Wylie | e-texts based on the ACIP/ALL ![]() ![]() |
བོད་ཀྱི་ལོ་ཙ་བ་ཙ་མི་སངས་རྒྱས་གྲགས་པས་ཀླེན་སྐད་དུ་བསྒྱུར་བའོ། །ཀརྨ་ཤད་ཏྭན་རྫོགས་སོ།། (།། !། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་བའི་ཞེན་འོག་སྒྲོན་མ་ཞེས་བྱ་བ་བཞུགས་སོ།།)་།། *། །མཆོད
གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་ལ་འཇུག་ཐབས་དོན་འདི་བསྟན་པར་བྱ། །གང་ཞིག་བདག་གཞན་སྡུག་བསྔལ་སྤོང་འདོད་ཅིང། །བདེ་བ་འདོད་པས་དམ་ཆོས་སྤྱད་པར་བྱ། །མི་རྟག་ཆོས་ལ་བྱེ་བྲག་བསམ་ལས་འདས། །ཅི་ཕྱིར
འཇིག་རྟེན་འདི་དག་མི་རྟག་སྟེ། སྣོད་ཀྱི་འཇིག་རྟེན་རི་རབ་ལྷུན་པོ་དང། །གསེར་གྱི་རི་བདུན་རོལ་མཚོ་ཆེན་པོ་བདུན། །གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་ཡང། །འཇིག་པའི་དུས་ན་བསྐལ་པའི་མེ་བྱུང་བས། །ཐལ་བའི་ལྷག་མ་ཙམ་ཡང་མི་ལུས
ཏེ། །ཐ་མར་ཆུ་དང་རླུང་གིས་འཇིག་པས་ན། །བརྟན་ཞིང་ངེས་པ་འདྲ་སྟེ་བརྟག་མི་བཟོད། །ལོ་ཟླ་ཆོས་གྲངས་ཤོལ་ནི་མེ་ཐེབས་པས། །ལོ་ཟླ་འདས་ཤིང་འཇིག་པའི་དུས་དང་ཉེ། །དུས་བཞི་འཁོར་བསྡོད་པ་མེད་པས་ན། །དབྱར་དྲོ་སྐྱེ་ལ་དགུན
གྲང་སྐམ་པ་དང། །ལོ་ལེགས་ལོ་ཉེས་ཐན་ཞོད་ངེས་པ་མེད། །རྩི་ཏོག་ལྗོན་ཤིང་ལོ་འདབ་རྒྱས་པ་འདྲ། །དུས་ཀྱི་དྲོད་བྲལ་རླུང་གིས་མི་རྟག་གོ་།རྟག་པ་ལགས་ན་ཅི་ཕྱིར་འགྱུར་ཞིང་འགྲོ། །དེ་ལ་སོགས་པ་མི་རྟག་དགོངས་ནས་གདལ། བཅུད
ཀྱི་འཇིག་རྟེན་འདི་ཡང་མི་རྟག་སྟེ། །ཉིན་ཞག་འདས་ཤིང་ཤི་དང་ཕར་ཕར་ཉེ། །འཁོར་བའི་སྡུག་བསྔལ་གསུམ་གྱིས་རྟག་ཏུ་འཁོར། །སྐྱེ་རྒ་ན་འཆི་རང་ཐག་རི་མོ་འདྲ། །འཆི་བདག་བདུད་ནི་སེ་བྱ་ཉ་སྡོད་འདྲ། །འཇིག་རྟེན་འདི་ན་ཆེ་ཆུང
ཕྱུག་དབུལ་ཀུན། །འཆི་བདག་བདུད་ཀྱི་ལག་ཏུ་མི་འགྲོ་མེད། །སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང། །རྟག་ཏུ་རེ་ཞིང་བུ་དང་ནོར་བསགས་ཀྱང། །རང་ནི་དགེ་སྡིག་གཉིས་དང་འགྲོགས་ཏེ་འགྲོ། བུ་ནོར་ཕྱིར་ལུས་བདག་ལ་ཕན་མེད་པས། །དེ་ཕྱིར
བུ་ནོར་ཟས་ལ་ཆགས་མི་བྱ། །ཡོད་པས་དགེ་བའི་ལས་ལ་མི་འབད་ན། །དེ་ནི་འཇིག་རྟེན་འདི་ཡི་གཏེར་བསྲུངས་ཡིན། །ཤེས་པས་དམ་པའི་ཆོས་ལ་མི་སྤྱོད་ན། །བརྟགས་པས་བཅམ་བུ་དོན་མེད་གླེན་པ་ཡིན། །དེ་བས་ནོར་མེད་དབུལ་ལོ
བསྙེན་དགའ་དང། །བྲམ་ཟེ་ལྡན་པ་ཕུལ་བ་དག་ལ་སྤྱོད། །དེ་ནི་འཇིག་རྟེན་འདི་ཡི་གཏེར་བསྲུངས་ཡིན། །ཤེས་པས་དམ་པའི་ཆོས་ལ་མི་སྤྱོད་ན། །བརྟགས་པས་བཅམ་བུ་དོན་མེད་གླེན་བ་ཡིན། །དེ་བས་ནོར་མེད་དབུལ་ལོ་བསྙེན་དགའ་དང།།
བྲམ་ཟེ་ལྡན་བ་ཕུལ་བདག་ལ་སྤྱེད། །འཇིག་རྟེན་འདི་ཡི་ཕ་མ་བུ་ཚ་དང། །ཕུ་ནུ་མཛའ་ཤེས་བྲན་ཁོལ་ནོར་རྣམས་ཀུན། །སྡུག་བསྔལ་སྐལ་ལེན་འགའ་ཡང་མི་འོང་སྟེ། །འཆི་བའི་ཕྱིར་ནི་གཅིག་ཀྱང་མི་འོང་ངོ། །དོན་དེ་མ་རིགས་ན་མང་པོ་ཀུན། །
ཚ་འདིའི་འཁོར་བའི་ཉེ་བཤེས་ཚད་དག་ཏུ། །སྡིག་པའི་བྱེ་བྲག་རྣམ་པ་མང་པོ་སྤྱོད། །ཕན་མེད་རང་ནི་ངན་སོང་གསུམ་དུ་ལྟུང། །དེ་ཚ་འགྱོད་ཀྱང་ཕན་མེད་ཉོན་མོངས་སྣོན། །ཚེ་འདིར་ཕྲད་པའི་ལས་མཐུན་ཉེ་བའི་རྣམས། །འགྲོན་པོ་གནས་མཐུན་ཙམ
