CLOSE WINDOW

N3403: བཅོམ་ལྡན་འདས་དཔལ་འཁོར་སྡོམ་པའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

ཏཱ་ར་ནཱ་ཐས་བསྒྱུར་བའོ།། །།སྙན་རྒྱུད་ཡིད་བཞིན་ནོར་བུའི་ཡས་བཀའ་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དཀྱིལ་ཆོག་རྒྱས་པ་བཞུགས་སོ།། །།རྒྱ་གར་སྐད་དུ། བྷཱ ག་ཝན་ཤྲཱི་ཙཀྲ་སཾ་བྷཱ་ར་ས་དྷ་ནི་ནཱ་མ་། བོད་སྐད་དུ་། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོ་ཕྱག་རྒྱ་ཆེན་པོ་ལ་འདུན་པའི་རྣལ་འབྱོར་པས་བླ་མའི་རྣལ་འབྱོར་བྱས་ལ། རྣལ་འབྱོར གྱི་དབང་ཕྱུག་སྒྲུབ་པར་བྱ་སྟེ། དེ་ལ་གནས་རི་རབ་ཀྱི་སྟེང་དུར་ཁྲོད་དུ་མོས་ལ་གདན་རོའི་སྟེང་དུ་སྐྲ་ཤིག་གཅེར་བུ་ཁ་ལྷོར་ལྟས་ཏེ། བདུད་རྩི་རིལ་བུ་ཁར་བཅུག་ལ། སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་དུ། བདག་ཧེ་རུ་ཀ་རུ་བྱའོ་ལན་གསུམ་བརྗོད་ཏེ། སྟོན པའི་ང་རྒྱལ་དུ་བྱས་ལ་ཡི་གེ་བཞིའི་དོན་སྔོན་དུ་བྱས་ཏེ། ཐོག་མར་ཨོཾ་ཐ་མར་ཏྲཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་དང་ལྡན་པའི་ཨ་ལི་ཀ་ལི་བརྗོད་པས། ཁ་ནས་ཡིག་འབྲུའི་ཚོགས་དཀར་ལ་དམར་པའི་མདངས་ཆགས་པ་དཔག་ཏུ་མེད་པ་འཕྲོས་བྱས་ཏེ། སླར་ཚུལ་ལོག བདག་ཉིད་ཀྱི་ཁ་ནས་ཞུགས་ལུས་ཀྱི་གནས་ཐམས་ཅད་གང་བར་ལྟའོ། །དེ་ནས་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བ་དང་ལྡན་པའི་བྱམས་པ་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པའི་སྙིང་རྗེ་དང། བྲལ་ལྡན་གཉིས་རྒྱུན་རྟན པར་འདོད་པའི་དགའ་བ་དང། སེམས་ཅན་ཐཾ་ཅད་ལ་ཁྱད་པར་ཉོན་མོངS་པ་དང་ཉེ་བའི་ཉོན་མོངས་པས་མ་གོས་པར་འདོད་པའི་བཏང་སྙོམས་ཚད་མེད་པ་སྒོམ་པར་བྱའོ། །དེ་ནས་ཤེས་བྱའི་ཕུང་པོ་ཁམས་སྐྱེ་མཆེད་ལྟ་བུའི་ངོ་བོར་ཤེས་བསལ་སྒྲིབ་པ་སྲུ་ཙཱི་ཕྱིར་གཟུགS ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་མགོ་བོར་ཨོཾ་དཀར་པོ་ལས་ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་པ་མཆེ་བ་རྩིགས་པ་རལ་པའི་ཐོར་རྩུགས་དོར་ཀྱི་ཅོད་པན་གྱིས་མཛེས་པ་། ཕྱག་གཡས་འཁོར་ལོ་གཡོན་ངེས་ཡུ་བ་བྱས་པའི་དྲིལ་བུ་ཐུགས་ཁར་རོལ པས་འཛིན་པ། རོལ་པའི་ཁྲོ་བོ་སྟག་གི་ལྤགས་པའི་ཤམ་ཐབས་མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ཅན་ཕྱག་དྲུག་གིས་བརྒྱན་པ་སྐུ་ཐེ་བོང་གིས་ཚད་ཙམ་ལ། གཡས་རྐྱང་པས་ཟླ་བ་ལ་བཞུགས་པར་ལྟའོ། །དེ་བཞིན་དུ་ཚོར་པའི་ཕུང་པོ་ལ་རིན་ཆེན་ འབྱུང་གནས་ལྟེ་བར་ཏྲཾ་སེར་པོ་ལས་འདུས་བྱས་ཀྱི་ཕུང་པོ་ལ་སྣང་བ་མཛའ་ཡས། མགྲིན་པར་ཨ་དམར་པོ་ལས་འདུ་བྱེད་ཀྱི་ཕུང་པོ་ལ་དོན་ཡོད་གྲུབ་པ་བོལ་གོང་དུ་ཁཾ་ལྗང་ཁུ་ལས་རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའ་སྙིང་གར་ཧཱུཾ དཀར་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཤྲི་ཧེ་རུ་ཀ་རྡོ་རྗེ་ནི་སྤྱི་གཙུག་ཏུ་ཧཱུཾ་འཐིང་ཁ་ལས་ཏེ། ཕྱག་གཡས་ཐམས་ཅད་དུ་རིམ་པ་ལྟར། རིན་པོ་ཆེ་དང། པདྨ་དང། རྒྱ་གྲམ་དང། རྡོ་རྗེ་དང། གཡོན་ཐམས་ཅད་དེ་དང་དེས་ཡུ་བ་བྱས་པའི དྲིལ་བུ་ཐུགས་ཁར་འཛིན་པའོ། །དེ་ནས་མིག་གཉིས་ལ་སྐྲོ་ལས་གཏི་མུག་རྡོ་རྗེ་དཀར་པོ་གཟུགས་རྡོ་རྗེ་མས་འཁྱུད་པ་རྣ་བ་གཉིས་ལས་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་ནག་པོ་སྒྲ་རྡོ་རྗེ་མས་འཁྱུད་པ། ཨན་ལ་ཏྲཾ་ལས་སེར་སྣ་རྡོ་རྗེ་སེར་པོ་ལ་ཧྲི་རྡོ་རྗེ་མས་འཁྱུད་པ། ལྕེའི་རྩ་བར་ལཾ་ལས་འདོད་ཆགས་རྡོ་རྗེ་དམར་པོ་ལ་རོ་རྡོ་རྗེ་མས་འཁྱུད་པ། གསང་རྩེར་ཧཾ་ལས་ཕྲག་དོག་རྡོ་རྗེ་ལྗང་ཁུ་ལ་རེག་བྱ་རྡོ་རྗེ་མས་འཁྱུད་པ། སྙིང་གར་ཧཱུཾ་ཡོངས་སུ་གྱུར་པ་ལས་དབང་ཕྱུག་རྡོ་རྗེ་དཀར་པོ་ལ་ཆོས་དབྱིངས་རྡོ་རྗེ་དཀར་མོས་འཁྱུད་པ་སྐྱེད་དེ། ཐམས་ཅད་རང་གིས་རིགས་ཀྱི་བདག་པོ་རྣམས་དང་མཚུངས་པ། ཕྱག་གཡས་ཐམས་ཅད་རང་གི་རིགས་ཀྱི་མཚན་མ་ཅན་དང། གཡོན་ཐམས་ཅད་དྲིལ་བུ་དང་བཅས་པས་ཡུམ་ལ་འཁྱུད་པ། ཡུམ་ཀྱི་ཕྱག་གཡོན་ཐམས་ཅད་ཀ་པ་ལ་དང གཡས་པས་རིམ་པ་ལྟར་། མེ་ལོང་པི་ཝཾ་དུང་ཆོས་ཞལ་ཟས་གོས་སྣ་ཚོགས་པ་དང་ཆོས་འབྱུང་འཛིན་པའོ། །སའི་ཁམས་ལས་བཏུང་བར་བྱེད་པ་ནི། ལྟེ་བར་རིགས་ཀྱི་བདག་པོའི་འོག་ཏུ་ལ་ལས་སངས་རྒྱས་སྤྱན་མ་སེར་མོ། །ཞལ་གཅིག་ཕྱག་བཞི མ་སྤྱན་གསུམ་མ། མཆེ་བ་བརྩིགས་པ་གཡོན་གྱི་དང་པོ་ཐོད་པ་གཉིས་པ་ན་ཁ་ཏྲཾ་ཁ། གཡས་དང་པོ་ན་འཁོར་ལོ་གཉིས་པ་ན་ཌ་མ་རུ་འཁྲོལ་བ། རོལ་པོའི་ཁྲོ་མོ་སྒེག་ཅིང་ལང་ཚོ་རོལ་པ་གཅེར་བུ་སྐྲ་གྲོལ་རྣམ་པར་མཛེས་མ་མི་མགོ་སྐམ་པོ་ལྔ བཅུའི་མགོ་ཕྲེང་མགུལ་ན་འཆང་བ་མིའི་རུས་པའི་ཕྱག་རྒྱ་ལྔ་ཡིས་རྒྱན་པར་སྐུ་ཐེ་བོང་གིས་ཚད་ཙམ་པ་གཡས་སུ་རྒྱང་བས་ཉི་མར་བཞུགས་པར་ལྟའོ། །དེ་བཞིན་དུ་ཆུའི་ཐམས་ལ་མེ་ལས་གསོད་པར་བྱེད་པ་ནི། སྙིང་གར་རྡོ་རྗེ་སེམས་དཔའ་ དང་ཀུན་ཏུ་བཟང་པོའི་བར་དུ་མ་མ་ཀི་སྔོན་མོ། །གཡས་དང་བོ་ན་རྡོ་རྗེ། མེའི་ཁམས་འགུག་བྱེད་མ་མགྲིན་པར་སྣང་མཛའ་ཨི་འོག་ཏུ་པཾ་ལས་གོས་དཀར་མོ་དམར་མོ་གཡས་དང་པོ་པདྨ་རླུང་གི་ཁམས་ལས་པདྨ་གར་གྱི་དབང་ཕྱུག་ནི་མགོ་པོར་རྣམ་སྣང གི་འོག་ཏུ་ཏཾ་ལས་སྒྲོལ་མ་ལྗང་ཁུ་། གཡས་དང་པོ་ན་སྣ་ཚོགས་རྡོ་རྗེ་ནམ་མཁའ་ཨི་ཁམས་ལ་པདྨའི་དྲ་བ་ཅན་མ་ནི། བཤད་ལམ་དུ་ཁཾ་ལས་དུ་བའི་མདོག་ཅན། ཞལ་གསུམ་ཕྱག་དྲུག་གཡོན་དམར། གཡས་སེར་སྤྱན་གསུམ་གསུམ་མཆེ་བ བཞི་བཞི་རྩིགས། ཕྱག་དང་པོ་གཉིས་གྲི་གུག་དང་ཐོད་པ་འཁྱུད་པའི་ཚུལ་དུ་མཛད་པ་གཡོན་གཉིས་པ་ན་ཁ་ཏྲཾ་ག་།གསུམ་པན?