CLOSE WINDOW

N3357: འཕགས་པ་རྨུགས་འཛིན་འཆོལ་བ་ནག་པོའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

།རྫོགས་སོ།། །།དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། ཨརྱ་ཨཽ་ཙུཥྨ་ཛམྦྷ་ལ་ཀྲིཥྞ་སཱ་དྷ་ནི། །བོད་སྐད་དུ འཕགས་པ་རྨུགས་འཛིན་འཆོལ་པ་ནག་པོའི་སྒྲུབ་ཐབས། །རྗེ་བཙུན་ཛམྦྷ་ལའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་གྱི་དབང་ཕྱུག་དབང་ཆེན་བཅུ་གནས་རིན་ཆེན་རྣམ་པ་མང་ལྡན་པ། །ཐབས་མང་སྟོབས་ཆེན་དྲི་མེད་ཐུགས་རྗེ་དྲང་སྲོང་ལྷ་མོའི་སྲས གྱུར་དེའི། སྲས་གཅིག་མཚུངས་མེད་མ་ལུས་སྲིད་དང་ཞི་བའི་ནོར་བདག་གཏེར་ཆེན་ནི། །མིའུ་ཐུང་ཆ་བྱད་ཐོད་ཁྲག་ནེ་ལེ་འཛིན་མཛད་ཁྱོད་ཀྱིས་བདག་ལ་བསྲུངས། །རེ་ཤིག་བསྒྲུབ་པ་པོ་དམ་ཚིག་ཅན་གཞན་ལ་ཕན་པར་བརྩོན་པས་འཕགས པ་??་?་མི་ཕྱེད་པའི་དང་བ་ཐོབ་པས་སྐྱབས་སུ་སོང་ལ། །པདྨའི་མདང་མ་མཆོག་གི་སྣོད་དང། །གནོད་སྦྱིན་མོ་ཀུན་ཏུ་རྒྱུག་གི་ལུས་ལིང་ག་ཆེན་པོའི་རྫས་དང་ལྡན་པས་ནོར་བུ་བརྩེགས་པ་ལྟ་བུའི་གནས་སུ་འདུག་སྟེ། ཐོག་མ་ཁོ་ནར་མི་བསྐྱོད་པའི་རྒྱལ་པོའི ཆོ་ག་ཇི་ལྟ་བ་བཞིན་མཉེས་པར་བྱའོ། །དེའི་འོག་ཏུ་དེའི་ང་རྒྱལ་གྱིས་བདག་དང་གནས་དང་རྣལ་འབྱོར་བསྲུང་བ་བྱས་ལ། །རང་གི་སྙིང་ཁར་ཨཱ་ལས་ཟླ་བའི་དཀྱིལ་འཁོར་རྒྱས་པ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་གསེར་གྱི་མདངས་ཅན་ལས་བྱུང་བའི་རྡོ་རྗེ རྩེ་དགུ་པ་གྱེན་དུ་ལངས་ཤིང་རྣམ་པར་འགྱུར་པའི་ངང་ཚུལ་ཅན། །དབུས་ཀྱི་རྭ་རྩེ་རྣམ་པར་དཀར་པོ་ནོར་བུའི་ཏོག་གིས་མཚན་པ་དང་རྭ་གཞན་གནག་ཅིང་ཀུན་ནས་དགྲད་པའི་བར་བྱེད་པ་དེ་ཉིད་ཀྱི་ལྟེ་བར་དྲི་མ་མེད་པ་ལ་ཧཱུཾ་ཡིག་བEེཌཱུརྱའི འོད་འབར་བས་མཚན་པ་བལྟ་བར་བྱའོ། །ཡི་གེ་དེའི་འོད་ཀྱིས་ནམ་མཁའ་ཨི་དབྱིངས་ཁྱབ་པར་བཀང་ནས་ཞིང་གི་དཀྱིལ་འཁོར་ཡོངས་སུ་སྤྱོད་པས་དོན་གཉིས་བྱས་ཏེ། །ཚུར་འདུས་པ་ལས་རྗེ་བཙུན་རྨུགས་འཛིན་ནག་པོ་སྲས་དང་བཅས་པ་རྡུལ་ཕྲ་རབ ཀྱི་གྲངས་དང་མཉམ་པ་སྤྱན་དྲངས་ལ། །ཁྲུས་གསོལ་པ་སྔོན་དུ་འགྲོ་བས་མཆེད་པའི་ཡན་ལག་བཅུ་གསུམ་ཡོངས་སུ་རྫོགས་པར་བྱའོ། །མཉེས་པའི་འོད་ཀྱིས་ཕྲེང་བ་བདག་གི་སྙིང་ལ་ཞུགས་ཏེ་བསྐུལ་བའི་ཡིད་ཀྱིས་ཚད་མེད་པ་བཞི་སྤེལ་ཞེས བྱང་ཆུབ་ཀྱི་སེམས་བརྟན་པ་ཡང་དག་བགོས་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེའི་འོད་ཟེར་ཆེན་པོས་བརྟན་པ་དང་གཡོ་བའི་དངོས་པོ་མཛའ་རྣམ་པར་བཅུ་ནས་རྡོ་རྗེ་སེམས་དཔའ་ངོ་བོར་ཐིམ་པ་དང་ཡང་ཆེས་འབས རང་གི་ལུས་ཀྱང་ཉེ་བར་བསྲེག་ནས་གཟི་བརྗིད་ཀྱི་ཕུང་པོ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་བསམ་མོ། །དེའི་འོག་ཏུ་ཨོཾ་ཨཱ་ཞེས་སྐད་གསང་སྟོད་ད་བསྤྲན?་པས་?་པར་འགྱུར་བའི་མཚན་ཉིད་ཅན་གྱི་མགོན་པོ་བྱང་ཕྱོགས་ཀྱི་མགོན་ཚེ་ལ་རྡོ རྗེའི་རི་པའི་ཟོམ་ནས་སྤྱན་དྲངས་ཏེ། །ཀུན་ནས་དང་ཞིང་སི་མ་ལ་གདུང་བའི་ཡིད་ཀྱི་རྒྱུའི་སེམས་དཔའ་འོད་ཟེར་གྱི་འཕྲེང་བ་འབར་བ་ལ་བསྟིམ་པར་བྱའོ། །དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ནོར་གྱི་དབང་ཕྱུག། ལྷ་དང་ཀླུ་དང མིའི་ནོར་ཐམས་ཅད་འཛིན་པ་མཐིང་ནག་འཇིགས་པའི་གཟུགས་ཅན་མིའུ་ཐུང་གི་ཆ་བྱད་རིགས་ངན་གྱི་རྣམ་པ་རྣ་བ་མ་ཕུག་ལྷག་མ་ཟ་ཞིང་མི་སྲུན་པ་གསུས་པ་ཆེར་འཕྱང་ཞིང། །རབ་ཏུ་བརྗིད་པའི་བདག་ཉིད། །ཁྱེའུ་ལོ་དྲུག་ལོན་པའི ན་ཚོད་ཅན། །གཅེར་བུ་མཚན་མ་འགྲེད་པ། །ཞབས་གཉིས་དོར་སྟབས་སུ་ཉེ་བར་གནས་པས་ནོར་འཛིན་སེར་པོ་ཁ་ནས་ནོར་བུ་སྐྱུག་པའི་མགོ་།གཡས་སུ་རྣམ་པར་མནན་པ། །མཆེ་བ་ཅུང་ཟད་གཙིགས་ཤིང། །ལྗགས་རྐན་ཕུགས་སུ ཉེ་བར་འདྲིལ་བ་ཞལ་དང་སྤྱན་སུམ་མེའི་ཕུང་པོ་ལྟར་འབར་ཞིང། །སྤྱན་ཀུན་ནས་ཟླུམ་ཞིང་ཟློག་ལ་རྣམ་པར་གྱུར་པ་ཅན། །དཔྲལ་བ་ལ་རིན་པོ་ཆེའི་མིག་གསུམ་པའི་གཟུགས་ཅན་གྱི་ཁྲོ་གཉེར་གྱི་རིམ་པ་དང་ལྡན་པ་དབུ་སྐྲ་དང་སྨིན་མ རྣམས་ཀྱི་སྤུ་ཁམ་པ་རེ་རེ་ནས་གྱེན་དུ་ལངས་ཤིང་འོད་ཟེར་འཕྲོ་བའི་མེ་སྟག་ཐུར་དུ་འཛག་པ། ཕྱག་གཡས་དང་གཡོན་གྱིས་པད་མའི་སྣོད་རུ་ཏི་རས་བཀད་པ་དང། ནེའུ་ལེའི་རྒྱལ་པ་ལྷ་དང་ཀླུ་དང་མིའོ་ནོར་བུ་རིན་པོ་ཆེའི་རིགས་མི་འདྲ་བ་དུ མས་ཁེངས་པར་བྱས་པ་ཁ་ན་རེ་ཆེན་པོའི་རྒྱུན་སྣོད་སྐྱུག་པ་འཛིན་པ། །སངས་རྒྱས་མི་བསྐྱོད་པའི་ཅོད་པན་གྱི་རྒྱན་ཅན། །ཀླུའི་རྒྱལ་པོ་མཛའ་ཡས་དང། །འཇོག་པོ་དང་པདྨ་ཆེན་པོ་དང་སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་དུང་སྐྱོང་དང་ནོར་རྒྱས་དང པདྨ་རྣམས་ནག་པོ་དང་དཀར་པོ་དང་སེར་པོ་དང་སྔོན་པོ་དང་ཁྲ་བོ་དང་སེར་པོ་དང་དམར་པོ་རྣམ་པ་བརྒྱད་ཀྱི་ཀོ་རིམས་ལྟར་ཐོར་ཚུགས་དང་རྣ་བ་དང་དོ་ཤལ་དང་ཚངས་སྐུ་དང་དཔུང་བ་དང་ལག་པ་དང་རྐེད་པ་རྐང་པ་རྣམས་ལ་བརྒྱན་པའོ། །ཐུགས་ཁར་ཟླ་བ་ལ་ཇི སྐད་བཤད་པའི་སྙིང་པོ་ཅན་གྱི་མཚན་མ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེའི་ཡིག་བཅུའི་གོ་ཆ་བགོ་བར་བྱ་སྟེ་དཔྲལ་བ་དང་ཞལ་དང་དཔུང་པ་གཡས་པ་དང་གཡོན་པ་དང་ཐུགས་ཁ་དང་ཞབས་དང་གཡས་དང། གཡོན་དང་ཆུ་སོ་དང་ཞབས་བོལ་གོང གཡས་དང་གཡོན་དང་གྲངས་བཞིན་དུ། །ོཾ་དང་ཛཾ་དང་བྷ་དང་ལ་དང་ཛེ་དང་ལེན་དང་དྲ་དང་ཡེ་དང་སྭཱ་དང་ཧཱ་རྣམས་ཀྱི་ཡིག་འབྲུ་རྣམས་ཟླ་བའི་གདན་དང། །རྡོ་རྗེ་ཕྱེད་པ་ལ་གནས་པ་ཉི་མའི་སྙིང་པོ་འབར་པ་འམ་གསེར་གྱི་མཆོད་སྡོང རྣམ་པར་དག་པ་ལྟར་བསམ་པར་བྱའོ། །ཐུགས་ཀའི་མི་བྱེད་ཡི་གེ་ལས་འཕྲོས་ཕྱོགས་བཅུའི་འདྲེན་པ་ཀུན་མཆོད་ཅིང། །གོ་ཆ་བཅུར་བཅས་སྐྱོབ་དབང་ཉིད་འཕྲོས་མ་ལུས་འགྲོ་རྣམས་རང་འདྲར་བྱས། །ནའུ་ལེ་ཀླུ་དབང་ནོར་བདག་འོད་ལྡན ལྷ་ཀླུ་མི་ཡིན་ནོར་རྣམས་བསྡུས?། །ཆོས་ཅིང?་པོས་ཉེ་འགྲངས་གྱུར་བཙིར?་པས་དེ་སྐྱུགས་དངོས་གྲུབ་ཡང་ཡང་བླང། །དེ་ནས་ཆུ་སྦྱིན་པར་བྱ་སྟེ། །ལག་པའི་མཐིལ་དུ་བམ་སེར་པོ་ལས་གསེར་གྱི་བུམ་པ་བཟང་པོ་རིན་ཆེན་སྣ་ཚོགས་སྐྱུག་པ་ཁ་ཕྱིར བསྐལ?་པས་ཡི་གེ་ངམ?་དེ་ཉིད་ཀྱིས་མཚན་པ་བལྟ་བའོ། །བམ་གི་ནང་དུ་ཛཾ་ཡིག་གོ། །ཁྲིག་མ་ལ་ནི་ཨོཾ་མོ། འཛུབ་མོ་ལ་ནི་བྷའོ། གུང་མོ་ལ་ནི་ལའོ། །སྲིན་ལག་ལ་ནི་ཛའོ། མཐེའུ་ཆུང་ལ་ལེའོ། ཐེ་བོང་ལ་དྲའོ། །ནོར་བུ་འཆིང་བའི་གནས་སུ་ཡེའོ། །ལག མཐིལ་གྱི་ལྟོ་གཡོན་དུ་སྭཱ་དེའི་གཡས་སུ་ཧཱའོ། །ཐམས་ཅད་ཀྱང་ཟླ་བ་གང་བ་གནས་ཤིང། །གསེར་འོད་དྲི་མ་དང་བྲལ་བ་ལྟག་པར་འཚེར་བ་ལྟར་བསམ་མོ། །དེ་ནས་ཡང་ཆུ་ཁྱོར་བ་གང་ཁ་ལ་ཉེ་བར་ཏུ་གས་ཏེ། །ོཾ་ཨའི་དྲ ནི་མུ་ཁཾ་བྷྲ་མ་རི་སྭཱཧཱ་ཞེས་བྱ་བས་སོར་མོ་ལྔ་ལ་ལན་རེ་རེ་དང། ཁ་དང་ལག་པ་བྱིན་གྱིས་བརླབས་པ་ལ་གཉིས་ཏེ། བདུན་གྱིས་བྱིན་གྱིས་བརླབ་བོ། །དེའི་འོག་ཏུ་ནག་པོ་ཆེན་པོ་མཛེས་པའི་སྐུ་ཡོངས་སུ་རྫོགས་པ་ཞིག་མདུན་གྱི་པདྨ་རིན་ཆེན་རྒྱན སྣོད་དུ་བཞུགས་ཏེ་རང་གི་ཐུགས་ཁ་ནས་ཅི་འདྲི་བའི་གཟུགས་ཕྱུང་སྟེ་བསྟིམས་ལ། །རིན་པོ་ཆེའི་བུམ་པ་རྒྱན་ཐམས་ཅད་གྱིས་སྤྲས་པ་ཡོངས་སུ་གང་བ་རྒྱུན་མི་འཆད་པས་ཆུ་སྦྱིན་པར་བྱའོ། །འདི་ལྟར་བྱ་སྟེ་ཨོཾ་ཛལུཾ་སྭཱཧཱ་ཞེས་བྱ་བ་རིན་པོ་ཆེས བརྒྱན་པའི་ལག་པ་ནས་ཞལ་དུའོ། །ཞལ་ནས་རྡོ་རྗེ་ནོར་བུའི་རྩེ་མོ་རུའོ། །དེས་ནས་སླར་ལག་མཐིལ་དུ་འབབ་པའི་རིམ་པས་མཐར་ཆུའི་བདག་པོ་ཞལ་དུ་འཇུག་པར་བསམ་ཏེ་ཆོ་ག་དེ་ཉིད་ཀྱིས་ཁྱོར་བ་བརྒྱ་རྩ་བརྒྱད་འཁྲུལ་པ་མེད་པར་སྦྱིན་པར བྱའོ། །དེའི་ཚེ་ཕྱག་གིས་མཐིལ་གྱི་བུམ་པ་དང་ནེའུ་ལེ་དང་ལྟོས་འགྲོ་རྣམས་ཀྱི་ཁ་དང་སྣའི་སྒོ་ལ་སོགས་པ་བུ་གའི་རྣམ་པ་ཐམས་ཅད་ལས་རིན་པོ་ཆེའི་རིགས་མི་འདྲ་བ་སྡུག་ཅིང་ཡིད་དུ་འོང་བ་རྣམ་པ་དུ་མའི་ཆར་ཆེན་པོ་ཕབ་པས་གནས ཁང་ལ་སོགས་པ་མཛའ་དག་གཡོགས་ཅིང་ནོར་བར་གྱུར་པར་བསམ་མོ། །དེའི་རྗེས་ལ་ཡི་གེ་བཅུ་པ་ལ་མཆོད་པ་ལྔའི་སྔགས་སྦྱར་བས་མཆོད་ཅིང། ཐུན་མོང་དང་ཁྱད་པར་གྱི་སྒོ་ནས་བསྟོད་དོ། །སྔགས་དེ་དག་ཉིད་ཀྱིས་གཏོར་མ་བྱིན་གྱིས བརླབས་ཏེ་དབུལ་བར་བྱའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡཱ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་སྭཱཧཱ། ཨོཾ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡེ་སྭཱཧཱ། ཞེས་ལན་བདུན་ནམ་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཟླས་ཏེ་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས ཡང་མཆོད་པས་གཏང་རག་ཕུལ་ཏེ་མེ་ཏོག་དབུ་ལ་བཞག་ནས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ལ་རྟེན་སྦྱིན་པོ་དང་ཆུའི་ཕུང་སྲིན་ལག་གིས་རེག་སྟེ་ལྕེ་ལ་བཞག་ཅིང། ཆུའི་ཆོ་གས་རྒྱ་མཚོར་འཇུག་པའི་དངོས་སུ་དོར་བར་བྱའོ། །དེ་ལྟར་ཟླ་བ་དྲུག