ། གཞན་གང་ཡང་རུང་བར་བདེ་ཞིང་བསྐྱིད་པའི་རིགས་སུ་སྐྱེ་བར་འདོད་པས། མངོན་སྤྱོད་བྱའོ། །ཕྱོགས་ཀྱི་རྣམ་པར་གཞག་པ་ནི། ལོག་པའི་ཀུན་རྫོབ་ཡིན་པས་ན་གཙེར་བྱ་བ་མ་ཡིན
པའི་ཕྱིར། ཇི་ལྟར་གནས་པ་དང། དྲེགས་པ་དང། ང་རྒྱལ་གྱི་ཡིད་ཀྱི་ཏིང་ངེ་འཛིན་གྱིས་ཐམས་ཅད་བྱའོ། །དེ་དག་ནི་བསྒྲུབ་པ་པོ་བསྟན་པའོ། །ཞི་བ་ལ་ནི། གསེར་རམ། དངུལ་ལམ། ཟངས་སམ། རྡོ་འམ། ཤིང་དམ། འཇི་བ་འམ། དུང་ངམ། ཉ་ཕྱིས་སམ།
ལོ་འདབ་ཀྱི་སྣོད་དཱུམ། ཨར་རྒའི་སྣོད་དུ། ནས་དང། འོ་མ་དང། མེ་ཏོག་དཀར་པོ་དང། ཏིལ་དང། ཀུ་ཤ་དང། བོལ་ཀ་ལིང་དང། ལྡན་པ་ཇི་ལྟར་རྙེད་པ་དང། བདུད་རྩི་དང་བཅས་པའི་དྲིའི་ཆུ་དཀར་པོས་གཏོར་ཞིང་འདུག་ལ། རང་རང་གི་ལྷའི་སྔགS་སྭཱཧཱ
མཛའ་ཅན་གྱིས་ལན་བདུན་སྔགས་སོ། །དེ་བཞིན་དུ་རྒྱས་པ་ལ་ནི། ཞོ་དང་བཅས་པའི་མེ་ཏོག་སེར་པོ་ལ་སོགས་པ་དང། ཆུ་ལ་ཨའོཾ་གྱིས་མཛའ་ཅན་གྱིས་སྔགས་གོ། དབང་དུ་བྱ་བ་ལ་ནི། མེ་ཏོག་དམར་པོ་ལ་སོགས་པ་དང། ཆུ་ལ་ཧོའི
མཛའ་ཅན་གྱིས་སོ། །དེ་བཞིན་དུ་དགུག་པ་ལ་ཡང། ཛཱའི་མཛའ་ཅན་གྱིས་སྔགS་ཀྱིས་སོ། །མངོན་སྤྱོད་ལ་ནི། ཁྲག་དང་བཅས་པའི་དྲུག་ཅུ་པའི་འབྲས་དང། བའི་གཅིན་དང། མེ་ཏོག་ནག་པོ་དྲི་ང་བ་ལ་སོགས་པ་དང་ཆུ་ལ། ཕཊ་གྱི་མཛའ་ཅན་གྱིས
དེ་དང་ནི་ཨརྐ་བསྟན་པའོ། །དེ་ནས་ཞི་བ་དང། རྒྱས་པ་དང། དབང་གི་ལས་རྣམས་ལ་ནི། བདུད་རྩི་འཁྱིལ་པའི་སྔགས་སམ། ཡི་གེ་ཧཱུཾ་གིS་བསྔགས་པའི་ལས་ཐམས་ཅད་པའི་ཆུའི་སྣོད་དང། ཨར་རྒའི་སྣོད་རང་གིས་གཡོན་ཕྱོགས་སུ་གཞག
གོ། །དགུག་པ་དང་མངོན་སྤྱོད་ཀྱི་ལས་ལ་ནི་ལག་པ་གཡོན་པས་གསང་བར་བྱའོ། །ལས་ཐམས་ཅད་པ་ལ་ནི། ཨར་རྒའི་སྣོད་གཡས་ལོགས་སུ། །བསྲེག་བྱ་རྣམས་གཡོན་ལོགས་སུ་བཞག་པར་བྱའོ། །དེ་དག་ནི་བཞག་ལུགས་བསྟན་བའོ
ཞི་བ་དང། རྒྱས་པ་དང། དབང་གི་ལས་རྣམས་ལ་ནགས་སུ་འོ་མ་ཅན་གྱི་ཤིང་ལས་བྱུང་བའི་མེ་འམ། སུབ་ཤིང་གིས་ཕུང་བའི་མེ་འམ། དགེ་འདུན་གྱི་ཚངས་མངས་ནས་བླངས་པའི་མེས་བྱའོ། །ཡང་ན་རྒྱས་པ་ནི།
