Wylie | e-texts based on the ACIP/ALL ![]() ![]() |
།དེ་ནས་བཟླས་པ་བྱའོ། །ོཾ་མཻ་ཏྲེ་ཡ་སྭཱཧཱ། བྱམས་པའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཽ་ཙྪ་ཥྨ་ཛམ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་ཞིང་སྒེག་པ་ཛཾ་བྷ་ལའི་སྒྲུབ་ཐབས། །
དཔལ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །ཐུབ་པའི་གཞོན་ནུར་ཐུབ་དབང་དགེ་བ་ཡི། །ཕུན་ཚོགས་མཆོག་གི་དཔག་མེད་རྣམ་པར་བརྐྱང། །གང་གི་ཞབས་ལ་སྤྱན་གསུམ་དག་པ་ཡི། །གཙུག་གི་ནོར་བུའི་རྒྱན་གྱིས་བཏུད་གྱུར་པ། །བླ་མེད་ཡོན་ཏན་གཉིས
མེད་པའི། །རིན་ཆེན་ཚོང་བདུས་འདྲེན་པ་སྟེ། རང་གི་ཕུན་ཚོགས་འགྲོ་རྣམས་ཀྱིས་ཆ་ཆེན་ཐོབ་ཕྱིར་བསྟེན་པར་གྱིས། དེ་ལ་དང་པོར་རེ་ཤིག་བདག་གིས་དཔལ་ཛཾ་བྷ་ལ་བསྒྲུབས་ལས་ལ་སོགས་པའི་རིམ་པ་ཐོབ་ནས་དེ་ཡི་ཚེ་བདག་གིས་ཡང་འགྲོ
བ་རྣམས་འདི་དང་ཕྱི་མའི་ཕུན་སུམ་ཚོགས་པའི་གནས་ལ་དགོད་པར་བྱའོ། །ཞེས་པའི་བསམ་པ་དང་ལྡན་པར་སྙིང་ནང་དུ་བུ་ག་ནས་རྗེས་དབྱངས་བྲལ་བའི་ཨཱ་ཡིག་འོད་ཟེར་དཀར་པོ་འཕྲོ་ཞིང་དེ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར། དེ་ལས་ཧཱུཾ་ཡིག་དབུས་?
པོའི་ཕྱིའི་ཁོར་ཡུག་ཅུང་ཟད་སེར་བའི་འོད་ཟེར་གྱིས་ཚོགས་མགོའི་སྟེང་དུ་འཕྲོ་བའོ། །དེ་ལས་སྐྱེས་པའི་རྡོ་རྗེའི་འོག་ཏུ་རྩེ་མོ་བཞི་པ་སྟོང་རྩེ་ལྔ་པ་སྦྱར་བ་ལས་རྩེ་མོ་དགུ་སྟེ། གསུང་རབ་ཡན་ལག་དགུའི་རྣམ་པར་དག་པའོ། །གཞན་ལས་སྟེང་དང
འོག་གི་རྩེ་མོ་གཅིག་ཏུ་བྱས་ནས་དབུས་ཀྱི་རྩེ་མོ་དང་དགུའོ། །ཧཱུཾ་ཡིག་བཞིན་དུ་ཁ་དོག་དང་བྱང་བ་དང་ཆང་བའི་ནང་དུ་ཟླ་བ་ལ་གནས་པའི་དེ་དང་འདྲ་བའི་ཧཱུཾ་དང་ལྡན་པ་བསྒོམ་པར་བྱ་སྟེ། དེ་ནས་ཡི་གེ་དང་རྡོ་རྗེ་དག་ལས་འོད་ཟེར་འཕྲོས
ན་ཨས་ཨོཾ་ཨཱནས་དེའི་སྐུ་གཅིག་ཏུ་བསྒོམས་ཏེ། ཉེར་སྤྱོད་ལྔས་མཆོད་ནས་སྙེད་པ་བསྒགས་པ་ལ་སོགས་པ་རྣམས་ཏེ། བཏང་སྙོམས་ཀྱི་བར་ཇི་སྙེད་པ་བསྒོམས་དེའི་རྗེས་སུ་ཡང་ཧཱུཾ་དང་རྡོ་རྗེའི་འོད་ཟེར་རྣམས་ལ་མ་ལུས་པ་ལུས་ཀྱི་ནང་དུ་བསྒོམ
ཏ་ཨེ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རང་བཞིན་ལ་ཟླ་བ་དང་རྡོ་རྗེའི་ས་བོན་གྱི་འོད་ཟེར་རྣམས་ལ་ཨོཾ་ཨལ་སོགས་པ་ལས་བཅོམ་ལྡན་འདས་ཛམ་བྷ་ལ་གཞོན་ནུ་ལོ་ལྔ་ལོན་པ་ལྟ་བུ་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཐུང་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རིན་པོ་ཆེའི་ཅོད་པན་ཅན་ནོ། །ཁ་ནས་རིན་པོ་ཆེ་སྐྱུགས་བཞིན་པའི་ནོར?་སྦྱིན་སྟེར?
