CLOSE WINDOW

N3397: དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོའི་འགྲེལ་པ་དྲི་མ་མེད་པའི་འོད
Wyliee-texts based on the ACIP/ALL Input

།བླ་མ་འདི་དག་གི་སྐུ་བརྙན་བཀོད་པའི་ཡི་གེ་སོ་སོ་ལས།། །།དགེ་སློང་རྒྱ་མཚོའི་སྡེS?་བསྒྱུར་བའོ།། དགེའོ།། *། །དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ བཞུགས། །རྒྱ་གར་སྐད་དུ། ཀ་ལ་ཙག་ཀྲ་ཏན་ཏྲ། བྲི་ཏི་བི་མ་ལ་པྲ་བྷ་ན་མ། བོད་སྐད་དུ་།དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྟོང་པ་སྙིང་རྗེ་གཉིས་མེད་པའི། །སྲིད་གསུམ་སྐྱེས་དང་ཟད་པ་མེད། །ཡེ་ཤེས་ཤེས་བྱའི་བདག་ཉིད་སྐུ། །རྣམ་པ བཅས་པ་མེད་བྱེད་པ། །བཅོམ་ལྡན་ཤེས་རབ་མ་དེ་འཁྱུད། །འཕེལ་དང་འབྲི་བ་སྤངས་པ་སྟེ། །འགྱུར་བ་མེད་པའི་བདེ་ཆེན་པོ། །རྒོད་ལ་སོགས་པའི་བདེ་སྤངས་པ། །སངས་རྒྱས་རྣམས་ནི་སྐྱེད་བྱེད་པ། སྐུ་གསུམ་པོ དང་ལྷན་ཅིག་ཅིང། །དུས་གསུམ་ཡང་དག་རིག་པའོ། །ཐམས་ཅད་མཁྱེན་པ་དམ་པ་ནི། །དང་པོ་སངས་རྒྱས་བཅོམ་ལྡན་འདས། །གཉིས་མེད་དེ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གྱིས་ནི་བསྐུལ་ནས་སུ། །ཡན་ལག་དྲུག་པའི་རྒྱ་ཆེར་འགྲེལ།། པདྨ་དཀར་པོས་བྲི་བར་བྱ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉིན་མོ་བྱེད་པའི་འོད་ལྟ་བུ། །པདྨ་འདབ་མ་འདྲ་བའི་སྤྱན། །སངས་རྒྱས་ཞེས་ཡི་གེ་ཉི་ཤུ་རྩ་གསུམ་གྱིས་སྟོན་པ་པོ་བསྡུས་པར་བཅོམ་ལྡན་འདས་ཀྱིས་མཛད་དོ། ། སེང་གེའི་གདན་བཞུགས་པ་ཞེས་པའི་ཡི་གེ་ལྔས་གནས་བསྡུས་པར་མཛད་དོ། །ལྷའི་མཆོག་གིས་ཕྱག་བྱས་པ་ཞེས་པའི་ཡི་གེ་བདུན་གྱིས་འཁོར་ཆེན་པོ་བསྡུས་པར་མཛད་དོ། །མགོ་བོ་ཡིས་ནི་ཕྱག་འཚལ་ཏེ། ཞེས་བྱ་བ་ལ་སོགས པ་ཚིག་གཾ་རྐང་བཞི་ཡི་གེ་ཉི་ཤུ་རྩ་བརྒྱད་ཀྱིS་གསོལ་བ་འདེབས་པ་པོ་བསྡུས་པ་མཛད་དོ། །དཔལ་དུས་ཀྱི་འཁོར་ལོར་སྦྱོར་བ་ནི། བརྩོད་པཱི་ནི་དུས་དག་གི་ཞེས་པའི་ཡི་གེ་བཅུ་བཞི་ཡིས་ཆོས་སྟོན་པ་བསྡུས་པ་མཛད་དོ། །མི་རྣམས་འགྲོ བའི་རྒྱུ་རུ་ཞེས་པའི་ཡི་གེ་བདུན་གྱིས་དགོས་པ་དང་དགོས་པའི་དགོས་པ་བསྡུ་པར་མཛད་དོ། །ཇི་ལྟ་བའི་རིམ་པས་ཡི་གེ་བརྒྱད་ཅུ་རྟ་བཞི་པོ་འདི་རྣམས་ཀྱིས། སྟོན་པ་པོ་དང། གནས་དང། འཁོར་ཆེན་པོ་དང། གསོལ་བ་འདེབས་པ་པོ་དང། ཆོས་སྟོན་པ་དང། དགོས་པ་དང། དགོས་པའི་དགོས་པ་བསྡུས་པར་མཛད་དོ། །དེ་བཞིན་གཤེགས་པས་ལུང་བསྟན་པའི་བཅོམ་ལྡན་འདས་འཇམ་དཔལ་གྱིས་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བསྡུས་པའོ། །རྒྱུད་ཀྱི་རྒྱལ་པོ་ཐམས ཅད་དུ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གསུང་པ་མ་ཡིན་ནམ། ཇི་ལྟར་རྒྱུད་འདིར་འདི་སྐད་བདག་གིས་ལ་སོགས་པ་དང་བྲལ་བར་བསྟན་པ་དེ། འདི་སྐད་བདག་གིས་ལ་སོགས་པ་བཞུགས་པའི་གནས་སྟོན་པ་མད་པའི་ཕྱིར། རྒྱུད་འདི་སངས་རྒྱས བཅོམ་ལྡན་འདས་ཀྱིས་བསྟན་པར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་སྟོན་པ་པོ་དོན་ལ་སྟོན་པ་ཡིན་པའི་ཕྱིར་དང། སྡུད་པ་པོ་རྣམས་ཀྱན་ཡུལ་སྣ་ཚོགས་པའི་སྐད་ཀྱི་ཁྱད་པར་གྱིས་སྡུད་པར་བྱེད་པའི་ཕྱིར་རོ། །ད་ནི་སྤྱོད་བའི ཡན་ལག་དྲུག་བརྗོད་པར་བྱ་བའི་ཕྱིར། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སོ་སོར་བསྡུད་པ་ནི་དང་པོའི་ལས་ཅན་གྱིའོ། །རྒྱལ་བའི་དབང་པོ་ཞེས་པ་ནི་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ སྟེ། དུ་བ་དང། སྨིག་རྒྱུ་དང། མཁའ་གསལ་དང། མར་མེ་དང། འབར་བ་དང། ཟླ་བ་དང། ཉི་མ་དང། སྒྲ་གཅན་དང། དུས་མེ་དང། ཐིག་ལེ་མཐོང་བའི་དབྱེ་བས་བརྟགས་པ་ནི་ཡེ་ཤེས་ཀྱི་ཕུང་པོའོ། །ཤེས་པ་གནས་གྱུར་པ་ཡེ་ཤེས་ཀྱི་ཆ་དུ་མའི་རྟགས་དེ བཞིན་བསམ་གཏན་མི་བསྐྱོད་པ་ཞེས་པ་ནི། ཡེ་ཤེས་ཀྱི་ཕུང་པོ་རྣམ་པ་བཅུ་ཡུལ་དང་ཡུལ་ཅན་རྣམས་ཀྱི་ཆོས་གཅིག་པ་ཉིད་སྣ་ཚོགས་པའི་སྐུ་སྟེ། བསམ་གཏན་ནོ། །སྲོག་དང་རྩོལ་བ་རལ་གྲི་ཅན་ཞེས་པ་ལ་རལ་གྲི་ཅན་ནི་འདུ་བྱེད་ཀྱི ཕུང་པོའོ། །སྲོག?་དང་རྩོལ་བ་ནི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་གཅིག་ཏུ་འདྲེས་པར་གྱུར་པའི་ཕྱིར་རོ། །སླར་ལ་ཡང་ནི་རྣམ་པ་བཅུ། །གཟུང་བ་རིན་ཆེན་ཕྱག་རྒྱ་ཅན་ཞེས་པ་ནི་ཚོར་བའི་ཕུང་པོའོ། །སྲོག་གི་གཟུང་བ་ནི་ལྟེ་བ་དང། སྙིང་ཀ?་དང། མགྲིན་པ་དང། དཔྲལ་བ་དང། གཙུག་ཏོར་གྱི་པདྨར་འགྲོ་བ་དང། འོང་བའི་དབྱེ་བས་རྣམ་པ་བཅུའོ། །གཡུང་མོ་རྗེས་སུ་དྲན་པ་ནི། པདྨ་འཛིན་པ་རུ་ནི་འགྱུར། ཞེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། རྣམ་པ་བཅུའོ། །རྗེས་སུ དྲན་པ་དེ་ལ་ཡང་གཡུང་མོ་དབུ་མའི་རྩའི་འདུད་པ་བཅུའི་གནས་སྐབས་ཀྱི་དབྱེ་བ་ཉིད་དོ། །དཔལ་གྱི་ཏིང་འཛིན་འཁོར་ལོ་ཅན། །ཞེས་པ་ལ། འཁོར་ལོ་ཅན་ནི་རྣམ་པར་སྣང་མཛད་ཏེ། ཏིང་ངེ་འཛིན་ནི་རླུང་རྣམ་པ་བཅུ་འགོག་པ་ཉིད དོ། །དེ་ལྟར་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་ནང་གི་རླུང་ཞེས་པའི་དོན་ཏོ། །རེ་རེ་ཡང་ནི་ལྔར་དབྱེ་བ་ཞེས་པ་ནི། སྦྱོར་བ་རེ་རེ་ལ་དཀྱིལ་འཁོར་ལྔ་ལྔར་འགྱུར་རོ། ། ལ་སོགས་པ་དང་གལ?་སོགས་པ་ནི། དབྱངས་དང་གསལ? བྱེད་དེ་གཡོན་དང་གཡས་ནས་སྲེག་རྒྱུ་བ་འགོག་པའི་དོན་ཏོ། །ད་ནི་སཽར་སྡུད་པ་ལ་སོཌ་པཱི་མཚན་ཉིད་བརྗོད་པའི་ཕྱིར། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ རྣམས་ཀྱིས་འབྲེལ་པའི་སེམས་མི་འཇུག་ཅིང་སྟོང་པའི་སྐུའི་ཡུལ་རྣམས་ལ་གཞན་དམིགས་ལ་སོགས་པ་རྣམ་པ་ལྔ་འཇུག་པའོ། །དེ་བཞིན་དུ་དེ་ཉིད་ཀྱི་སྐུ་ལ་ཤེས་རབ་ཞེས་པ། སྣང་བས་རྟོག་པ་ཞེས་པ་སྟོང་པའི་དངོས་པོ་འཛིན་པ་དང། དཔྱོད་པ་ཞེས་པ་དེའི་དོན་ངེས་པ་དང། དགའ་བ་དང་མི་གཡོ་བའི་བདེ་བ་ཞེས་པ་ནི་སྟོང་པའི་སྐུ་དང་ལྷན་ཅིག་སེམས་ཅིག་ཏུ་བྱེད་པའོ། །དེ་བཞིན་དུ་བཟུང་པ་དང་འཛིན་པའི་དབྱེ་བས་བསམ་གཏན་རྣཾ་པ་བཅུའོ། །འདིར་སྲོག་དང་རྩོལ་བ་ཞེས་ཡ གཉིས་ཀྱི་ལམ་ནི་གཡོན་པ་དང་གཡས་ཀྱི་ལམ་མོ། །མི་འཁྲུག་པ་ཞེས་པ་ནི་དབུས་ཀྱི་ལམ་དུ་འཇུག་ཅིང་འགོག་པའོ། །དེ་ཡང་རླུང་རྣམ་པ་བཅུ་འགོག་པའོ། །འདིར་ཐིག་ལེར་སྲོག་འཇུག་ཅིང་ཞེས་པ་ནི། དཔྲལ་བར་སྲོག་འཇུག་པའི།། གཉི་གའི་འགྲོ་དང་འོང་བ་ཞེས་པ་ནི་འགྲོ་དང་འོང་བ་དང་ཉལ་བ་སྟེ། སྲོག་དང་ཐུར་པ་ལ་འདུས་ཤིང་སེམས་གཅིག་པ་ཞེས་པའོ། །གཏུམ་མོའི་ནི་སྣང་བ་གང་ཞེས་པ་ནི་གཏུམ་མོའི་འོད་ཟེར་གྱིས་སྲིད་པ་གསུམ་གསལ་བའོ། །ནམ་མཁའ་དེ་ནི་རྗེས་སུ དྲན་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་རྣམ་པ་བཅུ་རྗེས་སུ་དྲན་པའོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱི་ཞེས་པ་ནི་ཤེས་བྱ་དང་ཡེ་ཤེས་གཅིག་ཏུ་འདྲེས་པར་གྱུར་པའི་མི་འགྱུར་བའི་བདེ་བའི་དབང་གིས་ཡེ་ཤེས་ཀྱི་སྐུ་ནི་ཏིང་ངེ་འཛིན་ཏེ། དེ་ཡང