རྒྱལ་པོ་འམ། རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེ་འམ། ནགས་ནས་བྱུང་བ་འམ། དགེ་འདུན་གྱི་མེའོ། །དབང་ལ་ནི། སྨད་འཚོང་མེ་དང་སྨད་འཚོང་མའི་རིགས་ཀྱིས་ཁྱིམ་ནས་བྱུང་བའི་མེའོ། །དགུག་པ་ལ་ནི། གར་མཁན་དང། སྟང་མོ་ས
དང། ལམ་པོ་ཆེའི་མིས་ཕྱུང་བའི་མེས་སོ། །དྲག་པོའི་ལས་ལ་ནི། དུར་ཁྲོད་ནས་ཕྱུང་བའམ། རུས་པ་འམ། རྡོ་ལས་ཕྱུང་བ་འམ། རིགས་ངན་ལ་སོགས་པའི་ཁྱིམ་ནས་བྱུང་བའི་མེ་བླང་ངོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མེ
གསོ་བར་བྱའོ། །དེ་ཉིད་ཀྱིས་བསྔགས་པའི་ཆུས་བསངས་པའི་ཀུ་ཤའི་རྩེ་མོ་ནས་བཟུང་སྟེ། གཡས་ཕྱོགས་ནས་ལན་གསུམ་དེ་བསྐོར་ལ། ཙཱ་སྐམ་པོ་དང་ལྷན་ཅིག་ཏུ་ཐབ་ཁུང་དུ་གཞུག་གོ། ཡི་གེ་ཧཱུཾ་འམ་། ཨའོཾ?་ཛཝ་ལ་ཛཝ་ལ་ཧཱུཾ་ཞེས་བྱ་བས
རླུང་ཡབ་ཀྱིས་མེ་རབ་ཏུ་སྤར་ལ། རིགས་གྱིས་སྙིང་པོ་ལན་བདུན་བསྔགས་པའི་མར་བླུགས་ལ། མཆོད་པར་བྱའོ། །དེ་ནས་བཛྲ་སྭ་ཏྭ་ཨ་ཞེས་བྱ་བS་བསྔགས་པའི་སྐུ་ཤས་ཕྲལ་དུ་བླངས་པ་དྲི་མ་མེད་པ་ལྗང་ཀུ་འདབ་མ་མ་སྣར་བ། མ་ཉམས་པ། ཧ
ཅང་མི་རིང་བ། ཁ་ལྷོར་ལྟས་ཏེ། རྩེ་མོ་ཤར་དུ་བསྟན། ཁ་ནུབ་དུ་བལྟས་ཏེ། རྩེ་མོ་བྱང་དུ་བསྟན་ནས། ཁ་ཁྱེར་ལ་དགྲམ་མོ། །ཐབ་ཁུང་དུ་ནི་ཀུ་ཤའི་རྩེ་མོ་ཤར་དུ་བསྟན་ལ་དཀྲམ་མོ། །འདིར་ཡང་བསྒྲུབ་པ་པོ་གང་དུ་བལྟས་ནས་འདུག་པ
དེའི་དབང་དུ་བྱས་ནས། དེ་ཉིད་ལ་ཤར་ཕྱོགས་ཀྱི་ཐ་སྙད་དུ་བྱ་སྟེ། ཕྱོགས་ནི་ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །དེ་ནས་རང་གི་ལྷའི་ས་བོན་གྱིས་ཐབ་ཁུང་བསྐྱེད་པར་བྱ་སྟེ། མེ་འབར་བར་ཤེས་པར་བྱས་ལ། དེའི་ནང་དུ་ཡི་གེ
རས་མཚན་པའི་ཤིང་རྟའི་སྟེང་དུ་། ཨའོཾ་ལས་བྱུང་བའི་པདྨ་ལ་གནས་པའི་རྡོ་རྗེ་སེཾས་དཔའ་ཡོངས་སུ་གྱུར་པ་སྔོན་དུ་སོང་བ་ཅན་ལས་གྲུབ་པ་འམ། ཡི་གེ་ཧཱུཾ་ལས་བྱུང་བ་འམ། ཡུད་ཙམ་གྱིས་གྲུབ་པའི་མེ་ལྷ་ལས་དང་རྗེས་སུ་འཐུན་པའི་གཟུགས་ཅན་གྱི། ན
