CLOSE WINDOW

N3313: དབྱངས་ཅན་མའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

།དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་བྱིན་གྱིས བརླབ་པའི་སྔགས་བརྗོད་ཅིང་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་པདྨ་དང་ཟླ་བའི་གདན་སྟེང་དུ་ཏཱི་ཡོངས་སུ་གྱུར་པ་ལས། ཨཽཏཔ་ལ་སྔོན་པོ་ཏཱཾ་གྱིས་མཚན་པ་བསམ། དེ་རྣམས་ཡོངས་སུ་གྱུར་ནས་བཅོམ་ལྡན་འདས་མ་ཞལ་གཅིག་ཕྱག གཉིས་མ། སྐུ་མདོག་ལྗང་གུ་ལང་ཚོ་དང་ལྡན་པ། སྟོང་གཡོགས་དང་སྨད་གཡོགས་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་མཆོག་སྦྱིན་དང། གཡོན་གྱིས་ཨཽཏཔ་ལ་བསྣམས་པ་པདྨ་དང་ཟླ་བའི་སྟེང་དུ་གཡོན་བསྐུམ་པའི་ཕྱེད་སྐྱིལ གྱིས་བཞུགས་པར་བདག་ཉིད་བསྒོམ་ལ། དེའི་ཐུགས་ཀའི་ཟླ་བ་ལ་དམ་ཚིག་སེམས་མ་ཇི་ལྟ་བའི་ཡེ་ཤེས་སེམས་མ་དང། དེའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཏཱཾ་ཏིང་ངེ་འཛིན་སེམས་མའི་ཚུལ་དུ་བསམ། དེའི་འོད་ཟེར་གྱིས་ཡེ་ཤེས་སེམས་མ་སྤྱན་དྲངས པ་ལ་སོགས་པ་དང། དབང་བསྐུར་བ་དང། བདུད་རྩི་ལྷག་མས་དོན་ཡོད་གྲུབ་བས་སྤྱི་གཙུག་ཏུ་རྒྱས་བཏབ་སྟེ། འོད་ཟེར་འཕྲོས་འདུས་འགྲོ་བའི་དོན་མཛད་པར་མི་སྐྱེའི་བར་དུ་བསྒོམ་པར་བྱའོ། །སྐྱོ་ན་སྔགས་བཟླས་པར་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ། ཞེས་བྱ་བ་འབུམ་ཕྲག་བཅུ་བཟླས་ནས་སྟོང་ཕྲག་བཅུས་སྦྱིན་བསྲེག་བྱའོ། །འགྱུར་བ་མེད་པར་ཕ་རོལ་ལ། །མི་བཟང་དགའ་པས་བདུད་རྩིའི་རོས། །སྲིད་པའི་སྡུག་བསྔལ་འཇོམས་མཛད་མ། །སྒྲོལ་མ་ཁྱོད་སྐུ་ལ་ཕྱག་འཚལ་ཞེས་བྱ་བས་བཟླས་པའི་རྗེས ལ་བསྟོད་ནས། ཡི་གེ་བརྒྱ་པ་བརྗོད་དེ་བསོད་ནམས་རྦ་སྔོས་ལ། ཨོཾ་བཛྲ་མུཞིང་ཐུན་གསུམ་དུ་འདི་དག་བྱའོ། །བླ་མ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷུ་ཏི་ཙེནྡྲས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད་དུ། སྤ་ར་སྭ་སྟི་སཱ་དྷ་ནི། །བླ་མ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷུ་ཏི་ཙེནྡྲས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད་དུ། སྤ་ར་སྭ་སྟི་སཱ་དྷ་ནི། བོད་སྐད་དུ། དབྱངས་ཅན་མའི་སྒྲུབ་ཐབས། ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རང་གི་སྙིང་གི་སྲོག་གི་འོད་ཟེར་གྱིས། །དབྱངས་ཅན་མ་ཡི་འཁོར་ལོ་མདུན་དུ་དགུག་།མེ་ཏོག་བདུག་པ་མར་མེ་བྱུགས་བས་མཆོད། །འཇུག