སྲོག་ལ་སོགས་པ་རྣམ་པ་བཅུ་མེད་པ་ཉིད་དོ། །དེ་ལྟར་སྤྱོར་བ་དྲུག་གི་བསྒྲུབ་ཐབས་འདི་ནི་ཆུང་དུ་ལ་སོགས་པའི་དཔྱེ་བས་བསྒྲུབ་ཐབས་རྣམ་པ་གསུམ་དུ་ཡང་འགྱུར་ཏེ། སྣ་ཚོགས་ཀྱི་བདག་པོ་དུས་ཀྱི་འཁོར་ལོའོ། །ཕྱག་རྒྱ་གསུམ་དང་ཚད ནི་གསུམ། །རྣམ་པ་གསུམ་གྱི་འགྲོ་དབང་གིས་ཞེས་པ་ནི། འདིར་བྱང་ཆུབ་ཀྱི་སེམས་མི་འཇིགས་པར་འགྲོ་བ་ནི་ཆུང་ངུ་ཙམ་མོ། །མཐུན་པར་འགྲོ་བ་ནི་འབྲིང་ཙམ་མོ། །རྒྱུ་འཐུན་པར་འགྲོ་བ་ནི་ཆེན་པོ་ཙམ་མོ། །འདི རྣམས་ལ་ལས་ཀྱི་ཕྱག་རྒྱ་ནི་མི་འཛག་པའི་བདེ་བ་སྟེར་བར་བྱེད་མའོ། །ཡེ?་ཤེས་ཀྱི་ཕྱག་རྒྱ་ནི་འཐུན་པའི་བདེ་བ་སྟེར་བར་བྱེད་མའོ། །ཕྱག་རྒྱ་ཆེན་པོ?་ནི་རྒྱུ་འཐུན་པའི་འབྲས་བུ་སྟེར་བར་བྱེད་མའོ། །དེ་ལྟར་ཡན ལག་དྲུག་གི་སྦྱོར་བ་ཕྱག་རྒྱ་གསུམ་གྱི་སྦྱོར་བས་ཕྱག་རྒྱ་གསུམ་གྱི་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་ཕྱིར་ཡན་ལག་དྲུག་གི་སྦྱོར་བ་བསྒོམ་པར་བྱའོ། ། ང་ནི་སོ་སོར་སྡུད?་པ་ལ་སོགས་པའི་འབྲས་བུ་བརྗོད་པའི་ཕྱིར། སོ་སོར་སྡུད་པ་ཞེ་པ་ལ་སོགས་པ་གསུངས་ཏེ་། འདིར་རྣལ་འབྱོར་པ་གང་གི་ཚེ་སོ་སོར་སྡུད་པས་དག་པར་འགྱུར་ཏེ། སྟོང་པའི་སྐུ་ལ་བརྟན་པར གྱུར་བ་དེའི་ཚེ། སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཚིག་གིས་མཆོག་ལ་སོགས་པ་སྟེར་བར་འགྱུར་རོ། །བསམ་གཏན་སྦྱོར་བ་དག་པ་ཡིས། །མངོན་ཤེས་ལྔ་ནི་ཐོས་པར་འགྱུར་ཞེས་པ་ནི། འདིར དམིགས་མི་འཛུམ་པར་འགྱུར་བའི་བསམ་གཏན་དག་པས་ལྷའི་དམིགས་ལ་སོགས་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་པ་ཡང་ཐོབ་པར་འགྱུར་རོ། །སྲོག་དང་སྩོལ་པ་དག་པས་ན་ཞེས་པS་ནི་འདི་ནས་འཁྱོར?་བ་གང་གི་ཚེ་ཉི་མ་དང་ཟླ་བའི་ལམ་དང་བྲལ བར་གྱུར་པ་དེའི་ཚེ་སྲོག་དག་པས་རྟག་ཏུ་དབུས་མན་ས་རྒྱུ་བར་འགྱུར་ཏེ། དེ་བྱང་ཆུབ་སེམས་དཔས་མཆོད་དེ་བསྔགས་པར་འགྱུར་ཞེས་པའི་དོན་ཏོ། །གཟུང་བའི་ནི་སྟོབས་ཀྱིས་ནི་ཞེས་པས་ནི། སྲོག་འགྲོ་བ་དང་འོང་བཟད་པས་གཅིག་ཏུ་འདྲེས་པར་འགྱུར་རོ། །ཉོན་མོངས་ལ སོགས་བདུད་འཇོམས་ཤིང། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཞེས་པ་ནི་སྟོང་པ་ཉིད་ཀྱི་སྐུ་ལ་སེམས་གཟུང་བར་འགྱུར་བའོ། །རྗེས་དྲན་གྱིས་ནི་དག་པར་འགྱུར་ཞེས་པ་ནི། འདིར་རྗེས་སུ་དྲན་པ་སྟོང་པའི་སྐུ་ལ་འཁྱུད་པས་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ པོ་དེའི་དབང་ནི་བསཾ་བ་དང་ལྷག་པའི་བསཾ་པ་སྦྱོར་བ་ཤེས་རབ་སྨོན་ལཾ་ཐེག་པ་སྤྱོད་པ་རྣཾ་པར་འཕྲུལ་པ་ཆོས་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྟོབས་སོ། འབུ་ཏའི་སྟོབས་དབང་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་ལས་དང་རྣམ་སྨིན་མཁྱེན་པ་མོས་པ་སྣ་ཚོགས་མཁྱེན་པ། །བསཾ་སྣ་ཚོགས་མཁྱེན་པ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ཐཾ་ཅད་འགྲོ བའི་ལཾ་མཁྱེན་པ། བསྟཾ?