བཟའ་དང། རྒྱན་ཆ་དང། གདན་དང་ལྡན་པ། ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བས་བརྒྱན་པའོ། །ཞལ་ནས་བགེགས་ཚར་གཅོད་པའི་སྒྲ་སྒྲོགས་པའི། མཚོན་ཆ་ལ་སོགས་པ་དང་ལྡན་པ་བསྒོམས་ལ། སྤྱན་དྲང་བའི་རིམ་པས། །ཚུར་གཤེགས་ཚུར
གཤེགས་འབྱུང་པོ་ཆེ། ལྷའི་དྲང་སྲིད་སྐྱེས་གཉིས་མཆོག་།དགང་ལུགས་ཞལ་ཟས་འདི་བཞེས་ལ། འདིར་ནི་ཉེ་བར་བཞུགས་སུ་གསལ། །འོཾ་ཨག་ནི་དྷི་བྱ་ཨ་བི་ཤ་མཧ་ཤྲི་ཡེ། ཧ་བྱ་ཀ་བྱ་བ་ཧ་ན་ཡ་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱིས་མེ་ལྷ
དྲང་སྲོང་གི་འཁོར་གྱིས་བསྐོར་བ་མེའི་ཕྱོགས་ནས་སྤྱན་དྲངས་ལ། བགེགས་ཚར་བཅད་པ་ལ། གཤིན་རྗེ་བསྟན་མ་ལ་སོགས་པས་དགུག་པ་ལ་སོགས་པ་བྱའོ། །དེ་ནས་མེ་ལྷ་རང་གི་སྔགས་ཀྱི་ཨར་ཀའི་ཆུ་ལན་གསུམ་དུ་ཨར་ཀའི་སྣོད་དུ་གཏོང
ལ། ལག་པ་གཡས་པས་མེ་ཏོག་གཅིག་བླངས་ཏེ། འགྱིང་བ་དང་བཅས་པས་དབུལ་བར་བྱའོ། །འོཾ་པྲ་བར་སད་ཀ་ར་པྲ་ཏཱི་ཚ་སྭཱ་ཧཱ་།ཞེས་བྱ་བས་ཞབས་བསིལ་ཞབས་དག་ལ་དབུལ་བར་བྱ་ལ། ལས་དང་རྗེས་སུ་མཐུན་པའི་མེ་ཏོག་ལ
སོགས་པ་མཆོད་པའི་རྫས་དང། གཟུགས་རྡོ་རྗེ་མ་ལ་སོགས་པས་ཀྱང་མཆོད་པར་བྱའོ། །ལས་ཐམས་ཅད་པའི་ཆུས་བསངས་ལ། ལག་པ་གཡས་པའི་སྲིན་ལག་དང་མཐེ་བོང་ལས་ཐམས་ཅད་པས་བསག་པའི་ཆུ་བླངས་ཏེ། མ
ལྷའི་སྔགས་ཀྱིས་ལག་པར་ཐོར་འཐུད་ལན་གསུམ་བྱིན་ནས། ལག་པ་གཡོན་པས་བཟུང་བའི་གླུགས་གཟར། ལག་པ་གཡས་པས་བཟུང་བའི་དགང་གཟར་གྱིས། མར་གྱིས་བཀང་པའི་སྟེང་དུ། བླུགས་གཟར་ཁ་སྦུབས་སུ་བཞག་སྟེ།
དགང་གཟར་དང། བླུགས་གཟར་དང། ལྷའི་ལྗགས་རྣམས་ལ་རང་གི་ལྷའི་ས་བོན་བཀོང་ལ། པུས་མོའི་བར་དུ་ལག་པ་བཅུག་ལ། ཞི་བ་དང། རྒྱས་པ་དང། དབང་དང། དགུག་པའི་ལས་རྣམས་ལ་ནི་ཅུང་ཞིག་ཞལ་གདངས
ལ་དབུལ་ལོ། །དྲག་པོ་ལ་ནི། དུག་དང་བཅས་པའི་མར་ནག་ཚོན?་ཏེ་དང། སྟབས་གཅིག་དུ་ནི་ཤིན་ཏུ་གདངས་པའི་ཞལ་དུ་གོང་དུ་སྨོས་པའི་མེ་ལྷའི་སྔགས་ཀྱིས་དགང་ལུགས་དབུལ་བར་བྱའོ། །དེ་ནས་མེ་ནི་ཤེས་བྱ་སྟེ། བགེགས་མེད་བུམ་པ་ལྟ
བུ་དང། ཤིན་དུ་དཀར་དང་འཇའ་ཚོན་མཚུངས། །བྱི་རུ་བཅག་པ་ལྟ་བུ་དང། གཡས་སུ་འཁོར་ཞིང་ཤིན་དུ་སྣུམ། །ལྷམ་བུ་ཆུ་ཤེལ་ལྟ་བུའི་འོད། །ཀུ་སུམ་བྷ་དང་བེ་དུ་རྒྱ། །དགང་གཟར་བླུགས་གཟར་ལྟ་བུ་དང། །རྩེ་གསུམ་རྡོ་རྗེ་དུང་དང
ནི། །པད་མ་ཉ་དང་རྔ་ཡབ་གཟུགས། །དཔལ་གྱི་བེའུ་དང་བཀྲ་ཤིས་གདུགས། །རྒྱལ་མཚན་ལ་སོགས་རྣམ་པར་འཛིན། །རྔ་དང་གླིང་བུའི་སྒྲ་ལྟར་ཟབ། །དྲི་ཞིམ་ཤིན་དུ་ཡིད་དུ་འོང། །གསེར་མདོག་ལྟ་བུའི་དྲི་མ་མེད། །ཉི་མ་ལྟ་བུའི
དྲི་མེད་འབར། །ཞི་བའི་མེ་ནི་དཀར་པོ་སྟེ། །རྒྱས་པའི་མེ་དམོག་སེར་པོའོ། །དབར་ལ་མེ་ལྕེ་དམར་པོ་མཆོག་།མངོན་སྤྱོད་སྔོ་དང་གནས་པའོ། །སླར་ཡང་རྩེ་གཅིག་མཆོག་ཡིན་ཏེ། །དེ་བཞིན་རྩེ་མོ་གཉིས་པ་འབྲིང་།སྒྲུབ་པོས་མཉམ་པར་གཞག་པ་ཡིས
རྩེ་གསུམ་མཛའ་མ་ཤེས་པར་བྱ། །བགེགས་བཅས་མེ་ནི་ཤེས་བྱ་སྟེ། །མེ་སྟག་འཕྲོ་བོས་ཉེ་བར་མཚན། །དུད་པ་འཐུལ་ཞིང་འོད་ཟེར་མེ། །ཙུབ་དང་སྤྲིན་ནག་འཁྲིག་པའི་འོད། །པ་ལ་ཤ་འོད་མེ་ལྕེ་ཆང། །བགས་ཀྱིས་བགས་ཀྱིས་རིམ་པར་འབར། །
མདུད་དང་ཞིབ་མ་ལྟ་བུ་དང། །དེ་བཞིན་བ་ལང་འགོ་ལྟ་བུ། །བེའུ?་སྣབས་དྲི་དང་རོའི་དྲི། །ཤིན་ཏུ་རྩུབ་པའི་སྒྲ་དང་ལྡན། །སྲིག་མཁན་ལ་ནི་མ་ལྕེ་ཉུག་།རྩེ་མོ་མང་པོས་གང་བའོ། །མེ་ནི་བགེགས་དང་བཅས་གྱུར་པ། །དེའི་ཚེན་བསང་གཏོར
བྱ། །བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསུང་།མར་གྱི་སྦྱིན་བསྲེག་ལན་བདུན་བྱ། །དེ་ནས་རང་གི་སྔགས་ཀྱི་བསངས་ལ། །དགང་ལུགས་ལན་གསུམ་འམ་བདུན་ནམ་།གཅིག་མེ་ལྷའི་རང་གི་སྔགས་ཀྱིས་བསྲེག་ཏེ། གླུགས་གཟར་ལ་སོགས་པས
མར་ལ་སོགས་པ་ལན་གསུམ་འམ་བདུན་ནམ་གཅིག་བསྲེག་པར་བྱའོ། །འདིར་རིམ་པ་ཡམས་ཤིང་བསྲེག་ནས་ནི། །ཡམས་ཤིང་མེ་ལ་མར་དང་ཏིལ། །དུར་བ་འབྲས་དང་འོ?་ཟན་དང། །ཀུ་ཤ་ལ་སོགས་བསྲེག་པར་བྱ། །དེ་ནས་ཁུ་པའི་རྫས་ཐམS
ཅད་ནི་ཞལ་དུའོ། །ཡམས་ཤིང་དང། མིའི་རུས་པའི་ཕྱེ་མ་ལ་སོགས་པ་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །བཟའ་པར་བྱ་བ་ནི་ཟན་དང་ཏིལ་དང་ཐོར་འཐུང་ལ་སོགས་པ་ནི་ཕྱག་དུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །སྤོས་ནི
