Wylie | e-texts based on the ACIP/ALL ![]() ![]() |
།ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ལྡན་ས་སྐྱེའི་གཙུག་ལག་ཁང་དུ་བསྒྱུར་བའོ། །རྒྱ་གར་སྐད་དུ། ཨཽ་ཙྪུཥྨཱ་ཛམྦྷ་ཨཽ་པ་དེ་ཤ་སྟོ་ཏྲ། །བོད་སྐད་དུ། རྨུགས་འཛིན
འཆོལ་པའི་མན་ངག་གི་བསྟོད་པ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མགོན་པོ་ནམ་མཁའ་ཨི་མདོག་ཅན་ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པས་སྐུ་མདོག་ནག་པོར་བཞུགས། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད
དེ་བདག་དྲན་ན། ཁྱོད་ལ་འདུད་ཀྱིས་ཐུགས་རྗེས་ཅིའི་ཕྱིར་མི་གཟིགས། །ལོ་དྲུག་བྱིས་པའི་གཟུགས་ལ་གཞོན་པའི་ཤ་རྒྱས་པ། འཛུམ་ཞིང་ཁྲོ་ལ་བྱམས་པའི་མཆེ་བ་དཀར་པོ་གཙིགས། །ཁྲོ་གཉེར་དཔྲལ་བར་བསྙེར་ཞིང་རལ་པ་དམར་སེར
ལངས། །དབུལ་པ་སེལ་མཛད་སྤྱན་ཡངས་སྙིང་རྗེ་ཅན་ལ་འདུད། །མི་བསྐྱོད་དབུ་ལ་བཞུགས་པས་ཐུགས་ཀྱི་རིགས་འཛིན་ཅིང། །བྱམས་པས་ཀུན་ལ་ཁྲོས་ཏེ་གཅེར་བུ་སྦུལ་གྱི་བརྒྱན། །ོཾ་ཨཱ་ལས་སྐྱེས་ནོར་སྦྱིན་གདན་ལ་བཞུགས
ཤིང་འགྱིང། །རེ་བ་བསྐོང་མཛད་དཔག་བསམ་ཤིང་འདྲ་ཁྱོད་ལ་འདུད། །ཕྱག་གཡས་སྙིང་རྗེ་དོན་མཛད་ཐོད་པ་ཁྲག་གིས་བཀང། ཕྱག་གཡོན་ནོར་སྦྱིན་མ་བཟུང་ནེའུ་ལེས་རིན་ཆེན་འབེབས། །གཡས་གཡོན་ཞབས་ཀྱི་རྣམ་ཐོས་སྲས་ཀྱི་རྐང
བ་བརྫིས། །ནོར་བདག་གན་རྐྱལ་གནོན་ཅིང་བརྐྱང་བསྐུམ་བཞུགས་ལ་འདུད། །རྣ་བ་མ་ཕུགས་རིགས་དོན་ཆ་ལུགས་དུ་མ་བཟུང། །ལག་ནས་ཁ་རུ་འོ་མའི་བདུད་རྩི་རྩ་ལམ་རྡོ་རྗེ་ནས་བྱུང་སྟེ། །གུར་ཀུམ་མདོག་འདྲ་ཞལ་དུ་ཕུལ་བས
མཉེས་མཛོད་ལ། །ཉིད་ཀྱིས་བདག་གིས་བསམ་མཁྱེན་རེ་བ་མྱུར་དུ་བསྐོངས། །ཡི་གེ་བཅུ་པས་བྱིན་བརླབས་མེ་ཏོག་དང་བཅས་པས། །ོཾ་ལས་འོད་འཕྲོས་གདུབ་བུ་རིན་ཆེན་སྤྲས་པས་བརྒྱན། །ོཾ་ལས་བྱུང་བའི་བུམ་པ་བཟང་པོས་ཆུ་ཕུལ་ནས།།
བཅོམ་ལྡན་མགོན་པོ་ཅི་ཕྱིར་རེ་བ་མི་བསྐོད་ལགས། །འགྲོ་དྲུག་ཀུན་ལ་རེ་བསྐོང་ནོར་གྱིས་ཆར་པ་དག་།ཅི་འདོད་མང་པོ་འབེབས་པའི་ཐུགས་རྗེར་གྲགས་ལགས་ན། །བདག་གིས་མོས་པས་ཁྱོད་ཀྱི་ཡོན་ཏན་རྟག་ཏུ་བརྗོད། །ཐིགས་པ
གཅིག་ཀྱང་མི་གསོལ་སྐལ་བ་མེད་དམ་ཅི། །ཉི་མ་རེ་རེ་བཞིན་དུ་རྟག་ཏུ་ཁྱོད་འབོད་ན། །བདག་ནི་ཡིད་ཆད་སྒྱིད་ལུག་གདོང་པ་དག་མོད་ཀྱང། །ཁྱོད་ཀྱི་སྔོན་གྱི་དམ་བཅས་ཐུགས་རྗེ་གང་དུ་ཐལ། །གཏེར་ཆེན་བསྐལ་པ་མེད་ཀྱང་ལོག་འཚོ
མེད་ཙམ་བྱིན། །བདག་གིས་སྙིང་ནས་སྨོས་ཀྱང་བདུད་མ་གཟིགས་ན། ས་གསུམ་ཀུན་ལ་སྙོམས་པར་དམ་ནི་མ་བཅས་སམ། །བདག་ལ་སྐལ་པ་མེད་ཀྱང་ཐུགས་རྗེས་ཅི་མི་གཟིགས། །སེམས་ཅན་མིན་ནམ་དབུལ་བའི་སྡུག
སྔལ་བྲལ་བར་མཛོད། །བདག་གིས་པོས་པས་ཁྱོད་ཀྱི་ཐུགས་རྗེའི་ཞགས་པ་ཡིས། །སྲིད་འདིར་དབུལ་ཕོངས་སོལ་ལ་བདེ་ཆེན་གནས་སུ་དྲོངས། །འཇིགས་འཇིགས་འཇིགས་པ་རྨི་བྱེད་ཁྱོད་ཀྱིས་བྱིན་བརླབས་ཏེ། འདི་དང་ཕ་རོལ་གཉིས
ཀར་རྟག་ཏུ་སྐྱབ་བར་མཛོད། །རྨུགས་འཛིན་འཚོལ་པའི་མན་ངག་གི་བསྟོད་པ། །བླ་མ་དྷ་བྱང་ཆུབ་སེམས་དཔས་མཛད་པ་རྫོགས་སྟོ། །ཁ་ཅིག་སློབ་དཔོན་ཉི་མ་སྤས་པས་མཛད་ཞེས་ཀྱང་ཟེར་རོ། །རྒྱ་གར་སྐད་དུ། དེ་པི་བ་སུ་དྷ་རཱི་
སྟོ་ཏྲ།
CLOSE WINDOW