བའི་རླུང་གིས་སྙིང་ག་སྲོག་རྩར་གཞུག་། བོད་སྐད་དུ། དབྱངས་ཅན་མའི་སྒྲུབ་ཐབས། ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རང་གི་སྙིང་གི་སྲོག་གི་འོད་ཟེར་གྱིས། །དབྱངས་ཅན་མ་ཡི་འཁོར་ལོ་མདུན་དུ་དགུག་།མེ་ཏོག་བདུག་པ་མར་མེ་བྱུགས་བས་མཆོད། །འཇུག བའི་རླུང་གིས་སྙིང་ག་སྲོག་རྩར་གཞུག་། དབུས་སུ་ཧཱི་གིས་རྣམ་བརྒྱན་ཟླ་བས་ལྟེ་བར་རྣམ་པར་མཛེས། །མཆོག་ཏུ་དཀར་ཞིང་འོད་གསལ་སྒྲོན་མ་ལྟ་བུའི་ཆགས། །ཉི་མའི་འོད་ཟེར་གྱིས་ཟེ་འབྲུའི་མཚམས་ནས་ཤིན་ཏུ་རྒྱས་པ་ཡི། །དྲི་མེད་འཇམ ཞིང་དཀར་བའི་མདངས་མ་རེ་རེར་གཉིས་གཉིས་གནས། དབུས་སུ་ཧཱི་གིས་རྣམ་བརྒྱན་ཟླ་བས་ལྟེ་བར་རྣམ་པར་མཛེས། །མཆོག་ཏུ་དཀར་ཞིང་འོད་གསལ་སྒྲོན་མ་ལྟ་བུའི་ཆགས། །ཉི་མའི་འོད་ཟེར་གྱིས་ཟེ་འབྲུའི་མཚམས་ནས་ཤིན་ཏུ་རྒྱས་པ་ཡི། །དྲི་མེད་འཇམ ཞིང་དཀར་བའི་མདངས་མ་རེ་རེར་གཉིས་གཉིས་གནས། །འོད་ཟེར་དཀར་པོ་འཕྲོ་བས་སྙིང་གི་མུན་པ་རྣམ་པར་སེལ་བའོ། །སྔོན་དུ་རིག་པ་འབུམ་ཕྲག་གཅིག་།ཉི་ཁྲི་ལྔ་སྟོང་བསྙེན་པ་བྱ། །དེ་ནས་རྩོད་པ་སྨྲ་བ་ན། །འཁོར་ལོ་ལྕེ་ལ་རྣམ་པར་དགོད།། སྒྲུབ་བྱའི་དབྲལ་བར་འཁོར་ལོ་མཆོག་། །འོད་ཟེར་དཀར་པོ་འཕྲོ་བས་སྙིང་གི་མུན་པ་རྣམ་པར་སེལ་བའོ། །སྔོན་དུ་རིག་པ་འབུམ་ཕྲག་གཅིག་།ཉི་ཁྲི་ལྔ་སྟོང་བསྙེན་པ་བྱ། །དེ་ནས་རྩོད་པ་སྨྲ་བ་ན། །འཁོར་ལོ་ལྕེ་ལ་རྣམ་པར་དགོད།། སྒྲུབ་བྱའི་དབྲལ་བར་འཁོར་ལོ་མཆོག་། བཀོད་ནས་དབང་དུ་བྱེད་པར་བཤད། །དབྱངས་ཅན་མའི་སྒྲུབ་ཐབས་བྲམ་ཟེ་ཕུར་བུས་མཛད་པ་རྫོགས་སོ།། (།།ཚངས་པའི་བུ་མོ་དབྱངས་ཅན་ལ་བསྟོད་པས་འགྲུབ་པ་དག་གི་འོད་ཟེར་ཞེས་བྱ་བ་བཞུགས།། །།) རྒྱ་གར་སྐད་དུ། བཀོད་ནས་དབང་དུ་བྱེད་པར་བཤད། །དབྱངས་ཅན་མའི་སྒྲུབ་ཐབས་བྲམ་ཟེ་ཕུར་བུས་མཛད་པ་རྫོགས་སོ།། (།།ཚངས་པའི་བུ་མོ་དབྱངས་ཅན་ལ་བསྟོད་པས་འགྲུབ་པ་དག་གི་འོད་ཟེར་ཞེས་བྱ་བ་བཞུགས།། །།) རྒྱ་གར་སྐད་དུ། བྲཧམ་སུ་ཏྲི་སྭ་རས་ཏྱཻ་སྟོཏྟར་ཎ་སིདྷ་ཝཱཀ་སཱ་དྷནཱ་མ། བོད་སྐད་དུ། ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་འགྲུབ་པ་དག་གི་འོད་ཟེར་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཞལ་གྱི་མཆེ བའི་རྩེ་ལས་སྔོན་སྦྲུལ་ཞིང། །ཐུགས་རྗེའི་རྣམ་འཕྲུལ་མཛའ་ཡས་ཕ་རོལ་རྗེས་སུ་བཟུང་བའི་ཕྱིར། །ཚངས་པའི་བུ་མོ་མཛེས་མ་ཁྱོད་སྐུ་མཛེས་པའི་རྣམ་འགྱུར་ཅན། །པིཥྞུའི་གཟུགས་ཅན་ཏམ་བུར་ལས་དགའ་སྐྱེད་ཚུལ་འཛིན་མ། །རྗེས་སུ་ཆགས་བཅས རོལ་པའི་ལོ་ནི་བཅུ་དྲུག་ལོན་པའི་ཉམས།

CLOSE WINDOW