འབར་བ་ལའོ། །ཞབས་བསིལ་ནི་ཞབས་དག་ལའོ། །མར་མེ་དང་ཨར་རྒ་དང་ལྷ་བཤོས་ནི་མདུན་དུའོ། །སྣོད་དུ་ནི་ཨར་རྒའི་ཆུ་བླུགས་སོ། །དེ་ནས་འཐོར་འཐུང་དང་བསང་གཏོར་བྱས་ལ། །?་ཁུང་དུ་འབར་བའི་རྣམ་པ་འམ་།མེའི
འཚམས་སུ་རང་གི་ངོ་བོའི་གཟུགས་ཀྱིས་བཞག་པར་བྱའོ། །དེ་དག་ནི་མེ་ལྷ་བསྟན་པའོ། །དེ་ནས་ཡི་གེ་ཧཱུཾ་འམ། བདུད་རྩི་ཁྱིལ་པའི་སྔགས་ཀྱིས་ཁོ་བོའི་ཡོ་བྱད་ཡང་སྔར་བཞིན་བསང་ལ། །མེའི་དབུས་སུ་ཇི་ལྟ་བ་བཞིན་དུ་རིགས
ཀྱི་བདག་པོ་བསྐྱེད་པར་བྱ་སྟེ། །ཞི་བ་ལ་ནི། ཞི་བསྐུ་མདོག་དཀར་པོ། །གདོན་པད་མ་དང་ཟླ་བ་དཀར་པོ་ལ་བཞུགS་པ་ནས། ན་བཟའ་ན་དང། རྒྱན་ཆ་དང། འོད་དཀར་པོ་དང་ལྡན་པ། འཁོར་དང་བཅས་པ་འམ། སྙོམས་པར་ཞུགས་པ་འམ།
དཀྱིལ་འཁོར་འཁོར་ལོ་བསྒོམ་པ་བྱའོ། གཅིག་པུར་བཞུགས་པའི་གཟུགས་ལས་འོད་ཟེར་གསལ་ཞིང་རྒྱས་པའི་ཚུལ་གྱིས། །ལྷའི་ཚོགས་རྒྱ་ཆེན་པོ་སྤྲོས་པ་རྣམས་ཀྱིས། །བཟུང་བའི་བྱང་ཆུབ་ཀྱི་སེམས། བདུད་རྩིས་བཀར་བའི་ཆུ་ཤེལ་གྱི་བུམ་
པའི་རྒྱུན་གྱིས་བསྒྲུབ་བྱ་ལ་དབང་བསྐུར་བར་བསམ་མོ། །རྒྱས་པ་ལ་ནི། རྒྱས་པ་སྟེ། མཆོད་རྫས་རྣམས་བརྗོད་པ་བཞིན་དུ་སེར་པོའོ། །སྔར་གྱི་གསེར་གྱི་བུམ་པ་ནས་འབབ་པའི་བདུད་རྩི་འམ། རིན་པོ་ཆེའི་ཆར
གྱིས་བསྒྲུབ་བྱའི་ལུས་ལ་འམ། ཁང་པར་གང་བར་བསམ་མོ། །དབང་ལ་ནི། སྔར་བཞིན་དུ་།གདན་དམར་པོ་ལ་སོགས་པ་དང་ལྡན་པ་སྟེ། ཨཽད་པ་ལའི་མྱུ་གུ་ཁ་མ་བྱེ་བ་ལྟ་བུའི། མདའ་ཡིས་བསྒྲུབ་བྱའི་བྲང་དུ་བརྒྱབ་ནས་དབང་དུ་བྱེད
པར་བསམ་མོ། །དགུག་པ་ལ་ནི། ཞགས་པ་དང་ལྕགས་ཀྱུས་བསྒྲུབ་བྱ་བཅིང་ཞིང་བཀུག་སྟེ་དྲངས་ཏེ་དྲངས་ནས་བཀུག་པར་བསམ་མོ། །མངོན་སྤྱོད་ལ་ནི། གདན་ནག་པོ་ལ་སོགས་པ་དང་ལྡན་པ། མེ་དང་རྡོ་རྗེ་དྲག་ཅིང་གཏུམ་པའི་ཆར
བསྒྲུབ་བྱའི་སྟེང་དུ་འབར་བར་བསམ་ལ། ཡང་དག་པར་མཆོད་དེ། ཨར?་རྒ་དང་འཐོར་ཐུང་དང་བསང་བ་རྣམས་རྫོགས་པར་བྱས་ནས། སྔར་བཞིན་དུ་རང་གི་སྔགས་བཟློས་ཤིང་དགང་ལུགས་བྱིན་ལ། རྫས་ཐམས་ཅད་སོ་སོར་རེ་རེ་ནས་ལང?
