CLOSE WINDOW

N3314: ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་འགྲུབ་པ་ངག་གི་འོད་ཟེར་ཞེས་བྱ་བ
Wyliee-texts based on the ACIP/ALL Input

བཀོད་ནས་དབང་དུ་བྱེད་པར་བཤད། །དབྱངས་ཅན་མའི་སྒྲུབ་ཐབས་བྲམ་ཟེ་ཕུར་བུས་མཛད་པ་རྫོགས་སོ།། (།།ཚངས་པའི་བུ་མོ་དབྱངས་ཅན་ལ་བསྟོད་པས་འགྲུབ་པ་དག་གི་འོད་ཟེར་ཞེས་བྱ་བ་བཞུགས།། །།) རྒྱ་གར་སྐད་དུ། བྲཧམ་སུ་ཏྲི་སྭ་རས་ཏྱཻ་སྟོཏྟར་ཎ་སིདྷ་ཝཱཀ་སཱ་དྷནཱ་མ། བོད་སྐད་དུ། ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་འགྲུབ་པ་དག་གི་འོད་ཟེར་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཞལ་གྱི་མཆེ བའི་རྩེ་ལས་སྔོན་སྦྲུལ་ཞིང། །ཐུགས་རྗེའི་རྣམ་འཕྲུལ་མཛའ་ཡས་ཕ་རོལ་རྗེས་སུ་བཟུང་བའི་ཕྱིར། །ཚངས་པའི་བུ་མོ་མཛེས་མ་ཁྱོད་སྐུ་མཛེས་པའི་རྣམ་འགྱུར་ཅན། །པིཥྞུའི་གཟུགས་ཅན་ཏམ་བུར་ལས་དགའ་སྐྱེད་ཚུལ་འཛིན་མ། །རྗེས་སུ་ཆགས་བཅས རོལ་པའི་ལོ་ནི་བཅུ་དྲུག་ལོན་པའི་ཉམས། །ཆུ་གཏེར་འགྲམ་དོགས་དགུ་པའི་ཕྲེང་བས་རྩེ་བར་དགའ་བ་ཅན། །དྲི་ཟའི་བུ་མོ་མངོན་བསྟོད་པ་ཉིད་ཀྱི་རྣམ་ཐར་བུལ་བྱུང་རྣམས། །གང་གིས་ཡིད་ལ་དྲག་བྱེད་ལ་ངག་གི་དབང་ཕྱུག་སྩོལ། །ཁོ་བོས་ཁྱོད་དྲན་བསྡུ་ཤས་ཆེར་གཡོ་བའི་ལག གཉིས་། །ཐལ་སྦྱར་མེ་ཏོག་གཞོན་ནུ་ཁ་འབུས་ལྷ་བུ་སྤྱི་བོའི་སྟེང། །རབ་གཞག་སྙིང་ནས་རག་ཏུ་གུས་བ་ལྷུར་བྱེད་ཁྱོད་ཀྱི་ཡོན་ཏན་ནི། །མཛའ་དག་རྟོགས་མིན་ཅུང་ཟད་རྙེད་འདི་སྡོབ་ལེགས་ཕྲེང་བས་མཆོད། །ཁྱོད་སྐུ་འོ་མའི་མཚོ་འདྲ་ཀུན་ཏ་ཀུ་མུད ཟླ་ཟེར་མཚུངས། །རབ་དཀོར་འོད་ཀྱི་ཕྲེང་བས་ཀུན་ནས་བསྐོར་བའི་གཟི་བརྗིད་ཀྱིས། །ལྷ་དབང་ཡིད་འཕྲོག་དགའ་བའི་ང་རོས་ཁྱོད་ལ་རྟག་ཏུ་བསྟོང་བྱེད་ན། །བློ་གྲོས་དོན་གསལ་དོན་གཉེར་ལྷ་ལ་གུས་པས་སྨོས་ཅི་དགོས། །ཆུ་སྐྱེས་དཀར་པོ་དྲི་མེད་སྟེང ནས་གེ་སར་གཡོ་བའི་རྩེར། །རི་བོང་འཛིན་པའི་གདན་སྟེངས་ཙོག་བུའི་ཚུལ་བཞུགས་འགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་དྲི་ཟའི་པི་ཝང་སྦྲེངས་པའི་སྒྲ་དབྱངས་དང། །རྗེས་འཐུན་གསུང་གིས་གསུམ་སྐྱེ་དགུའི་བསམ་པ་ཚིམ་མཛད