CLOSE WINDOW

N3224: ཤེས་རབ་ཀྱི་སྣང་བ་སྒྲུབ་པའི་ཆོ་ག
Wyliee-texts based on the ACIP/ALL Input

པྲཛྙཱ་ལོ་ཀ་སཱ་དྷ་ནཾ་བི་དྷི། བོད་སྐད་དུ། ཤེས་རབ་ཀྱི་སྣང་བ་སྒྲུབ་པའི་ཆོ་ག། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །བློ་མཁན་སྲེག་མཁས་སྨྲ་བ་ངན་པའི་ཕྱོགས་འཇིག་ཅིང། །དུག་འཇོམས་སྐྱེ་བོའི་ཆོ་གས་རྣམས་ཐབས ལ་བདེ་བར་སྐྱོང། །རབ་ཞི་བདེ་བ་འཕེལ་མཛོད་རྡོ་རྗེ་ཕག་མོ་ལ། །ཀོཾ་ཀ་བྱིན་ནི་ཕྱག་འཚལ་ལྷ་མོའི་ཚོགས་ལ་བྲི། །དེ་ལ་མཚན་མོ་ནམ་ཕྱེད་ཀྱི་ཐུན་གྱི་ལྷག་མ་ལ་ཆོ་ག་བཞིན་དུ་དེ་ལངས་ནས་དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པའི་གནས འགའ་ཞིག་ཏུ་ཙན་དན་བཟང་པོ་ལ་སོགས་པས་བྱུགས་ཏེ་མེ་ཏོག་སྣ་ཚོགས་པས་བཅལ་དུ་བཀྲམ་པས་ཉེ་བར་མཛེས་པ་ལ། མངོན་སུམ་དུ་རོའི་གདན་ནས་ཡང་ན་ཇི་ལྟ་བའི་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། བྱམས་པ་ལ་སོགས་པ་བསྒོམ་པ ས་ངོན་དུ་འགྲོ་བས་རང་གི་སྙིང་གར་ཨ་ཡིག་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཧྲཱིསེམས་དཔའ་དང། དེ་བཞིན་གཤེགས་པ་རྣམས་ཇི་ལྟ་བ་བཞིན་དུ་མདུན་དུ་མངོན་སུམ་དུ་ཡང་དག་པར་བལྟས་ནས་སྙིང་གའི་ས་བོན་ལས་བྱུང་བའི་རབ་ཏུ་གཏུམ་མོ་དང། དྲག་མིག་མ་དང། འོད་ལྡན་མ་དང། སྣ་ཆེན་མ་དང། དཔའ་བོའི་བློ་གྲོས་མ དང། མིའུ་ཧྲུང་མ་དང། ?་དབང་ཕྱུག་མ་དང། ཤིང་སྒྲིབ་མ་སྟེ། ཐུགས་ཀྱི་འཁོར་ལོའི་ལྷ་མོ་བརྒྱད་པོ་རྣམས། །ས་སྲུངས་མ་དང། འཇིགས་བྱེད་ཆེན་མོ་དང། རླུང་ཤུགས་མ་དང། ཆང་འཐུང་མ་དང། ལྷ་མོ་སྔོ་བསངས་མ་དང། ཤིན་ཏུ བཟང་མོ་དང། རྟ་སྣམ་དང། བྱ་གདོང་མ་སྟེ་གསུང་ག་འཁོར་ལོའི་ལྷ་མོ་བརྒྱད་པོ་རྣམས་དང། འཁོར་ལོའི་ཤུགས་ཅན་མ་དང། དུམ་སྐྱེས་ཡེ་དང། ཆང་འཚོང་མ་དང། འཁོར་ལོའི་གོ་ཆ་མ་དང། ཤིན་ཏུ་དཔའ་མོ་དང། སྟོབས་ཆེན་མ་དང། འཁོར་ལོས སྒྱུར་མ་དང། བརྩོན་འགྲུས་ཆེན་མོ་སྟེ། སྐུ་ཡི་འཁོར་ལོའི་ལྷ་མོ་བརྒྱད་པོ་རྣམས་ཏེ། ནག་མོ་དང་དམར་པོ་དང་དཀར་པོའི་ཁ་དོག་རྣམས་སོ། །མི་བསྐྱོད་པར་དང། འོད་དཔག་མེད་དང་རྣམ་པར་སྣང་མཛད་རྣམས་ཀྱིས་དབུ་རྒྱན་པ་ཟླ་བའི་གདན་ལ བཞུགས་པ། སྤྱན་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ། རྡོ་རྗེ་དང། པདྨ་དང། འཁོར་ལོ་དང་ཐོད་པའི་ཕྲེང་བ་དང། ཟུར་ཕུད་གསུམ་གྱིས་དབུ་མ་རྒྱན་པ། གྲི་གུག་དང། ཐོད་པ་དང། ཁ་ཌཝཱི་ག་དང། ལག་པའི་འདབ་མས་མཆོད་པ་ཐོགས་པ་རྣམས་ཀྱི་མཆོད ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ནས་ཕྱག་འཚལ་བ་དང། སྡིག་བཤགས་པ་དང། ཕྱིན་ཆད་མེད་བྱེད་པའི་སྡོམ་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལམ་བསྟན་པ་དང བདག་ཉིད་དབུལ་བ་དང། སྐུ་མ་འདེབས་པ་དང། གསོལ་བ་འདེབས་པ་རྣམས་ཆོག་བཞིན་དུ་བསྒྲུབ་ནས་བསོད་ནམས་ཡོངས་སུ་བསྔོ་བར་བྱའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒྲུབས་ལ་སྤྱི་བོར་ཐ་མ་མོ་ཡང་དག་པར་སྦྱར་ནས་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ འགྲོ་བས་དེ་བཞིན་གཤེགས་པ་རྣམས་ལ་སྐུལ་མ་གདབ་བར་བྱའོ། །དེ་ལ་ཚིགས་སུ་བཅད་པ་འདིའོ། །ོཾ་དེ་བཞིན་གཤེགས་པ་ཀུན་གྱི་སྔགས། །སེམས་ཅན་ཀུན་གྱི་དངོས་གྲུབ་ཀུན། །ཕུན་སུམ་ཚོགས་པ་ཀུན་འབྱུང་བར། །དེ་བཞིན་གཤེགས རྣམས་བཞུགས་སུ་གསོལ། །ོཾ་སྭ་བྷ་ཤུདྡྷརྨི་ལམ་གྱི་རྐྱེན་བཞིན་དུ་བདག་ཉིད་སོ་སོར་རིག་པས་ལྷག་པར་གྲོལ་བར་བྱའོ། །སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་དྲ་བས་རང་བཞིན་མེད་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྲདམར་པོའི་ཚུལ་གྱིས་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའི་སྟེང་དུ་ཨཾ་ཡིག་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་དཀར་པོ་ལས་ཉི་མ་དང། ཟླ་བ་ལ་གནས་པའི་ཧྲཱིཔ་དམར་པོ་བསྒོམ་པར་བྱའོ། །སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་ཞིང་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་བཅུ་དྲུག་གི་རྣམ་པ་སྟོན་ཀའི་ཟླ་ལྟར་དཀར་བ་ལ་སྤྱན་གསུམ་དམར་ཟིང་ཟླུམ་པ། ཅུང་ཟད་མཆེ་བ་གཙིགས་པའི་ཞལ་མངའ་ལ སྣ་ཚོགས་པའི་མེ་ཏོག་གོས་རྣམ་པར་མཛེས་པ། སྦུ་སྐྲ་གྲོལ་བ་ཕྱེད་བཅིངས་པས་རྣམ་པར་མཛེས་པ། རྡོ་རྗེ་ནག་པོའི་ཕྲེང་བ་གཉིས་ཀྱི་དབུས་སུ་ཐང་བའི་ཕྲེང་བ་དང་?