་ཞགས་པ། གཡས་གཉིས་པ་ཚངས་པའི་མགོ་བའོ། །གསུམ་པ་ན་ལྕགས་ཀྱུ་བསྣམས་པའོ། །དེ་ལྟར ལྷ་ཚོགས་ཐམས་ཅད་མེ་ལོང་གཟུགས་བརྙན་ཤར་བ་ལྟར་གསལ་བར་ལྟ་བར་བྱའོ། །དེ་ནS་བདག་ཞལ་བཟི་ཕྱག་བཅུ་གཉིས་པར་ལྟས་ལ། ཕྱིའི་བགེགས་བསྲུང་བར་བྱ་སྟེ། གཡོན་པའི་འཛུབ་མོས་སེ་གོལ་རྟོག་ཅིང། ཨོཾ་སུམ་བྷ་ནི་ཧཱུཾ་ཧཱུཾ་ཕཊ་།ཞེས ཁ་ནས་སྔགས་ཀྱི་ཡིག་འབྲུ་རི་རབ་ཙམ་པ་ཁ་ཏོག་དམར་ནག་འོད་ཟེར་རབ་ཏུ་འབར་བ་འཕྲོས་ཏེ། དེའི་འོད་ཟེར་ལས་བྱུང་བའི་ལྷ་མོ་ཁྭ་གདོང་མ་གང་དུ་ལྟས་པ་ཤར་ཡིན་པ་དེར་འཁོད་དོ། །དེ་བཞིན་དུ་།ོཾ་གྷྲིཧྣ་གྷྲིཧྣ་གྷྲིཧྣ་ཧཱུཾ་ཧཱུཾ་ཕཊ་དང་འུག་གདེང མ་བྱང་དུ། ཨོཾ་གྷྲིཧྣ་པ་ཡ་གྷྲིཧྣ་པ་ཡ་ཧཱུཾ་ཧཱུཾ་ཕཊ་དང་ཁྱི་གདོང་མ་ནུབ་ཏུ་ཨོཾ་ཨ་ན་ཡ་ཧོ་བྷ་ག་ཝ་ན་བཛྲཱ་ཧཱུཾ་ཧཱུཾ་ཕཊ་དང། ཕག་གདོང་མ་ལྷོ་སྒོར་འཁོད། ཡང་སུ་བྷ་ནི་དང་གཤིན་སྲེག་མ་ཤར་ལྷོར། གྷྲིཧྣ་དང་ཕོ་ཉ་མོ་ལྷོ་ནུབ། གྷྲིཧྣ་པ་དང་མཆེ་བ ཅན་མ་ནུབ་བྱང་། ཨན་ཡ་ལ་སོགས་དང་འཛོམས་མ་བྱང་ཤར་དུ་འཁོད། ལྷ་མོ་དེ་དག་ཐམས་ཅད་སྐུ་མདོག་དམར་ནག་ཞལ་ཅིག་ཕྱག་གཞི་སྤྱན་གསུམ་མ་མཆེ་བ་རྩིགས་པ་དབུ་སྐྲ་ཁམ་ནག་གྱེན་དུ་འབར་བ། ཕྱག་གཡོན་དང་པོ་སྟོན་རང་འདྲ ལ་སྨད་ལྟེ་བ་མན་ཆད་ཟུར་གསུམ་ཕུར་བུ་མེ་རབ་ཏུ་འབར་བ་རི་རབ་ཙམ་པ་གཉིས་པ་ན་ཁ་ཏྲཾ་ག་། གཡས་དང་པོ་ན་རྡོ་རྗེ་ཐོ་བ་གཉིས་པ་ན་གྲི་གུག་བསྣམས་པ། ཞབས་དང་དབུ་གསེར་གྱི་ས་གཞི་དང་ཚངས་པའི་འཇིག་རྟེན་ལ་ཐུག་པ་ཤིན་? གཏུམ་པའི་ཁྲོ་མོ་འོད་ཟེར་རབ་ཏུ་འབར་མ་སྟག་གི་པགས་པའི་ཤམ་ཐབས་ཅན་རྣམས་བརྒྱད་རང་ཞིང་གནས། ཞལ་ཕྱིར་གཟིགས་ནས་འཁོར་བར་བལྟས་ཏེ། དེ་དག་གིས་འོད་ཟེར་བཟོད་པར་དཀའ་བས་བགེགས་རྣམས་གླིང་གཞན་དུ་བྱར བར་བསམ་མོ། །དེ་ནས་སྔགས་ཀྱི་ར་བ་ཆེན་མོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ར་བ་དམར་ནག་གྲུ་བཞི་པ་རྒྱར་སྟོང་གསུམ་ཙམ་མམ་སྒྲུབ་པ་པོའི་བློ་དང་འཐུན་པར་ལྟས་ལ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་པཾ་ཧཱུཾ། ཞེས་པ་བརྟན་པར་བྱིན་གྱིས་རླབ་པོ། །དེ་བཞིན དུ་ར་བ་ལས་འོད་ཟེར་རབ་ཏུ་འཕྲོས་པས། །འོག་སྣ་ཚོགས་རྡོ་རྗེའི་ས་གཞིར་ལྟས་ལ་ཨོཾ་མི་དྷི་ནི་བཛྲ་བྷ་ཝ་བཛྲ་བྷན་དྷ་ཧཱུཾ། དེ་ལས་གུར་གྲུ་བཞི་པ་ཐེག་རྩེ་མོ་ཅན་ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། དེའི་འོག་ཏུ་བླ་རེས་གྲུ་བཞི་པ། ཨོཾ་བྷི་ཏ་ན་ཧཱུཾ ཁཾ་ཧཱུཾ་དེ་རྣམས་ལས་ཕྱི་རོལ་མདའི་དྲ་བ་གྲུ་བཞི་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་ལྟས་ལ་ཨོཾ་བཛྲ་སར་ཛཱ་ལ་ཏྲི་སི་ཏྲི་དེ་ལས་མེ་རི་དམར་ནག་འབར་བས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་ལྟས་ལ། །ོཾ་བཛྲ་ཛཝེ་ལ་ཨ ན་ལརྒ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་བརྟན་པར་བྱིན་གྱིས་རླབ་བོ། །དེ་ནས་ལྷ་མོ་དེ་དག་གི་མདུན་དུ་དོང་དཔག་ཚད་བཞི་ཁྲི་ཡོད་པ། ཤིན་ཏུ་ནག་པ་ཁ་ཁྱེད་ཕྲད་པ་རྒྱར་ལྟས་ལ། དེ་ནས་ལྷ་མོ་དེ་རྣམས་ཀྱིས་འོད་ཟེར་ལྕགས་ཀྱུ་ལྟ་བུས་བགེགས་མ་ལུས་པ ཐམས་ཅད་བཀུག་སྟེ་དོང་གི་ནང་དུ་བཅུག་པར་བསམ་ལ་བདག་ཉིད་ཁྲོའི་ལྟ་བ་དང་བཅས་ལྷ་མོ་རྣམས་ལ་བཀའ་བསྒོ་བ། ཨོཾ་གྷ་གྷ་གྷ་ཏ་ཡ་སརྦ་དུཥྚན་ཧཱུཾ་ཧཱུཾ་ཕཊ། ཀི་ལ་ཡ་ཀི་ལ་ཡ་སརྦ་པ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀི་ལ་ཡ་བཛྲ་དྷ་རོད་ཨཛཧཾ? པ་ཡ་ཏི་སརྦ་གྷི་ག་ནཾ་ཀ་ཡ་ཝ་གཙི་ཏ་བཛྲ་ཀི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་དང། ལྷ་མོ་རྣམས་ཀྱིས་ཕུར་པ་བགེགས་རྣམས་ཀྱི་སྤྱི་བོར་རྩུགས་པ་དང། ཨོཾ་བཛྲ་མུ་དཀར་བཛྲ་ཀི་ལ་ཡ། ཨ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ་ཞེས་བརྗོད་པ་དང། གཡས་པའི་ཐོ་བ་རྣམས་ཀྱིས བརྡུངས་པས། བགེགས་རྣམས་བདུག་སེམས་དང་བྲལ་ནས་ཟག་པ་མེད་པའི་བདེ་བ་མྱོང་བར་བསམ། ཕུར་བུ་རྣམས་སྡོམ་པའི་ལྷ་ཚོགས་སུ་གྱུར་ཏེ། དེ་ཉིད་དུ་གནས་པ་དང། ལྷ་མོ་རྣམས་འོད་ཟེར་རབ་ཏུ་འབར་བའི་ཚོགས་སུ་གྱུར་ནས། མེ་རིར་གུར ལ་?་པས་སྐུ་གསུམ་ཡེ་ཤེས་ལྔའི་ནུས་པ་དང་ལྡན་པར་བསམ་མོ། །དེ་ནས་རང་གི་སྙིང་ཀར་ཨ་ལས་ཟླ་བའི་སྟེང་དུ་།ཧཱུཾ་དཀར་ལ་སྔོ་བའི་མདངས་ཆགས་པ་ཡེ་ཤེས་ལྔའི་ངོ་བོ་འོད་ཟེར་ལྔ་འཕྲོ་བར་ལྟས་ལ། དེ་ལས་འོད་ཟེར་འཕྲོས་པ་ལས། ལྷ་དྲུག་ཅུ རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་ལྷ་འཁོར་ལོ་ཁང་པ་རྩེགས་མ་དུར་ཁྲོད་དང་བཅས་པའི་ངོ་བོའི་དབུའི་ཆ་ལ་བླ་མ་བཞུགས་པར་སྤྲུལ། དེ་ནས་རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ལ་ཐམས་ཅད་ཀྱི་ཞབས་ལ་གཏུད་དེ་ཕྱག་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི དོན་དུ་བདག་གིས་ལུས་འདི་དག་འབུལ་བར་བགྱི་ཞེས་ཕུལ། དེ་ནས་རང་གི་སྙིང་ཁའི་ཧཱུཾ་གིས་འོད་ཟེར་ལས་པི་ཝང་མ་སྔོན་མོ་ཞལ་ཅིག་ཕྱག་བཞི་མ་ཕྱག་དང་པོ་གཉིས་པི་ཝང་སྒྲེང་པ། འོག་མ་གཉིས་རྡོ་རྗེ་དྲིལ་བུ་ཁྲོལ་པ། ཞི་པ་ལ་དར་གྱི་ནམ་བཟའ་ དང་རིན་པོ་ཆེའི་རྒྱན་གྱིས་རྒྱན་པ་མཛེས་པ་ཡིད་དུ་འོང་བ་ནམ་མཁའ་ཨི་མཐས་ཀླས་པས་གང་བར། ཨོཾ་ཨ་བཛྲ་བི་ནི་ཧཱུཾ་། ཞེས་བརྗོད་པས་མཆོད་དོ། །དེ་བཞིན་དུ་གླིང་བུ་མ་སེར་མོ་ཕྱག་དང་པོ་གཉིས་སྙུག་མའི་གླིང་བུ་ཞལ་དུ་བཅུག་ནས་འབུད་པ ོཾ་ཨ་བཛྲ་བང་སེ་ཧཱུཾ་། རྫ་རྔ་མ་དམར་མོ་རྫ་རྔ་ཁ་གཉིས་འཕྲག་པ་ལ་སྐལ་ནས་བརྡུང་བ། ཨོཾ་ཨ་བཛྲ་མུ་རན་ཇི་ཧཱུཾ། རྔ་གླུམ་ལྗང་ཁུ་རྔ་ཆེན་པོ་ཁྲི་ལ་བཞག་ནས་བརྡུང་བ། ཨོཾ་ཨ་བཛྲ་མུ་ཀུན་དྷེ་ཧཱུཾ། ཡང་ཐུགS་ཁའི་ཧཱུཾ་གིས་འོད་ཟེར་ལས་བཞད མ་དམར་མོ་ཞལ་ཅིག་ཕྱག་བཞི་དང་པོ་གཉིས་སྲིན་ལག་ཞལ་དུ་བཅུག་ནས་བཞད་པའི་ཕྱག་རྒྱ་མཛད་པ་གཉིས་པ་ཌ་མ་རུ་ཁྲོལ་བ་གཡོན་པ་ཐོད་པ་བསྣམས་པ། ཁ་ཏྲ་ཀ་སྐུལ་རྟེན་པ་ཞི་བ་དར་གྱི་ནམ་བཟའ་རིན་པོ་ཆེའི་རྒྱན་གྱིས་རྒྱན་པ། མཛེས་ཤིང་ཡིད་དུ་འོང་བ་ནམ་མཁའ་ཨི་མཛའ་ཀླས་པས་གང་བར། ཨོཾ་ཨ་བཛྲ་ཧ་སེ་ཧཱུཾ། ཞེས་བརྗོད་པས་མཆོད་དོ། །དེ་བཞིན་དུ་མཁའ་འགྲོ་མ་སྔོན་མོ་ཕྱག་དང་པོ་རྡོ་རྗེ་ཀུར་རྟེན་པ། ཨོཾ་ཨ་བཛྲ་ལ་སྱེ་ཧཱུཾ་།གླུ་མ་སེར་མོ་ཕྱག་དང་པོ་གཉིས་ཏིང་ཏིང འགག་འཁྲོལ་བ། ཨོཾ་ཨ་བཛྲ་གྷིར་ཏི་ཧཱུཾ། གར་མ་ལྗང་ཁུ་ཕྱག་དང་པོ་གཉིས་གར་གྱི་ཕྱག་རྒྱ་པད་ཀོར་སྤྱི་གཙུག་ཏུ་བྱེད་པ། ཨོཾ་ཨཱ་བཛྲ་ནིར་ཏི་ཧཱུཾ་།ཡང་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དེ་ལས་བྱུང་བའི་ལྷ་མོ་མེ་ཏོག་མ་དཀར་མོ། །ཞལ ཅིག་ཕྱག་བཞི་མ་གཡས་ཀྱི་དང་པོ་ན་ལྷ་རྫས་ཀྱི་མེ་ཏོག་གི་གཞོང་པ་ཐོགས་པ། གཉིས་པ་ན་ཌ་མ་རུ་འཁྲོལ་བ་།གཡོན་དང་པོ་ན་ཐོད་པ། གཉིས་པ་ན་ཁ་ཏྲཾ་ག་བསྣམས་པ། ཞི་བ་དར་གྱི་ནམ་བཟའ་དང། རིན་པོ་ཆེའི་རྒྱན་གྱིས བརྒྱན་པ། སྒེག་ཅིང་ལང་ཚོ་ལ་བབ་པ། མཛེས་ཤིང་ཡིད་དུ་འོང་བའི་མཛའ་ཀླས་པས་གང་བ། ཨོཾ་ཨ་བཛྲ་པོཥལེ་ཧཱུཾ་།ཞེས་མཆོད་དོ། །དེ་བཞིན་དུ་བདུག་སྤོས་མ་དུ་བའི་མདོག་ཅན། ཕྱག་གཡས་དང་པོ་ན་ལྷ་རྫས་ཀྱི་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས པའི་སྤོས་ཐོགས་པ། ཨོཾ་ཨ་བཛྲ་དྷུ་པེ་ཧཱུཾ། མར་མེ་མ་དམར་མོ་ཕྱག་གཡས་ཀྱི་དང་པོ་ན། རྫས་ཀྱི་སྣང་གསལ་ཐོགས་པ། ཨོཾ་ཨ་བཛྲ་ཨ་ལོ་ཀེ་ཧཱུཾ། དྲི་ཆབ་མ་དཀར་མོ་ཕྱག་གཡས་ཀྱི་དང་པོ་ན་ལྷ་རྫས་ཀྱི་ཙན་དན་ག་བུར་ལ་སོགས་པའི