སྟེ་སོ་སོར་འགྲོ། །སྡིག་དང་སྡོས་ནས་ཟས་དང་ནོར་བསགས་ཀྱང། །སྡིག་པའི་རྣམ་སྨིན་རྨོངས་པ་བདག་གིས་ཁུར། །བསགས་པའི་ནོར་ནི་ཕྱིར་ལུས་བུ་ཚས་ཁྱེར། །སྦྲང་བུས་འབད་དེ་སྦྲང་རྩི་བསགས་པ་འདྲ། །དེ་བས་ལོངས་སྤྱོད་མེད་ཅིང་དབུལ་བ་ཡང།།
རྒྱུ་འབྲས་མི་སླུ་ཆོས་ལ་ཡིད་ཆེས་པ། ?མོས་པས་དག་བྱ་དང་པའི་ཡོན་ཕུལ་ནས། །དགེ་སློང་གསེལ་འབྱིག་ལྟ་བུར་གྱུར་པ་ཡོད། །དེ་ཕྱིར་འཕགས་པའི་ནོར་བདུན་དང་དུ་བླང། །དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་དང། །དྲི་མེད་ངོ་ཚ་ཤེས་ཤིང་ཁྲེལ
ཡོད་ཤེས་རབ་ནི། །འཕགས་པའི་ནོར་བདུན་ལགས་པར་ཐུབ་པས་གསུངས། །དཔེར་ན་ནོར་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིང་ཆོག་མཁྱེན་ན། །ནོར་མི
བདོག་ཀྱང་ཡང་དག་འབྱོར་པར་འགྱུར། །བདག་ལ་ཤིན་ཏུ་འཕངས་པའི་ལུས་འདི་ཡང། །གོས་རྙིང་ལམ་དུ་བོར་བ་བཞིན་དུ་འགྲོ། །ད་ལྟ་ས་སྟེངས་འདི་ན་གནས་པ་ཀུན། །ལོ་བརྒྱ་ཚུན་ཆེད་གཅིག་ཀྱང་མི་ལུས་སོ། །བརྒྱ་ཐུབ་འབུམ་ལ་གཅིག་ཀྱང་མི་འབྱུང
ན། །བརྒྱ་ལ་སྲིད་ཀྱང་ཕལ་ཆེར་ཡོངས་འགྱུར་ཏེ། །མཚན་མོ་ཉལ་བས་བརྒྱ་ཕྱེད་གཉིད་དབང་དུ། །སོང་སྟེ་དེ་ལ་དྲན་མེད་ཤི་དང་འདྲ། །ལྷག་མ་ལྔ་བཅུ་ཡོད་དུ་ཟད་ཀྱང་ནི། །ར་རོ་ཉལ་དང་འདུ་བྱེད་རྣམས་ཀྱི་རྐྱེན། །ལྔ་བཅུ་ཕྱེད་ནི་དེར་ཡང་ཟད
པས་ནི། །ལེགས་པར་དྲན་པ་ཉི་ཤུ་རྩ་ལྔ་ཡོད། །དེ་ཡང་རང་ལ་དབང་བྱར་མ་མཆིས་ཏེ། །དེ་རིང་དོ་ནོད་འཆི་འམ་རྟོལ་མེད་ཀྱི། །ད་ལྟ་ཉིད་དུ་བརྟུན་ཏེ་འབད་ལ་བྱའོ། །ཚེ་འདི་ཟིལ་པ་འདྲ་སྟེ་མེད་ལ་ཁང། །དབུགས་ནི་ན་བུན་འདྲ་སྟེ་ཡལ
ལ་ཁང། །ལུས་ནི་སྒྱུ་མ་འདྲ་སྟེ་སྣང་ལ་མེད། །སེམས་ནི་གློག་དང་འདྲ་སྟེ་སྐད་ཅིག་མ། །ཕུང་པོ་མི་རྟག་འཆི་ཞིང་འགྱུར་བ་སྟེ། །ད་ར་བའི་མདོག་ནི་ཉོན་མོངས་ནང་ཀྱིས་འཕྲོག། འཆི་བའི་སྲོག་ནི་འཆི་བདག་བདུད་ཀྱིས་འཕྲོག། དཔེར་ན་ཆུ་འགྲམ་གཡང
སའི་སྡོང་པོ་འདྲ། །རིང་པོ་མི་ཐོགས་བྱ་ཁྱི་དུར་བ་དང། །སྲིན་བྱ་འུག་པ་བྱ་རྒོད་ཁྭ་སྐེག་དང། །ཁྱི་ལྟོགས་ཝ་དང་འབུ་སྦྲང་གཟན་དུ་འགྱུར། །དེ་བཞིན་སྒྱུ་མར་མི་རྟག་མི་རྟོགས་པར། །ཕུང་པོ་འདི་ཡི་ཆེད་དུ་སྡིག་སྤྱོད་པ། །མ་རིག་གླེན་པ་ཉོན་མོངས
སྙིང་རེ་རྗེ། །ཟས་ནོར་འབྲེལ་པའི་ལོངས་སྤྱོད་འཇའ་ཚོན་འདྲ། །རྨི་ལམ་ལོངས་སྤྱོད་རྙེད་དང་མཚུངས་པ་སྟེ། དེ་ལྟར་འདུས་བྱས་ཐམས་ཅད་མི་རྟག་པས། །དམ་པའི་ཆོས་ལ་མྱུར་དུ་འབད་པར་བྱའོ། །དེ་བས་འཕགས་པའི་གཟུགས་བརྙན་མཆོད
གནས་ལ། །མོས་པའི་དད་པས་དགེ་ལ་བརྩོན་པ་ནི། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར་བའི་དཔེ། །རྒྱལ་པོ་གསལ་ཐུབ་ལྟ་བུར་གྱུར་པའོ། །དེ་ཕྱིར་མཆོད་པའི་ལས་ལ་བརྩོན་པར་བྱ། །ཅིས་ཏེ་མི་ལུས་ཐོབ་པ་ཤིན་ཏུ་དཀའ་། །ཁོམ་ལྡན་མི་ལུས་ཐོབ