་བུད་གསུམ་བཅིངས་པ། འཁོར་ལོ་དང་རྣ་རྒྱན་དང་མགུལ་རྒྱན་དང་ལག་གདུབ? དང། སྐ་རགས་ཀྱིས་བརྒྱན་པ། འགྱིང་བཞིན་པའི་བ་དན་གསུམ་འབར་པ། ཕྱག་གཡས་ཀྱི་འདབ་མ་ན་གནས་པ། སྔོན་དུ་གསུངས་པའི་རྡོ་རྗེས་སྐྱེས་བུའི་ཡེ་ཤེས་པའི་འཇིགས་པ་རྣམ་པར་འཇོམས་པ། ཕྱག་གཡོན་པ་ན་དབྱུག་པ་དཀར་པོ་སྟེང་གི རྩེ་མོ་ན་རྡོ་རྗེ་རྩེ་མོ་ལྔ་པ། འོག་ཏུ་མི་མགོ་སྐམ་པོ་དང། མགོ་བོ་རློན་པ་དང་སྣ་ཚོགས་རྡོ་རྗེ་གསེར་གྱིས་བུམ་པའི་རྩ་བ་ལས་བྱུང་བ་སྒྲ་དང་བཅས་པའི་དྲིལ་བུ་གཡེར་ག་ཕྲ་མོས་བརྒྱན་པ་ད་དན་སྣ་ཚོགས་པས་རྣམ་པར་མཛེས་པའི་དབྱུག? པ་དཔུང་ལ་རེག་པའི་ཁ་ཊཱཾ་ག་དང། བདུང་བཞི་ཡི་ཁྲག་གིས་གང་པའི་པདྨའི་སྣོད་བསྣམས་པ། ཁྲག་འཇིག་པ་ཟིན་པའི་མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བ་མགུལ་དུ་འཕྱང་བ། པདྨ་དམར་པོའི་སྟེང་དུ་ཉི་མ་ལ་གནས་པའི་ཤེས་པ་མང་བའི སྐྱེས་བུ་ཞབས་གཡས་བརྐྱང་གིས་བཞུགས་པ། གཅེར་བུ་རབ་ཏུ་གཏུམ་པ་ཉི་མའི་འདི་ལྟ་བུ་རབ་ཏུ་འཕྲོ་བའི་བ་སྤུའི་ཕྲེང་བ་ཅན། གཟུགས་བརྙན་དང་མཚུངས་པ། སྒེག་པ་ལ་སོགས་པའི་ཉམས་དགུ་དང་ལྡན་པ། སྤྲུལ་པ་སྣ་ཚོགས་པས ཕྱོགས་བཅུར་འགྲོ་བའི་དོན་མཛད་པ། གཞན་ཉི་མ་ལ་གནས་པའི་ཧྲཱིགྱུར་པར་བསྐྱེད་ནས་བདག་ལ་རབ་ཏུ་ཞུགས་ཏེ། བདག་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་ཞེས་པའི་ང་རྒྱལ་བསྐྱེད་པར་བྱའོ། །དེའི་རྗེས་ལ་རང་གི་ལྟེ་བར་སྣ་ཚོགས་པདྨ་ལ་ཉི་མ་དཀར་དམར་ལ་ཧྲཱིནི་ཕྲེང་བའི་རྣམ་པར་དཀར་པོ་འཁོར་ལོ་འཁོར་བཞིན་པ་བཞིན་དུ་སྦྱོར་བས་ཞལ་གྱི་སྒོ་ནས་འཐོན་ཏེ། སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་དང། ནོར་བུ་དང། སྔགས་དང། །སྨན་དང། ཟླ་བ་དང། སྐར་མ་དང། རི་མོ་དང། བསྟན་བཅོས་དང། སྒྱུ རྩལ་ལ་སོགས་པའི་མཐུ་རྣམས་བཀུག་ནས་ལྟེ་བའི་བུ་གནས་རབ་ཏུ་ཞུགས་ཏེ། རང་གཞན་གྱི་མི་ཤེས་པ་ཐམས་ཅད་སྲེག་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས་ནམ་མཁའ་ལ བཞུགས་པའི་ཡེ་ཤེས་པའི་ལྷ་མོ་མདུན་དུ་བལྟས་ཏེ། སྔོན་དུ་གསུངས་པའི་ལྷ་མོའི་ཚོགས་རྣམས་ཀྱི་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ནས་ཕེཾ་ཡིག་གི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་འབར་བའི་ཕྱག་རྒྱ་དཔྲལ་བར