Wylie | e-texts based on the ACIP/ALL ![]() ![]() |
།ཐུན་མཚམས་བཞི་རུ་བསྒྲུབ་པར་བྱ། །བཟླས་པའི་སྔགས་ནི། །ོཾ་ཧྲཱིགཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས། །དཔལ་གཤིན་རྗེ་མཐར་བྱེད་ལ་ཕྱག་འཚལ་ལོ། །སྒོམ་པ་པོས་དང་པོར་ཞལ་བསང་བ་ལ་སོགས་པ་བྱ་སྟེ། རང་གི་སྙིང་གར་ཨ་ཡིག་ལས་སྐྱེས་པའི་ཟླ་བ་ལ་ཡཾ་ཡིག་ནག་པོ་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས
བླ་མ་དང། སངས་རྒྱས་རྣམས་གདན་དྲངས་ནས་ཡང་དག་པར་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་ཡཾ་ཡིག་རྩེ་ལས་རྣལ་འབྱོར་པས་བདག་ཉིད་སྟོང་པ་ཉིད་མངོན་དུ་བྱ་ཞིང་བྱིན་གྱིས་བརླབ་བར་ཡང་བྱ་སྟེ་སྨོན་ལམ་རྗེ
སུ་དྲན་པར་བྱའོ། །དེའི་རྗེས་སུ་རཾ་ལས་བྱུང་བའི་ཉི་མ་ལ་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཐོ་བ། རང་གི་ས་བོན་གྱིས་མཚན་པ་རྣམ་པར་བསྒོམ་པར་བྱའོ། །དེ་ལས་སྐྱེས་པའི་ས་གཞི་དང། རྡོ་རྗེའི་ར་བ་དང། རྡོ་རྗེའི་གུར་བསྒོམ་པར་བྱའོ། །དེའི་དབུས་སུ་ཟླ་བའི་དཀྱིལ
འཁོར་ལ་དབྱངས་ཡིག་གཉིས་འགྱུར་གྱི་རང་བཞིན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ། ཤེས་རབ་ཀྱི་རང་བཞིན་ཡང་དག་བར་བལྟའོ། །དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྣམ་པ་དག་པ་ལ། ཌ་ཌཧ་ད་དྷ་ཡ་ར་ལ་ཝ་བཞི་གཉིས
འགྱུར་དང་བཅས་པ་དང། ཀ་ལ་སོག་པའི་གསལ་བྱེད་གཉིས་འགྱུར་ཡོངས་སུ་རྫོགས་པ་ལས། གཞན་ཡང་ཟླ་བའི་དཀྱིལ་འཁོར་ལ་ཐབས་ཀྱི་ངོ་བོ་མཛའ་ཡས་པ་འབར་བ་འཕྲོ་ཞིང་བསམ་པར་བྱའོ། །དེ་ནས་དེ་གཉིས་ཡོངས་སུ
རྫོགས་པ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་མཐིང་ག་དང་ཡི་ལས་ཡང་དག་པར་བྱུང་བའི་ཆར་སྤྲིན་ནག་པོ་གསར་པའི་ཁ་དོག་ཅན་གསུས་པ་ཆེ་བ། སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ། ཐུང་ཞིང་རྒྱས
ལ་མ་ཧེ་ལ་བཞུགས་པ། སྟག་གི་པགས་པའི་ཤབ་ཐབས་བསྣམས་པ། རི་དགས་བདག་པོའི་པགས་པས་སྟོང་གཡོགས་བྱས་པ། ཤིན་ཏུ་འཇིགས་པར་བྱེད་པ། རང་གི་སྐུའི་འོད་ཟེར་གྱིས་ཁྲོ་བོ་ལྔ་འཕྲོ་བཞིན་བ་སྤྲུལ་ནས། གདེངས