གསུམ་འམ་བདུན་ཅིག་བསྲེགས་ཏེ། བདུད་རྩི་དང་བཅས་པའི་སྣུམ་གྱི་བསྲེག་ལུགས་ཇི་ལྟར་རྙེད་པ་ལྟར་བསྲེག་པར་བྱའོ། །ཐབ་ཁུང་གི་ལྷ་ནི། དཀྱིལ་འཁོར་གྱི་བདག་པོའི་ལྷ་འམ། རབ་ཏུ་གནས་པར་བྱ་བའི་ལྷ་འམ། བསྒྲུབ་པར་བྱ་བའི
ལྷ་འམ། ཤ་ཟ་ལ་སོགས་པ་ཞི་བར་བྱ་བའི་ལས་ལ་ནི། དེའི་དབང་དུ་བྱས་པའི་ལྷ་འམ། རང་གི་ཡི་དམ་གྱི་ལྷ་ཡང་རུང། །དེ་དག་དེའི་ངོ་བོར་བསྒྲུབས་ལ། བདག་ཉིད་ཀྱང་རང་གི་འདོད་པའི་ལྷའི་རྣལ་འབྱོར་དམ། ཐབ་ཁུང་དུ་དགོད་པར
བྱ་བའི་རྣལ་འབྱོར་གྱིས་ཞི་བ་ལ་ནི། སྭཱ་ཧཱའི་མཛའ་ཅན་གྱིས་སོ། །རྒྱས་པ་ལ་ཨའོཾ་གྱི་མཛའ་ཅན་གྱིས་སོ། །དབང་ལ་ནི་ཧོའི་མཛའ་ཅན་གྱིས་སོ། །དབྱུག་པ་ལ་ནི། ཛཱའི་མཛའ་ཅན་གྱིས་སོ། །དྲག་པོ་ལ་ནི་ཕཊ་གྱི་མཛའ་ཅན་ནམ། ཧཱུཾ་གི
མཛའ་ཅན་ནོ། །དེ་རྣམས་ཀྱིས་ཀྱང་སྐར་མངས་བསྟོད་པའི་སྒྲ་དང། ཆེ་གེ་མོ་ཞི་བར་གྱིས་ཤིག་ཞེས་བྱ་བ་ལ་སོགས་པའི་དག་གོ་།ཇི་ལྟ་བ་བཞིན་དུ་སྭཱ་ཧཱ་ལ་སོགས་པའི་མཛའ་ཅན། རང་རང་གི་སྔགས་ཀྱི་མཐར་བཀོད་ལ་བདག་ཉིད་ཀྱང་ཞི་པའི་ཡིད
ཀྱིས་ཞེས་བྱ་བ་ལ་སོགས་པའི་བསམ་པས་ལྷག་པར་མོས་པར་བྱས་ཏེ། བསག་ཅིང་བསྲེག་པར་བྱའོ། །ཡང་སྔགས་ནི། ཨའོཾ་སྭརྦ་པ་པཱ་ད་ན་ན་བཛྲ་ཡ་སྭརྦ་ས་སན་ད་ཧ་སྭཱ་ཧཱ་།ཞེས་པ་ནི་ཞི་བའི་དོན་དུ་ཏིལ་དབུལ་ལོ། །འོཾ་བཛྲ་པུ་ཤེ་སྭཱཧཱ་།ཞེས་པ
ནི་དུར་བའོ། །འོཾ་བཛྲ་པ་ཤེ་ཡེ་སྭཱ་ཧཱ། ཞེས་པས་ནི། འབྲས་ཐུག་པ་ཆེ་ཆག་གྲུགS་མེད་པའོ། །འོཾ་བཛྲ་སི་བ་དེ་སྭཱ་ཧཱ། ཞེས་པས་ནི་ཞོ་ཟན་གྱིའོ། །འོཾ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ་།ཞེས་བྱ་བ་ནི་བསྲུང་བའི་དོན་དུ། ཀུ་ཤའི་རྩེ་མོ་ཏིལ་གྱིས་བྱུག་པའི་ལྷག
མ་རྣམས་ནི་མཆོད་པར་བྱ་བའི་ལྷ་རྣམས་ཀྱི་སྔགས་སོ། །དེ་ལྟར་རང་དང་གཞན་གྱི་རྟོགས་པ་ནས། ཆོ་ག་ཇི་ལྟར་རྙེད་པ་ནས་སྦྱིན་སྲེག་བྱས་ཀྱི་རྗེས་ལ་རིགས་ཀྱི་སྙིང་པོའི་སྲགས་ཀྱིས། ལན་གསུམ་འམ། བདུན་ནམ། ལན་ཉི་ཤུ་རྩ་གཅིག་སྣུམ
