Wylie | e-texts based on the ACIP/ALL ![]() ![]() |
།ཞེས་བྱ་བ་འདོན་ཅིང་དབང་བསྐུར་བར་བསམ་མོ། །དབང་བསྐུར་བ་རྫོགས་མ་ཐག་རིན་པོ་ཆེའི་ཅོད་པན་གྱི་སྟེང་དུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་བསམ་མོ། །ལུས་དང་ངག
དང་ཡིད་གསུམ་བྱིན་གྱིས་བརླབས་པར་བྱ་བའི་ཕྱིར། སྤྱི་བོར་ཡི་གེ་ཨོཾ་དཀར་པོ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་དང། ལྐོག་མར་ཡི་གེ་ཨཱཡི་གེ་བཅུ་པོ་ལས་འོད་ཟེར་དཀར་པོ་སྤྲོས་པས་འགྲོ་བ་ཀུན་སྦྱངས་ནས་སངས་རྒྱས་སུ་བསྒྲུབས་ནས་སླར་བཀུག་སྟེ། འཁོར་ལོ་དང་ཡི་གེ་ལ་བསྟིམ་སྟེ་གསལ་བར་བསྒོམ་ཞིང་བཟླས་བརྗོད་བྱའོ། །ཇི་སྲིད་མི་སྐྱོ་བའི་བར་དུ་བསྒོམ་པ་དང་བཟླས་པར་བྱས་ནས་དེ་ལས་ལྡང
བར་འདོད་ན། ཆོ་ག་ཉམས་པ་བསྐེད?་བར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཨི་སྙིང་པོ་ཡི་གེ་བརྒྱ་པ་ཞེས་བྱ་བ་བཟླས་ནས་ཡེ་ཤེས་སེམས་དཔའ་ཡང་དག་པར་མཆོད་དེ་བསོད་ནམས་ཡོངས་སུ་བསྔོས་ལ་གཤེགས་སུ་གསོལ་ལོ། །དེ་ལ་ཡེ་ཤེས་སེམས་དཔའ་གཤེགས
སུ་གསོལ་བའི་ཚིགས་སུ་བཅད་པ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་འཐུན་པའི་དངོས་གྲུབ་སྩོལ། སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུརེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །དེ་ལ་རྡོ་རྗེ་སེམས་དཔའ་ཨི་སྙིང་པོ་ཡི་གེ་བརྒྱ་པའི་སྔགས་ནི། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་བོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨཱ་སུ
ཙ་མེ། ཙིཏྟཾ་ཤྲི་ཡཾ:-་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྫ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱའགྲོ་བའི་དོན་དུ་སངས་རྒྱས་ཤོག་། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང། བོད་ཀྱི་ལོཙྪ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང
ཞུས་ཏེ་གཏན་ལ་ཕབ་པའོ། ། །། !། (།འཕགས་མ་སྒྲོལ་མ་བསྒོམ་པའི་ཆོ་ག་བཞུགས།)་།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་བི་བྷ་བ་ན་བི་དྷི་སྟ་ར། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དོན
མེད་བདག་ལ་གནོད་བའི་སྲིད་པའི་བྱ་བ་རྣམས་སྤངས་ཏེ།
CLOSE WINDOW