་དང་རྣཾ་པར་ཐར་བ་མཁྱེན་པ། ཏིང་ངེ་འཛིན་དང་སྙོཾ་པར་འཇུག་བ་མཁྱེན་པ་ཀུན་ནས་ཉོན་མོངས་པ་དང་རྣཾ་བྱང་ལྡང་བ་མཁྱེན་པ། སྔོན་གྱི་གནས་རྗེས་སུ་དྲན་དང་འཆི་འཕོ་བ་དང་སྐྱེ་བ་ཟག་པ་ཟད་པའི་སྟོབས་སོ། །དེའི་ཕྱིར་དག་པ་གང་གི་ཚེ། དེའི་ཚེ་དྲི་མ་མེད་པའི་འོད་འཕྲོ་བའི་དཀྱིལ་འཁོར་དུ་འགྱུར་རོ། །གཞན་ཡང གི་སྒྲས་ནི་བ་སྤུའི་བུ་ཀ་ནས་འོད་ཟེར་ལྔ་འཕྲོས་པའོ། །ཡེ་ཤེས་ཀྱི་སྐུ་ལས་ཞེས་པ་ནི། སྟོང་པའི་སྐུ་ལས་ཕྱུང་བའོ། །དེའི་ཕྱིར་དག་པའི་ཏིང་ངེ་འཛིན་གྱིས་ཞེས་པ་ནི་འདིར་གཟུང་བ་དང་འཛིན་པའི་སེམས་ཀྱི་སྦྱོར་བ་དག་ཅིང་གཅིག་པ་ཉིད་ཀྱིས་གང་གི་ཚེ་མི་འགྱུར་བའི་བདེ་བར འགྱུར་བ་དེ་ནི་ཏིང་ངེ་འཛིན་དུ་བརྗོད་དོ། །དེའི་ཕྱིར་ཏིང་འཛིན་དག་པ་དྲི་མ་མེད་པར་སོང་བའོ། །ཉི་མ་ཅུང་ཟད་ཙམ་གྱིས་ནི་ཞེས་པ་ནི་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་ཀྱི་ཉི་མ་རྣཾས་ཀྱིས་?་ལུས་ངག་ཡིད་ཀྱི་སྒྲིབ་བསངས། ཡེ་ཤེས་ཀྱི་ལུས་འགྲུབ་སྟེ། དབང་བཅུ་ལ་སོགས་པ་བརྙེས་པའི་བྱང་ཆུབ་སེཾས་པ? འགྱུར་རོ། །སོ་སོར་སྡུད་པ་ལ་སོགS་གཱི་ངེས་པའོ། །ད་ནི་བཙན་ཐབས་ཀྱི་སྦྱོར་བ་བརྗོད་དེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱིས་སྟོང་པའི་སྐུ་མཐོང་ནས་མི་འཛུག?་པའི་དབང་སྐད་ཅིག་ལ་བདེ་བ་བསྐྱེད། སྤོག?་གཟིར་བ་མེད་པའི་ཕྱིར་དེའི་ཚེ་སྒྲ་ཙམ་ལ་གོམས་པས་འཆང་བཞིན་པའི་? ཐབས་ཀྱི་སྔོན་དུ་དབུ་མར་རྒྱུ་བ་ཉིད་དང། ཤེས་རབ་ཀྱི་པདྨར་སོང་བའི་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལེ་འགོག་པས་རྒྱུ་མཐུན་པའི་མི་འཛག་པའི་སྐད་ཅིག་ལ་བསྒྲུབ་པར་བྱ་སྟེ། བཙན་ཐབས་ཀྱི་སྦྱོར་བའོ། །ད་ནི་སྟོང་པ་ཉིད་ཀྱི་སྐུ་བསྒྲུབ་པའི་ཕྱིར་ལྟ་བ་བརྗོད་དེ། བསྙེན་བ་ཞེས་བྱ་བ་ལ སོགས་པ་གསུངས་ཏེ། དང་པོ་དུ་བ་ལ་སོགས་པའི་མཚན་མའི་བསྒོམ་པ་དེའི་བསྙེན་པ་ལ། དང་པོའི་སྦྱོར་བ་དུ་བ་ལ་སོགས་པའི་མཚན་མ་འཛིན་པའི་སེམས་ཀྱིས་སོ། །དེ་ཡང་རྣམ་པ་བཅུ་སྟེ། དུ་བ་ལ་སོགས་པ་དང་ལྷན་ཅིག་ཡིད་ཆེས་པར་འགྱུར་རོ། །དེས་ན་རྣམ་པ་བཅུའོ། །དེ་ཡང འཁོར་ལོ་ཅན་ཏེ་གཙུག་ཏོར་གྱིའོ། །ཁྲོ་བོའི་ལྟ་བ་ནི་སྟེང་དུ་ལྟ་བ་སྟེ། དམིག་མི་འཛུམ་པ་ལས་མཚན་མར་འགྱུར་རོ། །མཚན་མོའི་སྦྱོར་བ་ནི་རྣམ་པ་བཞིའོ། །ཉིན་མོའི་སྦྱོར་བ་རྣམ་པ་དྲུག་གོ། དེ་ནས་སྐུ་ཉིད་སྐུའི་མཐར་ཐུག་པར་བསྙེན་པའི་ཡན་ལག་དུ་འགྱུར་རོ། །སོ་སོར་སྡུད་པ་དང་བསྙེན པས་སོ། །བགེགས་ནི་མཐར་བྱེད་ཀྱི་ལྟ་དང?་ཞེས་པ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་བའོ། །དེའེ?་ལྟཾ?་བ་ནི་བདུད་རྩིའི་གནས་སུ་སོང་བ་སྟེ་དཔྲལ་བར་སོང་བའོ། །བགེགས་མཐར་བྱེད་དེའི་ལྟ་བ་བདུད་རྩིའི་ལམ་དུ་སོང་བ་ལ་ཡང་བསྙེན་པ་སྟེ། ཡན་ལག་དྲུག་གོ་།ཡང་གི་སྒྲས་ནི ?་དང་སྐོལ?་བ་བཟུང་བར་བྱ་སྟེ། སྲོག་གི་གཟུགས་མཐོང་ནས་སོ། །ཉེ་བའི་བསྙེན་པའོ། །ཤེས་རབ་ལ་སྤྲོས་ཟླ་ཐིག་ལེ་ཞེས་པ་ནི་འདིར་ཤེས་རབ་ལ་ཆགས་པས་སྤྲོས་པའི་ཟླ་བའི་ཐིག་ལེའོ། །དེ་ཡང་ཤེས་རབ་མ་དང་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་སེམས་རྡོ་རྗེ་ནོར་བུའི་ནང དུ་སོང་བའོ། །ཡི་གེ་གསུམ་ཞེས་པ་ནི་ཡེ་གེ་གསུམ་གྱི་སྦྱོར་བར་འགྱུར་ཏེ། གསང་བ་དང། ལྟེ་བ་དང་སྙིང་ཁར་སྦྱར་བར་འགྱུར་རོ། །བསྒྲུབ་པའི་ཡན་ལག་གསུམ་པར་འགྱུར་རོ། །དེ་ལྟར་བསྒྲུབ་པའི་ཡན་ལག་དུ་བྱའོ། །བདེ་བ་མ་ཉམས་གཅིག་ཞི་བ་ཞེས་པ་ནི་འདིར་བྱང་ཆུབ་སེཾས ཀྱི་སེམས་གང་བདེ་བ་མི་ཉམས་པའི་སྐད་ཅིག་པོ་དེ་ནི་ཞི་བ་ཞེས་བརྗོད་དེ། ལྷན་ཅིག་སྐྱེས་པའོ། །བསྒྲུབ་ཆེན་ཡེ་ཤེས་སྐྱོང?