བཅིངས་ཏེ། གཡོན་དུ་འཁོར་བཞིན་བས་སྤྱན་དྲང་བར་བྱའོ། །དེ་དག་གཅིག་ཏུ་གྱུར་པས་བསྒོམ་ཞིང་སྔགས་ཀྱི་ང་རྒྱལ་བྱའོ། །དེ་ལ་སྔགས་ནི་འདིའོ། །ོཾ་ཡོ་ཤུདྡྷནམ་མཁའ་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་གདན་དྲངས་ཏེ། དེ་རྣམས་ཀྱིས་བདུད་རྩི་ལྔར་གྱུར་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བུམ་པ་རྣམས་དང། དེར་སྤྲུལ་པ་སྣ་ཚོགས པའི་རྔ་དང་དུང་དང་རྫ་རྔ་དང་འཁར་རྔ་དང་པི་ཝང་དང་གླིང་བུ་དང་གླུ་དབྱངས་རྣམས་དང། ལྷ་དང་ལྷ་མ་ཡིན་རྣམས་ཀྱང་ཅ་ཅོའི་དཔུང་གཉེན་རྣམས་དང། གུར་ཀུམ་དང་ག་བུར་དང་གླ་བ་དང་དྲི་བཟངས་མེ་ཏོག་གི་ཆར་འབབ་པ དང། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ཀྱང་ཁྲུས་བྱའོ། །ཞེས་པའི་ཚིགས་སུ་བཅད་པ་བརྗོད་པས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་པ་འདིས་བྱིན་གྱིས་བརླབ་ཅིང་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པའི་མི་བསྐྱོད་པ་དབུ་ལ་བཞུགས་པར་བསམ་པར་བྱའོ། །དེ་ནས་དེའི་སྦྲུལ་པ་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས ད་ཨེ་ལ་སྤྲུལ་པའི་རྣམ་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་ནས་འཆད་པར་འགྱུར་བའི་རིམ་པས་བདུད་རྩི་མྱང་བ་ལ་སོགས་པ་བྱས་ནས་ཇི་སྲིད་འདོད་ཀྱི་བར་དུ་བསམ་གཏན་བྱས་ནས་སྒྲོ་བ་དང་བསྡུ་བ་ལ་སོགས་སྔོན་དུ འགྲོ་བས་མྱུར་བ་ལ་སོགས་པའི་ཉེས་པ་དང་བྲལ་བས་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཧྲིབས་སྨོན་ལམ་བཏབ་སྟེ་ཡོངས་སུ་བསྔོ་བ་བྱས་ནས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དེ་ལྷ་མོའི་ང་རྒྱལ་གྱིས་བྱ་བ་བྱའོ། །ཆོས་ཐམས་ཅད་ཀྱང་དེ་ལ་གཉིས་སུ་མེད་པར་ལྟ་ཞིང་སྤྱོད་ལམ་ཅི་བདེ་བར་བྱའོ། །དེ་ལ་ཡི་གེ་བརྒྱ་པའི་སྔགས་ནི་འདི་ལྟ སྟེ། ཨོཾ་ཨཱཏ་ཨ་བཛྲ་མཱ་མེ་མུཉྩ?་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱསྔོན་མ་བཞིན་དུ་ཐམས་ཅད་བྱའོ། །མཚན་ཕྱེད་ཀྱི་ཐུན་མཚམས་སུ་ཡང་ཐམས་ཅད་བྱས་ནས་ཉལ་བའི་དུས་སུ་སྤྱི་བོར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་བལྟས་ནས་ཡང་དག་པར་མཆོད་པར་བྱའོ། །ཡན་ལག་བརྒྱད ཀྱིས་ཕྱག་བྱས་ཏེ་ཉལ་བ་ན་སེང་གེའི་ཉལ་སྟབས་ཀྱིས་ཉལ་བར་བྱའོ། །དེ་ནས་སྔ་དྲོའི་ཐུན་ལ་ལྷ་མོས་གཉིད་རབ་ཏུ་བསླང་ནས་སྔོན་བཞིན་དུ་ཐམས་ཅད་བྱའོ་ཞེས་སོ། །ཡང་ན་ཞིག་རིམ་པ་འདིས་ས་ཕྱོགས་འགའ་ཞིག་ཏུ་རོའི་གདན་ལ་སྐྱིལ་ཀྲུང་གིས