Wylie | e-texts based on the ACIP/ALL ![]() ![]() |
། །།*། །བདེ་མཆོག་ནམ་མཁའ་ལྡིང་གི་བསྒྲུབ་ཐབས་བཞུགས་སོ།། །།རྒྱ་གར་སྐད་དུ། པ་ག་བན་ཤྲཱི་སྭེ་བ་ར་བཛྲ་ག་རུ་དྷ་ས་དྷ་ན། བོད་སྐད་དུ། བཅོམ་ལྡན་འདས་དཔལ་
བདེ་མཆོག་རྡོ་རྗེ་ནམ་མཁའ་ལྡིང་གི་བསྒྲུབ་ཐབས། །ཐུགས་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དཔའ་བོའི་དཔའ་བོ་ཞལ་བཞི་སྤྱན་གསུམ་པ། །བཅུ་དྲུག་ཕྱེད་ཀྱིས་ཕྱག་གིས་རྣམ་པར་མཛེས། །ལྟོ་འགྲོ
བདག་པོའི་གདན་ལ་ལེགས་བཞུགས་པའི། །གར་གྱི་ས་སྟེངས་རྟག་ཏུ་རྒྱལ་གྱུར་ཅིག་།ཐུགས་རྗེ་ཆེན་པོའི་རོལ་པ་ཡིས། །འགོ་བའི་དོན་ལ་ཁྱབ་གཤེགས་པ། །དཔལ་ལྡན་སྡོམ་པ་ལ་བཏུད་དེ། །དེའི་བསྒྲུབ་ཐབས་བྲི་བར་བྱ། །ཡོངས་དག་སེམS
ཀྱིས་གསུམ་ལ་སྐྱབས་སོང་ནས། །བྱང་ཆུབ་སེམས་བསྐྱེད་སྔགས་ཀྱི་སྐལ་བ་ཅན། །གཞན་ཕན་ལྷུར་ལེན་ཐེ་ཚོམ་དང་བྲེལ་ཡིད། །མན་ངག་ལེགས་ཐོབ་རྣལ་འབྱོར་བརྩོན་ལྡན་པས། །རྣམ་དབེན་ཡིད་དང་རྗེས་མཐུན་པར། །བདེ་བའི་སྟན་ལ་ལེཌ
འདུག་ནས། །རང་ཉིད་ས་བོན་འོད་ཟེར་གྱིས། །སངས་རྒྱས་ལ་སོགས་མདུན་དམིགས་སྟེ། །མཆོད་སོགས་ཆངས་པའི་གནས་བྷེམ་པས། །སྟོང་པའི་བྱང་ཆུབ་རྣམ་པར་བྷེམ། །སྔོན་གྱི་སྨོན་ལམ་རྗེས་དྲན་པས། །ནམ་མཁར་གནས་པའི་པཾ་ཡིག་ལས?
འདབ་རྒྱད་ཆུ་སྐྱེས་ལྟེ་བར་བཅས། །གེ་སར་འབར་དང་ཡང་དག་ལྡན། །དེར་ནི་ཧཱུཾ་བྱུང་རྡོ་རྗེ་ཆེ། །ཽད་པལ་སྔོན་པོའི་མདོག་མཚུངས་འོད། །སྤྲོས་ནས་སླར་ཡང་བསྡུས་པ་ལས། །དཔའ་ཨོ་བྷ་མ་བྱ་ཞལ་བཞི་པ། །བཅུ་དྲུག་ཕྱེད་ཀྱི་ཕྱག་གིས་མཛེས། །ཻན
ཏྲ་ནི་ལ་མཚུངས་འོད་འབར། །གཡས་ཀྱི་ཞལ་ནི་དུད་ཀ་སྟེ། །གཡོན་པ་མ་རག་ཏིའི་མདོག། །སྟེང་ཞལ་པདྨ་ར་གའི་འོད། །ཀླུ་རྣམས་སྐྲག་མཛད་མཁའ་ལྡིང་སྡོང། །རྣམ་པར་རྩིགས་དང་སྤྱན་གསུམ་དམར། །རལ་པའི་ཅོད་པན་ཟླ་ཕྱེད་དང། །བསྣོས
རྡོ་རྗེ་ཐོང་པའི་བརྒྱན་ལྡན་ཕྱག་རྒྱ་དྲུག་གིས་མཛེས། །སྟག་གི་ལྤགས་པའི་གོས་འཆང་ཞིང། །འཛགS་པའི་ཕྲེང་བས་རྣམ་པར་བརྒྱན། །རྡོ་རྗེ་སྡིགས་འཛུབ་ཞགས་པར་ལྡན། །ཐོད་པ་ཁ་ཊཝཱཾ་ཁ་འཛིན་ཅིང། །ལྕགས་ཀྱུ་མདུང་དང་ལྕང་ཏེའུ་བསྣམS
དབང་པོའི་པགས་པའི་ན་བཟའ་?་འཛིན། །ཀླུ་དབང་ཕྱུད་མར་བཅས་པ་ནི། །གཡས་བརྐྱང་གོམ་པས་རྣམ་པར་གནོན། །དེ་མདུན་གནས་པའི་ཤེས་རབ་མ། །ཕག་མོ་མདོག་དམར་གཅེར་བུ་སྟེ། །སྤྱན་གསུམ་སྐྲ་གྲོལ་ལང་ཚོར་ལྡན། །ཕྱག་རྒྱ་ལཱ་ཡིས་རྣམ་བརྒུན?