གྱིས་བསྲེག་ལུགས་བྱ་སྟེ་འབད་དུ་གཞུག་གོ་། དེའི་རྗེས་ལ་དགང་ལུག་གསུམ་ཕུལ་ལ་རིགས་ཀྱི་བདག་པོའི་སྔགས་བཟླས་ཏེ་ཨར་རྒ་དབུལ་ལོ། །དེ་ནས་ལན་གསུམ་དུ་བས་ས་ལ་འཐོར་འཐུང་བྱིན་ལ་སྔར་བཞིན་དུ། མཆོད་པ་དང། བསྟོད་པ
བྱས་པ། ཕྱག་བྱས་པ་དང། ཨར་རྒ་དབུལ་བ་ལ་སོགས་པ་བྱས་ནས་སྙིམ་པ་མེ་ཏོག་གིས་བཀང་སྟེ། གསོལ་བ་གདབ་པར་བྱ་བ་ནི། སླར་ཡང་བདག་གི་རྨོངས་པའི་བློས། །མི་རིགས་ཅུང་ཟད་ཅིག་གྱིས་པ། ལུས་ཅན་རྣམས་ཀྱིས་སྐྱོབ་པ་པོ།།
མགོན་པོ་ཁྱོད་ཀྱིས་བསྐྱབ་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་ཤིང། །མ་འཚལ་བ་དང་མ་རྙེད་པ། འདི་ནི་བགྱིས་དང་བགྱིད་འགྱུར་བ། །དེ་དག་ཐམས་ཅད་བཟོད་པར་འོས། །ཞེས་བཟོད་པར་གསོལ་ནས་དངོས་གྲུབ་བསླང་ཏོ། །འོཾ་ཁྱོད་ཀྱིས
སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པར་དངོས་གྲུབ་རྩོལ། །སངས་རྒྱས་ཡུལ་དུ་གཤེགས་མཛོད་ལ། སླར་ཡང་ཁྱོད་ནི་བྱོན་པར་མཛོད། །ཞེས་ཡང་དག་པར་བསྐུལ་ནས། ཡེ་གེ་མུའི་མཛའ་ཅན་གྱི་རང་གི་སྔགས་ཀྱིས
གཤེགས་སུ་གསོལ་བར་བྱའོ། །དེ་དག་ན་ལྷ་ཡང་དག་པར་མཆོད་པར་བསྟན་པ་པོ། །དེ་ནས་ཐབ་ཁུང་དུ་མེ་ལྷ་བསྙེན་ནས་།ཡང་འཁོད་པར་བྱ་སྟེ། བསང་བ་དང་འཐོར་འཐུང་བྱས་ནས། སྦྱིན་བསྲེག་གི་ཡོ་བྱང་ལྷག་མ་རྣམས་བསྲེག་པའི་རྗེས་ལ།
དགང་ལུགས་དང། འཐོར་འཐུང་དབུལ་ཞིང་བསངས་ནས། ཡང་དག་པར་མཆོད་དེ་།ར་རྒ་བྱིན་ལ། འདོད་པའི་དངོས་གྲུབ་བསླངས་ཏེ། ཨའོཾ་བཛྲ་སྭཱ་ཧཱ་ཞེས་བཟླས་ནས། སྔར་བཞིན་བྱོན་པར་མཛོད་ཅེས་ཡང་དག་པར་བསྐུལ་ལ། ཧཱུཾ་མུ་ཞེས་བྱ
བའི་ཚིག་གིས་གཤེགས་སུ་གསོལ་ཏེ། དེ་ལྟར་ཉིན་རེ་བཞིན་དུ་ཇི་སྐད་དུ་བརྗོད་པའི་དུས་སམ། ཐུན་འཚམས་གསུམ་འམ། བཞིར་བྱ་བ་ཡིན་ནོ། །དེ་དག་ནི་ཕྱི་རོལ་གྱི་སྦྱིན་བསྲེག་བསྟན་པ་ཡིན་ནོ། །ཡང་ན་དེ་དག་ཐམས་ཅད་ཡིད་ཀྱིས
ལྷག་ཆད་མེད་པར་བྱས་ནས། ངེས་པར་མངོན་པར་འདོད་པའི་རྫོགས་པར་འགྲུབ་པོ། །ཡང་ན་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་བསམ་ལ། དེའི་དཀྱིལ་འཁོར་གྱི་བདག་པོ། །ཇི་སྐད་བརྗོད་པའི་མེ་ལྷ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར
གྱི་དབུས་ན་བཞུགས་པར་བསམས་ཏེ། རང་རང་གི་སྔགས་ཀྱི་ཡི་གེ་ལས་བྱུང་བ། སྦྲང་རྩི་དང། མར་སར་གྱིས་བཀང་བའི་རིན་པོ་ཆེ་སྣ་བདུན་གྱི་བདག་ཉིད་ཀྱི་སྣོད། །འགྲམ་ལོགས་སུ་བསམ་ལ་རིན་པོ་ཆེ་སྣ་བདུན་གྱི་བདག་ཉིད་ཀྱི་དགང་གཟར
དང། གླུགས་གཟར་ཡང་ཡིད་ཀྱིས་བསམས་ལ། དགང་ལུགས་དང། བསྲེག་ལུགས་དབུལ་བར་བྱའོ། །ཡང་རང་གི་ས་བོན་ལས་བྱུང་བའི་རང་གི་བདག་པོའི་དཀྱིལ་འཁོར་གྱིས། ལྷ་ཐམས་ཅད་ཀྱིས་བསྐོར་བ་བསམ་ལ། སྤྱན་དྲང་བ་ལ་སོགས་བཱི
ཆོ་གའི་མཆོད་པའི་མཐར་རྫོགས་པར་བྱ་སྟེ། ཡིད་ཀྱིས་སྦྱིན་བསྲེག་བྱ་སྟེ། ཡིད་ཀྱི་རང་གི་ལྷ་རྣམས་ཚིམ་པར་བྱའོ། །ཆོ་ག་དེ་ལྟ་བུ་ནི་བླ་ན་མེད་པ་སྟེ། ཡིད་གྱིས་བླ་ན་མེད་པ་ཡང་དག་པར་སྦྱངས་པའི་རང་བཞིན་ཡིན་པའི་ཕྱིར་དང། ཕྱི་རོལ་གྱི?་ཆོ་ག
ཡང་དེའི་དོན་དུ་ཡིན་པའི་ཕྱིར་དང། སངས་རྒྱས་ཉིད། རིག་པ་འཛིན་པ་ཉིད་ལ་སོགས་པའི་དངོས་པོ་ཀུན་ཀྱང། ཡིད་ཀྱི་སྣང་བ་རྣམ་པར་སྣ་ཚོགས། །རྣམ་པར་དག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་མེ་ལ་།ཕུང་པོ་ལ་སོགས་པ་རྣམས?
བསྲེག་པ་ནི། བླ་ན་མེད་པའི་སྦྱིན་བསྲེག་གོ། དེ་དག་ནི་གསང་བའི་སྦྱིན་བསྲེག་བསྟན་པའོ། །དེ་ལྟར་བདག་ལས་བསགས་པའི་བསོད་ནམས་མར་སར་ཕུང་པོ་གང་ཡིན་པ། །དེ་བསྒོམ་དྲི་མེད?་ཡུལ་དང་ལོངས་སྤྱོད་ཤིང་དག་བླ་མ་རྣམས་ཀྱི་ནི།།
གསུང་ཉིད་ཙམ་གྱིས་དྲི་མ་མེད་པའི་ཡིད་འགྱུར་མཛེས་དགའ་ཨི་ཐབ་ཁུང་དུ། འགྲོ་བའི་སྐྱོན་གྱི་འབྲུ་རྣམས་ཡེ་ཤེས་མེ་ལ་སྲེག་གྱུར་ཅིག་།སློབ་དཔོན་པུན་དྷ་རི་ནན་ཏས་མཛད་པ། སྦྱིན་སྲེག་གི་ལེའུ་རྫོགས་སོ།། །
རྒྱ་གར་གྱི་མཁན་པོས་བི་རྟ་ཆེན་པོ་སུ་མ་ཏི་ཀིར་ཏི་དང། ལོ་ཙ་བ་དགེ་སློང་སང་རྒྱལ་གྱིས་བསྒྱུར་པའོ།། །།*། །རྣལ་འབྱོར་བཅུ་པ་བཞུགས་ཤོ།། །།ོཾ་སྭ་སྟི་སིདྡྷཾ་།བླ་མ་དང
མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ།
CLOSE WINDOW