པོ་གན་རྐྱལ་དུ་ཉལ་བའི་དཔྲལ་བར་ཞབས་གཡས་པས་མནན་པ། རྐང་པ་གཉིས་ཀྱི་སྟེང་དུ་ཞབས་གཡོན་པས་མནན་ཅིང་གཡོན་བརྐྱང་གིས་ཞབས་སུ་མཛད་པ། རྟགས་སྟེང་དུ་ལངས་པ། ལྟོ་བ་འཕྱང?་བ། ཐུགས་ཀར་ཕྱག་གཡས
པ་ཐོད་པ་ཁྲག་གིས?་?་བ་ཞལ་མངོན་པར་གཟིགས་པར། བརླ་གཡོན་པས་སྟེང་དུ་ཕྱག་གཡོན་པས་རིན་པོ་ཆེའི་སྙེ་མ་སྐྱུག་བཞིན་པའི་ན་ཀུ་ལི་ཁ་ཐུར་དུ་བསྟན་པ་རྣམས་པ། མིའུ་ཐུང་རྣ་བ་མ་ཕུབ་པ། ཞལ་ཟླ་བ་ཕྱེད་བ་ལྟ་བུའི
མཆེ་བ་གཙིགས་པ་?་ཤེས?་ཟླུམ་ཞིང་དམར་བ། དཔྲལ་བ་ཁྲོ་གཉེར་བསྡུས་པ། དབུ་སྐྲ?་བཅས་པ་གྱེན་དུ་བརྫེས་པ། །སག་ནོན་གྱི་ཕྱག་རྒྱ་མཛད་པའི་ཐུབ་པ་མི་བསྐྱོད་པ་སྔོན་པོས་དབུ་བརྒྱན་པ། །དགའ་བོ་སྔོན་པོ་ཏཱ་བུས་སྐྲ་བཅིངས།
པ། འཇོག་པོ་དམར་པོས་སྙམ་དཀྲིས་པ། པདྨ་ཆེན་པོ་པདྨའི་རྩ་བ་ལྟ་བུ་དཀར་པོས་དོ་ཤལ་མཛད་པ། དུར་པའི་མདོག་ལྟ་བུའི་མཛའ་ཡས་ཀྱིས་མཆོད་ཕྱིར་ཐོགས་མཛད་པ། །ནོར་རྒྱས་དཀར་པོས་སྐེ་རགས་མཛད་པ། པདྨ་ཀུན་དེ་ལྟར་ཤིན་ཏུ
མཛེས་པས་ཞབས་གདུབ་མཛད་པ། དུང་སྐྱོང་སེར་པོས་ལག་གདུབ་མཛད་པ། །རིགས་ལྡན་དུ་བ་ལྟ་བུ་འམ་ཁྲ་བོས་དཔུང་རྒྱན་མཛད་པ། །སྐུ་མདོག་གནག་ཅིང་ཕྱིའི་ཁོར་ཡུག་ཅུང་ཟད་སེར་བ་འོད་ཟེར་གྱིས་ཚོགས་འཕྲོ་བ་བསམས་ནས། དཔྲལ་བ
དང་ཞལ་དང། དཔུང་བ་གཡས་གཡོན་དག?་དང། སྙིང་ཁ་དང། རྡོ་རྗེའི་སྟེང་དང། བརླ་གཡས་གཡོན་དག་དང། ཞབས་གཡས་གཡོན་དག་གིས་ནད?་བུ་གར་གནས་པའི་དཀྱིལ་འཁོར་བཅུ་རྣམས་ལ་ཨོཾ་ཛམྦྷ་ལ་ཛ་ལནྡྲ་ཡེ་སྭཱཧཱ། ཞེས་པའི་ཡི་གེ