ལ་སོགས་པའི་ཉིན་ལན་གསུམ་མཚན་ལན་གསུམ་དུ་བར་མ་ཆད་པར་ཆུ་སྦྱིན་པ་ལ་བརྩོན་པར་བྱེད་ན། དེས་ཇི་ལྟར་མངོན་པར་འདོད་པའི་འབྱོར་པ་ཐམས་ཅད་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །དབང་ཕྱུག་སྙིང་པོ་གཏེར་བུམ་ལས། ། ལྕགས་ཀྱུས་ལྕག་བཏབ་ཟས་ནོར་སྟེར། །བྲམ་ཟེའི་ཚངས་སྐྱོགས་ལྔ་ཚན་ལྔས། །བསྐངས་ཏེ་བཅུད་བསྡུས་དངོས་གྲུབ་ལེན། །རིན་ཆེན་སྙིང་པོ་ཉི་ཟླ་དང། པདྨ་རབ་སྦྱངས་བདེ་ཆེན་ཐོབ། །རིམ་བཞིན་གནོད་སྦྱིན་ནེའུ་ལེ་མོ། །ཐོད་ཁྲག་བུར་ལིང་སྦྱོར་བར བཤད། །དབྱར་དགུན་སྟོན་ཟླ་ཐ་ཆུངས་དང། །དཔྱིད་ཟླ་འབྲིང་པོ་རྟེན་བཞེངས་ནས། འདི་ཉིད་རྒྱལ་བའི་ཏིང་འཛིན་གྱིས་དམ་ཚིག་ཡེ་ཤེས་མཉམ་སྦྱོར་བྱ། །རྣ་བ་མནན་དང་མདངས་འཕྲོག་དང། དགྲ་བོ་བྱིས་པའི་གཟུགས་འཇིགས་པས། །རིགས ངན་འདུག་པའི་ལས་གསུམ་བྱེད། ཁྲོ་ཞལ་ཕྲིན་ལས་བགེགས་སྐོད་ཡིན། །ཀླུ་རྒྱལ་གདོན་འགྲོལ་ཆར་འབེབས་བྱེད། །ནོར་བདག་གཟིར་བས་ནོར་རྣམས་འཕྲོག་།རིག་འཛིན་དགུག་དང་གཏེར་འབྱེད་དང། །འཇིགས་སྐྱོབ་རྐུན་པོ་བསྲུང་བ་ཉིད། །བུ་སྟེར་ཚེ? ནི་བསྲིང་བ་དང། །ཕྱུག་སྐྱོད་ཤིང་གཟུགས་བ་དང། །དབང་བསྐུར་བཀྲ་ཤིས་གསོལ་བ་དང། རིམ་བཞིན་ཨོཾ་ནས་སྭཱཧཱའི་བར། འོད་དང་ལྷན་ཅིག་རྗེས་འགྲོ་དང། །སླར་བཟློགས་ཡི་གེ་བཅུ་ཡིས་སོ། །རྡོ་རྗེ་ཧཱུཾ་མཛད་ཁྲོས་པ་ཡིས། །ཚྭ་བ་དྲུག་དང་ཁྲག་སྐྱེ་ཚེ། མར་ཁུ་ལུས་བུགས་པུ་རེ་ལིང་གདུང། །བདུན་ཕྲག་གཅིག་གིས་དཔོགས་ན་འགྲུབ། །ཡེ་ཨ་དྷེ་བམ་སྭཱཧཱ། སྙིགས་དུས་སྒྲུབས་རྣམས་རབ་དབུལ་ཉེན་རྣམས་ཀྱིས། །ཕན་འདོད་བཞིན་ཡང་རང་གཞན་དོན་ཉམས་པར། །མཐོང་ནས་རྨུགས་འཛིན་ཆོ་ག ཚུལ་བཞིན་བྲིས། །དགེ་བས་ཀུན་ལ་འདོད་སྦྱིན་གཏེར་གྱུར་ཅིག་།དཔལ་རྨུགས་འཛིན་འཆོལ་པ་ནག་པོའི་སྒྲུབ་ཐབས། །གསང་བ་ལས་ཀྱང་ཆེས་གསང་བ་སྦས་པའི་བུམ་པ་ཞེས་བྱ་བ་སློབ་དཔོན་ནོར་སྦྱིན་གྱིས་མཛད་པ རྫོགས་སོ། །དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཤཱཀྱ་བྷ་དྲ་དང་བོད་ཀྱི་ལོཙྪ་བ་བྱམས་པའི་དཔལ་གྱིས་བོད་ཡུལ་དབུས་ཀྱི་བསམ་ཡས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བའོ། །དགེའོ།། །། རྒྱ་གར་སྐད་དུ།

CLOSE WINDOW