དྲིའི་དུང་ཆོས་བསྣམས་པ། ཨོཾ་ཨ་བཛྲ་བྷན་དྷེ་ཧཱུཾ། གཟུགས་མ་དཀར་མོ་གཡས་ཀྱི་དང་པོ་ན་མེ་ཐོགས་པ། ཨོཾ་ཨ་བཛྲ་རུ་པ་ཧཱུཾ། རོ་མ་དམར་མོ་ལྷ་རྫས་ཀྱི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཐོགས་པ། ཨོཾ་ཨ་བཛྲ་ར་ཨེ་ཧཱུཾ། རེག་མ་ལྗང་ཁུ་ཕྱག གཡས་དང་པོ་ན། ལྷ་རྫས་ཀྱི་ན་བཟའ་སྣ་ཚོགས་པ་ཐོགས་པ། ཨོཾ་ཨ་བཛྲ་པར་ཤེ་ཧཱུཾ། ཆོས་མ་དཀར་མོ་ཕྱག་གཡས་ཀྱི་དང་པོ་ན་ཆོས་འབྱུང་གི་ཕྱག་རྒྱ་མཛད་པ། ཨོཾ་ཨ་བཛྲ་དྷ་རྨེ་ཧཱུཾ། གཞན་ཡང་གཡས་པའི་ལྷ་མོ་བཞི་ཡིས། ཕྱག་གཡས་པ ཌ་མ་རུ་འཁྲོལ་བ། གཡོན་པ་ཐོད་པའི་བདུད་རྩི་ལྷ་ཚོགས་རྣམས་ལ་ཕུལ་བས་ལྗགས་རྡོ་རྗེའི་བུ་གུ་ལ་དྲངས་ཤིང་གསོལ་བས་མཉེས་ཤིང་ཚིམ་པར་ལྟའོ། །དེ་ནས་བླ་མ་ལ་སོགས་པ་སྙོམས་པར་ཟུགས་པས་དགའ་བ་གསུམ་གྱི་མཐར ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་ཉམས་སུ་མྱོང་བས་མཆོད་ལ། རྐང་པ་བརྒྱད་པའི་སྟོང་པ་ཡང་བྱའོ། །དེ་ནས་སྡིག་པ་མི་དགེ་སོ་སོར་བཤགས། །སླན་ཆད་དཔྱོད་ཅིང་སྡོམ་པར་བགྱི། །དགེ་བ་ཀུན་ལ་རྗེ་ཡི་རང། །འགྲོ་ཀུན་བྱང་ཆུབ འགོད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་སྐོར་བར་སྐུ་ལ། །ཇི་སྲིད་འཁོར་བ་མ་སྟོངས་པར། མྱ་ངན་མི་འདའ་བཞུགས་སུ་གསོལ། །བླ་མ་སྡོམ་པའི་ལས་ཚོགས། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །འགྲོ་བའི་དོན་དུ་སེམས་བསྐྱེད་བགྱི། །ལས མཆོག་དམ་པ་རྒྱུད་ལ་རྟེན། །འགྲོ་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།ཞེས་དོན་དྲན་པར་བྱས་ལ་ཐ་མར་ཡི་གེ་བརྒྱ་པ་བརྗོད་པར་བྱ། པདྨ་སྐོར་བའི་ཕྱག་རྒྱ་གཡས་དང་གཡོན་དུ་བྱས་ལ། མཐར་འཁྱུད་པའི་ཕྱག་རྒྱས་མཉེས་པར་བྱས་ཏེ་བླ་མའི སྨིན་འཚམས་ནས་བསྐོར། །ལྷ་མོ་རྣམས་རང་ལ་སྐོར་བ་ལན་གསུམ་བྱས་ལ་ཐུགས་ཁར་བསྡུའོ། །དེ་ནི་ཡེ་ཤེས་ཀྱི་ཆོ་ག་བརྗེད་པར་བྱ་སྟེ། རང་གི་མགོར་ཧེ། མགྲིན་པར་རུ་།སྙིང་ཀར་ག་བསམས་ཏེ། དེ་ནས་འོད་འཕྲོས། ཁམས་གསུ གྱི་སེམས་ཅན་ལ་པོག་པས་ལམ་རྣམ་ཐར་སྒོ་གསུམ་འབྲས་བུ་སྐུ་གསུམ་བག་ཆགས་བསད་པར་བྱས་ཏེ། འོད་ཟེར་སླར་ལོག་ཡི་གེ་གསུམ་ལ་ཐིམ་པས་དེའི་དོན་དྲན་པར་བྱས་ཏེ། ཧེ་ཆོས་ཐམས་ཅད་རྒྱུ་དང་བྲལ་བ་རུ་ཆོས་ཐམས་ཅད་རྟོག་པ་མེད པ་ཀ་ཆོས་ཐམས་ཅད་གང་དུ་ཡང་མི་གནས་པའོ། །ཞེས་ངེས་པར་བཅད་ནས་ཆོས་འདི་ལྟར་མ་ཤེས་པས་སེམས་ཅན་རྣམས་འཁོར་བར་ལྷུང་གྱུར་ན། དེ་བས་བདག་དཔལ་ཧེ་རུ་ཀར་གྱུར་ནས་སེམས་ཅན་གྱི་ཚུལ་འདི་ལྟར་གྱུར་ནས་བྱ་ཞིང། ཆོས་ལ དམིགས་པའི་སྙིང་རྗེ་སྐྱེད་དོ། ཨོཾ་སྭ་བྷ་ཝ་ཤུད་དྷ་སརྦ་དྷརྨ་སྭ་བྷ་ཝ་བི་ཤུད་དྷོཧཾ་།ཞེས་བརྗོད་པས་བདག་དང་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས། འོག་ཏུ་ཨོཾ། དེའི་སྟེང་དུ་ཨ། དེའི་སྟེང་དུ་ཧཱུཾ་བསམས་ཏེ་དེ་ལས་འོང་འཕྲོས་པས་།ས གསུམ་སྣོད་བཅུད་དང་བཅས་པ་འོང་དུ་ཞུ་ནས། ཡི་གེ་གསུམ་པོ་ལ་ཞུགས་པར་བྱའོ། །ཡི་གེ་གསུམ་པོ་ཡང་ཨོཾ་ཨ་ལ་ཨ་ཧཱུཾ་ལ་ཧཱུཾ་ཡང་ཞུ་ཞབས་དགྱུ་ལ། ན་དའི་བར་དུ་བསྡུས་ལ། དེ་ཡང་འཆེད་གསུམ་ཁྱོག་པའི་སྐྲའི་རྩེ་མོ་བརྒྱད་བཤགས་པཱི་ཆ་རྩམ ལས། དམིགས་པའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་སེམས་ཙམ་དུ་མོས་ལ། དེ་ལས་ཨོཾ་ཤུཎྱེ་ཛྙ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཞེས་པའི་སྒྲ་བྱུང་བས་ན་དེ་ཇི་ཆུང་ཇི་ཕྲ་ལ་ཡལ་ཏེ། ཤེས་བྱ་ཅིག་དང་དུ་མའི།? སྤྲོས་པ་དང། བྲལ་བའི་སེམས་ཙམ་གྱི་རྟོག་པ་ཡང་སྤངས་ཏེ་ཇི་སྲིད་གནས་པ་དེ་སྲིད་དུ་བྷཻ་པར་བྱའོ། །ཆོས་ཉིད་དེའི་དད་ལས་སྔར་གྱི་ཚར་མེད་པའི་ཕན་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་དཔལ་ཧེ་རུ་ཀ་རུ་བྱའོ། །སྙམ་པ་དང་བསྲུང་འཁོར གྱི་དབུས་སུ་ཨེ?་ལས་ནམ་མཁའ་ཆོས་འབྱུང་ཟུར་གསུམ་པ་རྩ་བ་འཕྲ་བ་ཐུར་ལ་ཟུག་པ། སྟེང་ཁ་ཆེ་ཤོས་གྱེན་ལ་ཕྱོགས་པ་འོད་ཀྱི་ཁང་པ་ཕྱི་དཀར་ལ་ནང་དམར་བ། རྒྱ་ཉི་ཤུ་ཆེ་བར་བསམ་མོ། །དེའི་ནང་དུ་ཡཾ?་ལས་རླུང་གི་དལ་གཞུའི་དབྱིབས ཅན་སྔོན་པོ་གཡོ་བའི་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་མེའི་ངལ་ཟུར་གསུམ་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དལ་དཀར་པོ་བུམ་པས་མཚན་པ་དེའི་སྟེང་དུ་ལཾ་སའི་དལ་གྲུ་བཞི་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་རྣམ་པ་བཞི་ལས་གྲུབ་པ། གྲུ་བཞི་པ་བང་རིམ་བཞི་བཞི་དང་ལྡན་པ་བཅོ་བརྒྱད་ཀྱིས་ཉེ་བར་མཛེས་པ་གླིང་བཞི་ལ་སོགས་པས་སྐོར་བའོ། །དེའི་སྟེང་དུ་བྷྲུཾ་བདེ་བ་ཆེན་པོའི་རང་བཞིན་འོད་དུ་ཞུ་བ་ལས། རིན་པོ་ཆེ་སྣ ཚོགས་ལས་གྲུབ་པའི་ཁང་པ་རྩེགས་མ་གྲུ་བཞི་སྒོ་བཞི་ཀ་བ་བརྒྱད་ཀྱིས་རྟོགས་པའི་རྟ་བབS་བཞི་ཞེས་མཛེས་པ། བརྒྱན་གྱིས་བཀོད་པ་ཚད་མེད་པ་དང་ལྡན་པ་ཤར་སྔོ། བྱང་ལྗང་།ནུབ་དམར། ལྟོ་སེར། དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས ཡོངས་སུ་སྐོར་བའོ། །ཁང་པའི་དབུས་སུ་ལཾ་ལས་སྣ་ཚོགས་པདྨ་ཆུང་དུ་འདབ་མ་བརྒྱད་པ་ཕྱོགས་བཞིའི་འདབ་མ་དམར་པོ་མེ་རླུང་སེར་པོ། །བདེན་བྲལ་ནག་པོ། །དབང་ལྡན་ལྗང་ཁུ། ཟེ་འབྲུ་སྣ་ཚོགས་དང་ལྡན་པའི་སྙིང་པོ་ཁྲུ་གང་བས་མཐོ་བར་ལྟའོ།། པདྨའི་ལྟེ་བ་ནག་པོའི་སྟེང་དུ། ཨ་ལི་ཀ་ལི་དཀར་པོ་དང་དམར་པོ་གཡས་དང་གཡོན་དུ་འཁོར་འགྱུར་བ་ལས། ཟླ་བ་དང་ཉི་མའི་དབུས་སུ་ཧཱུཾ་བརྒྱད་ལ་ཆུ་ལྟ་བུ་དང། ཨ་ལི་ཧྲི་ལྟ་བུ་འོད་ཟེར་ལྔ་འཕྲོ་བར་ལྟས་ལ་།དེའི་འོད་ཟེར་གྱིས་ས་གསུམ་པོ་ཐམས་ཅད་འདོད གཞལ་མེད་ཁང་དུ། བཅུད་འཁོར་ལོ་སྡོམ་པ་དཔའ་པོ་དང་དཔའ་མོའི་བདག་ཉིད་དུ་གྱུར་པར་བྱས། རྡོ་རྗེ་ཧཱུཾ་གིS་མཚན་པ་དང། གྲི་གུག་ཨཾ་གིས་མཚན་པ་བསམ་པར་བྱའོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་རྒྱུའི་རྡོ་རྗེ་འཆང་དཀར་པོ་ཞལ་བཞི་ཕྱག་བཅུ གཉིས་རྩ་ཞལ་སྐུ་ལུས་དང་མཐུན་པ། གཡས་མཐིང་ཁ་གཡོན་དམར་པོ། །རྒྱབ་གསེར་དུ་འབར་བ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་མཆེ་བ་བཞི་བཞི་ཅུང་ཟད་རྩིགས་པ་ཞལ་རྣམ་པར་འགྱུར་བ་རལ་པའི་ཐོར་ཅོག་དར་གྱི་ཅོད་པན་གྱིས མཇོས?་པ་ཐོད་པ་ལྔའི་ཐོད་ཅན། ཚོགས་མར་ཟླ་བ་ཕྱེད་པའི་སྟེང་དུ། སྣ་ཚོགས་རྡོ་རྗེ་ནོར་བུས་བརྒྱན་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་ཐོག་ནས་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་གཉིས་པ་གཉིས་ཀྱི་གླང་པོ་ཆེའི་ལྤགS་པ་བསྣམས་པ། གཡོན གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཏྲཾ་ཀ་བཞི་པ་ན་ཐོད་ཁྲག་ལྔ་པ་ན་རྡོ་རྗེའི་ཞགས་པ་དྲུག་པ་ན་ཚངས་པའི་མོག་བོ་གདོང་བཞི་པའོ། །གཡས་ཀྱི་གསུམ་པ་ནི་ཌ་མ་རུ་འཁྲོལ་བ། བཞི་པ་ན་དགྲ་སྔ་ལྔ་པ་ན་གྲི་གུག་།དྲུག་པ་ན་མདུད་རྩེ་གསུམ་པ་སྒྲེང་བའོ། །ཞབས གཡས་རྐྱང་བས་འཇིགས་བྱེད་དང་དུས་མཚན་མནན་པའོ། །སྒེག་པ་དཔའ་བ་ལ་སོགས་པའི་གར་དགུའི་ཉམས་དང་ལྡན་པའོ། །སྟག་གི་ལྤགས་པའི་ཤམ་ཐབས་ཅན་མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་མགུལ་དུ་འཆང་བ། གདུ་བུ་དང་དཔུང་རྒྱན་དང་འགུང ཆུ་དང། སྙན་ཆ་དང་དབུའི་འཁོར་ལོ་ནོར་བུ་མཆོད་ཕྱིར་ཐོག་།སྐེ་རག་འོག་པག་དང་ཞབས་གདུབ་དང། ཐལ་བ་དང་ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །དེའི་མདུན་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བརྩིགས་པ་ཕྱག གཡོན་ཡབ་ཀྱི་འགུལ་ནས་འཁྱུད་ནས་ཐོད་ཁྲག་ཞལ་དུ་རྟོབ་པའོ། །གཡས་རྡོ་རྗེ་གྲི་གུག་རྣམས་ནས་སྡང་བ་རྣམས་ལ་སྡིགས་འཛུབ་མཛད་པ། ཁྲག་ལ་དགྱེས་ཤིང་ཁྲག་མཛག་པ། སྒེག་ཅིང་ལང་ཚོ་རོལ་པ། བྱིན་པས་ཡབ་ལ འཁྲིལ་བ། ནམ་མཁའ་ཨི་གོས་ཅན་དབུ་སྐྲན་བུན་བསིལ་བུར་གྲོལ་བ། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་འགུལ་དུ་འཆང་བ། མིའི་རུས་པ་ལ་བྱས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན་པ། ཡུམ་དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱེད?་བརྒྱད ཅུས་བརྒྱན་པ། རོལ་བའི་ཁྲོ་བོ་འོད་ཟེར་རབ་ཏུ་འབར་བར་ལྟའོ། །དེ་ནས་ཡབ་ཡུམ་མཁའ་གསང་བྱིན་གྱིས་བརླབས་བཞིན་པས་སྙོམས་པར་ཞུགས། དགའ་བ་གསུམ་གྱི་མཐར་མཆོག་ཏུ་མི་འགྱུར་བའི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་ཉམས་སུ ལྟ་བ་དང། དེར་ཐུགས་ཁའི་ཧཱུཾ་གི་འོད་ཟེར་དང་།རབ་ཏུ་དགའ་བ་སྒྱུ་མ་ལྟ་བུའི་སྒྲ་སིད་ཅེས་བྱ་བའི་སྒྲ་རང་བཞིན་གྱི་གྲུབ་པ་དང། སྔར་སྙོམས་པར་མོས་པ་དེ་རྣམས་སྤྱན་དྲངས་ལ་།མདུན་གྱི་ནམ་མཁའ་ཨི་རང་གི་སྟེང་དུ་འཁོང་ནས་སྙོམས་པར་ཞུགས་ཏེ་།བདེ་བ་ཆེན་པོའི ངོ་བོར་ཞུ་བར་གྱུར་པ་བདག་ཉིད་ཀྱི་ཁ་ནས་ཞུགས། རྩ་ཨ་བ་དྷུ་ཏིའི་དབྱིབས་རྒྱུད། རྡོ་རྗེའི་ལམ་ནས་པདྨར་བབས་ཏེ། ཡབ་ཡུམ་གཉིས་ཀའི་ལུས་ལ་ཁྱབ་པར་ལྟ་བར་བྱའོ། །བདག་ཉིད་ཡབ་ཡུམ་ཀྱང་བདེ་བའི་ངོ་བོར་འོད་དུ་ཞུ་བས་གོང་བུའི་རྣམ་པར གྱུར་བ་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཨོཾ་ཨ་མ་ཧ་སུ་ཁང་བཛྲ་སྭ་ཏོ་ཛཱ་ཧཱུཾ་བཾ་ཧོ། སུ་ར་ཏ་རྟོམ་ཊི་ཤ་ཧོ། །ཞེས་པའི་བླུས་སྐུལ་བ་ལས་བཅོམ་ལྡན་འདས་ཤིན་ཏུ་རྣཾ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡེ་ཤེས་ཀྱི་སྐུ་མདོག་མཐིང་ལ་བེ དུ་རྱའི་ཕུང་པོ་ལྟ་བུ་ཞལ་བཞི་ཕྱག་བཅུ་གཉིས་བ་རྩ་ཞལ་སྐུ་ལུས་དང་འཚུངས་པ། གཡོན་ལྗང་བ་རྒྱབ་དམར་བ། གཡས་སེར་པོ་གཞན་སྔ་མ་བཞིན་དུ་སྦྱར་ཏེ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཟླ་བ་ལ་ཨོཾ་མགྲིན་པ་དང་སྙིང་ཁར་ཉི་མ་ལ་ཨ་དང ཧཱུཾ་སྐྱེད་པའི་འཚམས་སུའོ། །མདོ་སུམ་ཨ་རླ་ཟུར་ལ་ཧའོ། །གསང་གནས་སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་དཀར་བོ། །ོཾ་ལས་ནོར་བུ་དམར་པོ། །ཕཊ་སེར་པོས་བུག་བཀག་པའོ། །མཁའ་གསང་སྟོང་བའི་ངང་ལས་ཨ་ལས་པདྨ་དམར་པོ། ཨོཾ་ལས་ཟ་འབྲུ དཀར་བོ། །ཕཊ་སེར་པོས་བུ་ག་བཀག་པར་ལྟས་ལ། །ཡབ་ཡུམ་སྙོམས་པར་ཞུགས་པས་དམ་པའི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་ཉམས་སུ་ལྟ་དང། སུ་ར་ཏ་སྒྱུ་མ་ལྟ་བུའི་སྒྲ་འདི་ཞེས་བྱ་བ་དང། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས། ཕྱོགས་བཅུ་ནམ མཁའ་ཨི་མཐས་ཀླས་པའི་དེ་བཞིན་གཤེགས་པ་རྣམས་བཀུག་ནས་སྨིན་འཚམས་ནས་ཞུགས་ཏེ། ཐུགས་ཁར་ཕྱིན་པ་དང། ཡུམ་རྡོ་རྗེ་ཕག་མོ་སྐྱེད་སྐྱོད་པ་ལས་སོགས་པ་བྱས་པར་མོས་པས། དེ་བཞིན་གཤེགས་པ་རྣམས་རྗེས་ཆགས་བདེ་བའི་མེས་ཞུ། དྷུ་ཏིའི དབྱིབས་རྡོ་རྗེ་ལམ་ནས་ཆོས་འབྱུང་དུ་སྤྲོས་པ་དང། དེ་ཉིད་དུ་ལྷ་དྲུག་ཅུ་རྩ་གཉིས་དལ་གྱི་འཁོར་ལོ་དཔའ་བོ་དང། རྣལ་འབྱོར་མ་ནས་འབྲུ་ཙམ་པ་སྐུ་ཆུང་ལ། ཡན་ལག་རགS་པ་སྤྲོ་བ་དང་བསྡུ་བའི་ལུས་ཅན་ཁང་པ་རྩེགས་མ་དུར་ཁྲོད་དང་བཅས་པ་སྐྱེད་ལ སླུང་ཐུགས་ཁར་དྲངས་ཏེ་དེ་ནས་ཁང་རྩེགས་དང་དུར་ཁྲོད་དེ་ཉིད་ལ་སྟིམ། དཔའ་བོ་རྣལ་འབྱོར་མ་རྣམས་ཕྱོགས་འཚམས་ཐམས་ཅད་དུ་སྐད་ཅིག་གིས་སྤྲོས་ལ་སྐྱེད་གཙོ་བོའི་ཡབ་ཡུམ་རང་ལ་ཐིམ་པར་བསམ་མོ། །དེ་ཡང་བདེ་ཆེན་འཁོར་ལོ་ལུགS་ལས ལག་པར་མཁྲོའམ་ལམ་དུ་མ་སྐྱེས་མ་གཟུགས་ཅན་མ། ཕྱོགས་དང་མཐུན་པའི་ཁ་དོག་ཅན་།ཞལ་ཅིག་ཕྱག་བཞི་སྤྱན་གསུམ་པ། མཆེ་བ་རྩིགས་པ་ཕྱག་གཡོན་ཐོད་བ་དང་ཁ་ཏཾ་ག་།གཡས་གྲི་གུག་དང་ཌ་མ་རུ་།རོལ་པའི་ཁྲོ་མོ་སྒེག་ཅིང་ལང་ཚོ་རོལ པ། གཅེང་བུ་སྒྲ་གྲོལ་རྣམ་པར་མཛེས་མ། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་དང། མིའི་རུས་པ་ལ་བྱས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཀྱི་ཞལ་བཞི་ལ་ཆགས་པའི་ཚུལ་གྱིས་གཟིགས་པ། ཕན་ཚུན་གྱི་པདྨ་འདབ་བཞིའི་ཉི་མའི་སྟེང་དུ་རོའི་གདན ལ་གཡས་བརྐྱང་བའི་གོམS་པའི་གཞེངས་ནས་བཞུགས་པའོ། །འཚམས་ཀྱི་པདྨ་འདབ་བཞིའི་ཟླ་བའི་གདན་ལ་རིན་པོ་ཆེའི་བུམ་པའི་སྟེང་དུ། དྲི་ཆེན་དང་།རཀྟ་དང། བྱང་སེམས་དང་། ཤ་ཆེན་བཞིས་སྐད་པའི་ཐོད་པ་བཞི། རིག་པའི་ངོ་བོར་ལྟའོ། །དེ་དག་ནི་སྣ་ཚོགས་རྡོ་རྗེས་ཡོངས་སུ་བསྐོར་བའོ། །དེ་བས་ཅུང་ཟད་སྨ་བར་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པར། །རྡོ་རྗེ་སྔོན་པོའི་ཕྲེང་བས་ཡོངས་སུ་སྐོར་པའི་ཕྱོགས་ཀྱི་རྩིབས་སྟེངས་སུ་པུ་ལིར་མན་ཡང་དཔའ་བོ་ཐོད་པའི་དུམ བུ་ཅན་དང། རྣལ་འབྱོར་མ་རབ་ཏུ་གཏུམ་མོ་བྱང་དུ་ཛཱ་ལན་དྷ་རར་ཀེང་རུས་ཆེན་པོ་དང། གཏུམ་པའི་མིག་ཅན་མནུབ་ཨཽ་རྒྱན་དུ་ཀེང་རུས་དང་འོད་ལྡན་མ་ལྷོ། ཨར་བུ་ལྟར་མཆེ་བ་རྣམ་པར་རྩིགས་པ་དང། སྣ་ཆེན་མོ་མེའི་ལྷ་ཏ་བི་རང་ཆང་ཐུང་དང་དཔའ་ བའི་བློ་གྲོས་མ་བདེན་བྲལ་ར་མི་ཤོ་རར་འོད་དཔག་མེད་དང་མི་ཐུང་མ་རླུང་གི་བྷི་བྷི་ཀོ་ཏྲིར་རྡོ་རྗེ་འོད་དང་ལམ་ཀའི་དབང་ཕྱུག་མ་དབང་ལྡན་གྱི་མ་ལ་བོར། རྡོ་རྗེ་ལུས་དང་ཤིང་གྲིབ་མ། དེ་དག་ནི་ཐུགས་ཀྱི་འཁོར་ལོ་ཏེ་མཁའ་ལ་དཔྱོད་པའོ། །དེ་བས ཅུང་ཟད་དམའ?