་བ་ཞེས་པ་ནི་སེམས་མི་འཛག་པའི་བདེ་བ་དང་ལྷན་ཅིག་དུ་གཅིག་པ་ཉིད་དོ། །བསྒྲུབ་པ་ཆེན་པོའི་ཡན་ལག་བཞི་པའོ། །དེ་ལྟར་ཡེ་ཤེས་ཀྱི་བསྒྲུབ་? པའོ། །ལྷ་བསྒྲུབS་པའི་ཕྱིར་སྔོན་དུ་གསུངས་པའི་བསྐྱེད་པ་ནི་འཇིག་རྟེན་པའོ། །རྫོགས་པའི་རིམ་པས་དེ་ཁོ་ན་ཉིད་བསྒྲུབ་པ་ནི་འཇིག་རྟེན་ལས་འདས་པའོ། །འདི་ལྟར་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་།བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བརྟེན པ་ཡིས། །ཀུན་རྫོབ་དང་ནི་དོན་དམ་ཉིད་ཞེས་ཏེ། བཅོམ་ལྡན་ཀྱི་ངེས་པའོ། །ཡང་རིམ་པ་གཉིས་པ་ཡང་དག་རྟེན། །རྡོ་ཅན་གྱིས་བདག་ལ་བསྟན། །བསྐྱེད་པའི་རིམ་པ་གཅིག་ཡིན་ཏེ། གཞན་ནི་རྫོགས་པའི་རིམ་པའོ། །དེ་བཞིན་དུ་ལྷ་བསྒྲུབ་པ་ལ་རྣམ་པར་རྟོག་པ་བསྒོམ་པས་སོ། །དེ་ཁོ ན་ཉིད་བསྒྲུབ་པ་ལ་རྣཾ་པར་རྟོག་པ་དང་བྲལ་བས་སོ། །ཡན་ལག་བཞིའི་ཚུལ་ལོ། །ད་ནི་སྲོག་དང་རྩོལ་བའི་མཚན་ཉིད་བརྗོད་པའི་ཕྱིར། །སྲོག་ཅེས་བྱ་བ་ལ་སོགས་པ་གསུངས་སྟེ། འདིར་སྟོང་པ་ཉིད་ཀྱི་སྐུ་མཐོང་ནས་རྣལ་འབྱོར་པས་གང་སྲོག་དང་རྩོལ་བ་འགྲོ་བའི་བར་དུ་བྱ་བ དེ་ནི་མགོན་བར་མི་བྱེད་ཅིང། དེ་ཡང་མཉམ་པའི་འབྲས་བུ་སྟེར་བར་འགྱུར་བའོ། །དེ་ལས་སྟེང་དུ་མི་ཕན་པ་ཞེས་པ་ནི། འགོན་བ་དེ་སྲིད་དུ་མི་ཕན་པ་སྟེ། འཆི་བའི་འཇིགས་པ་བྱེད་པར་འགྱུར་ཞིང་ཕུང་པོའི་འཇིགས་པའི་རྒྱུར་འགྱུར་རོ། །འོན་ཏེ་རྣལ་འབྱོར་ཀྱི་སྟོབས་ཀྱིས་གཙུག ཏོར་ཕྱེད་ནས་སྲོག་འགྲོ་བའི་རྣལ་འབྱོར་པ་ནི་མཆོག་ཏུ་བདེ་བའི་གོ་འཕང་སྟོང་པ་ཉིད་ཀྱི་སྐུ་ལ་གཅིག་དུ་སྦྱོར་བ་ཉིད་དོ། །དེ་བཞིན་དུ་ཕུང་པོ་མེད་པ་རྣལ་འབྱོར་པ་མཉམ་པའི་འདེ་བ་ཞེས་པའི་སངས་རྒྱས་ཀྱི་སྐུར་འགྱུར་རོ། །རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་ཀྱི་སེམས་འགྲོ་བའོ།། འོན་ཀྱང་འཇིག་རྟེན་གྲགས་པ་མེད་ཞེས་པ་ནི་རྣལ་འབྱོར་པ་ནི་ཤི་ཞེས་པའི་གྲགས་པས་ཉམས་པའོ། །སྲོག་དང་སྩོལ་པའི་ངེས་པའོ། །དབུས་སུ་སྲོན?་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ད་ནི་ལྷ་རྣམས་གཤེགས་སུ་གསོལ་པ་བརྗོད་པའི་ཕྱིར། གཙུག་ཏོར་ཞེས་བྱ་བ་ལ་སོགས་པ་གསུང ཏེ། འདིར་དཀྱིལ་འཁོར་རྒྱལ་པོ་མཆོག་དང། །ལས་རྒྱལ་པོ་མཆོག་དང། ཐིག་ལེའི་རྣལ་འབྱོར་དང། ཕྲ་མོའི་རྣལ་འབྱོར་བསྒོཾས་ནS་མཆོད་དེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཞེས་བྱ་བ་ལ་སོགས་པས་བསྟོད་པ་བྱས་ནས། དེའི་རྗེས་སུ་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་བའི་ཕྱིར་། གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །དེའི་ལྟེ་བར་བདེ་བ་ཆེན་པོའི་དཀྱིལ་འཁོར་གཤེགས་སུ་གསོལ་ལོ། །དེའི་ཕྱིའི་རྭ་ཉིས་འགྱུར་བཱི་རྭ་བརྒྱད་བུས་ཀྱི་རྭ་དང་ལྷན་ཅིག་རྩེ་དགུ་པའི་རྡོ་རྗེར་གྱུར་པ་ནི། སྙིང་ཀ་ཆོས་ཀྱི་འཁོར་ལོའོ། །དེའི་ལྟེ་བར་དུ་བ་མ་ལ་སོགས་པ་རྣལ་འབྱོར་གཤེགS སུ་གསོལ་ལོ། །དེ་ནི་གཉིས་སུ་བསྒྲེས་པ་ཞེས་པ་ནི། རྭ་བཅུ་དྲུག་དབུས་ཀྱི་རྭ་དང་ལྷན་ཅིག་རྩེ་བཅུ་བདུན་པ་ནི། ལྷན་ཅིག་སྐྱེས་པ་ཞེས་པ་དཔྲལ་བར་རོ། །དེའི་ལྟེ་བར་ཕུང་པོ་དང། ཁམས་ཀྱི་ལྷ་རྣམས་གཤེགས་སུ་གསོལ་ལོ། །དེའི་གཞན་ཡང་ཉིས་འགྱུར་ཞེས་པ་ནི། །རྭ་སུམ་ཅུ་རྩ་གཉིས དབུས་ཀྱི་རྭ་དང་ལྷན་ཅིག་ཏུ་རྭ་སུམ་ཅུ་རྩ་གསུམ། ལོངས་སྤྱོད་ཞེས་པ་མགྲིན་པར་རོ། །དེའི་ལྟེ་བ་ལ་སྐྱེ་མཆེད་བཅུ་གཉིས་ཀྱི་ལྷ་དང། ཁྲོ་བོ་བཞིའི་ལྷ་རྣམས་གཤེགས་སུ་གསོལ་ལོ། །དེའི་ཡང་ནི་གཞན་ཡང་ཉིས་འགྱུར་ཞེས་པ་ནི་རྭ?་དྲུག་ཅུ་རྩ་བཞི་དབུས་ཀྱི་བུ?