CLOSE WINDOW

N3293: གསོ་སྦྱོང་གི་ཆོ་ག
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ་ཁོ་ཤ་ཏ་བིདྡྷི། བོད་སྐད་དུ། གསོ་སྦྱོང་གི་ཆོ་ག་རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མའི་སྐུ་གཟུགས་མདུན་དུ་བཞུགས་ལ་སེམས་བསྐྱེད་བྱ། པོ་ཏ་ལ་ནས སྤྱན་དྲངས་པའི་བཅོམ་ལྡན་འདས་མ་དང་སྐུ་གཟུགས་གཉིས་སུ་མེད་པར་བསམ། །ཡན་ལག་སྨད་ལྔ་ཁྲུས་བྱས་ལ། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་ཞབས་ལ་གཏུགས་པའི་ཕྱག་བྱ། །དངོས་སམ་ཡིད་ཀྱིས་མཆོད་པ་དབུལ། །བསྟོད་པ་གང་ཡང་རུང འཚོར་གསུམ་བསྒྲགས། །སྐུ་གསུང་ཐུགས་མཉེས་པར་བྱ་བའི་ཕྱིར། རྩ་བའི་སྙིང་པོ་བརྒྱ་རྩ་བརྒྱད་བགྲེང། །སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་གཞན་ཡང་བྱས་ལ། ལུས་ཙོག་ཙོག་པུར་འདུག་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། ཆོ་ག་འདི་ལན་གསུམ བརྗོད་པས་གསོ་སྦྱོང་རང་གིས་བླངས་པར་འགྱུར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་བདག་ལ་དགོངས་སུ་གསོལ། བཅོམ་ལྡན་འདས་སྒྲོལ་མ བདག་ལ་དགོངས་སུ་གསོལ་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང། ས་ཆེན་པོ་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན པར་བྱ་བའི་ཕྱིར་དང། བདེ་བར་བྱ་བའི་ཕྱིར་དང། ཚུལ་ཁྲིམས་ཀྱི་ཕུང་བ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་པའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་བྱ་སྟེ། ཡང་དག པར་བླངས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བྱ་བས་ཀྱང། དུས་ད་ནས་གཟུང་ནས་གདུགས་རྩེ་ཤར་གྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་བདེ་ཞེས་བྱ་བའི་ཕྱིར་དང། ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང་རྣམ་པར་གྲོལ་པའི་?་? གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་བྱ་སྟེ། ཡང་དག་པར་བླངས་པར་བགྱིའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་དེ། བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ ཉམས་བསྟེན་པས། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེན་པོ་མི་བྱ་ཞིང། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོང་ལ་སོགས་མི་བྱེད་པ། །དེ་ལྟར་སྲོག་གཅོད་ལ་སོགས་སྤང། །བླ མེད་བྱང་ཆུབ་ཐོབ་པར་ཤོག། སྡུག་བསྔལ་མང་དཀྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག་ཅེས་བརྗོད་དོ། །ལྕི་བའི་དཀྱིལ་འཁོར་དབུས་སུ་བཅོམ་ལྡན་འདས་མ་ལ་མཆོད་ཅིང་སྙུང་བར་གནས་པས་བསྒྲུབ་པ་དང་བསྟོད་པ་ལ་སོགས་པ་བྱས་ན་མཚམས མེད་པ་ལྔའི་ལས་བྱས་པ་ཡང་ངེས་པར་བྱང་བར་འགྱུར་རོ། །སྐུ་དངོས་སུ་མཐོང་བ་ལ་སོགས་པའི་ཡོན་ཏན་མཐལ་མེད་པ་འཛིན་པར་འགྱུར་རོ། །དུས་ནི་ཡར་ངོའི་ཚེས་བརྒྱད་ཡིན་ནོ། །དཀར་གསུམ་དང་དུས་ཅུང་ཟད་ཐུང་བ་ལ་སོགས་པ་ཅི་རིགས་པས་ཀྱང་བཏུག་གོ། །གསོ་སྦྱོང་རང་གིས བླང་བའི་ཆོ་ག་རྫོགས་སོ། ། །།སྒྲོལ་མའི་དངོས་གྲུབ་བརྙེས་པའི་སློབ་དཔོན་བྷ་བ་བྷ་ཊས་མཛད་པའོ། །མཧཱ་པུཎྜི་ཏ་ཤྲཱི་རཏ་ན་ར་ཀཱི་ཏཱ་དང། ལོཙྪ་བཞད་གྲུབ་པ་དཔལ་བཟང་པོས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། ཏཱ་ར་མཎྜལ་བིདྷི་བོད་སྐད་དུ། སྒྲོལ་མའི་མཎྜལ་གྱི ཆོ་ག།

CLOSE WINDOW