CLOSE WINDOW

N3231: ཛམ་བཧ་ལའི་སྒྲུབ་ཐབས་རྒྱས་པ
Wyliee-texts based on the ACIP/ALL Input

།དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་ཡང་སྟེར་བར་འགྱུར་རོ། །ཛམ་བྷ་ལའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བི་སྟ་ར་ཛམ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཛམ་བྷ་ལའི་སྒྲུབ་ཐབས རྒྱས་པ། དཔལ་ལྡན་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །སྟོང་པ་ཉིད་བསྒོམས་པའི་རྗེས་ལ་ཅུང་ཟད་དམར་བའི་ཟླ་བའི་དཀྱིལ་འཁོར་ལ་གནོད་སྦྱིན་གྱི་ཤིང་རྟ་ཟུར་གསུམ་པ་པད་མ་འདབ་བརྒྱད་པའི་རྣམ་པའོ། །དེའི་དབུས་སུ་བམ་ཡིག་ལས ནོར་རྒྱུན་མ་སྐུ་མདོག་སེར་མོ་ཕྱག་ན་འབྲས་ཀྱི་སྙེ་མ་དང། མཆོག་སྦྱིན་མཛད་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གནོད་སྦྱིན་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་འདི་ལྟ་སྟེ། བཟང་མོ་དང། རབ་ཏུ་བཟང་མོ་དང། རབ་ཏུ་དགའ་མ་དང། སྦས་མ་དང། ལྷ་མོ་དང། དབྱངས་ཅན་མ་དང། འཕགས་མ་དང། ཆུ་ཤེལ་མ་ཞེས་ཏེ། འདི་རྣམས་ཀྱིས་ཡོངས་སུ་བསྐོར་བ། །ལྷ་མོ་ཆེན་མོ་དེའི་བྷ་གའི་དབུས་སུ་ཛམ་ཡིག་ལས་སྐྱེས་པའི་ཛམ་བྷ་ལ་ནི་ནོར་རྒྱུན་མ་ལ་འཁྱུད་པ། བྱང་ཆུབ་ཀྱི་སེམས་ངེས་པར་སྦྱོར་བས་རིན་པོ་ཆེ ཕྱག་ན་ཡང་དག་པར་བསྟོད་གསེར་བར་བསྒོམ་པར་བྱའོ། །འབབ་པའི་དུས་སུ་བཅོམ་ལྡན་འདས་ཀྱི་ཤར་ཕྱོགས་སུ་ནོར་བུ་བཟང་པོ་སྐུ་མདོག་སྔོན་པོའོ། །ལྷོ་ཕྱོགས་སུ་གང་བ་བཟང་པོ་སྐུ་མདོག་སེར་པོའོ། །ནུབ་ཕྱོགས་སུ་རྣམ་ཐོས་སྲས་དམར་པོའོ། །བྱང་ཕྱོགས སུ་ནོར་སྦྱིན་སྐུ་མདོག་དམར་པོའོ། །མེ་དང། བདེན་བྲལ་དང། རླུང་དང། དབང་ལྡན་གྱི་མཚམས་རྣམས་སུ་གང་བ་བཟང་པོ་དང། གང་བ་བཟང་པོ་ཆེན་པོ་དང། ཀ་ལི་མ་ལི་དང། ཀི་ལི་མ་ལི་ཆེན་པོ་དང། ཞལ་གྱི་དབང་པོ་སྐུ་མདོག་དམར་པོ་དང། སྤྱོད་པའི་དབང པོ་སྐུ་མདོག་ལྗང་གུ་སྟེ། གསེར་གྱི་ཟུར་ཕུང་ལྔ་པ། ཕྱག་གཡས་ན་བི་ཛ་པཱུ་ར་ཀ་ར་དང། ཕྱག་གཡོན་ན་རིན་པོ་ཆེའི་ཆར་འབབས་བཞིན་པའི་སྲེ་མོ་བསྣམས་པ། དེ་བཞིན་གཤེགས་པ་ལྔ་འཕྲོ་བ། པདྨ་ཅན་དང་དུང་ཅན་གྱི་གཏེར་ཆེན་པོའི་མགོ་པར རིན་པོ་ཆེ་ཆེན་པོ་ལ་སོགས་པའི་ཆར་རབ་ཏུ་འབེབས་བཞིན་པ་རང་གི་ཁང་པའི་གནས་ཀྱི་ཕྱོགས་གཅིག་ཏུ་བསམ་པར་བྱའོ། །མགོན་པོ་ཛམ་བྷ་ལ་སྐུ་མདོག་སེར་པོ་ཨཽད་པ། ལའི་ཕྲེང་བ་བསྣམས་པའོ། །དེ་ཐམས་ཅད་ཀྱང་གནོད་སྦྱིན་མོ་བརྒྱད་ཀྱི་བྷ་གའི