་དང་ལྷན་ཅིག དྲུག་ཅུ་རྩ་ལྔའི་རྡོ་རྗེ། སྤྲུལ་བ་ཞེས་པ་ལྟ་བའི་འཁོར་ལོར?་རོ། །དེའི་ལྟེ་བར་དགང་བྱད་མ་ལོ་སོགས་པ་དང། འཇིགས་མ་ལ་སོགས་པའི་དཀྱིལ་འཁོར་དྲུག་ཅུ་རྩ་བཞི་རྒྱུ་བ་དང། སྟོང་དེ?་བཞཱི?་རིགས་ཅན་གཤེགས་སུ་གསོལ་ལོ། །དེ་ལྟར་རྣམ་པ་བདུན་གཤེགས་སུ་གསོལ་ལོ། །དེའི་ནང་དུ་རྩེ་གཅིག་ནི་ཞེས པ་ནི་། དེ་རྣམས་ཀྱི་ནང་དུ་སྔོན་དུ་གསུངས་པའི་རྩོ་གཅིག་པ་རྭ་དབུ་མའོ། །མཉམ་པའི་བདེ་བ་འབྲས་སྟེར་བ། གསང་བའི་པདྨའི་ནང་གནས་པ་ནི། དེར་ཡང་རྭ་སུམ་ཅུ་རྩ་གཉིས་འདབ་མའི་གྲངས་དང་མཉམ་པའི་རྡོ་རྗེའོ། །དེའི་ལྟེ་བར་འོད་ཟེར་ཅན་ལ་སོགས་པ་རྣཾས་གཤེགས་སུ གསོལ་ལོ། །དེ་བཞིན་དུ་ལས་ཀྱི་འཁོར་ལོ་རྡོ་རྗེ་བསྣམས་བྱས་ཏེ། དེ་རྣམས་ཀྱི་ལྟེ་བ་རྣམས་སུ་ལྷ་བཅུ་གཉིས་འཁོར་དང་བཅས་པ་དེ་རྣཾས་གཤེགས་སུ་གསོལ་ལོ། །དེ་བཞིན་དུ་བྱ་བའི་འཁོར་ལོར་ཀླུ་རྣཾས་དང། ཀྱི་གདོང་མ་ལ་སོགས་པ་རྣཾས་གཤེགས་སུ་གསོལ་པར་བྱའོ། །དེ་ནS་ཐུན་གསུཾ་དུ་སྔོན་དུ་གསུངས་པའི ཆོ་གས་གཏོར་མ་སྦྱིན་པར་བྱའོ། །སྔོན་གྱི་ཆོ་གས་བདུད་རྩི་ལྔ་སྦྱངས་ནས་དེ་བདག་ཉིད་ཀྱང་ཚིམ་པར་བྱའོ། །དེ་ལྟར་དུས་ཀྱི་འཁོར་ལོའི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་བཅོམ་ལྡན་འཇམ་དཔལ་གྱིས་གསུངས་སོ། །ད་ནི་རྣལ་འབྱོར་གྱི་སྤྱོད་པ་བདུད? པའི་ཕྱིར། རྣལ་འབྱོར་པ་དག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་པའི་སྤྱོད་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ཕྱིའིའོ། །གཉིས་པ་ནི་ནང་གིའོ། །དེ་ལ་གང་ཕྱི་ཡིན་པ་དེ་ནི་འཇིག་རྟེན་པའི་འབྲས་བུའི་རྒྱུའོ། །གང་ཡང་ནང་གི་ཡིན་པ་དོན་འཇིག་རྟེན འདས་པའི་འབྲས་བུའི་རྒྱུ་རུ་རྣལ་འབྱོར་པས་རིག་པར་བྱའོ། །འདིར་རྣལ་འབྱོར་པ་ཉིན་དང་མཚན་དུ་སྲོག་གཅོད་པ་བྱེད་པ་དེ་ནི་རང་གི་ལུས་ཀྱི་སྲོག་འཇིག་པར་གསུངས་ཏེ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རོ། །ཕྱིའི་སྲོག་གཅོད་པས་ནི་མ ཡིན་ནོ། །འདིར་གང་གི་ཕྱིར་སྲོག་གཅོད་པར་གསུངས་པ་ནི། གདུལ་དཀའ་བ་འདུལ་བའི་ཕྱིར་ཏེ། དེས་དེ་རྣམས་ཀྱི་སྲོག་རྣལ་འབྱོར་གྱི་སྟོབས་ཀྱིས་བཀུག་སྟེ། ཡང་དེའི་ལུས་ལ་རྣལ་འབྱོར་པ་ཡིས་གཞུག་པར་བྱའོ། །དེ་ལྟར་གདུལ་དཀའ་བ་འདུལ་བར་འགྱུར་ཏེ། གདུལ་དཀའ་བ་འདུལ་བ་མ་རྟོགས་པར་ནི་རྣལ་འབྱོར་པ་འགྲུབ་པར་མི་འགྱུར་རོ། །སྒྲ་གང་དག་དང་བྲལ་བ་ཞེས་པ་ནི། འདིར་ཐམས་ཅད་མཁྱེན་པའི་གསུང་ནི་སྐད་ཐམས་ཅད་དེ། གང་གི་ཕྱིར་སེམས་ཅན་རྣམས་ཀྱི་སྙིང་ལ་ཡོང་པར་འགྱུར་བ་རང་རང་གི་སྐད་ཀྱི ཁྱད?་པར?་གྱིས་ད་ཉིད་དུ་མི་གནས་ཏེ། ཐམས་ཅད་ཀྱི་སྐད་ཡིན་པའི་ཕྱིར་རོ། །མི་གནས་བའི་ཕྱིར་རྫུན་དུ་སྨྲ་བར་བརྗོད་དོ། །ཕྱི་རུ་ཡང་སེམས་ཅན་གྱི་དོན་གྱི་ཕྱིར། སྒྱུ་འཕྲུལ་ཆེན་མོ་ཆེར་དྲག་པ། །འབྱུང་དང་སྡུད་པར་བྱེད་པ་པོ། །ཞེས་བྱ་བ་ལ་སོགས་པའི་ཚིག་གདུལ བའི་སེམས་ཅན་གྱི་དོན་དུ་གསུངས་པ་དང། དེ་བཞིན་དུ་དབང་པོའི་?