པར་གྱུར་པ་ན། །ཕྱི་མའི་ཕན་པ་འདི་ལ་མ་བསྒྲུབས་ན། །ཕྱིས་ནི་མཐོ་རིས་ཐོབ་པར་ག་ལ་འགྱུར། །ངན་སོང་སྐྱེས་ནས་སྡུག་བསྔལ་འབྱུང་བའི་ཚེ། །ཚེ་འདིའི་བཙན་ཕྱུག་བདེ་བསྐྱིད་ཅི་ལ་ཕན། །སྔ་མར་ཅི་སྤྱད་དྲན་པས་ཤིན་ཏུ་སྡུག་།དེ་ཕྱིར་འཁོར་བའི་ཆོས
ལ་མ་ཡེངས་པར། །ཞེ་སྡང་ཆེན་པོ་མེ་ལྟར་འབར་བ་ལ། །སྙིང་རྗེ་ཆེན་པོའི་ཆུ་ཡིས་མྱུར་དུ་སོད། །འདོད་ཆགས་སེར་སྣའི་མདུད་པ་དམ་པོ་དེ། །ཆགས་མེད་སྦྱིན་པ་ཆེན་པོའི་སེམས་ཀྱིས་ཁྲོལ། །གཏི་མུག་མུན་པ་ཆེན་པོའི་ཐིབས་པ་དེ། །ཤེས
རབ་གསལ་བའི་སྒྲོན་མེ་ཆེན་པོ་ཐེག། ཉོན་མོངས་ཀུན་ལ་གཉེན་པོ་བཅུག་ནས་ནི། །འཁོར་བའི་ཆུ་བོ་ཆེན་པོ་བཞི་རྣམས་ལ། །བརྩོན་འགྲུས་གྲུ་བཙུགས་ནས་ནི་རྒལ་བར་བྱ། །དོ་ཅིག་ཡོད་པས་སང་ཕོད་ཡོད་པ་བཞིན། །ཚེ་འདི་ཡོད་པས་ཕྱི
མ་ཡོད་པར་ངེས། །སང་ཕོད་ལོ་དང་སྐུ་ཚེ་སླད་མ་ནི། །གང་སྔར་འོང་བ་སུ་ལའང་རྟོལ་མེད་པས། །སང་ཕོད་དོན་དུ་སོ་ནམ་འབད་པ་བཞིན། །ཕྱི་མའི་དོན་དུ་དམ་ཆོས་སྤྱད་པར་རིགས། །དེ་རིང་དོ་ནུབ་ཁོ་ན་མི་འཆི་ཞེས། །བག་མེད་བདེ་བར་འདུག
པ་རིགས་མ་ཡིན། །ཚེ་འདི་མི་སྡོད་རི་གཟར་ཆུ་དང་འདྲ། །རིང་པོར་མི་རྟག་རྩཝ་ཁའི་ཟིལ་པ་འདྲ། །ཡང་ན་སྐྱེ་ཤི་ཆུ་ཡི་ཆུ་བུར་འདྲ། །འཁོར་བར་སྐྱེ་བ་ཤིང་རྟའི་འཁོར་ལོ་འདྲ། །དེ་བས་རང་གི་ལུས་ལ་མ་ཆགས་པར། །སྐྱབས་ཀྱི་སྦྱིན་པས་འགྲོ
ལ་ཕན་བཏགས་ན། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར་བའི་དཔེ། །རྒྱལ་པོ་ཤི་བྱིན་ལྟ་བུར་གྱུར་པའང་ཡོད། །མི་ཡི་ཆོས་ལུགས་ལེགས་པར་སྤྱད་པས་ན། །མཐོ་རིས་ལྷ་ཡུལ་བགྲོད་པ་ཐག་མི་རིང། །མཐོ་རིས་ཐར་པའི་གོ་འཕང་གང་ཡིན་པ།
གཟེགས་ན་ཐར་པ་?་མན་འདུག་པས་ན། །དེ་བས་མི་དགེ་བཅུ་སྤོང་དགེ་བཅུ་སྤྱོད། །གྲགས་པ་ཉམས་པར་འགྱུར་བའི་ཆོས་དྲུག་སྤོངས། །དགེ་ལ་མི་སྐུད་སྡིག་ལ་མི་བསྟོད་དེ། །འབྲས་བུ་གང་སྤྱོད་དེ་དང་མཉམ་པར
གསུངས། །ངན་སོང་སྡུག་བསྔལ་ཤེས་ཀྱང་མི་འཇིགས་པར། །མི་རྟག་ལུས་ལ་ཆགས་ནས་སྡིག་སྤྱོད་པ། །ེ་མའོ་རང་གིས་རང་བརླག་སྙིང་རེ་རྗེ། །ཡི་དགས་བྱོལ་སོང་སྡུག་བསྔལ་སྐྱི་རུ་བུང། །དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་ཡ་རེ་ཆ
སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྒྱུན་རེ་ཞིང། །ཕུང་བོ་སྒྱུ་མ་ཟས་ནོར་བརྙན་མ་ཡིན། །འཁྲུལ་པའི་གཉེན་བཤེས་འཁོར་བའི་བཤལ་ཐག་པས། །དེ་རིང་རང་དབང་ཡོད་པའི་མི་རྣམས་ཀྱིས། །རང་དང་འབྲེལ་པའི་ཟས་ནོར་གཉེན་བཤེས་ལ། །
སེར་སྣས་མི་བཅིང་ཆགས་སེམས་མི་བསྐྱེད་དོ། །སེམས་ཅན་རྩ་ལ་ཤུགས་མེད་ལ་བསྐུལ་མི་བྱ། །ཆར་ནི་ཧ་ལའི་དུག་བཞིན་རབ་ཏུ་བསྲུང། །གཞན་གྱི་བུད་མེད་དག་ལ་ཆགས་མི་བྱ། །རྣམ་སྨིན་མེད་པའི་སོ་ནམ་མི་བོར་ཞིང། །གཞན
གྱི་ནོར་ལ་བརྩིག་དབ་ཆོམ་རྐུན་སྤང། །དོན་དུ་ལུས་ངག་ཡིད་གསུམ་སྤྱོད་པ་གཟབ། །མདོར་ན་མཚམས་མེད་ལྔ་དང་ཉེ་བ་ལྔ། །ལྕི་བཞི་ལོག་བརྒྱད་ཁ་ན་མ་ཐོ་གསུམ། །འདི་སྤྱོད་ངན་སོང་གསུམ་དུ་གདོན་མི་ཟ། །མི་རིག་སྡིག