་བར་འཁོར་ལོ་དམར་པོ་རྩིབས་བརྒྱད་པ་པདྨ་དམར་པོའི་ཕྲེང་བས་ཡོངས་སུ་སྐོར་བའི་ཤར་ཕྱོགས་ཀྱི་རྩིབས་སྟེང་ཀྲ་མ་རུ་པར་མྱུ་གུ་ཅན་དང་ས་བསྲུངས་མ། བྱང་ཨོ་ཌེར་རྡོ་རྗེའི་རལ་པ་ཅན་དང། འཇིགས་བྱེད་ཆེན་མོ་ནུབ་ཊི་ཤ་ཀུ་ནིར་དཔའ་ཨོ ཆེན་པོ་དང། རླུང་གི་ཤུགས་ཅན་མ་ལྷོ་ཀོ་ས་ལང་ཧེ་རུ་ཀ་དང་ཆང་ཐུང་མ་མེའི་ཀ་ལིང་ཀར་རབ་ཏུ་བཟང་པོ་དང། སྔོ་སངས་ལྷ་མོ་བདེན་བྲལ་ཁཾ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་རླུང་གིས་སྐན་རྩིར་འཇིག་བྱེད་ཆེན་པོ་དང། རྟ་སྣ་མ་དབང་ལྡན་གྱི་ཧིམ་ལ ?་མིག་མི་བཟའ་དང་། མཁྲོ་ཕྱག་གདོང་མ། དེ་དག་ནི་གསུང་གི་འཁོར་ལོར་ཏེ་ས་སྟེངS་ལ་སྤྱོད་པའོ། །དེའི་ཕྱིར་དེ་བས་ཅུང་ཟད་དམའ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། འཁོར་ལོ་དཀར་པོའི་འཕྲེང་བས་ཡོངས་སུ་བསྐོར་བའི་ཤར་ཕྱོགས་ཀྱི་རྩིབS སྟེངས་བྲེ་ཏ་བུ་རིར་སྟོབས་པོ་ཆེ་དང། འཁོར་ལོའི་ཤུཌ་ཅན་མ་བྱང་གྷི་ཧ་དེ་པར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། ནུབ་སོ་སོ་རཥྚར?་རྟ་གྷྲིན་དང་ཆང་ཚོང་མ་ལྷོའི་སུ་བརྣ་དེ་བར་ནམ་མཁའ་ཨི་སྙིང་པོ་དང། འཁོར་ལོའི་གོ་ཆ་མ་མེའི་ན་ག་རར་དཔལ་ཁྲག་འཐུང་དང། རབ་རྟུད་དཔའ་ མ་བདེན་བྲལ་གྱི་སེན་དྷ?་རར་པདྨ་གར་དབང་དང་སྟོབས་ཆེན་མོ་རླུང་གིS་མ་རུ་རྣམ་པར་སྣང་བྱེད་དང། འཁོར་ལོ་སྒྱུར་མ་དབང་ལྡན་གྱི་ཀུ་ལུ་ལྟར་རྡོ་རྗེ་སེམས་དཔའ་དང། བརྩོན་འགྲུས་ཆེན་མོ་དེ་དག་ནི་སྐུའི་འཁོར་ལོ་ཏེ་ས་འོག་ལ་སྤྱོད་པའོ། །དེ་ལྟར་འཁོར་ལོ་གསུཾ གྱི་དཔའ་ཨོ་དང། རྣལ་འབྱོར་མ་རྣམས་ནི་ཞལ་ཅིག་ཕྱག་བཞི་པ་དཔའ་བོ་རྣམས་ཀྱི་གཡས་ན་།རྡོ་རྗེ་དང་པདྨ་དང་འཁོར་ལོ་དང། གཡོན་ད་དང་དེས་ཡུ་བ་བྱས་པའི་དྲིལ་བུ་རྣམས་ནས་རང་རང་གི་ཤེས་རབ་མ་ལ་འཁྱུད་པ་འོག་མ་གཉིས་ཌ་མ་རུ་དང་ཁ་ཏྲཾ་ག་བསྣམ པའོ། །དཔའ་མོ་རྣམས་ཀྱང་གྲི་གུག་དང་ཐོད་ཁྲག་བསྣམས་ནས་འཆར་ཞིང་འཁྱུད་པ། རོལ་པའི་ཁྲོའོ་ཁྲོ་མོ་སྒེག་ཅིང་ལང་ཚོ་རོལ་པ་དསྐྱིལ?་ཀྲུངས་ཕྱེད་པའི་གང་གྱིས་བཞུགས་པའོ། །ཤར་ཕྱོགས་ལ་སོགས་པའི་སྒོ་རྣམས་སུ་ལུགས་ལས་ལོག་པས་ཁྭ གདོང་མ་འུག་གདོང་མ་། ཁྱི་གདོང་མ་པག་གདོང་མ་རྣམས་ཕྱོགས་ཀྱི་མདོག་ཅན་འཇིགས་པའི་ཆ་བྱད་ཅན་འཛིན་པའོ། །མེ་ལ་སོགས་ལུགS་ལས་འབྱུང་བས། གཤིན་རྗེ་སྲེག་མ་།ཕོ་ཉ་མོ་།མཆེ་བ་མ་འཇོམས་པ་མོ་རྣམས་ཁ་པའི་མདོག་ལྟ་བུའི་མཆེད གཟུགས་ཏེ་ཡིད་འཕྲོག་པའི་གཟུགས་ཅན་ནོ། །དེ་དག་ཀྱང་ཞལ་ཅིག་ཕྱག་བཞི་མ་སྤྱན་གསུམ་པ་མཆེ་བརྩིགས་པ་།ཕྱག་གཡོན་པ་ཐོད་པ་ཁ་ཏྲཾ་ཀ་།གཡས་གྲི་གུག་དང་ཌ་མ་རུ་གཞན་སྔར་དང་འདྲ་སྟེ་དཔྲལ་བར་རྡོ་རྗེ་ཕྱེད་པས་བརྒྱན་པ་ཞབས་གཉིས་སྐྱེད? སྐུམ་གྱི་ཉི་མ་དང་རོའི་གདན་ལ་གཞག་པའོ། །དེ་ནས་འབྲས་བུ་སྔོན་དུ་གྱུར་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷ་དེ་དང་དེར་སྣང་ཀྱང། ལྷ་རེ་རེ་ཞིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་དག་པའི་གཟུགས་རབ་ཏུ་མི་གནས བ་ལ་གོམ་པར་བྱའོ། །དེ་ནས་རྣམ་པར་དག་བའི་དཀྱིལ་འཁོར་ལུས་ལ་སྒོམ་པ་ནི། མགོ་བོ་ལ་སོགས་པར་གཡོན་པའི་སྲིན་ལག་རེག་ལ། སུཾ་ཛིང་ཨོཾ་ཨོཾ་གྷཽར་དྷེ་མི་གཾ་ཨོ་ཌཾ་ཀོ་ཀཾ་ལཾ་ཀ་ཧི་པྲི་གྷི་སཽ་སུ་ནཾ་སི་མཾ་སྐུཾ་ཞེས་རྗེས་སུ་འོད དང་བཅས་ནས་མགོ་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞིར་བསམ་ནས། འོད་དུ་ཞུ་བ་ལས་འོད་ཀྱི་ཁང་པ་འཁོར་ལོའི་རྩིབས་བརྒྱད་གྱུར་པར་ལྟའོ། །དེ་ནས་སྙིང་ཁར་ཆུ་སྐྱེས་འདབ་བརྒྱད་གྱི་སྙིང་པོར། ཉི་མ་ལ་ཡུད་ཙམ་གྱི་རང་འདྲ་བའི་ཡེ་ཤེས་? སོར་བཞི་པ་ཙམ་དང། འདབ་མ་བརྒྱད་ལ་བདེ་ཆེན་གྱི་འཁོར་ལོ་སྐུ་ཐེ་བོང་ཙམ་པ་བསམ། དེའི་འོད་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པ་དང། མགོ་ལ་སོགས་པའི་འོད་གང་གིS་ནང་དུ། འཁོར་ལོ་གསུམ་གྱི་ལྷ་ཚོགས་སྐུ་ཐེ་བོང་གིས་ཚད་ཙམ?་སྐད་ཅིག་གིས སྐྱེད་པར་བྱའོ། །དེ་ནས་ཡང་མགོ་བུ་ལི་ར་ཡན་ཡང། །དཔྱི་རྩུག་རྔ་ལེན་དྷ་དང། སྣ་བ་གཡས་པ་ཨཽ་རྒྱན། ལྷག་པ་ཨར་བུ་ལྟར་གནས་ས་རབ་ཏུ་དགའ་བ། །སྣ་བ་གཡོན་པ་གྷོ་ཏཾ་བ་རིར། སྨིན་འཚམས་རིམ་ཤོ་རང་མོག་གཉིས་དྷེ་བི་ཀུ་ཊིར་ཕྲག་པ་གཉིS? མ་ལི་བར། ཉེ་བའི་གནས་ས་དྲི་མ་མེད་པའོ། །དེ་རྣམས་ནི་ཐུགས་ཀྱི་འཁོར་ལོ་ཏེ། མཁའ་ལ་སྤྱྡ་པ་རྣམ་པར་དག་པའོ། །མཆན་ཁུང་ཀ་མ་རུ་པར་ནུ་མ་ཨོ་ཊེར་ཞིང་དང་ས་འོད་བྱེད་པའོ་ལྟེ་བ་ཏྲི་ཤ་ཀུ་མེར། སྣ་རྣེ་ཀོ་ས་ལར་ཉེ་བའི་ཞིང། ས་འོད འཕྲོ་བའོ། །ཁ་ག་ལིང་ཀར་མགྲིན་པ་ལ་པ་དཀར། མཚན་དྷོ་ཧ་དང། ས?་སྦྱང་དཀའ་ཨོ། །སྙིང་ག་ཀན?་ཙིར། མཚན་རྩེ་ཧི་མ་ལ་ཡར། ཉེ་བའི་མཚན་དྷ་ཧ། ས་མངོན་དུ་གྱུར་པའོ། །དེ་རྣམས་ནི་གསུང་གི་འཁོར་ལོ་ཏེ་ས་སྟེངས་ལ་སྤྱོད་པ་རྣམ་པར དག་པའོ། །མཚན་མ་པྲེ་ཏ་བུ་དིར?། བཤང་ལམ་གྷྲི?་བར་འདུ་བ་ཅན་དང། ས་དང་དུ་སོང་བ། རླ་གཉིས་སོའོ་ར་ཊ་དབྱིན་པ་གཉིས་སུ་ཝརྣ་དེ་བར། ཉེ་བའི་འདུ་བ་ཅན། ས་མི་གཡཱོ་བ་སོར་མོ་ན་ཀ་རར། བོལ་གོང་སེ་དྷུ་རར། དུར་ཁྲོད་དང་ས་ལེཌ་པའི་བློ གྲོས། །ཐེ་བོང་མ་རུ་ཏར་།དཔུས་མོ་ཀུ་ལུ་ལྟར། ཉེ་བའི་དུར་ཁྲོད། ས་ཆོས་ཀྱི་སྤྲིན་ནོ། །དེ་རྣམས་ནི་སྐུའི་འཁོར་ལོ་ཏེ། ས་འོག་ལ་དཔྱོད་པ?་རྣཾ་པར་དག་པའོ། །ད་ལྟ་དེ་དང་དེར་སྒོམ་པ་ནི། དམ་ཚིག་གིས་ངལ་སྦྱར་བའོ། །ཁ་ལ་ཁ་གདོང་མ། སྣའི་རྩེ་མོར་འུག གདོད་མ་། རྟག་ཀྱི་རྩེ་མོར་ཁྱི་གདོང་མ། བཤད་བའི་ལཾ་དུ་ཕག་གདོང་མ། སྣ་བ་གཡས་པར་བསྲེགས་མ། གཡོན་པར་ཕོ་ཉ་མོ། །མིག་གཡས་པར་མཆེ་བ་ཅན་མ། གཡོན་དུ་འཇོམ་པ་མོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་གཙོ་བོ་ལ་གཟིགས་པའི ཚུལ་དུ་ལྟས་ལ། ཐམས་ཅད་ལས་འོད་ཟེར་བྱུང་ནས་ལུས་ཐམས་ཅད་ལ་ཁྱབ་པར་བྱས་ཏེ། རླུང་རྟན་པས་བདེ་བ་ཅུང་ཟད་སྒོམ་པར་བྱའོ། །དེ་ལ་ཨོཾ་ཨ་ཧཱུཾ་སརྦ་བྷི་ར་ཡོ་གི་ནི་ཀ་ཡ་ཝ་ག་ཙིཏྟ་བཛྲ་ཝ་ཨད་མ་ཀོ་ཧཾ་།ོཾ་བཛྲ་ཤུདྡྷ་།སརྦ་དྷཱརྨཱ་བཛྲ ཤུདྡྷ་ཧཾ། ཞེས་རྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་འགྱུར་བའི་བདག་ཉིད་རང་ཉིད་ཡིན་སྙམས་པའི་ང་རྒྱལ་བྱའོ། །དེ་ནས་ཏིང་ངེ་འཛིན་མི་གནས་པའི་བགེགས་བསྲུང་བའི་ཕྱིར། གོ་ཆ་གཉིས་བགོ་བར་བྱའོ། །དེ་ཡང་སྙིང་ཁར ཟླ་བ་ཨ་ཧཾ་ལས་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུགས་སྤྱན་གསུམ་པ་མཆེ་བ་རྩིགས་པ་དལ་པའི་ཐོད་རྩུག་དང་གྱི་ཅོད་པན་གྱིས་མཛེས་པ། སྐུ་དང་རྩ་ཞལ་དཀར་བ། གཡོན་སེར་བ། གཡས་དམར་བ། གཡོན་དྲིལ་བུ་ཐོད་པ་ཁ་ཏྲཾ་ཀ་།གཡས་རྡོ་རྗེ ?