རྣམས་སེར་ཞིང་འོད་ཟེར་བོར་བལྟ་བར་བྱའོ། །དེའི་རྗེས་སུ་སྔ?་ནས་རླུང་འབྱུང་བའི་དུས་སུ་ཧཱུཾ་ཡིག་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་སྙིང་ཁའི་ཧཱུཾ་དང་རྡོ་རྗེའི་འོད་ཟེར་རྣམས་ཀྱིས་ཡང་ཕྱོགས་རྣམས་འཕྲོ་ཞིང་རིག་པ་ཙམ་གྱིས་སེམས་ཅན་རྣམས
བཅོམ་ལྡན་འདས་ཀྱི་སྐུར་སེམས་ཀྱིས་བསམས་ཏེ། ཡང་རླུང་རྫུབ་པའི་དུས་སུ་ཧཱུཾ་ཡིག་གིས་རབ་ཏུ་འཇུག་པར་བསམ་ནས་བརྟན་པར་བྱས་ཏེ་སྔགས་བཟླས་པར་བྱའོ། །འཇིག་རྟེན་གསུམ་ན་གནས་པའི་རིན་པོ་ཆེ་སྣ་ཚོགས་པ་ཐམས་ཅད
གླུ་དང་སྲེ་མོ་དང་ནོར་སྦྱིན་རྣམས་ཀྱི་ཁ་རུ་རབ་ཏུ་བཞུག་པར་བྱའོ། །སླར་ཡང་རླུང་འབྱུང་བ་ན་ཀླུ་ལ་སོགས་པས་མིད?་པའི་རིན་པོ་ཆེ་རྣམས་མདུན་དུ་སྐྱུག་པར་བསམ་པར་བྱའོ། །དེ་བཞིན་དུ་ཡང་ནས་ཡང་དུ་སྤྲོ་ཞིང་བསྡུ་བ་ལ་སོགས་པ་བྱས་ནས
དབང?་རྗེས་ལ་ངལ་ན་ན། མོ་རད་ན་ཏྲ་ཡཱ། ན་མོ་མ་ཎི་བྷ་དྲཱ་ཡ་མཧཱ་ཡཀྵ་སེ་ན་བ་ཧ་ཡཾ། ། ཛ་མ་བྷ་ལ་ཛ་ལེན་དཱ་ཡ་སྭཱཧཱ་ཞེས་པའི་སྔགས་བཟླས་པར་བྱའོ། །ཡང་ན་ཡི་གེ་བཅུ་བཀོད་པའི་སྔགས་སོ། །ཅུ་འབུལ་བའི་དུས་སུ་ལག་པ་གཡས
པ་གན་རྐྱལ་དུ་བྱས་བའི་དབུས?་སུ་བམ་ཡིག་གི་འོད་ཟེར་གྱིས་ལག་པ་བཟང་པོ་བཞིན་དུ་བྱའོ། །ལག་པའི་རྩ་པར་ཨོཾ་ཡིག་གི་འོད་ཟེར་གྱིས་ལག་གདུབ་ཀྱི་རྣམ་པ་དང་ལྡན་པ་བམ་བོ། །དབུས་སུ་ཛམ་མོ། མཛུབ
མོ་དང། གུང་མོ་དང། མིང་མེད་དང། མཐེ?་འཆུང་དང། མཐེབ་ཆེན་གྱི་རྩེ་མོ་རྣམས་ལ་ཛ་ལེན་ཏྲའི་ཡི་གེ་རྣམས་རིམ་པ་ཇི་ལྟ་བ་བཞིན་ནོ། །ོཾ་དང་བམ་ཡིག་དག་ནི་དབུས་སུའོ། །ཡ་ཡིག་གི་ལོགས་གཡས་དང་གཡོན་དུ་སྭཱ
ཡི་གེའོ། །འདི་རྣམས་ནི་ཨོཾ་ཡིག་ལ་སོགས་པ་རྣམས་ཀྱིས་རང་རང་གི་གནས་ལ་བུ་ག་རྣམས་སོ་ཟླ་བ་ལ་གནས་པའི་ཁ་དོག་སེར་ཞིང་འོད་ཟེར་སེར་པོར་བསམས་ནས། ལག་པ་ཆུ་དང་མེ་ཏོག་དང་བཅས་པས་བལ་མོང?