དབུས་སུ་གནས་པ། རིན་པོ་ཆེའི་ཆར་རབ་ཏུ་འབེབས་བཞིན་པ་ཛམ་བྷ་ལ་དང་འདྲ་བ་བསྒོམས་པར་བྱའོ། །ཤར་སྒོར་ནོར་སྦྱིན་དང། ནོར་སྦྱིན་ཆེན་པོ་དང། ལྷོ་སྒོར་གནོད་སྦྱིན་དང། གནོད་སྦྱིན་ཆེན་པོའོ། །ནུབ་སྒོར་ཀི་ལི་མཱ་ལི་དང། ཀི་ལི་མཱ་ལི་ཆེན་པོ་དང བྱང་སྒོར་གང་བ་བཟང་པོ་དང། གང་བ་བཟང་པོ་ཆེན་པོ་དང། དེ་ཐམས་ཅད་ཀྱང་གཙེར་བུ་འབྲས་བུ་འཕྱང་བ། ལྟོ་བ་འཕྱང་ཞིང་རིན་པོ་ཆེའི་ཆར་རབ་ཏུ་འབེབས་པའོ། །དེ་ནས་སྤྱི་བོར་ནོར་བུ་བཟང་པོའོ། །མིག་གཉིས་ལ་རྣམ་སྲས་སོ། །ཁ ལ་མུ་ཁ་ན་དྲའོ། །ནུ་མའི་བར་དུ་གང་བ་བཟང་པོའོ། །ལྟེ་བ་ལ་ནོར་སྦྱིན་ནོ། །བརླ་ངག་ལ་ཀི་ལི་མཱ་ལི་དང། ཀི་ལི་མཱི་ལི་དག་གོ་།ཙི་པི་ཀུན་ཌ་ལི་རྐང་པ་དག་ལའོ་ཞེས་པའི་ལྷ་རྣམས་བཀོད་ནས་ཡི་གེ་རྣམས་དགོང་པར་བྱའོ། །ོཾ་ནི་སྤྱི་བོར་རོ། །ཛལམ?་ནི་དཔྲལ་དུར རོ། ཙུམ་ནི་རྣ་བ་དག་ལའོ། །མགོ་བོའི་རྒྱབ་ཏུ་སྭཱཧཱའོ། །འཁྲིག་མགུལ་དུ་ཙ་ལུ་མོ། །ལག་པ་དབུས་སུ་སྲུ་མོ། སོར་མོ་ཐམས་ཅད་ལ་ཨོཾ་ཛམ་བྷ་ལ་ཛ་ལེན་ཏྲ་ཡ་སྭཱཧཱ། ཨོཾ་ཛལུམ་ཙལུམ་སྭཱཧཱ་ཞེས་པའི་སྔགས་སོ། །དེ་བཞིན་དུ་མཛུབ་མོ་ལ་ནོར་བུ་བཟང་པོའོ། །གུང་མོ་ལ གང་བ་བཟང་པོའོ། །མིང་མེད་ལ་ནོར་སྦྱིན་ནོ། །མཐེའུ་ཆུང་ལ་རྣམ་ཐོས་སྲས་སོ། །བི་ཙི་ཀུཎ་ཌ་ལི་ནཾ་མཐེབ་ཆེན་ལའོ། །ཁྲིག་འཚམས་སུ་ཀི་ལི་མཱ་ལིའོ། ཡི་གེ་འདི་རྣམས་ལག་པ་ལ་བཀོད་ནས་སྔ་བར་རྡོ་རྗེའི་ཚུལ་སོགས་པའི་བདུད་རྩི་ལྔ་སྟེ། དེའི་ངོ་བོ མ་ཡིན་པ་ཡང་རྡོ་རྗེའི་ཆུ་ཙམ་དང་བསྲས་ཏེ་ཁྱོར་བས་མཐུངས་ནས་ལག་པས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཐུན་མཚམས་སུ་གསུམ་གྱིས་ཡུན་མི་རིང་བར་འགྲུབ་པར་འགྱུར་རོ། །ོཾ་ཛལུམ་ཙལུམ་སླུཾ་སཾ་ཞེས་བརྗོད་ནས་ཆུ་ཁྱོར་པས་སྦྱིན བར་བྱའོ། །གལ་ཏེ་དེ་བཞིན་དུ་བྱས་པས་མ་གྲུབ་ན་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་བདག་ཉིད་བསྒོམས་ནས་ཛམ་བྷ་ལཱི་གཟུགས་ལ་དུག་དང་སྐྱེས་ཚེ་དང་ཚྭ་དང་མྱོས་བྱེད་ཀྱི་ལོ་མའི་ཁུ་བ་དང་དུར་ཁྲོད་ཀྱི་སོལ་བས་བྱུགས་ཏེ་དུར་ཁྲོད་ཀྱི་མེ ལ་ཁྲོས་པ་བསྲོས་ན་ངེས་པར་འགྲུབ་པར་འགྱུར་རོ་ཞེས་སོ། །ཛམ་བྷ་ལའི་སྒྲུབ་ཐབས་རྒྱས་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཛམ་བྷ་ལ་སཱ་དྷ་ནི། བོད་སྐད་དུ། དཔའ་ཛམ་བྷ་ལའི་སྒྲུབ་ཐབས། དཔལ་ཛམ་བྷ་ལ་ལ་ཕྱག་འཚལ་ལོ། །སྟོང པ་ཉིད་བསྒོམ་པའི་རྗེས་ལ་ཉི་མ་ལ་ཛམ་ལས་སེར་པོ་ཞལ་གསུམ་པ།

CLOSE WINDOW