ཅིང་མ་སྡང་ལ་སྡིགས་འཛུབ་གྲི་གུག་དང། །མཁྱུད་པའི་ཕྱག་གིས་ཐོད་པ་འཛིན། །ཞབས་གཉིས་ཐབས་ལ་མཉམ་འཁྲིལ་ཞིང། །འདོད་ཆགས་ཆེན་པོས་རྗེས་ཆགས་པའོ། །འདབ་མ་བརྒྱད་ལ་ལུགས་འབྱུང་དང། །ལུགས་ལས་ཟློག་པས་མཛའ་ཡས་དང
ནོར་རྒྱས་དང་ནི་འཇོག་པོ་དང། །པདྨ་པད་ཆེན་དུང་སྐྱོང་དང། །སྟོབས་ཀྱི་རྒྱུ་དང་མ་དྲོས་པ། །དཀར་དང་སྔོ་དང་དམར་དང་ལྗང། །སེར་དང་དུ་བའི་མདོག་ཅན་དང། །ལྗང་ཁུ་དང་ནི་སེར་པོ་སྟེ། །ལག་གཉིས་ཐལ་མོ་སྦྱར་བ་ཡིས། །བཅོམ་ལྡན་འདས་ལ་མངོན
ཕྱོགས་ཅིང། །རང་འདའ་ཨི་རིགས་མར་བཅས་པ་རྣམས། །སྐྲག་དང་བཅས་པས་བཀའ་ནོད་པའི། །རང་སྙིང་ཡེ་ཤེས་ཡི་གེ་དང། །ལུས་དག་ཡིད་ཀྱི་གནས་གསུམ་དུ། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་པས། །ཆོ་ག་གཉིས་ཀྱིས་ཡང་དག་བསྲུངས། །ཡེ
ཤེས་དམ་ཚིག་གཉིས་མེད་སྦྱོར། །དབང་བསྐུར་མཆོད་དང་བསྟོང་མཉེས་པས། །རང་སྔགས་བསྙེན་པ་སྔོན་དུ་སྡེ། །བརྒྱ་ཕྲག་བཅུ་ཡིས་ངེས་པར་འགྲུབ། །ཀླུ་རྣམས་སོ་སོའི་སྔགས་རྣམས་ལ། །ཁྲི་ཕྲག་རེ་རེ་མངོན་པར་བཟླས། །ོཾ་ཤྲཱི་བཛྲ་ཏེ་ཏེ་རུ་རུ་ཀཾ་ཧཱུཾ
ནཾ་པར་ཤེ་པ་བར་ཤ་སྨ?་ཡ་ཧཱུཾ་ཌི་ཀ་ནི་ཛཝཱ་སཾ་བ་ར་སྭཱ་ཧཱ། །འོཾ་བ་རུ་ན་ཡཱ་ན་ག་དྷི་པ་ཏ་ཡེ་ནན་ག་ནཾ་པར་ཥ་ས་ཡ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། ཨའོཾ་ཨཾ་ཨ་ནན་ཏ་ཡ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། །ོཾ་བཾ་བ་སྤུ་ཀི་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། །འོཾ་ཏཾ་ཏ་ཥ་ཀྵ་ཀ་ཧཱུཾ་ནོཾ་ཧཱུཾ་སྭཱ་ཧཱ། །ོཾ་པཾ་པད་མ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། །འོཾ
མཾ་མ་ཧཱ་པད་མ་ཧཱུཾ་ནཾ་ཧཱུཾ་སྭ་ཧཱ། །འོཾ་པཾ་སཾ་ཁ་སཱ་ལ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། །ོཾ་ཀཾ་ཀཾ་ཀོ་ཌ་ཀ་ཧཱུཾ་ནཾ་ཧཱུཾ་སྭཱཧཱ། །ོཾ་ཨཾ་ནཾ་བ་པཏ་བ་ཏ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། །འོ་ན་ཆུ་ཡིས་ཁྲུས་བྱས་ནས། །འོ་མ་ཟ་ཞིང་འཐུངས་པ་ཡིས།།བུམ་པ་འོ་མས་ལེགས་བཀང་སྟེ། །འོ་མ་དང
བཅས་ས་ལུའི། །འབྲས་ཀྱི་གཏོར་མ་སྦྱིན་པར་བྱ། །འོ་མ་ཅན་གྱི་བུད་ཤིང་ལ། །མེ་སྦར་ཡམ་སྲེག་འོ་མ་ཅན། །འོ་མར་བཅས་པའི་སྦྱིན་བསྲེག་བྱ། །དེ་ལྟའི་མཆོད་བཅས་ཐུན་འཚམས་བཞིར། །བརྒྱ་ཕྲག་བཅུ་རུ་མངོན་བཟླས་ནས།།