པ་སྔོན་དུ་སྤྱོད་པ་ལས། །འགྱོད་པ་དྲག་པོ་སེམས་ནི་བསྐྱེད་ནས་སུ། །སྡིག་པ་འཕྲོ་གཅད་དགེ་བ་སྤྱོད་པ་ནི། །འབྲས་བུ་མཐོ་རིས་ཐོབ་པར་གདོན་མི་ཟ། །དེ་ཡང་ཅིས་མངོན་སྟོན་པའི་བཀའ་ལས་ནི། །དང་པོ་རྒྱལ་པོ་མ་སྐྱེས་དགྲ་ཡིས་སུ། །
མཚམས་མེད་པ་ཡི་སྡིག་པ་བྱས་པ་ལས། །ནགས་ཀྱི་དྲང་སོང་དག་ལས་སེམས་བསྐྱེད་ནས། །འགྱོད་པའི་སེམས་ཀྱིས་འབྲས་བུ་ཐོབ་པ་འདྲའོ། །དེ་ཕྱིར་ངེས་པའི་འཕྲལ་བཤགས་དགེ་ལ་སྤྱོད། །གཞན་ཡང་དང་པོ་ཁ་ན་མ་ཐོ་བའི། །ཚིག་གིས
སྐུར་པ་བཏབ་སྟེ་སྨད་པ་ལས། །མོད་ལ་འགྱོད་པ་དེ་བཤགས་པ་ཕུལ་ན་ནི། །དུ་མོ་རྡོ་རྗེ་ལྟ་བུར་སྐྱེས་པའོ། །མདོར་ན་གཞན་དོན་སྤྱོད་བར་གསུངས་པ་སྟེ། །བདག་ཕྱིར་གཞན་ལ་གནོད་བྱས་བདེ་བར་འགྱུར། །མ་རིག་སྐྱེ་བོ་རང་གི་དོན་བྱེད་དང། །སྟོན་པ
སངས་རྒྱས་གཞན་གྱི་དོན་བྱེད་གཉིས། །འབྲས་བུ་ཆེ་ཆུང་ཁྱད་པར་དེ་འདྲ་བས། །སེམས་ཅན་བཀྲེས་པས་ཉེན་པར་གྱུར་པ་ལས། །ཟས་ནོར་ལུས་ཀྱི་སྒོ་ནས་ཕམ་འདོགས་པ། །རྒྱལ་པོ་ཤུད་ལོ་གང་ནེ་ལྟ་བུ་སྟེ། །གཞན་དོན་སྤྱད་ན་འབྲས་བུ་ཐོབ་པར་འགྱུར།
འདི་དག་ཤེས་ནས་དགེ་མེད་སྡིག་སྤྱོད་པ། །མི་ཤེས་སྡིག་སྤྱོད་སྡིག་པ་བརྒྱ་འགྱུར་ཆེ། །དེ་བས་དོན་མེད་?་མ་བརྩོན་པར། །དགེ་བའི་ལས་ལ་རྟག་ཏུ་སྤྱད་པར་བྱ། །རྒྱུ་འབྲས་ཤེས་བྱེད་རྐྱེན་ནི་དགེ་བའི་བཤེས་གཉེན་པས། །དེ་ཕྱིར་དགེ
བཤེས་དམ་པ་བཙལ་བར་བྱ། །དེ་ནི་ལེགས་པ་ཀུན་སྟོན་ཉེས་པ་སྐྱོབ། །ཡང་དག་ལམ་སྟོན་འབྲས་བུ་སྐྱེད་བྱེད་པས། །ཕ་མས་མཁན་དུས་ཀྱིས་དབྱར་དང་འདྲའོ། །དེ་ཕྱིར་དགེ་བཤེས་དམ་པ་རྟག་ཏུ་བསྟེན། །ཆོས་ཀྱང་ཤེས་པས་མི་ཆོག
སྤྱད་བ་གཅེས། །ཅི་ཡི་ཕྱིར་ན་ཆོས་སོན་མ་འདྲ། །ཆོས་ཀྱི་བདག་བཤད་བདག་གིས་ཆོས་མ་བཤད། །དོན་རྟོགས་བྱ་ཕྱིར་དང་པོ་མཉན་ཡང་དགོས། །ངེས་པ་རྙེད་ནས་ཚིག་མང་བསླབ་མི་དགོས། །ཚིག་མི་ཟད་ཕྱིར་ཉན་པས་མཐར་ཐུག
མེད། །ཉན་ཅིར་འཆད་པ་སྤྱད་ཐབས་བཅའ་ཕྱིར་ཡིན། །མི་སྤྱོད་ཉན་འཆད་དོན་ཆུང་ཚེ་རི་ཆད། །གཞན་ལ་འཆད་པ་ཚིག་གི་ཐན་པ་ཡིན། །གཞན་གྱི་ཐན་འབྱལ་རང་ལ་མི་ཕན་ཏེ། །བྲོ་མཁན་སྒྲུང་མཁན་བྲོ་སྒྲུང་འཆད་པ་འདྲ། །དེ་ནི་མི་ནག
ཆོས་ཀྱི་ལོ་རྒྱུས་མཁན། །ཐོས་པས་རྒྱབས་ནས་རང་སེམས་མཐུལ་ན། །མཁས་ཀྱང་ཕན་མེད་སླར་ལ་འཁོར་བའི་རྒྱུ། །ཐོས་མད་ཚིག་ལ་མཁས་པ་ནེ་ཙོ་འདྲ། །འགྲོ་བ་གང་ཞིག་རང་ལ་མེད་པ་ཡི། །ནོར་བུ་རིན་པོ་ཆེ་ཡི་ཡོན་ཏན་དག། ཇི་སྙེད་བརྗོད
ཀྱང་རང་ལ་ཕན་མེད་འགྱུར། །དེ་བཞིན་ཆོས་ཤེས་ཆོས་དང་མི་ལྡན་པས། །སྤྱད་ཐབས་ཆེ་པའི་ཡོན་ཏན་ཇི་སྙེད་ཅིག། བརྗོད་ཀྱང་རང་གི་དོན་ལ་ཕན་མེད་འགྱུར། །གཞན་ཡང་ཤེས་ནས་དམ་ཆོས་མ་སྤྱད་ན། །
རྒྱ་མཚོའི་ནང་དུ་སྐོམ་ནས་ཤི་བ་འདྲ། །གཞན་ཡང་ཁེ་ཕྱིར་གཞན་ལ་ཆོས་འཆད་པ། །རིན་ཆེན་རྙེད་ཀྱང་སྦྲང་བ་འདྲ་ཞེས་གསུངས། །དཔེར་ན་སྨན་མཁན་ནད་ལ་མ་བཏང་དང། །དབུལ་མོས་ཕྱུག་པའི་ནོར་བགྲངས་པ་དང་འདྲ། །ལམ་རྒྱུས
ཤེས་ཀྱང་མ་ཕྱིན་འདྲ་ཞེས་གསུངས། །དེ་བས་འགྲོ་བ་ཀུན་ཀྱང་ཆོས་ལ་གཟུང། །ཕ་མ་བུ་ཆེ་གཉེན་འདུན་ཐམས་ཅད་དང། །འཁོར་གཡོག་ལས་ཀྱི་འབྲེལ་པ་ཐམས་ཅད་ཀུན། །གྲོས་བཏབ་གལ་གྱིས་བཅུད་དེ་དགེ་ལ་གཟུང། །ཆོས