མ། །འཇམ་གཉེན་འཁྲིལ་ཞིང་རིང་བ་བུང་བ་བལྟ་བུར་གནག་པའི་སྐྲ། །གཡས་གཡོན་རྒྱབ་ཏུ་འཕྱང་ཞིང་ཅུང་ཟད་ལི་བའི་ཐོར་ཅོག་ལ། མེ་ཏོག་དཀར་པོའི་ཕྲེང་བས་ཐོད་བཅིངས་སྤྱི་གཙུག་ཟླ་བས་སྤུད། །གསེར་གྱི་རྣ་ཆ་འཕྱང་ཞིང མཁུར་ཚོས་མཛེས་པ་འཛུམ་པའི་ཞལ། །ཀ་ཙ་ལན་དའི་སྨད་གཡོགས་ཆོམ་བུར་སྤྲས་པས་སྒེག་པའི་ཉམས། །པུན་ད་རི་ཀའི་ཕྲེང་བ་ཆུན་འཕྱང་མགུལ་རྒྱན་དོ་ཤལ་ཅན། །ཕྱག་ཞབས་རིན་ཆེན་ཕྲེང་བ་སིལ་སིལ་སྒྲ་ལྡན་རྒྱས་པ་ཡིས ཁྱེད་སྐུ་ལྷ་དང་རིག་འཛིན་བུ་མོའི་ཚོགས་ཀུན་ངོ་མཚར་གྱུར། །ལྷ་མོ་གཞོན་སྒེག་ལང་ཚོར་ལྡན་པ་སྐྱེ་དགུའི་ཡིད་འཕྲོག་མ། །ཡིད་འོང་འཛུམ་པའི་བཞིན་ཅན་མིག་དཀྱུས་རིང་པོའི་ཟུར་གྱིས་ནི། །སྨིན་མ་གཡོ་བའི་གར་གྱིས་ཁྱེད་སྐུ་རྟག་ཏུ དྲན་བྱེད་ལ། །རབ་ཏུ་དགྱེས་པའི་ཉམས་ཀྱིས་གཟིགས་ཤིང་ཁོ་བོ་རྗེས་སུ་གཟུང། །མཛད་སྦྱོར་བགས་ཀྱིས་ངལ་ཞིང་གསོང་པོར་སྨྲ་བའི་ངང་ཚུལ་ཅན། །མཱ་ལི་སར་པའི་དྲི་ལྡན་ནུ་གཞོན་ནུ་པར་འདོད་པ་ལ། །རག་པས་དགའ་བའི་ནུ་ཞོ་སྟོང་བྱེད་ཁྱེད་ལ་རྟག ཏུ་བསྟོད་པའི་བུ། །སྙིང་ནས་ཡུས་ཆེ་ཤེས་ཆེར་དུ་བའི་གདུང་བ་ཚིམ་མཛད་མ། །དེ་ཡི་ཡིད་ལ་བསྟོད་པའི་ཟོལ་ཚིག་ཅ་ཅོར་མ་ངེས་པ་ཡི་སྒྲ། །སྨྲ་བའི་ག་ཤས་འདིར་སྤེལ་ཉིད་ཀྱི་ཐུགས་ལ་གགས་གྱུར་མོད། །འོན་ཀྱང་ཁོ་བོའི་བློན་འདིར་ཟང་བུ་ཡི ཉེས་བ་རྣམས། །མ་ཡིས་བཟོད་མཛོད་བརྩེ་བས་སླར་ཡང་བུ་ནི་རབ་ཏུ་སྐྱོངས་།སྙིང་གི་ཆུ་སྐྱེས་འདབ་བརྒྱད་དཀར་པོ་ཟེ་འབྲུའི་ཕྲེང་བ་ཅན། །དམར་སེར་མཛེས་པའི་མཚམས་ནས་འོད་ཀྱི་དྲ་བ་རབ་ཏུ་འགྱེད། །གེ་སར་འཇམ་པའི་རྩེ་མོར་བསིལ་ཟེར་ཅན་ནི་རབ གནས་པའི། །དབུས་སུ་ཆུ་ཤེལ་མདོག་འཛིན་ཧྲཱི་གི་ཕྲེང་བ་སྒྲིབ་གཉིས་འཛོམས། །འདབ་མ་རེ་རེར་གཉིས་གཉིས་བཞུགས་པའི་ཨ་ཨཱ་ལ་སོགས་དབྱངས་ཡིག་རྣམས། །གཡས་སུ་བསྒོར་བའི་རིམ་པས་མར་མེའི་ཕྲེང་བ་འབར་བ་ལྟར། །ཀུན་ནས་འོད ཟེར་འཕྲོ་བའི་རྒྱན་ལྡན་རྩེ་བའི་རང་བཞིན་གྱི། །འོད་ཀྱི་དྲི་མ་མུན་ནག་རྣམ་བསལ་བློ་གྲོས་མཆོག་རྩོལ་མཛོད། །སྲོག་གི་འོད་ཟེར་སྐྲ་ཡི་ཁྱོན་ཙམ་ཕྲ་བའི་ཆ་ཤས་ཀྱིས་རྩོལ་བའི་སྒོ་ནས་མྱུར་བར་ལྷ་མོའི་ཐུགས་ལ་རེག་གྱུར་པས། །འཁོར་ལོ་གཉིས་པ བསྐོར་བས་རྣམ་པ་བདུན་པའི་མཆོད་སྤྲིན་ཅན། །འཇུག་པའི་རླུང་ཞོན་རང་སེམས་ཡེ་ཤེས་རྒྱས་མཛད་དེ་ལ་འདུད། །དེ་རྗེས་ཧྲཱིཾ་གི་ཕྲེང་བ་མུ་ཏིག་དོ་ཤལ་མགལ་མེ་ཡི། །འཁོར་པའི་ཚུལ་དུ་འཁོར་བ་ཞལ་གྱི་སྒོ་ནས་འཐོན་གྱུར་ཅིང། །ལྟེ་བའི་དཀྱིལ་འཁོར་ནས ཞུགས་སླར་ཡང་ས་བོན་ཚ་ཟེར་རྩེར། །འདར་བའི་མོང་ལ་དབྱངས་ཅན་དག་གཏེར་ཁྱོད་ཞབས་སྤྱི་བོས་བླང། །ལྷ་མོ་གཙང་སྦྲ་ལ་དགའ་བརྫུན་སྤངས་འབྱུང་པོའི་ཟས་དོར་ཞིང། །ཚངས་སྤྱོད་བརྟུལ་ཞུགས་ཅན་གྱི་ཉིན་རེ་དྲན་བྱས་ཡུམ་?། །སླར་ཡང་དག་གི་དབང་ཕྱུག རྩི་བཞེང་གསུང་པའི་གང་མོ་ཡིས། །དཀར་གསུམ་ཟས་ཀྱིས་དགའ་སྟོན་ཚུལ་གྱིས་དངོས་གྲུབ་སྩོལ་ལ་འདུད། །དེ་ལྟར་ཁྱོད་བསྟོད་ལྷུང་ལེན་གང་ཡིན་དེ་ནི་ཡོན་ཏན་གྱིས་དབུལ་གྱུར་སྣ་ཚོགས་རིག་པའི་གཞུང་ལུགས་རྣམས་ལས་ངེས་པའི དོན། །མྱུར་རྟོགས་ས་གསུམ་སྐྱེ་བོའི་གཞུང་སྒྲོན་གཏི་མུག་མུན་པ་རྣམས། །རང་བསལ་རྒྱལ་བའི་དབང་པོ་འོད་དཔག་མེད་འདྲ་ཐོབ་པར་ཤོག། འདིར་ནི་འཕགས་དང་མཁས་པའི་སྐྱེ་བོ་ཕུལ་བྱུང་ཚོགས་རྣམས་བསྟོད། །བདག་འདྲ་འཁུན ཞིང་མུ་ཙོར་སྒྲོག་པ་ངང་ཚུལ་མི་ཤེས་མོད། །ཁྱོད་ཀྱི་རྗེས་ཞུགས་ལན་ཅིག་མ་ཡིན་ཚིག་དོན་གོམས་བྱའི་ཕྱིར། །སྡེབ་སྦྱོར་གཙོར་བྱས་བྲག་བྱའི་སྒྲ་མཚུངས་འདི་ནི་བསྟོད་པར་རིགས། །ཚིག་འདི་གང་གིས་མཐོང་ངམ་ཐོས་སམ་རྟག་ཏུ་དྲན་བྱེད་པས། ཀློག་དང་ཁ་ཏོན་བྱེད་དང་བསམ་དོན་ཆུབ་བྱེད་པ། །ཡི་གེར་དྲིའམ་གཞན་ལ་རྒྱ་ཆེར་རབ་ཏུ་སྟོན་ཀྱང་རུང། །དེ་ཡི་སེམས་དང་དག་ལ་དཔལ་ལྡན་ལྷ་མོ་དབྱངས་ཅན་མྱུར་དྲུག་ཤོག། ཚངས་བའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པ་ཐུབ་པ་ངག་གི་འོད ཟེ་ཞེས་བྱ་བ་བྲམ་ཟེ་ཕུར་བུས་མཛད་པ་རྫོགས་སོ། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་སྭ་ར་སྭ་སྟི་དེ་ཝི་རྣོ་བི་ཀི། བོད་སྐད་དུ། དཔའ་རྡོ་རྗེ་ལྷ་མོ་དབྱངས་ཅན་མོའི་སྒྲུབ་ཐབས། །རྡོ་རྗེ་དབྱངས་སྙན་མ་ལ་ཕྱག་འཚལ་ལོ། གངས་རི་ལྷར་དཀར་ཟླ་རྒྱས་ཞལ་མངའ་ དྲི་མེད་སིལ་ཞིང་གསལ་བའི་འོད་ཟེར་ཕྲེང་བ་ཅན།

CLOSE WINDOW