Wylie | e-texts based on the ACIP/ALL ![]() ![]() |
། །།རྒྱ་གར་སྐད་དུ་ན་མཎྜལ་པི་བྷི། བོད་སྐད་དུ། མཎྜལ་གྱི་ཆོ་ག། ཐུགས་རྗེ་ཆེན་པོ་རྣམ་པར་སྐྱོབ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བཟང་པོས
ཉིད་དང། །རིན་ཆེན་རང་བཞིན་ངོས་མཉམ་ལ། །དྲི་ཞིམ་པ་ཡི་བྱུག་པས་བྱུག་།མུ་ཏིག་མེ་ཏོག་ནོར་བུ་དགོད། །དབུས་སུ་འདབ་བརྒྱད་འདབ་བཞི་ཡི། །མེ་ཏོག་དམར་པོ་ས་བོན་ཅན། །གཞག་ལ་དེ་སྟེད་ཐུབ་པ་བཞུགས། །གདུགས་དཀར་གྱིས་ནི་སྟེང་ནས་དབུག་།སྒྲ་?
པདྨའི་ཕྲེང་བ་ཡི། །ང་རྒྱལ་འཛིན་པས་རྡོ་རྗེའི་ལག་།གཉིས་གཤིབས་གྱོན་དུ་བསྐྱོད་པའི་རྒྱས། །ས་གསུམ་གཙོ་བོ་བར་བྱ། །རབ་ཏུ་དབྱིབས་ལེགས་ཁ་དོག་མཛེས། །དྲི་བསུང་རོ་མཆོག་རེག་བཟང་བའི། །མེ་ཏོག་སྤུངས་པས་གོ་རིམ་བཞིན། །གླིང་སོགས་བཀོད
??་བརྟག་། ཨོཾ་ཨཱལེགས?་བཅོད?་ལ། །གསལ?་བྱེད་སྒྲོན་མ་འབར་བ་གཉིས་ཀྱིས་བརྒྱན་གྱུར་པ། །སྔགས་འཆང་རྡོ་རྗེ་རོལ་པའི་གར་གྱིས་བསྟབས་པས་དབུལ། །དེ་ནས་ལུས་ཅན་ཐམས་ཅད་ལ། །འཇིག་རྟེན་མགོན་པོ་ཉེར་འཁོར་གཟུགས། །དཔག་མེད་རྣམ་པར་འཕུལ?་པ་ཡིས། །ཞིང་རྣམས
ཀུན་ཏུ་དོན་ཡོད་སྦྱོད། །ཇི་སྲིད་སྙིང་པོ་བྱང་ཆུབ་པར། །དེ་དག་ནམ་ཡང་འདྲེན་པའི་མཐུས། །ངན་འགྲོའི་སྒྲ་ཡང་མི་གྲག་ཅིང། །རྟག་ཏུ་དགའ་སྐྱིད་འཚེ་བར་བྱེད། །གལ་ཏེ་བློ་གསལ་སྤོབས་སྒྱོད་ན། །སྐུ་གསུམ་ལ་སོགས་གང་བཤད་པ། །
ཆོ་ག་དེ་དག་འདས། ཡང། །གདོན་མི་ཟ་བར་བྱ་བ་ཉིད། །གང་ཚེ་བསྡུ་བར་འདོད་པ་ན། །སེ་གོལ་བརྡབས་པས་སྤར་བྱས་ལ། །བཟོད་པར་གསོལ་དང་སྨོན་ལམ་གདབ། དྲན་པའི་རྒྱ་ཡིས་གཟུངས་གདབ་བྱ། །མཎྜལ་གྱི་ཆོ་ག་རྫོགས་སོ། །གནུབས་བྱམས་པའི་དཔལ་གྱིས་བསྒྱུར
བའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་གང་ཇག་གཅིག་གི་ཉིན་ཞག་གཅིག་གི་བྱ་བ་བརྗོད་པར་བྱ་སྟེ། །དང་པོ་མཐོ་རངས་ཀྱི་ཆ་ནས་བརྩམས་ཏེ། །ཇི་སྲིད་ཉལ་བ་ལ་ཐུག་པའི་བར་ལ། །བྱ་བ་བསྡུས་པ་ནི?་?བརྒྱད་དེ། །གོས་དང་ཁྲུལ?་?
མ་མཆོད།
CLOSE WINDOW