ལ་ཆུད་ན་བྱང་ཆུབ་སྤྱོད་པ་ཡིན། །གེ་བ་ཉམས་ཆུང་སྡིག་པ་སྟོབས་ཆེན་དག། བླ་མེད་བྱང་ཆུབ་སེམས་ནི་མ་བསྐྱེད་པར། །དགེ་བ་གཞན་གྱིས་ཟིལ་གྱིས་མི་ནོན་པས། །འཁོར་བའི་བཙོན་རར་བསྡམས་ཤིང་ཉམ་ཐག་པའི། །བདག
གཞན་མི་བདེ་གསལ་བར་འདོད་པ་དེས། །བྱང་ཆུབ་སེམས་གཉིས་རྟག་ཏུ་བཏང་མི་བྱ། །སྡིག་མེད་དགེ་བའི་སེམས་དང་ལྡན་དེ་ལ། །བདེར་གཤེགས་རྣམས་ཀྱི་སྲས་སུ་དགོངས་པ་དང། །ལྷ་མི་ང་དགོངས་པ་ཀུན་གྱིས་ཕྱག་བྱའི་འོས། །མདོར་ན
བྱང་ཆུབ་རྣམ་པ་གསུམ་དགོངས་ཏེ། །དང་པོར་སྨོན་དགོས་པར་དུ་འཇུག་ཀྱང་དགོས། །ཐ་མར་དོན་དེ་ཉིད་ལ་གནས་པར་བྱ། །སྨོན་ཀྱང་མ་ཞུགས་དོན་ལ་མ་གནས་ན། །ཡིད་སྨོན་བྱས་པས་འབྲས་བུ་མི་ཐོབ་པས། །བྱང་ཆུབ་སྤྱོད་པ་རླབས
ཆེན་སྤྱད་པར་བྱ། །རྒྱུ་ནི་དཀའ་བ་དང་དུ་མ་བླངས་པར། །འབྲས་བུ་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། །གང་ལ་སྦྱིན་པར་མཆོག་ཏུ་བཏང་དགའ་བ། །ཡན་ལག་ཀུན་གྱི་དང་པོ་མགོ་བོ་ཡིན། །སྦྱིན་པར་གཏོང་བ་རྒྱལ་པོ་ཟླ་ཡོད་ཡོན། །དེ
བཞིན་སྤྱད་ན་བྱང་ཆུབ་ཐོབ་པར་འགྱུར། །དེ་ཕྱིར་འཁོར་བའི་ཆོས་འདི་གཏན་དུ་སྤང། །མྱ་ངན་འདས་པའི་ལམ་ལ་འཇུག་པར་བྱ། །སྦྱིན་པའི་ཕ་རོལ་བྱིན་པ་ཡོངས་རྫོགས་ན། །ས་ནི་དང་པོ་རབ་ཏུ་དགའ་བ་ཐོབ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡོངས་རྫོགས
ན། །གཉིས་པ་དྲི་མ་མེད་པའོ་ས་ཡང་ཐོབ། །བཟོད་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །གསུམ་པ་འོད་བྱེད་པ་ཡི་ས་ཡང་ཐོབ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །བཞི་པ་འོད་འཕྲོ་བ་ཡི་ས་ཡང་ཐོབ། །བསམ་གཏན་ཕ་རོལ
ཕྱིན་པ་ཡོངས་རྫོགས་ན། །ལྔ་པ་ཤིན་ཏུ་སྤྱང་ཀའི་ས་ཡང་ཐོབ། །ཤེས་རབ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །དྲུག་པ་མངོན་དུ་གྱུར་པའི་ས་ཡང་ཐོབ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་རྫོགས་ན། །བདུན་པ་རིང་དུ་སོང་བའི་ས་ཡང་ཐོབ། །སྨོན
ལམ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །བརྒྱད་པ་མི་གཡོ་བ་ཡི་ས་ཡང་ཐོབ། །སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །དགུ་པ་ལེགས་པའི་བློ་གྲོས་ས་ཡང་ཐོབ། །ཡི་ཤེས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ཡང
ཐོབ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར། །ཇི་ལྟར་སྔོན་གྱི་བདེ་གཤེགས་རྣམས་ཀྱིས་སུ། །བྱང་ཆུབ་མཆོག་ཏུ་ཐུགས་ནི་བསྐྱེད་པ་དང། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རླབས་པོ་ཆེ། །རིམ་པར་གནས་ནས་འབྲས་བུ་ཐོབ་པ
ལྟར། །དེ་བཞིན་བདག་དང་གཞན་ལ་ཕན་དོན་དུ། །སེམས་བསྐྱེད་ནས་ནི་དགེ་བ་གཞུང་དུ་སྤྱོད། །དེ་ལྟར་དམ་ཆོས་གཞུང་དུ་སྤྱད་པ་ན། །ཉོན་མོངས་འཆི་བདག་བདུད་ནི་འཇོམས་པ་ཡི། །བདུད་རྩི་མཆོག་ཉིད་ཀྱང་ནི་དེ་ཡིན་ནོ། །དེ་ཕྱིར་དམ་ཆོས