ཞག་བདུན་གྱིས་ནི་ས་སྟེངས་རྣམས། །ཁྱབ་པའི་ཆུར་རྒྱུན་མངོན་པར་འབབས། །དངུལ་གྱི་སྣོད་དུ་ཉུངས་དཀར་དང། །ཆུ་ལ་བཅུ་ཕྲག་གཉིས་དང། །མངོན་པར་བཟླས་ཏེ་སངས་རྒྱས་ཀྱི། །གཟུགས་བརྙན་སྐུ་གདུང་བཅས་པ་ལ། །དྲི་ཞིམ་ཆུ་དང་འོ་མ་ཡིས།
ཁྲུས་བྱས་ཆུ་འགྲམས་དག་དང། །ལྷན་ཅིག་ཀླུའི་གཟུགས་བྱས་སྟེ། །ནུབ་ཏུ་མངོན་པར་ཕྱོགས་པ་ལ། །ཆུ་ཡིས་དབང་བསྐུར་ཆུ་ཀླུང་དུ། །དོར་བས་ཀླུ་རྣམས་མངོན་དགྱེས་ནས། །ཀུན་ཏུ་ཁྱབ་པའི་ཆར་འབེབས་ཤིང། །ནོར་དང་འབྲུ་རྣམས་འཕེལ་བ་དང
སེམས་ཅན་བདེ་བ་ལ་རེག་འགྱུར། །རི་སྟེངས་མཐོན་པོར་འཛེགས་པའི་ས། །རྩེ་གསུམ་ས་ལ་ཡོངས་བཟླས་ན། །སེར་བ་གཅོད་པར་བྱེད་པ་དང། །ཅད་ཏེའུ་ལ་མངོན་པར་སྔགས། །བསྐོར་བས་འཇིག་རྟེན་གསུམ་རྒྱུ་གསོད། །ཡོངས་སུ་བཟླས
པའི་མགོ་བོ་ཡིས། །འཆི་བ་སློང་བར་བྱེད་པ་དང། །རྡོ་རྗེ་ལ་བཟླས་གསོར་བ་ཡིས། །ས་འོག་དངོས་གྲུབ་ཉིད་དུ་འགྱུར། །དྲིལ་བུར་བཟླས་ཏེ་བས་འབེབས། །གླང་པོའི་ལྤགས་པ་ལ་བཟླས་ནས། །བཏིང་བས་མཁའ་ལ་འགྲོ་བར་འགྱུར།།
ཕྱག་བརྒྱ་དྲུག་ལ་ལེགས་བཟླས་པས། །ལུས་ལ་བཏགས་ན་མི་སྣང་དང། །ས་སྟེངས་ཇི་ལྟར་བདེ་བ་རུ། །ཡོངས་སུ་རྒྱ་ཞིང་སྤྱོད་པར་འགྱུར། །དཔལ་ལྡན་མངོན་བརྗོད་བླ་མ་ལས། །ཇི་ལྟར་གསུངས་པའི་སྦྱོར་འདི་རྣམས། །མན་ངག་རྣམ་པར
རིག་པ་ཡིས། །གདོན་མི་ཟ་བར་གྲུབ་སྦྱིན་འགྱུར། །ཤེས་རབ་བསྲུངས་པ་གཞན་ཕན་ལ་དགའ་ཞིང། །བླ་མའི་ཞབས་པད་རྟེན་པའི་བདུད་རྩི་ཡིས། །འགྲོ་ལ་ཕན་པ་མངོན་པར་སྤེལ་བའི། །བསྒྲུབ་པའི་ཡན་ལག་འདི་ནི་ལེགས་བཀོད
པས། །བདག་ཀྱང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཚུལ་བཟང་བླ་མེད་ལམ་གྱིས་བགྲོད་པར་ཤོག་།བཅོམ་ལྡན་འདས་དཔལ་བདེ་མཆོག་ནམ་མཁའ་ལྡིང་གི་བསྒྲུབ་ཐབས། །སློབ་དཔོན་མཁས་པ་ཆེན་པོ་པྲཛྙ་རཀྵི་ཏ་ས་མཛད་པ་རྫོགས་སོ།། །།
བལ་པོའི་མཁན་པོ་མུ་ཏེ་ཏ་ཤྲི་ཛྙའི་ཞལ་མངའ་ནས། ། ཙ་ར་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། །། *། །སྟེ་རྡོ་རྗེ་བཟླས་།འགར་པ་དྲི་པས་མཛད་པའི་བསྒྲུབ་ཐབས་ཀྱི་དབུ་བཞུགས། །
རྒྱ་གར་སྐད་དུ།
CLOSE WINDOW