་སྐྱེས་དེ་ཁོ་ན། །སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར། །གསུང་གི་རྡོ་རྗེ་འཛིན་རྣམ་པ། །བཙུན་མོ་རྡོ་རྗེ་ཞེས་པ་ལ་སོགས་པའི་ཚིག་ནི་རྫུན་དུ་སྨྲས་པའོ། །སེམས་ཅན་རྣམS་བསླུ་བའི་ཕྱིར་དང། གསང་པའི་ཕྱིར་ནི་མ་ཡིན་ཏེ། སངས་རྒྱས་པའི་རྣལ་འབྱོར་པས་གྲུབ་པའི་ཕྱིར་རྫུན་དུ་སྨྲ་བའོ། །འདིར་ཐམས་ཅད་མཁྱེན་པས་ས་བཅུ་གཉིས་ཀྱི་ཡོན་ཏན་གད་འཛིན་པ་དེ་བཞིན་དུ། རྣལ་འབྱོར་པའི་ལུས་ལ་སྒྲིབ་པ་དང་བྲལ་བ་སྐྱེས་ནས། དེས་དེ་རྣམས འཛིན་པར་གསུངས་སོ། །དེ་བཞིན་དུ་ཕྱི་རུ་ཡང་སེམས་ཅན་ལ་ཕན་གདགས་པའི་ཕྱིར་དང། གཏེར་བསྲུང་བ་པོ་རྣམས་ངན་འགྲོ་ལས་ཐར་པའི་དོན་དུ་གཏེར་ལ་སོགས་པ་གདོན་པར་བྱའོ། །གང་བདེ་བའི་ཐིག་ལེ་ཁུ་བ་མ་ལྷུང་བར་གྱུར་པ་དེ་ནི། གཞན གྱི་བུད་མེད་སྟེན་པའོ། །གཞན་ནི་རྡོ་རྗེ་སེམས་དཔའ་འཁོར་བའི་ཕ་རོལ་ཏུ་ཕྱིན་པའོ། །བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁོར་བའི་ཕ་རོལ་ཏུ་སོན་པའོ། །དེའི་བུད་མེད་ནི་གཞན་གྱི་བུད་མེད་དོ། །དེའི་སྟེན་པ་ནི་ཆགས་པ་དང་བྲལ་བ་མ་ཡིན་པ་མི འཛག?་པའི་བདེ་བ་རྣལ་འབྱོར་པ་རྣམས་ཀྱིའོ། །ཕྱི་རུ་ཡང་དབང་ལ་སོགས་པའི་དུས་སུ་རང་གི་ཆུང་མ་ལ་སོགས་པ་བྱིན་པའོ། །དེའི་བསྟེན་པ་ནི་གཞན་གྱི་བུད་མེད་བསྟེན་པའོ། །ཆགས་དང་བྲལ་མིན་ཞེས་པ་ནི། ཇི་ལྟར་བདག་ཉིད་ཀྱི་དམ་ཚིག་གིས ཆགས་པ་དང་བྲལ་བར་མི་འགྱུར་ཞིང་དམ་ཚིག་མི་ཉམས་པར་ཞེས་པའི་དོན་ཏོ། །སྲོག་དང་སྩོལ་བའི་མེ་ཡིས་ནི་ཞེས་པ་ནི་འདིར་སྲོག་འགོག་པས་གང་གཏུམ་མོའི་མེ་སྦར་བ་དེ་ནི་སྲོག་དང་སྩོལ་བ་ཞེས་བརྗོད་ཏེ། དེས་ན་སྲོག་དང་སྩོལ བའི་མེས་སོ། རི་བོང་ཅན་ཡང་ཞུ་བའི་ཞེས་པ་ནི་བྱང་ཆུབ་སེམས་བཞུ་བའི་ཐིག་ལེའི་གཟུགས་ནི་བཏུང་བར་བྱ་སྟེ། རྡོ་རྗེའི་ཁ་ནས་སྟེང་དུ་གང་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་པར་བྱེད་པ་ནི་རྣལ་འབྱོར་པའི་ཆང་གི་བཏུང་བར་གསུངས་སོ།། ཕྱི་རུ་ཡང་དབང་ལ་སོགས་པའི་དུས་སུ་ཕྱིའི་ལྷ་རྣམས་ཀྱིས་གཏོར་མའི་དོན་དུ་གསུངས་པའོ། །ཐེ་བོང་གི་ཚིགS་ནས་གཙུག་ཏོར་དུ་ཞེས་པ་ནི། འདིར་འདོད་པའི་བསྟན་ཆོས་ལས་ཐོས་པ་བཞིན་འདིར་དཀར་པོའི་ཕྱོགས་ལ་རྐང་པ་གཡོན་པའི་མཐེ་བོ ནས་གཙུག་ཏོར་དུ་ཚེས་གཅིག་ལ་སོགས་པ་འཕེལ་ཞིང་ཟླ་བའི་ཆ་འཕེལ་བ་ཉའི་མཐར་ཐུག་པར་རོ། །རང་གི་སེམས་ཞེས་པ་ནི་བྱང་ཆུབ་སེམས་ཚེས་ཀྱི་དབང་གིS་འགྲོ་པའོ། །ཡང་གཙུག་ཏོར་ནས་རྐང་པ་གཡས་པའི་ཐེ་བོང་དུ་ནག པོའི་ཕྱོགས་ཀྱི་ཚེས་ཀྱི་དབང་གིས་འདིར་འགྲོ་བར་འགྱུར་ཏེ། ཇི་སྲིད་དུ་ནག་པོའི་ཕྱོགས་ཀྱི་མཐར་ཐུག་པ་སྟེ། རྣམ་སྟོང་ལ་ཐུག་པར་རོ། །དེ་ལྟར་ནག་པོའི་ཕྱོགས་ཀྱི་མཐར་ཐུག་པར་བྱང་ཆུབ་སེམས་རྐང་པའི་སོར་མོ་རྣམས་ཀྱི་བར་དུ་འགྲོ་བར་རིག་པར་བྱའོ། ཡང་ཟླ་བ་གཞན་གྱི་ཡང་དཀར་པོའི་ཕྱོགས་ལ་ལུས་གཡོན་པར་སྔོན་བཞིན་ནོ། །དེ་ལ་དང་པོ་རྐང་པ་གཡོན་པའི་སོར་མོའི་ཚིགS་ལ་ཚེས་དང་པོའོ། །གཉིས་པ་ལ་གཉིས་པའོ། །གསུམ་པ་ལ་གསུམ་པའོ། །ལོང་བུའི་ཚིགས་ལ་བཞི་པའོ། །པུས་མོའི་ཚིགས ལ་ལྔ་པའོ། །རྐེད་པ་དང་བརླའི་ཚིགས་ལ་དྲུག་པའོ། །ལག་པ་གཡོན་པའི་སོར་མོའི་ཆིགས?་དང་པོའི་ཚིགས་སུ་བདུན་པའོ། །ཚིགས་བར་མར་བརྒྱད་པའོ། །ཚིགས་གསུམ་པར་དགུ་པའོ། །ལག་པའི་ཚིགས་ལ་བཅུ་པའོ། །གྲུ་མོའི་ཚིགས་སུ་བཅུ་གཅིག པའོ། །ཕྲག?