གཞུང་བཞིན་སྤྱད་པར་བྱ། །ཆོས་གཞུང་མི་སྤྱོད་ཆོས་པའི་མིང་ཅི་ཡོད། །ཚུལ་ཁྲིམས་མི་བསྲུང་དགེ་སློང་ཅི་ལ་ཟེར། །དམ་ཚིག་མེད་ན་སྔགས་པ་གང་ལ་ཟེར། །སྡིག་ནི་ཆུང་ཡང་མི་བརྙས་སྤང་བར་བྱ། །དགེ་བ་ཆུང་ཡང་དང་དུ་བླང་བར་བྱ། །མདོར
ན་ཚད་མེད་བཞི་དང་བསྡུ་བ་བཞི། །གཞན་དོན་སྤྱད་ན་བདག་དོན་ཆུད་མི་ཟ། །དེ་ཕྱིར་སྒྲིབ་གཉིས་སྤངས་ལ་ཚོགས་གཉིས་བསྒྲུབ། །སྟོན་པའི་དཀའ་དང་དོན་དུ་མཐུན་བྱེད་ཅིང། །ཆགས་མེད་དགེ་བར་གཏོང་བའི
གང་ཟག་ནི། །བྱང་ཆུབ་སེམས་དཔའ་ཨི་རིགས་ཅན་ཡིན་པས་ན། །དེ་ལ་ཕྲག་དོག་དབང་གིས་སྒྲོ་སྐུར་ཞིང། །ཐབས་ཀྱིས་སྨོད་བྱེད་འཁོར་བའི་གཡང་སར་ལྟུང། །དགེ་བའི་དོན་ལ་ཞུགས་པའི་གང་ཟག་གིས། །ཉོན་མོངས་འདུ་འཛིན་མེད
པའི་དགེ་གནས་ནི། །མཚན་མོ་སྟོད་སྨད་དགེ་ལ་གནས་ནས་ནི། །གུང་ལ་ཉལ་ཚེ་དགེ་དྲན་འཕྲོ་ལ་ཉལ། །དེ་ཡིས་བག་ཆགས་དགེ་ལ་གནས་པར་འགྱུར། །བག་ཆགས་རྟག་པར་གནས་ན་དང་པོའི་དྲོད། །ཡིན་བས་དགེ་བ
ཉམས་འོག་ཆུད་དེ་བྱ། །ཟས་ཀྱང་ཆགས་ཕྱིར་མ་ཡིན་རྒྱགས་ཕྱིར་མིན། །དག་རྟགས་བྱ་ཕྱིར་ཚོད་ནི་ཟིན་པར་བཟའ་། །རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ
པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་རིག་པར་མཛོད། །སྟོན་པའི་བཀའ་ལ་བརྫུན་པ་མི་མངའ་བས། །ཐེ་ཚོམ་ནེམ་ནུར་ཡིད་གཉིས་མི་བྱའོ། །དོན་ལ་སྤྱད་ཅིང་ཚིག་ཕྱིར་མི་འབྲང་སྟེ། །དོན་ནི་གསེར
འདྲ་ཚིག་ནི་སྒྲོན་མ་བཞིན། །གསེར་རྙེད་ནས་ནི་སྒྲོན་མ་གདེག་མི་དགོས། །དོན་ལ་སྤྱད་ཅིང་བསྒོམས་ན་རང་རིག་སྐྱེ། །ཚིག་ཕྱིར་ཉན་ཅིང་འཆད་པ་མང་བྱས་ཀྱང། །རང་རིག་མི་སྐྱེ་ཉོན་མོངས་འཕེལ་བའི་རྒྱུ། །མདོར་ན་ཐེག་པ
ཀུན་ལ་བློ་སྦྱངས་ཏེ། །ངེས་པ་གཅིག་ལ་ཞུགས་ཏེ་མི་སྒྲུབ་པར། །ཡེ་རྔཾ་ཟོས་ནས་བྱང་ཆུབ་འཕྲུལ་པ་སྟེ། །དེས་ནི་འབྲས་བུ་ཐོབ་པར་མི་འགྱུར་རོ། །ཆོས་ཀྱང་རང་གི་ཉམས་དང་སྤྱད་ཅིང་སྤྱང། །འབྲས་བུ་གོང་མ་ཆེ་ལ
གཏད་བྱས་ན། །ཉམས་ཀྱིས་མི་ལྕོགས་བཞིན་དུ་ཁས་ལེན་པ། །ཐང་སྟོད་སྡིག་པ་རང་གིས་བླངས་པ་ཡིན། །ཐེག་པའི་གྲངས་ནི་གཅིག་ཏུ་མ་ངེས་ལ། །ཐེག་པའི་ཁྱད་པར་ཤེས་རབ་ཆེ་ཆུང་སྟེ། །ཉམས་འོག་ཆུད་པར་སྤྱད་ན་ཆུད་མི་ཟ། །དམ་ཆོས་གཞུང་དུ་སྤྱོད
པའི་མི་དེ་ལ། །དམ་ཅན་ཀུན་ཀྱང་མ་བསྐུལ་རང་བཞིན་འགོ། །མཁས་པ་ཆེན་པོའི་མཐུན་ཉི་ཤར་འདྲ། །འགྲོ་བ་ཀུན་ཀྱང་དད་ཅིང་འདུན་པས་ན། །འདུས་བྱས་འདུས་མ་བྱས་ཀྱི་དགེ་བ་ལ། །ཐུན་མོང་དག་ཏུ་སྤོང་ལེན་མེད་པར་བྱ། །སྤོང་ལེན་བྱས
ན་སྟོན་པའི་བཀའ་དང་འགལ། །ཐེག་ཆེན་སྒོར་ཞུགས་གང་ཟག་རྣམས་ཀྱིས་ཀྱང། །ཤེས་རབ་སྙིང་རྗེ་གཉིས་ཀྱིས་གཞི་གཟུང་སྟེ། །ཐམས་ཅད་དབྱེར་མེད་རྟོག་པ་ཤེས་རབ་ཡིན། །ཀུན་ལ་བུ་བཞིན་བྱམས་པ་སྙིང་རྗེ་ཡིན། །དེ་གཉིས་མི་ལྡན་ཐེག་ཆེན
ཁས་ཆེ་བ། །ལོང་སྤྱད་རྒྱལ་པོ་ཡིན་ཞེས་ཟེར་ཏེ་བརྫུན། །ད་ལྟའ་གང་ཟག་སྔགས་ཀྱི་སྒོར་ཞུགས་བས། །གསང་སྔགས་ཟབ་མོ་ནོར་རྫས་བརྙན་མར་བཅོངས། །འཁོར་བའི་བུ་ཚ་ཕོ་མོ་ཁྱིམ་ཐབས་བྱེད། །གསང་སྔགས་ཤེས་པས་བདག་ཕུང་སྙིང
རེ་རྗེ། །དེས་ནི་ཙན་དན་སོལ་བར་འཚང་བ་དང། །གསེར་ཕྱེ་སྤང་ཕྱེར་འཚོང་དང་འདྲ་བར་གསུངས། །གཞན་ཡང་དད་པ་ཅན་གྱི་ནོར་བླངས་ནས། །དགེ་བར་མ་སྤྱད་མི་ཆོས་ནོར་དུ་སྤྱད། །འབྲས་བུ་དག་ནི་རྔ་མོའི་ལུས་སུ་སྐྱེ། །དེ་ཡི་ནོར་ལ་ནོར་བདག
ལོངས་སྤྱོད་བྱ། །སྦྱོང་རོས་སྡུག་བསྔལ་ཉམས་སུ་མྱེང་བར་འགྱུར། །ལྕགས་རྡོ་དངུལ་རྡོ་བཞུ་རུ་བཏུབ་པས་ན། །དད་པ་ཅན་གྱི་ནོར་ནི་བཞུར་མི་བཏུབ། །ཚིག་ཙམ་མ་ཡིན་སེམས་ཀྱིས་མཉམ་པ་ཉིད། །རྟོགས་ནས་ཀློང་དུ་གྱུར་ཅིང་དྲོད་ལྡན་དང།།
ཆགས་མེད་དགེ་བར་སྤྱོད་པའི་གང་ཟག་གིས། །མ་བྱིན་བླངས་ནས་སྤྱད་ཀྱང་མི་སྒྲིབ་བོ། །མདོར་ན་སྔགས་ཀྱི་རྩ་བ་དམ་ཚིག་བསྲུང། །བྱ་བའི་རྒྱུད་ཀྱི་དམ་ཚིག་བསྟན་པ་ནི། །ཐུན་མོང་བསླབ་པ་བཞི་པོ་ཉམས་མི་བྱ། །བླ་མེད་རྣམ་གསུམ་མཆོད
ཅིང་བླ་མ་བཀུར། །གྲོགས་ལ་བདུད་ཞིང་མི་མཐུན་ཁ་ཟས་སྤང། །མཚན་མར་བྱས་ཤིང་ལྷ་ལ་ཕུལ་བ་ཡིས། །ཁྲུས་ལ་བརྩོན་པ་བསྐྱེད་ཅིང་ལུས་སྤྱོད་བཟང། །མ་ཉམས་བསྲུངས་ན་རིག་གསུམ་དངོས་གྲུབ་ཐོབ། །རྣལ་འབྱོར་བྱི་པའི
དམ་ཚིག་བསྟན་བ་ན། །སྤྱི་ཡི་དམ་ཚིག་གསུམ་པོ་ཉམས་མ་བྱ། །རྩ་བའི་དམ་ཚིག་དྲུག་ནི་གཞུང་དུ་བསྲུང། །ཡན་ལག་དམ་ཚིག་གསུམ་དང་ལྡན་བར་བྱ། །མཉམས་བསྲུངས་ན་འབྲས་བུ་ཐོབ་བར་འགྱུར། རྣལ་འབྱོར་ནང་པའི་དམ་ཚིག་བསྟན
པ་ནི། །དམ་ཚིག་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང། །མདོ་རུ་བསྡུས་ན་རྩ་བ་གསུམ་དུ་འདུས། །ལུས་སྲོག་སྐྱེད་པའི་དུས་གསུམ་ཕ་མ་དང། །མ་རིག་སྒོ་འབྱེད་འདྲེན་སྟོན་སློབ་དཔོན་དང། །དམ་པས་འབྲེལ་པའི་གྲོགས་མཆེད་རྣམས་ལ་ནི། །ལུས
ངག་ཡིད་གསུམ་དོན་དང་མཐུན་པར་བསྲུང། །ཡི་དམ་ལྷ་ཡི་ཏིང་འཛིན་གཡེལ་མི་བྱ། །དེ་ཡི་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །དམ་ཚིག་ཉམས་དང་མ་འདྲེས་སྣོད་མེད་ལ། །གསང་བའི་མན་ངག་སྤེལ་བར་མི་བྱའོ། །ད་ལྟ་གང་ཟག་སྔགས
པར་ཁས་འཆོས་ནས། །སྐུའི་དམ་ཚིག་གཞུང་དུ་མི་སྲུང་བར། །ཕ་མ་སྤོང་རྡུང་བླ་མ་སྨན་མི་འཁུར། །ཕྲག་དོག་དབང་གིས་གྲོགས་ལ་བརྩེ་གདུང་གཅད། །ངན་སོང་གནས་སུ་ཐེ་ཚོམ་མེད་པར་འགྲོ། །གསུང་གི་དམ་ཚིག་གཞུང་དུ་མི་སྲུང་བར། །ཏིང་འཛིན
འདོད་སྒྲུབ་འཛབ་དུ་རྣ་འཆའ་ཞིང། །ཕྱག་རྒྱར་མ་བྱིན་ཟས་ནོར་ལེན་བྱེད་པའི། །སྔགས་པར་ཁས་འཆེས་འཁོར་བའི་གཡང་སར་ལྟུང། གསང་སྔགས་ཟབ་མོ་དགོན་པར་མི་སྤྱོད་པར། །སྣོད་དང་མི་ལྡན་ཉན་མི་རྙེད་ཐང་ལ། །བག་རྩེ་བཅས
ནས་མན་ངག་ལྷུག?་པར་བཤད། །ཐུགས་ཀྱི་དམ་ཚིག་ཉམས་བ་དམྱལ་བར་སྐྱེ། །གསང་སྔགས་གབ་པའི་དོན་རྣམས་མི་རྟོགས་པར། །དམ་མེད་མི?་ནག?་ཁལ་ཐིག་ཀུན་བསྡུས་ནས། །སྤས་པའི་གསང་བ་མངོན་སུམ་འཆོལ་བར་སྤྱོད།།
བཀའ་དང་འགལ་བས་འཁོར་བའི་གཡང་པར་ལྟུང། །དང་པོར་དམ་ཚིག་གཞུང་དུ་མི་སྲུང་དང། །བར་དུ་དབང་རྣམས་རིམ་པར་མི་ནོད་དང། །ཐ་མར་དཀའ་གཞུང་བཞིན་དུ་མི་སྒྲུབ་པར། །སྔགས་བར་ཁས་པ་ཆེས་གང་ཐག་སྙིང་རེ་རྗེ། །བཟའ་ཤིང
ར་བར་དུག་གི་སྡོང་སྐྱེས་ནས། །དུག་དེས་བཟའ་ཤིང་བྱིན་ཡང་མེད་བྱེད་པས། །བདག་པོས་དུག་དེ་དོ་ནི་ཤེས་མ་ཐག། རྩ་ནས་ཕྱུང་སྟེ་མྱུར་དུ་མེད་བྱེད་ལྟར། །གང་ཞིག་རྩ་བ་ཉམས་པའི་ཕྱལ་བ་དང། །འདྲེས་ཉམས་འགྱུར་བ་ཉེས་པའི་འཕེལ་འགྱུར་བས། །