ཀའི་རྒྱལ་པོས་བརྒྱན་པ། ཁྲག་འཛག་པའི་མགོ་བོ་བརྒྱའི་ཕྲེང་བ་བསྣམས་པ། ཕྱག་དྲུག་པ་གཡས་ཀྱི་ཕྱག་རྣམས་ཀྱི་ཐོ་བ་དང། རལ་གྲི་དང། རྡོ་རྗེ་བསྣམས་པ། གཡོན་གྱི་ཕྱག་གསུམ་གྱིས་སྡིགས་མཛུབ་དང་བཅས་པའི་ཞབས་པ
བསྣམས་པའོ། །ཞལ་དྲུག་པ་དང་པོ་ཁྲོ་ཞལ་དང། མཐིང་ག་དང། དཀར་པོ་དང། སེར་པོ་དང། དམར་པོ་དང། ནག་པོ་རྣམས་གཞན་རྣམས་སུ་ཞལ་གྱི་རིམ་པས་སོ། །ཞལ་ཐམས་ཅད་ནི་ཟླུམ་ཞིང་དམར་པོའི་སྤྱན་གསུམ་པའོ། །ཞབས
དྲུག་པ། ཞབས་གཉིས་གཡོན་བརྐྱང་མཛད་པ། ཞབས་གཉིས་གར་སྟབས་མཛད་པ། ཞབས་གཞན་གཉིས་སེམས་དཔའ་ཨི་སྐྱིལ་ཀྲུང་མཛད་པ། ཉི་མ་འབར་བའི་དབུས་སུ་བཞུགས་ཤིང་བགེགས་རྣམས་འཇོམས་པར་མཛད་པ། ཐོད
པ་བརྒྱན་གྱིས་ལེགས་པར་བརྒྱན་ཅིང་ཤིན་ཏུ་འཇིགས་པའི་མགོ་བོའི་ཕྲེང་བ་ཅན་ནོ། །དེའི་རྗེས་ལ་ཁཾ་ཁཾ་ཁཾ། ལཾ་སྐཾ་སཾ་གྱི་ས་བོན་རྣམས་ལས་བྱུང་བའི་སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག
དང། སྒྲིབ་པ་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོ་ཞེས་པ་རྣམས་མིག་དང། རྣ་བ་དང། སྣ་དང་ལྕེ་དང། ནུ་མ་དག་དང། ལྟེ་བ་ཞེས་པ་རྣམས་ཀྱི་འཁོར་ལོ་དང། རྡོ་རྗེ་དང། རིན་པོ་ཆེ་དང། ཆུ་སྐྱེས་དང། མདའ་དང། རྡོ་རྗེ་རྣམས་ཕྱག་གཡས
པ་རྣམས་ཀྱིས་བསྣམས་པ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་ཀྱི་ཕྱག་རྒྱ་མཛད་པ། དཀར་པོ་དང། ནག་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་དང། དཀར་པོ་རྣམས་སུ་བཞུགས་པ། དེའི་རྗེས་སུ་མགོ་བོ་དང། མགྲིན་པ་དང། སྙིང་ག་སྟེ། སྐུ་དང་གསུང་དང། ཐུགས
རྣམས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ། ཨོཾ་ཨཱམཛུབ་ཀྱི་ཕྱག་རྒྱ་མཛད་པའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་གདན་དྲངས་ནས་རོ་གཅིག་ཏུ་བསྒོམས་ཏེ། མི་བསྐྱོད་པས་དབུ་རྒྱན་པའི་བདག་ཉིད་རབ་ཏུ་བསྒོམ་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ོཾ་ཧྲཱིཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །དེ་ནས་གཤེགས་སུ་གསོལ་ནས་ལྡང་བར་བྱའོ་ཞེས་པ་ནི་གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བིགྷྣན་ཏ་ཀ་སཱ་དྷ་ནཾ། བོད་སྐད་དུ། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། བཅོམ་ལྡན
འདས་བགེགས་མཐར་བྱེད་ལ་ཕྱག་འཚལ་ལོ།
CLOSE WINDOW