པར་ཕྱོགས་ཏེ་ཨོཾ་ཨཻན་ཏྲཱ་ཨཻ་ཌ་མུ་ཁ་བྷ་མ་རི་སྭཱཧཱ་ཞེས་པའི་སྔགས་ལན་བདུན་མངོན་པར་སྔགས་ནས། དེའི་རྗེས་སུ་ལག་པར་བརྒྱད་ཏེ་སྦྱིན་པར་བྱ་བའི་ཆུ་རང་གི་ཞལ་དུ་ཞུགས་ཤིང་ཛམ་ཡིག་གི་འོད་ཟེར་གྱིས་སྙིང་ཁའི་གནས་ནས་རྡོ་རྗེ་?
ཡིག་གི་འོད་ཀྱིས་ཡང་ཁ་དོག་སེར་པོར་བྱས་ཏེ་རྡོ་རྗེའི་སྒོ་ནས་འཐོན་ཏེ་ལག་མཐིལ་དུའོ། །མདུན་དུ་ཅིག་གིས་བསྒོམས་ནས་ཞལ་ལ་མངོན་པར་ཕྱོགས་པས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཀྱི་ཞལ་ནང་དུ་ཨོཾ་ཟླུམ་སྭཱཧཱ་ཞེས་པའི
སྔགས་ཀྱིས་བརྒྱ་རྩ་བརྒྱད་དོ། །ན་མོ་རཏན་ཏྲ་ཡཱ་ཡ་ཞེས་པ་ལ་སོགས་པས་ཀྱང་ལན་དབུལ་བར་བྱའོ། །ན་མོ་རཏན་ཏྲ་ཡཱ་ཡ་ཞེས་པ་ལ་སོགས་པ་རྣམས་ཀྱིས་ཡང་ལན་ཅིག་བརྗོད་ནས་བུ་རམ་དང་བསྲེག་ཤིང་འབྲས་ཀྱི་ཁུ?་བ་ལ་སོགས
པས་བཅོམ་ལྡན་འདས་ལ་གཏོར་མ་དབུལ་བར་བྱའོ། །དེ་བཞིན་དུ་ཇི་ལྟར་གསུངས་པ་བཞིན་དུ་ཐུན་མཚམས་གསུམ་དང། ཡང་ན་ཐུན་གཅིག་ཏུ་གནས་ནས་བསྟོད་པ་དང་སྨོན་ལམ་ཡང་གདབ་པར་བྱའོ། །དེ་བསྒོམས་པའི་རྗེས་ལ།
བ་ཅོམ་ལྡན་འདས་ཨོཾ་བཛྲ་མུནས་ཡང་དག་པར་མཆོད་དེ་གསོ་སྦྱོང་བླངས་ནས་བཟོ་བོ་གཅིག་གིས་ཉི་མ་གཅིག་ལ་དཔའ་བོ་རིན་གྱིས་སྐུ་གཟུགས་བྱའོ། བྱས་ནས་བདག་ཉིད་ཀྱི་རིག་པ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་ལ་ཡི་གེ་རྣམས་དགོད་པ་རྣམ་པར་བསྒོམ་པ་དང་ཆུ་དབུལ་བ་ལ?་སེམས?
པས་བསྒྲུབ་པར་བྱའོ། །ཞེས་པ་ནི་མན་ངག་གོ་།དེ་ནས་གཤེགས་སུ་གསོལ་བར་བྱའོ། །བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ནི་རྟག་ཏུ་གནས་ཏེ་བཀུར་སྟི་ལ་སོགས་པ་བྱའོ་ཞེས་སོ། །པཎྜི་ཏ་ཆེན་པོ་འཇིག་མེད་འབྱུང་གནས་སྤས་བས་མཛད་པ་ཨ་ཏསྩུཥྨ་ཛ་བྷ
ལའི་སྒྲུབ་ཐབས་རྫོགས་སོ། ། །།རྒྱ་གར་སྐད་དུ། ཛམ?་བྷ་ལ་སྭཱ་དྷ་ནཾ། བོད་སྐད་དུ། ཛཾ་བྷ་ལའི་སྒྲུབས་ཐབས། དཔལ་ལྡན་ཛམ་བྷ་ལ་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྟོང་བ་ཉིད་ཀྱི་མཐར་ཐུག་བར་རྣམ་པར་བསམས་ནས་སྣ་ཚོགས་པདྨ?་ལས
མ་བརྒྱད་པའི་སྟེང་དུ།
CLOSE WINDOW