དོན་རིག་ནས་ནི་མྱུར་དུ་སྤང་པར་བྱ། །དཔེར་ན་འོ་མ་ཉུང་ངུའི་ཐིག་པ་གཅིག་།རུལ་པས་འོ་མ་ཀུན་ཀྱང་འདྲུལ་པ་བཞིན། །དམ་ཉམས་སྣོད་ནི་དེ་དང་མ་འདྲེས་ན། །ཉམས་པ་དེ་དང་དེ་ནི་འདྲ་བར་གསུངས། །དེ་བས་ལུང་གཅིག་ཆུ་ལའང་མི་བཏུང་ངོ། །དམ
ཚིག་ས་གཞི་འདྲ་སྟེ་ཀུན་གྱི་རྟེན། །དམ་ཚིག་ནོར་བུར་འདྲ་སྟེ་འདོད་པ་འབྱུང། །དམ་ཚིག་མཁར་དང་འདྲ་སྟེ་འཇིགས་པ་སྐྱོབ། །དམ་ཚིག་གྲུ་དང་འདྲ་སྟེ་ཆུ་བོ་སྒྲོལ། །མདོར་ན་ཆོས་ཀྱི་རྩ་བ་དམ་ཚིག་གསུངས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་སེམས
ལ་འཇོག། རྣམ་སྨིན་གཞན་ནི་ཁད་དང་རིམས་ཀྱིས་སྨིན། །གསང་སྔགས་ཐུན་མོང་མ་ཡིན་རྣམ་སྨིན་དྲག་།རྒྱུ་མར་སྤྲུལ་ཞུགས་བཞིན་དུ་འགྲོའོ་ཞེས། །གསང་བའི་རྒྱད་རྣམས་ཀུན་ལས་གསལ་བར་འབྱུང། །གང་ཟག་སྔགས་པར་ཁས་ལེན
རྣམས་ཀྱིས་ནི། །རང་བཞིན་ཏིང་འཛིན་གཟུགས་བརྙན་དཀྱིལ་འཁོར་གསུམ། །དམ་ཚིག་དབང་དང་མཆོད་པའི་སྒོར་ཞུགས་ནས། །རང་ཉིད་ཟབ་མོའི་དོན་དང་ལྡན་པར་བྱ། །ཐེག་པ་འོག་མའི་སྒོར་ཞུགས་བསྲང་སྡོམ་དང། །ཆོས་སྤྱོད་བྱེད་བ
མི་དགག་མི་སྨོད་དོ། །ཅི་ཕྱིར་ཆོས་ལ་སྤོང་ལེན་ཕྱོགས་རིས་དང། །བཟང་ངན་གཉིས་སུ་སྟོན་པ་མ་གསུངས་པས། །འདི་ལྟར་སྣོད་པའི་ཆོས་འདི་ཐམས་ཅད་ལ། །གཉིས་མེད་མཉམ་པ་ཆེན་པོར་རྟོགས་པ་ནི། །འབད་རྩལ་ཅི་བྱས་དགེ་པར་གྱུར་པས་ན།།
དགེ་བའི་རྩ་བ་ཕྱོགས་རིས་མེད་པར་བྱའོ། །ད་ལྟའི་གང་ཟག་ཐེག་པ་འོག་མ་པའི། །རྒྱུ་འབྲས་དོན་ལ་ཞེས་པ་ཁ་ཅིག་ནི། །གསང་སྔགས་ཟབ་མོའི་དོན་རྣམས་མ་རྟོགས་པར། །སྔགས་ཀྱི་སྟན་འགན་ཆོས་སྤྱོད་འཕྲིགས
མཐོང་ན། །བན?་དེ་ལོག་ཆོས་སྤྱོད་ཅིང་རྩིང་ཆོས་བྱེད། །གསང་སྔགས་ཆོས་མིན་སྟོན་པས་མ་གསུངས་ཟེར། །མན་ངག་ཟབ་མོའི་དོན་ལ་སྨྲར་བཏབ་པས། །འབྲས་བུ་མནར་མེད་དམྱལ་བའི་ཡང་གཏིང་དུ། །སྐྱེ་བར་གྱུར་པས་རྨོངས་པ་སྙིང
རེ་རྗེ། །སྟོན་པའི་ཞལ་ནས་ངས་པར་གསུངས་པ་ཡི། །མན་ངག་དོན་དམ་གསང་སྔགས་ཟབ་མོ་ལ། །བཀའ་སླད་གཞུང་བཞིན་དང་དུ་མི་ལེན་པར། །མཚན་ཉིད་ཆོས་སྤྱོད་དག་ལ་བློ་ཞེན་པས། །བསྐལ་པ་གསུམ་དུ་སངས་རྒྱས་ཞལ
མི་མཐོང། །སྐལ་པ་ཆུང་ཞིང་ཤེས་རབ་ཞན་པ་དང། །བློ་ངན་དོན་ལ་རྨོངས་པའི་གང་ཟག་གིས། །ཟབ་མོའི་དོན་ལ་མ་ཞུགས་སྐུར་པ་བཏབ། །རྣམ་སྨིན་དཔག་གིས་མི་ལང་བརྗོད་ལས་འདས། །གསང་སྔགས་ཟབ་མོའི་དོན་ལ་ཡིད་ཆེས
ནས། །ལྷ་སྤྱོད་དམ་ཚིག་གཞུང་དུ་ལྡན་པ་དང། །སྒྲུབ་ལ་ཤིན་ཏུ་བརྩོན་པའི་གང་ཟག་ནི། །སངས་རྒྱས་ས་ལ་ཐེ་ཚོམ་མེད་པར་འགྲོ། སྐྱེ་བོ་མ་རིག་ཆོས་ལ་གཟུང་པ་དང། །ཆོས་ལ་ཆོས་དང་མི་ལྡན་པ་རྣམས་ཀྱི། །དོན་དུ་བདག་གིས་ཡི་གེ་འདི
བརྩམས་པས། །ཀུན་ཀྱང་དང་ཅིང་དོན་ལ་འཇུག་པར་སྨོན། །ཞེན་ལོག་སྒྲོན་མ་ཞེས་བྱ་བ། སློབ་དཔོན་མཁས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། མཧཱ་རཱ་ཛ་བཻ་ཤྲ་བ་ན་སཱ་དྷ་ནཾ། བོད་སྐད
དུ།
CLOSE WINDOW