་པ་དང་དཔུང་པའི་ཚིགས་སུ་བཅུ་གཉིས་པའོ། །སྙིང་ཁར་བཅུ་གསུམ་པའོ། །མགྲིན་པར་བཅུ་བཞི་པའོ། །དཔྲལ་བར་ཉའོ། །གཙུག་ཏོར་དུ་ཉའི་མཐར་རོ། །ཡང་དཀར་པོའི་ཕྱོགས་ཀྱིའོ། །ཡང་དཔྲལ་བར་ནག་པོའི་ཚེས་གཅིག་གོ། མགྲིན་པར གཉིས་པའོ། །སྙིང་ཀར་གསུམ་པའོ། །གཡས་ཀྱི་དཔུང་འགོའི་ཚིགས་སུ་བཞི་པའོ། །དེ་རྣམས་ཀྱི་གཡོན་ནས་ལུགས་ལས་བཟློག་པས་གཡས་ཀྱི་རྐང་པའི་སོར་མོ་རྩེ་མོ་རྣམས་ཀྱི་མཐར་ཐུག་པར་ཇི་སྲིད་གནམ་སྟོང་གི་བར་དུ་བྱང་ཆུབ་ཀྱི་སེམས ཀྱི་རྒྱུ་བའོ། །རྣལ་འབྱོར་མའི་སྤྱོད་པ་དེ། ཉི་མ་རེ་རེའི་དུས་སུ་ནི། །འདོད་པའི་དངོས་གྲུབ་རབ་ཏུ་སྟེར། ཞེས་པ་ནི་འདིར་བྱང་ཆུབ་ཀྱི་སེམས་གཡོན་དང་གཡས་ཀྱི་རྩ་ནས་རྒྱུ་བའི་དབང་གིས་གཡོན་དང་གཡས་སུ་སོང་བ་དུས་ཐམས་ཅད་དུ་དབུ་མ་ནས་རྒྱུ བས་གསང་བ་ལ་སོགས་པའི་པདྨ་དྲུག་རྣམས་ལ། འོག་ཏུ་སོང་ནས་སྟེང་དུ་འགྲོ་བ་ཞེས་པའི་སྤྱོད་བ་དེའོ། །འདོད་པའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །དེའི་རབ་ཏུ་སྟེར་བ་ནི་འདོད་པའི་དངོས་གྲུབ་ཀྱི་རབ་ཏུ་དབྱེ་བ་གྲུབ་པའོ། །ཕྱི་རུ་ཡང་དེ་བཞིན གཤེགས་པ་ལྔའི་རིགས་ཀྱི་བུད་མེད་རྣམས་འཛིན་པའོ། །དེ་བཞིན་དུ་བུད་མེད་སྤྱོད་པ་ཤིན་ཏུ་བསྲུབ། །ཚངས་སྤྱོད་དེ་བཞིན་བསམ་གཏན་ནི། །ཞེས་པ་རྣལ་འབྱོར་པ་རྣམས་ཀྱིས་བྱའོ། །དེ་བཞིན་དུ་རྩའི་རྒྱུ་བའི་སྦྱོར་བ་ལས། །བྱང་ཆུབ་སེམས་ནི་དགུག་པར་བྱ། ཞེས་པ་ནི། འདིར་སྔོན་བཞིན་དུ་བྱང་ཆུབ་སེམས་འགྲོ་བར་བྱ་ཞེས་བྱ་བ་སྟེ། རྩ་བའི་རྒྱུད་ཀྱི་ངེས་པའོ། །བུད་མེད་ཀྱི་སྤྱོད་པ་ངེས་པའོ། །སྤྱོད་པ་འདོད་དང་ལུས་དྲོ་དང་ཞེས་པ་ནས་འདིར་བསྒོམས་ནས་ནི་བསྒྲུབ་པར་བྱ་ཞེས་པའི་བར་ནི་གོ་སླའོ། །དེས་ན་འདིར མ་སྤྲོས་སོ། །རྫོགས་སངས་རྒྱས་ཀྱིས་ལུང་བསྟན་པས། །རབ་མཆོག་ཐུབ་པ་ཡིན་ནི་ཚོགས། །སངས་རྒྱས་པ་ལ་གཟུང་པའི་ཕྱིར། །ཤེས་རབ་ཡེ་ཤེས་དབང་བྱིན་ཏེ། །མཆོག་འདི་སྙིང་རྗེ་དག་གིས་ནི། །དུས་ཀྱི་འཁོར་ལོར་བསྟན་པ་ཡིན། །འཇམ་པའི་རྡོ་རྗེ་གང་གིS ནི། །ཡན་ལག་དྲུག་པའི་བསྒྲུབས་ཐབས་རྒྱུད། །དང་པོའི་སངས་རྒྱས་ལས་ནི་གཏུས། །དཔལ་ནི་ཀ་པ་ལའི་ནི། །རྒྱལ་པོ་གྲགས་པ་ཞེས་བྱའི་སྲས། །རྒྱལ་པོ་དཔལ་ནི་སྙིགས་མའི་མགོན། །རྫོགས་སངས་རྒྱས་ཀྱིS་འུ་ད་བསྟན་ཅིང། །དཔལ་ལྡན་གྲགས་པ་རབ་དགྱེས་པའི།། ཐུགས་ཀྱིས་ཡང་དག་པར་བསྐུལ་བས། དཔལ་ལྡན་རྩ་བའི་རྒྱུད་རྗེས་འབྲངས། །བསྡུས་པའི་རྒྱུད་སྙིང་རྡོ་རྗེའི་ཚིག། གསལ་བྲ་སྟོན་བྱེད་རྒྱ་ཆེར་འགྲེལ། །བྱས་པའི་བསོད་ནམས་གང་ཐོབ་པའི་ཤིན་ཏུ་དྲི་མེད་རྒྱ་ཆེན་པོ། །པད་མ་དཀར་པོ་ལྟ་བུ་དེས། །རྡོ་རྗེ་འཛིན་གྱི ལ་མ་རྙེད་ནས། །འགྲོ་ཀུན་རྫོགས་སངས་རྒྱས་འགྱུར་ཅིག།། །།དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོའི་རྒྱ་ཆེར་འགྲོལ། །དྲི་མ་མེད་པའི་འོད་ཅེས་བྱ་བ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། སམ་པ་ལའི་ཡུལ་བྱོན་ཞིང། །མངོན་པར་ཤེས་པ་མངའ་བརྙེས་པ། །དུས་ཀྱི་འཁོར་ལོ་པ་ཞེས་པ། །དེའི་རིམ་ནི་བརྒྱུད་པ་དང། །ཽ་རྒྱན་ཡུལ་སྐྱེས་བྲམ་ཟེའི་རིགས། །ན་རོ་པ་ཞེས་བྱ་བ་ནི། །ནུས་པ་སྐྱེས་ཤིང་ལྷས་གནང་བ། །དེའི་རིགས རྒྱུད་ཐོས་པའི། །བླ་མ་ལྷ་ཡིས་ལྷས་བསྟན་པ། །དེ་མཉན་རྒྱ་འགྲེལ་འབང་བསྒྱུར་བས། །མི་འཛགས་བདེ་བའི་གནས་ཐོབ་ཤོག།། །།རྒྱ་གར་གྱི་མཁན་པོ་ཤྲི་བྷ་དྲ་བོ་དྷིའི་ཞལ་སྔ་ནས། བོད་ཀྱི་ལོ་ཚ་བ་གྱི་ཅོ་བན་དེ་ཟླ་བའི་འོད་ཟེར་གྱིས་།ཡོན བདག་ཞང་བཙུན་དགེ་སློང་གི་ཕྱིར་བསྒྱུར་ཅིང་ཞུས་པའོ། ། །།དབང་གི་རབ་ཏུ་བྱེད་པ་བཞུགས།། #། །རྒྱ་གར་སྐད་དུ། སེ་ཀ་པྲ་གི་ཡ། བོད་སྐད་དུ། དབང་གི་རབ་ཏུ་བྱེད་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ངོ་བོ་ཀུན མཁྱེན་ཡེ་ཤེས་སྐུ་དང་ཉིན་བྱེད་སྐུ་སྟེ་སྤྱན་ནི་པད་མའི་འདབ་ལྟར་རྒྱས།

CLOSE WINDOW