་བའི་མགོ་བོ་བསྣམས་པ། མགོ་བོ་ནམ་ཏེ་སེར་པོ་ལས་རྣམ་པར་སྣང་མཛད། སྤྱི་རྩུག་ཏུ་སྭ་ཧཱ་ཧཱུཾ་དམར་པོ་ལས་པདྨ་གར་དབང། ཕྲག་པ་ཨགཉིས་ལ་བྷོ་ཥ་?ཧེ་མཐིང་ཁ་ལས་ཧེ་རུ་ཀ་།མིག་གཉིས་ལ་ཧཱུཾ་ཧཱུཾ་ཕཊ་དམར་?་ལས་རྡོ་རྗེ་ཉི་མ ?་ཐམས་ཅད་ལ་ཕཊ་ཧཱུཾ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་ཏེ་། དཔའ་བོ་ལྔ་པོ་དེ་དག་ཐམས་ཅད་ཀྱང་ཞལ་ཅིག་ཕྱག་བཞི་པ། གཡས་ཐམས་ཅད་འཁོར་ལོ་པདྨ་རྡོ་རྗེ་རིན་པོ་ཆེ་སྣ་ཚོགས་རྡོ་རྗེ་གཉིས་པ་ཐམས་ཅད་ཌ་མ?་རུའོ། །གཡོན་དྲིལ་བུ་དང་ཐོད་པ་ བསྣམས་པའོ། །སྐུ་ཐེ་བོང་གི་ཚད་ཙམ་པ། གཡས་སྐྱང་པས་ཉི་མ་ལ་བཞུགས་པར་ལྟས་ལ། སླར་སྔགས་དེ་དང་དེས་བྱིན་གྱིས་རླབ་པོ། །ཡུམ་གྱི་ལྟེ་བར་ཨོཾ་བཾ་ལས་པག་མོ་ཞལ་གསུམ་ཕྱག་དྲུག་མ་སྤྱན་གསུམ་མ་མཆེ་བ་རྩིགས པ་སྐུ་དང་རྩ་ཞལ་དམར་བ། གཡོན་ལྗང?་བ། གཡས་སེར་བ། ཕྱག་གཡོན་ཐོད་པ་ཁ་ཊཝཾ་ཞགས་པ་གཡས་གྲི་གུག་ཚངས་པའི་མགོ་བོ་ལྕགས་ཀྱུ་བསྣམས་པའོ། །སྙིང་ཁར་ཧཾ་ཡོཾ་སྔོན་པོ་ལས་གཤིན་རྗེ་མ། མགྲིན་པར་ཧྲིང་མོ་དཀར་མོ་ལས་རྨོངས་བྱེད་མ། མཆོགས་མར་ཧྲི་ཧྲིཾ། སེར་མོ་ལས་སྐྱེད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་ལས་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུ་བའི་མདོག་ཅན་ལས་ཙཎྜི་ཀ་ཏེ་།དཔའ་མོ་ལྔ་པོ་དེ་དག་ཐམས་ཅད་ཀྱང་ཞལ་ཅིག་ཕྱག་བཞི་མ། གཡོན་ཐོད་པ་དང་ཁ་ཏྲཾ་ག། གཡས་གྲི་གུག་དང་ཌ་མ་རུ་བསྣམས་པའོ། །སྐུ་ཐེ་བོང་གི་ཚད་ཙམ་པ་གཡས་རྐྱང་བས་ཉི་མ་ལ་བཞུགས་པས་ལྟས་ལ། སླར་སྔགས་དེ་དང་དེས་བྱིན་གྱིས་བརླབ་པོ། །དེ་ནས་འཛུབ་མོ་ལྕགས་ཀྱུ་ལྟར་སྦྲེལ་འདུད་བྱས་ལ། གུང་མོ་རྩེ་སྤང?་ཐེ་བོང་རྡོ་རྗེ རྙན་པོ་ལྟར་ཁ་བྱར་བས་དབྲལ་བའི་དབྱིངས་སུ་བཞག་ཏེ། གཡས་དང་གཡོན་དུ་སྐོར་བས་མིག་གྱེན་དུ་ལྟས་ཏེ་ཕོ་ཞེས་བརྗོད་ཅིང་སྙིང་ཁའི་ཧཱུཾ་ལས་འོད་འཕྲོས་པས་རང་འདྲ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཆ་གཉིས་སྤྱན་དྲངས་ལ། པི་བང་མ་ལ་སོཌ པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད། ཛཱ་ཧཱུཾ་བཾ་ཧོ། དགུག་བཞུག་བྱེད་ཅིང་དབྱེར་མེད་དགྱེས་པར་སྐྱེད་པར་བྱའོ། །དེའི་རྗེས་སུ་ཀྱཻ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིག་པའི་དབང་སྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་།སངས རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགོངས་པ་མཛད་ཅིང། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྗོད། ལྷའི་བུ་དང་བུ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བར་ཆད་སེལ། རིགས་ཀྱི་ཡུམ་རྣམས་ཀྱིས་ཐོད་པ བདུད་རྩིས་གང་བ་ཅུང་ཟད་ཡོ་བ་དང་བཅས་པས། །ཇི་ལྟར་ལྟམ་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར་།ལྟའི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཡེ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར བས། ཤེས་བྱའི་སྒྲིབ་པ་བག་ལ་ཉལ་དང་བཅས་པ་དག་ནས། ལུས་དགའ་བདེ་ཡེ་ཤེས་ཀྱི་བདུད་རྩིས་གང་ནས་བདེ་བ་ཆེན་བོའི་རང་བཞིན་དུ་བསམ་པར་བྱའོ། །ཆུ་ལྷག་མ་ལས་གཙོ་བོ་ལས་མི་སྐྱོད་པ། ཡུམ་ལ་རྣམ་སྣང་བདེ་ཆེན་ལ་རིན་འབྱུང། ཐུགས་ལ་མི་སྐྱོད་པ། གསུང་ལ་སྣང་མཛའ་སྐུ་ལ་རྣམ་སྣང། དམ་ཚིག་ལ་དོན་ཡོད་གྲུབ་པ། སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བྱའོ། །དེ་ནས་སྐུ་གསུང་ཐུགས་བརྟན་པར་བྱ་བའི་ཕྱིར། གནས་གསུམ་དུ་ཨོཾ་ཨ་ཧཱུཾ་གསུམ་བསམ་ལ། དེ་ལས འོད་ཟེར་འཕྲོས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སྐུལ་ནས་ཁམས་གསུམ་དུག་གསུམ་སྦྱངས་ནས་སླར་དེ་དག་གི་ཡོན་ཏན་ཐམས་ཅད་ཡི་གེ་གསུམ་གྱི་ཚུལ་དུ་གནས་གསུམ་ལ་བཅུག་པས་ཡི་གེ་གསུམ་འོད་དུ་ཞུ་ནས། རྣམ སྣང་མཛའ་ཡས་མི་སྤྱོད་པ་ཡུམ་དང་བཅས་པར་བསམ་ལ། དེའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ་པས་བདེ་བའི་རང་བཞིན་དུ་གྱུར་པར་ལྟས་ལ། རླུང་ཅུང་ཟད་བརྟན་པས་སྒོམ་པར་བྱའོ། །དེ་ནས་བདེ་སྟོང་དབྱེར་མེད་པར་རྟོགS་པར་བྱ་བའི་ཕྱིར་།མཆོད་པ་བརྟན པ་ན། པི་ཝང་མ་ལ་སོགས་པ་ཕྱི་ནང་གི་གསང་བའི་ལྷ་མོ་བཞི་པོས་རང་རང་གིས་སྔགས་བརྗོད་པས། མཆོད་པར་བསམ་ལ་།དེ་ནས་རང་གིS་རྡོ་རྗེ་སྟོང་པའི་ངང་ལས་ཧཱུཾ་སྙིང་ཀར་ཟླ་བ་ལ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང། ལྐོག་མ་དང་སྤྱི་བོར་ཉི་མ་ལ་རང གིས་སྙིང་པོ་དང་ཉེ་སྙིང་ངོ། །ཡུམ་གྱིས་དེ་ལས་ལྡོག་པ་ཏེ། སྔགས་དེ་དག་ཀྱང་ཁ་དོག་དམར་པོ་འོད་འཕྲེང་བ་དུ་མས་ཁྲིག་པས། ཡབ་ཡུམ་གཉིས་ཀའི་ལུས་ཇི་ལྟར་འཁོར་བར་བསམ་ལ། ཨ་ལི་རྩམ་བྷི་ནི?་བྱས་བས་དགའ་བའི་མཆོད་པ་རྩམ པར་བྱའོ། །ཕྱི་རོལ་ཏུ་ཡང་དག་པའི་བཟང་པོ་དེ་ཉིད་དོ། །དེ་ལས་བླ་མ་དམ་པའི་མན་ངག་གིས། ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་སྐྱེད་པར་བྱས་ལ་སྒོམ་པར་བྱའོ། །དེ་ལ་ཕྱི་ནང་གི་ལྷ་མོ་རྣམས་ཀྱིས། ཨོཾ་ན་མོ་བྷ་ག་ཝཱ་ཏེ་ཝ་བི། ཤྭ་ར་ཧཱུཾ་ཧཱུཾ་ཕཊ་། ཨོཾ་མཧཱ་ཀལྤ་གྷི་སཾ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛཱ་ཌ་མ་སྐུ་ཌ་རྐོ་ཊ་ཡཱ་ཧཱུཾ་ཧཱུཾ་ཕཊ་ཨོཾ་ཌཥྚ་ཀ་ར་ལོ་ཊ་བྷིཥ་ཎ་མུ་ཁ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སམྦྷུ་ཛ་བྷ་སུ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་རི་ཤུད་དྷ། ཤོརྱ་ཏ་ཤུ་ལ་ཁ་ཊཱཾ་ཀཱ་དྷ་རི་ནི་ཧཱུཾ་ཧཱུཾ་ཕཊ་།ོཾ་བྷཡ་གྲ་ཛཱི ན་མ་ར་ཡ་ས་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧ་དྷུ་ན་མཐ?་ན་ཀ་ར་ཝ་ཥ་ཡ་ཧཱུཾ་ཧཱུཾ་ཕཊ། ཡབ་ཨ་ན་མ་བྷ་ག་ཝ་ཏེ་བཛྲ་བྷ་ར་ཧི་བེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཨ་དྱ་ཨ་པ་ར་རྩི་ཏེ་ཀྲེ་ལོ་སྐྱ་མ་ཏེ་མ་ཧ་བིརྱ་ཤ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་སརྦ་བྷུདྷ་བྷ་ཡ་བ་ཧེ་མ་ཧེ་བཛྲ་ཧཱུཾ་ཧཱུཾ་ཕཊ་།ོཾ ན་མོ་བཛྲ་ཨ་ས་ནེ་ཨ་ཛཱི་ཏེ་པ་ཤཾ་ཀ་ཏྲི་ནེ་ཏྲ་བྷྲ་མ་ནི་ཧཱུཾ་ཧཱུཾ་ཕཊ། ཨཻན་མེ་བྷ་ཤ་ཥོ་ཥྚི?་རོ་ཥ་ནི་ཀྲོ་ཏ་ཀ་རུ་ལོ་ནི་ཧཱུཾ་ཧཱུཾ་ཕཊ་།ཻན?་མོ་ཏྲ་ས་ནི་མ་ར་ནི་སུ་པྲ་བྷེ་ཏ་ནི་ཨ་པ་ར་ཛཱ་ཡེ་ཧཱུཾ་ཧཱུཾ་ཕཊ་།ོཾ་ན་མོ་ཛཱ་ཡེ་བྷི་ཛཱ་ཡེ་ཛ་མ་བྷ་ནི་རྟ་བ་ན་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བྷ་ར ཧི་བཱཾ་མ་ཧ་ཡོ་གི་ནི་ཀ་ལོ་ཤ་རི་ཁ་གྷེ་ཧཱུཾ་ཧཱུཾ་ཕཊ། ཡུམ་ཞེས་པ་བསྟོད་པར་བསམ་པ་ནི་ཐུན་མོང་གིའོ། ། ཨོཾ་བཛྲ་ཤྲཱི་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌ་ཀི་ནི་ཛཝ་ལ་སཾ་བྷ་ར་སྭཧཱ། ཨོཾ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་བུདྡྷ་ཌ?་ནི་ཡེ་བཛྲ་ཝ་རྣ་ནོ་ལོ་ཧཱུཾ་ཧཱུཾ་ཕཊ་།ོཾ བཛྲ་བྷཻ་ར་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་། ཨོཾ་ཌ་ཀི་ནི་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལ་མ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རུ་?་ནཻ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་བྷེ་བྷི་ཙི་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀ་ར་ཀ་ཁཎྚ་ཀ་པ་ལ་??་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་མཧཱ་ཀཾ་པ་ལ་ཙཎྜ་ཀྵི་ཡེ ཧཱུཾ་ཧཱུཾ་ཕཊ་། ཨོཾ་བྷན་དྷ་བྷན་དྷ་ཀཾ་ཀ་ལ་པྲ་བྷ་བྷ་ཏི་ཡཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏྲ་ས་ཡ་ཏྲ་ས་ཡ་བི་ཀ་ཊ་དཾཥྚི་ནི་མཧཱ་ནཾ་སེ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ། སུར་བི་ར་ནི་བཱི་ར་མ་ཏི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲོཾ་ཧྲོཾ་ཨ་?་ཁ་བའི་ཡེ་ཧཱུཾ་ཧཱུཾ་ཕཊ་།ོཾ་ཧྲཾ་ཧྲཾ་བཛྲ་པྲ་གྷ་ཝ? ལཾ་ཀ་ཤོ་རི་ཡེ་ཧཱུཾ་ཧཱུཾ་ཕཊ་། ཨོཾ་ཕེཾ་ཕེཾ་བཛྲ་དེ་ཧ་བ་དྲུང་མ་ཆེ་ཡེ་ཧཱུཾ་ཧཱུཾ་ཕཊ་།ོཾ་ཕཊ་ཕཊ་ཨཾ་ཀུ་རི་ཀ་ཨེ་ར་བཱ་ཏི་ཡེ་ཧཱུཾ་ཧཱུཾ་ཕཊ་།ོཾ་ད་ཧ་ད་ཧ་བཛྲ་ཛཱ་ཏི་ལ་མཧཱ་བྷེ་ར་བྷ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོ་པ་ཙ་པ་ཙ་མཧཱ་བི་ར་བ་ཡུ་བྷེ་གེ་ཡེ་ཧཱུཾ་ཧཱུཾ་ཕཊ་།ོཾ་བྷཀྵ་བྷཀྵ་བ་སུ་དྡྷ?་བཱི་ར་ན་མ་ལཾ བྷ་ལཾ་བཱི་ནཱ་བཛྲ་ཧཱུཾ་ཀ་ར་སུ་ད་བྷ་ཀྵི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྷྲིཧྣ་གྷྲིན་ས་པ་ཏ་ས་པ་ཏ་ལ་ག་ཏ་པུ་ཛཱི་ག་སརྦ་པ་ཏརྫ་ཡ་སྭ་བྷ་བྷ་ཏྲ་ཤྱེ་མ་དེ་བྷི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨ་གདྷ་ཨ་གདྷ་བཛྲ་བྷ་ཏྲ་སྭ་བྷ་ཏྲ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲི་ཧྲི་པ་ཧ་བྷེར་བཱ་ཧ་ཡ་ཀརྣ?་ཧཱུཾ་ཧཱུཾ་ཕཊ་།ོཾ་ཛྙཻ་ཛྙཻ་བྷ་སུ་པ་ཀྵ་ཁ་? ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཾ་ཀྵྨཾ་མཧཱ་བ་ལ་ཙ་ཀྲ་?་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲི་ཧྲི་རཏན་བཛྲ་ཁཎྜ?་རོ་ཧི་ཧཱུཾ་ཧཱུཾ་ཕཊ་ཨོཾ་ཧི་ཧི་ཧཡ་གྷི་བ་ཥོ་ཏྲི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཨ་ཀར་ཤ་གརྦྷ། ཙཀྲ་སརྦ་ཡེ་ཧཱུཾ་ཧཱུཾ་ཕཊ་།ོཾ་ཀི་ལི་ཀི་ལི་ཤྲི་ཧེ་རུ་ཀ། སུ་བྷི་རི་ཧཱུཾ་ཧཱུཾ་ཕཊ་།ོཾ་སི་ལི་སི་ལི་པདྨ་ནིར་ཏ?་ཤོ་ར་མཧཱ་བྷ་ལེ་ཧཱུཾ་ཧཱུཾ ཕཊ་། ཨོཾ་ཧི་ལི་ཧི་ལི་བྷཻ་ར་ཙ་ན་ཙ་ཀྲ་ཝར་ཏི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་ཥི་ཧེ་རུ་ཀ་མཧཱ་བིརྱ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀ་ཀྲ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱུ་ལུ་ཀ་སྱཻ་ཧཱུཾ་ཧཱུཾ་ཕཊ་ཨོཾ་ཤོ་ན་ཀ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤུ་ཀ་རེ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཡེ་ཧཱུཾ ཧཱུཾ་ཕཊ། ཨོཾ་ཡ་མ་དྷུ་ཏི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐི་ན་ཡེ་ཧཱུཾ་ཧཱུཾ་ཕཊ། ཞེས་པས་ལྷ་སོ་སོའི་སྔགས་ཀྱི་བསྟོད་པ་ནི་ཐུན་མོང་མ་ཡིན་པའོ། །དེ་ནས་དམ་ཚིག་སེམས་དཔའ་ཨི་ཐུགས་ཁར་པདྨ་དང་ཟླ་བ་ལ་དེ་དང འདྲ་བའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཁར་པདྨ་དང་ཟླ་བ་ལ་ཧཱུཾ་ཡིག་ཏིང་ངེ་འཛིན་སེམས་དཔའ་དེའི་ཐིག་ལེ་ལས་སངས་རྒྱས་ཀྱི་ཚོགས་ཀྱི་འོད་ཟེར་ལ་གནས་པའི་ཚོགS་ཤིན་ཏུ་འཕྲ་བའི། བདེ་མཆོག་གིས་དལ་གྱི་འཁོར་ལོའི་རྣམ་པར སྒོམ་པར་བྱའོ། །དེ་ལས་འོད་ཟེར་རྣམ་པར་འཕྲོས་ཏེ་སྣོད་བཅུད་ཐམས་ཅད་དལ་དུ་བྱས་ན་སླར་དེ་ཉིད་ལ་རབ་ཏུ་བཅུག་ནས། འཕྲ་བའི་མཚན་མ་འོད་ཟེར་དང་བཅས་པའི་དལ་གྱིས་འཁོར་ལོ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རྟག་སྔོན་གསུམ་དུ་མ་ཐོན་གྱི པར་ལ་སྒོམ་པར་བྱའོ། །དེ་རྟན་པ་དང་འོག་སྒོའི་སྣ་རྩེའི་ཐིག་ལེ་ཉུང་འབྲུ་ཙམ་པ་གཅིག་ལ། ཏིང་ངེ་འཛིན་སེམས་དཔའ་ཨི་དལ་དང་བཅས་པ་གསལ་བར་དམིགས་ཏེ་རྡོ་རྗེའི་བཟླས་པ་བྱའོ། །ཡང་ན་སྨིན་འཚམས་ཀྱི་ཐིག་ལེ་ཤིན་ཏུ འཕྲ་བའི་ནང་དུ་གཟུགས་བརྙན་ལྟར་བསམ་པར་བྱའོ། །དེ་ལྟ་བུའི་སྦྱོར་བ་དེ་ལ་སྐྱོ་བར་གྱུར་ན། ཐུན་མོངས་ཀྱི་དངོས་གྲུབ་མྱུར་བར་བྱ་བའི་ཕྱིར་བཟླས་པ་བྱས་ཏེ་།དེ་ཁོ་ན་ཉིད་ལས་བཟླས་རྗོད་ཀྱི་སྔགས་འོད་ཟེར་དང་བཅས་པས། ཐུགས་ཁའི་ཧཱུཾ་ལS རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར། ཡུམ་གྱི་ཞལ་རང་གི་ཞལ་དུ་རྒྱུད་སྟེ། ཨོཾ་གྱི་ཐུགས་ཁའི་ཧཱུཾ་གིས་ཐིག་ལེའི་ཐུགས་དང་།སྭ་ཧཱ་ཕཊ་ཀྱི་ཞབས་ཀྱུ་ནས་འདོན་པའི་འཁོར་བ་ལ་དམིགས་ནས་བཟླས་པ་ནི་ཕྲེང་བ་ལྟ་བུའི་བཟླས་པའོ། །འགྱུར་བ དང་འཇུག་པ་དང་གནས་པ་གསུམ་ལས་ཡི་གེ་འབྲུ་གསུམ་ཁ་དོག་དང་བཅས་པ། རྣམ་རྟོག་གཞན་འབྲེལ་པའི་སྐྱོན་སྤངས་པའི་བཟླས་པ་ནི་སེམས་དབེན་ནོ། །ནོར་བུའི་རྩེ་མོར་ཐིག་ལེའི་ཚུལ་རྣམ་པར་སྒོམས་ནས་རྟོག་པ་མེད་པའི་སེམས་ཀྱིས ལྷན་ཅིག་སྐྱེས་པ་དགའ་བའི་ཚུལ་དུ་ཉམས་སུ་མྱོང་ནས་འགྲོ་འོད་དང་རྣམ་པར་བྲལ་ནས་། གཟུང་འཛིན་སྤོང་བར་གནས་པ་ནི་གསང་བ་འགོག་པའི་བཟླས་པའོ། །དེ་ལ་དུབ་པར་གྱུར་ན་རང་གི་སྣ་བུག་གཡས་པ་ནས་། ལི་དང་ཀ་ལི་འོད་ཟེར ལྔ་དང་ལྡན་པ་དང། འཁོར་ལོ་གསུམ་གྱི་དཔའ་འོ་དང་རྣལ་འབྱོར་མའི་ཚོགས་སྤྲོས་ཏེ། ས་གསུམ་པོ་ཐམས་ཅད་འཁོར་ལོ་གསུམ་གྱི་རང་བཞིན་དུ་བྱས་ཏེ། ཐོག་མ་མེད་པ་ནས་གྲུབ་པའི་དཔའ་དང་རྣལ་འབྱོར་མའི་ཚོགས་རྣམས་དང་རོ་སྙམ་པར སྣ་བུག་གཡོན་ནས་ཞུགས་ནས་ལྟེ་བའི་ཐད་དུ་ཕྱིན་པ་དང། ཨ་ལི་ཀ་ལི་ལས་ཟླ་བ་ལས་དམར་དང་ས་ཆགས་པས་དང་རྣལ་འབྱོར་མའི་ཚོགས་ལས་ཧཱུཾ་དཀར་ལ་དམར་བའི་མདངས་ཆགས་པར་ལྷའོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་བཅོམ ལྡན་འདས་ཞལ་ཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཕྱག་མོ་དམར་མོ་རྡོ་རྗེ་དང་ཐོད་བ་འཛིན་པ་ལ་འཁྱུད་པ་།སྐུ་ཐེ་བོང་གི་ཚད་ཙམ་ནམ་མཁའ་ཨི་རི་མོར་ལྟས་ལ། དེ་ཨ་ལི་དང་ཙུམ་བྷི་ནི་ནས་རྩ་བསྲུབ་སྦྱོར་བྱས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དམ་པའི བདེ་བ་ཉམས་སུ་མྱོང་བ་དང་། དགའ་བ་སྒྱུ་མ་ལྟ་བུ་ཤིན་ཏུ་རྣམ་པར་དག་པའི་སྒྲས་དམ་ཚིག་སེམས་དཔའ་གཙོ་ཡབ་ཡུམ་ནས་རྩམས་ཏེ་དལ་དུར་ཁྲོད་དང་བཅས་པ་ཐམས་ཅད་སྐུལ་ནས་།བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ནས། དུར་ཁྲོད་ནས་རིམ་གྱིས་ལྟེ བའི་འཁོར་ལོ་སྡོམ་པ་ལ་ཐིམ་པར་ལྟའོ། །དེ་དག་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་།ཐིག་ལེ་དཀར་དམར་དུ་མཁའ་གསར་གི་རྩེ་མོར་ཞུ་བར་ལྟའོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་ཟླ་བ་ལ་ཧཱུཾ་དཀར་ལ་དམར་བའི་མདངས་ཆགས པ་བདེ་བ་ཆེན་པོའི་རང་བཞིན་དུ་བསམ་མོ། །དེ་ཡང་ཟླས་པ་ཧཱུཾ་ལ་བསྡུ་ཞིང། ཧཱུཾ་ཡང་ཞབས་ཀྱུ་ནས་རིམ་བཞིན་ན་ངའི་བར་དུ་བསྡུས་ལ། ནང་བདེ་བ་ཆེན་པོའི་ངོ་བོར་དམིགས་པར་བྱའོ། །དེ་ཡང་ཇེ་ཆུང་དང་ཇེ་ཕྲལ་ཡལ་ཏེ་།རྟེན་དང་དམིགས་པ་དང་བཅས་པ ཐམས་ཅད་དང། ཟག་བཅས་རྟེན་དང་དམིགས་བ་ཐམས་ཅད་དང་བྲལ་བའི་མཚོན་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་ལ་སྙམ་པར་གཞག་པར་བྱའོ། །དེ་ལྟར་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་རྙེད་ཀྱི་བར་དུ་རྩལ། དེ་ལ་སྐྱོ་བར་གྱུར་པ་དང་ན་དེ་ལS ཧཱུཾ་དུ་ལྟས་ལ་དེ་ལས་སྐད་ཅིག་གིས་སྔར་བཞིན་པའི་དལ་དུ་ལྡང་བར་བྱའོ། །ཐུན་འཚམས་སུ་གཏོར་མ་སྦྱིན་པའི་ཆོ་ག་ནི། ཟས་ལ་སོགས་པ་མདུན་དུ་བཞག་ཏེ་སྭ་བྷ་ཝས་དག་པར་བྱས་ཏེ་།ཡཾ་ལས་རླུང་གི་དལ་གཞུའི་དབྱིབས་ཅན། གཡོ་བའི་བ ?་གྱིས་མཚན་པ་རཾ་ལས་མེའི་དལ་ཟུང་གསུམ་འབར་བས་མཚན་པ། ཀཾ་ལས་མི་མགོའི་སྒྱེད་བོ། །ོཾ་ལས་པདྨའི་སྣོད་ཀྱི་ནང་དུ་།མ་གི?་མུ་ར་ཤུ་གོ་ཀུ་ཧ་ན་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་བྱས་ལ། ཐུགས་ཁའི་ཧཱུཾ་ལ་སྣ་བུག་གཡས་པའི་འོད ཟེར་གྱི་སྐུལ་བས་རླུང་སྐྱོད། མེ་སྦར་རྫས་རྣམས་ཁོལ་བ་ལས་ཉི་མའི་ཁ་དོག་ལྟ་བུ་བསམ་པར་བྱའོ། །དེའི་སྟེང་དུ་འདུལ་ཆུ་ལྟ་བུའི་ཁ་ཊཝཾ་?་བུང་དུ་ལྟས་པས་དཀྲུགས་པ་དེ་ཡང་ཞུ་ནས། དེའི་མདོག་ཅན་དུ་ལྟའོ། །དེའི་སྟེང་དུ གོང་ནས་གོང་དུ་ཨོཾ་ཨཱ་ཧཱུཾ་ལས། སྐུ་གསུང་ཐུགས་ཀྱི་འོད་ཟེར་དུ་མ་འཕྲོས་ནས། འགྲོ་བ་སེམས་ཅན་གྱི་དོན་བྱས། ཕྱོགས་བཅུར་གནས་པའི་འཁོར་ལོ་གསུམ་པོ་དང། དཔའ་བོ་དང་དཔའ་མོ་དབང་ཕྱུག་རྣམས་སྤྱན་དྲངས་ཏེ། དེའི་སྟེང་དུ་འཁོར་ནས སྙོམས་པར་ཞུགས་པས། ཞུ་བར་གྱུར་པ་སོ་སོ་རང་རང་གི་ས་བོན་ལ་རབ་ཏུ་ཞུགས་སོ། །དེའི་རྗེས་ལ་ས་བོན་ཡང་ཞུ་སྟེ་འདྲེས་པས་བདུད་རྩིར་ལྟའོ། །དེ་ནས་ཨ་ལི་ཀ་ལི་ལས་ལག་པ་གཡོན་གཡས་བཟུང་བོ་དང་ཉི་མ་བསམ་པའི་དབུས། བར དུ་ཧཱུཾ་ལྟས་ལ། ཨོཾ་ཨ་ནྱེ་ན། ཨ་ནཱ་ར་ག་ཏ་སརྦ་དྷརྨ་ཨ་དྱནྟ་ཨ་ནུ་པྲ་བིཥྚ། སརྦ་དྷརྨ་ཧཱུཾ་ཞེས་རྗོད་པས། ཧཱུཾ་ཉི་ཟླ་དང་བཅས་པ་ཡོངས་སུ་གྱུར་པ་ལས། ལག་པ་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་དབུས་སུ་གཏོར་སྣོད་གཞག་པར་བསམ་ལ། གཏོར་མ་བདག་གིར བྱ་བའི་དོན་དུ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང། །དེ་ཡིས་གསུངས་པའི་ཆོས་ནི་ཚད་མ་ཏེ། །བདེན་པ་འདི་ཡིས་མདུན་དུ་ལྷ་མོ་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཤོག་།ཅེས་རྫོབ་ལ་།ོཾ་ཨ་ར་ལིས། བདག་ཉིད་གཙོ་བོ་ཡང་ཡུཾ དང་བདེ་ཆེན་གྱི་འཁོར་ལོ་དང་། ཨོཾ་ཀ་ར་ཀ་ར་ལ་སོགས་པ་ཐུགས་གསུང་སྐུའི་དཔའ་ཨོ་དང་རྣལ་འབྱོར་མ་རྣམས་ལ་འབུལ་ལ། པི་ཝང་མ་ལ་སོགས་པས་མཆོད་ལ། སྲིད་དང་ཞི་བ་སྙོམས་པར་སྦྱོར་ཀྱང་ཀུན་རྟོག་བརླབས་བཅོམ་པས། །ནམ་མཁའ་ བཞིན་དུ་དངོས་ཀུན་མ་ལུས་དེ་ཉིད་ཁོ་ནར་མཁྱེན་ལ་རྣམས། །ཤིན་ཏུ་ཕུལ་དུ་ཕྱིན་པའི་ཐུགས་རྗེའི་ཆུ་ཡིས་ཐུགས་ཀྱི་པདྨ་རྒྱས་པའི་མགོན། །ལྷ་མོ་རྣམས་ཀྱི་བདག་ཤིན་ཏུ་རྗེས་སུ་རྩེར་དགོངས་མཛོད། །ཞེས་པས་འདོད་པའི་དོན་ལ་གསོལ་བ གདབ་བོ། །དེ་ནས་དུར་ཁྲོད་ལ་གནས་པའི་ཕྱོགས་སྐྱོང་ལ་སོགས་པ་ལ། ཨོཾ་ཁ་ཁ་ལ་སོགས་པས་གཏོར་མ་སྦྱིན་པས། ཟག་པ་མེད་པའི་བདེ་བས་རྒྱས་པར་བསམ། འཕྲིན་ལས་བཅོལ་ལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་སྐད་དོ། །དེ་ནས་རང་གི་སྙིང་གའི ས་བོན་ལས་འོད་ཟེར་འཕྲོས་པས། བདེ་ཆེན་གྱི་འཁོར་ལོ་ནས་དུར་ཁྲོད་ཀྱི་བར་ཁྱབ་པར་གྱུར་པ་དང། དེ་དག་འོད་ཀྱི་རན་བཞིན་དུ་གྱུར་པ་བདག་ཉིདལ་འདུས་ཏེ། དེ་ཡང་ཐུགས་ཁའི་ཡེ་ཤེས་སེམས་དཔའ་ལ་བསྡུས་ལ། ཨོཾ་ཡོ་ག་ཤུད་ཛཧོ?་སོགས་པ་བརྗོད?་ཅིང པདྨ་བསྐོར་བའི་ཕྱག་རྒྱར་བལྟ་བར་བྱས་ཏེ་མངོན་པར་འཁྱུད་པའི་ལྟ་སྟངས་ཀྱིས་བསྡུས་ལ། བདག་ཉིད་ཐུགས་ཁའི་ཧཱུཾ་ལ་བསྡུས་ལ། དེ་ལ་ཐུན་འཚམས་ཀྱི་ཧེ་རུ་ཀར་བཞངས་ལ། ཁམས་དཔའ་བོ་རྣམ་བར་དག་པ་དང། ཕྱག་རྒྱ་སྔགས་སུ་རྣམ་པར་དག་པ་དང ཁ་ཏྲཱཾ་ཀ་ནི་རྣམ་པར་དག་པར་བྱ་སྟེ། གོ་ཆ་ཆེན་པོས་བསྲུངས་ལ། སྣང་གྲགས་དྲན་རྟོག་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་རོལ་པར་ཤར་བ་ལ་འབད་པར་བྱའོ། །ཞལ་ནས་སྙན་དུ་རྒྱུད་པའི་གདམ་ངག་ཡབ་དང་འགྲེལ་པའི་དལ་རྒྱས་པ་བསྒོམ་པའི་ལམ་ཀུན མོངས་མ་ཡིན་པ། མཁྲོའི་གསུང་བཞིན་བླ་མའི་བཀའ་ལུང་མ་ཉམས་པར། ཁ་ཆེའི་པཎྜི་ཏ་མཁས་པ་ཆེན་པོ་འཇིགས་མེད་གྲགས་པས་མཛད་པའི་ཡིད་བཞིན་ནོར་བུ་ཞེས་བྱ་བ། དལ་རྒྱས་པའི་སྒྲུབ་ཐབས་རྫོགས་སོ།། །། རྒྱ་གར་གྱི་པཎྜི་ཏ་མཁས་པ་ཆེན་པོ་ན་རོ་པ་དེ་ཉིད་ཀྱི་ཞལ་མངའ་ནས་དང། བོད་ཀྱི་ལོ་ཚཙ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་།པུ་ལ་ཧ་རིའི་དགོན་པར་རུ་ཞུས་ཞིང་གཏན་ལ་ཕབ་པའོ།། །།སླང་ནས་བསོད་ནམས་སྙོམས་པ་ནི་སྐྱོང་པས ཀྱང་ལེགས་པར་བཅོས་པའོ། ། །།*། །བདེ་མཆོག་ནམ་མཁའ་ལྡིང་གི་བསྒྲུབ་ཐབས་བཞུགས་སོ།། །།རྒྱ་གར་སྐད་དུ། པ་ག་བན་ཤྲཱི་སྭེ་བ་ར་བཛྲ་ག་རུ་དྷ་ས་དྷ་ན། བོད་སྐད་དུ། བཅོམ་ལྡན་འདས་དཔལ་ བདེ་མཆོག་རྡོ་རྗེ་ནམ་མཁའ་ལྡིང་གི་བསྒྲུབ་ཐབས།

CLOSE WINDOW