སྟན་བདེ་བ་ལ་ཉེ་བར་འདུག་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེས་དམིགས་ཏེ་སྡིག་པ་བཤགས་པ་ནས་བརྩམས་ཏེ་ཇི་སྲིད་བྱང་ཆུབ་ཏུ་སེམས་བསྐྱེས་བའི་བར་དུ་སྔོན་དུ་འགྲོ་བས་ཨཱའབར་ཞིང་འོད་གསལ་བ་ཇི་སྲིད་འདོད་པར་བསྒོམ་ཞིང་བརྟན་པར་བྱས་ནས་བརྒྱ་ཕྱེད་ཀྱི་ཕྲེང་བའི་རྡོག་པོ་སྲད་བུ་ལ་བརྒྱུད་ནས་གསུམ་མམ་བཞིར་རྣལ་འབྱོར་པས་བཟླས་པར་བྱའོ། །གཉིད་ལོག་པ་ན་སྔོན་གྱི་ཆོ་ག་བཞིན་དུ་ཉལ་བར་བྱའོ། །དེ་བཞིན དུ་བཟླས་པ་དང་བསྒོམ་པ་ཆོ་ག་གཅིག་བཞིན་དུ་རྗེས་སུ་གནང་བས་འཇིག་རྟེན་པའི་ཆོས་བརྒྱད་ལས་ངེས་པར་གྲོལ་ནས་དད་པ་དང་དམ་ཚིག་དང། སྡོམ་པ་ལ་གནས་ཤིང་བརྩེ་བ་དང་ལྡན་པས་དགེ་བའི་གཤེགས་གཉེན་ལ་གུས་པར་བྱས་ནས་།དེའི ཕྱི་ནས་རྣལ་འབྱོར་པས་འབུམ་ཕྲག་བདུན་བཟླས་པས་བསྟན་བཅོས་དང་སྒྱུ་རྩལ་ཐམས་ཅད་ལ་རང་རང་གིས་མངོན་པར་ཤེས་པར་འགྱུར་རོ། །ཤེས་རབ་དང་ལྡན་པ་དང་དཔའ་བ་དང། འཇིགས་པ་མེད་པ་དང། འཁོར་གྱིས་ཟིལ་གྱིས་མི་ནོན་པར འགྱུར་རོ། །རྒོལ་བ་པོར་ཡང་འགྱུར་རོ། །རིམས་དང། ངན་ཐབས་དང། དུག་དང། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་བར་དུ་གཅོད་པར་མི་འགྱུར་རོ། །གང་ཐོས་པ་དེ་ཐམས་ཅད་ཀྱང་བདུད་རྩིར་འགྱུར་རོ། འདིའི་སྔགས་བཟླས་པས དངོས་གྲུབ་ཏུ་འགྱུར་རོ། །འདིའི་སྔགས་ཀྱིས་ཐོད་ལོ་དཀོར་ལ་མངོན་པར་བསྔགས་ནས་གང་གི་ལག་ཏུ་བྱིན་ན་བླུན་པོ་ཡང་སྙན་ངག་མཁན་དུ་འགྱུར་རོ། །དེའི་དྲི་ཙམ་གྱིས་ཀྱང་སྦྲུལ་ལ་སོགས་པ་རྣམས་ཉེ་ནུས་པ་མ་ཡིན་ནོ། །འདི་རྣམས་ཀྱིས་བར་དུ གཅོད་པས་བར་ཆད་བྱེད་པ་རྣམས་ཀྱིས་ཡང་ཐམས་ཅད་ལ་ཕན་པར་བྱེད་ནུས་པར་འགྱུར་རོ། །བདག་གིས་མང་པོ་སྨོས་པས་ཅི་ཞིག་བྱ་སྟེ། བེམ་པོའི་བློ་ཡང་བསྟན་བཅོས་ལ་ཉོན་མོངས་པར་བྱ་མི་དགོས་ཏེ་མི་གཡོ་བའི་སེམས་ཀྱིས་སོ། །སྔགས་འདི འབུམ་ཕྲག་གཉིས་བཟླས་ན་འདིས་ཤེས་རབ་ཀྱི་སྣང་བར་སྒྲུབ་པར་བྱེད་དོ། །འདིར་ཡང་གང་ཞི་གནས་ཀྱིས་སེམས་བརྟེན་པར་གྱུར་པས་ཡོན་ཏན་མཛའ་ཡས་པ་གསུངས་པ་དང་ལྡན་པར་འགྱུར་རོ། །དེ་རྣམས་ཀྱི་ཤིན་ཏུ་མཆོག་གི་དངོས་གྲུབ ཏུ་འགྱུར་རོ་ཞེས་སོ། །ཤེས་རབ་ཀྱི་སྣང་བ་སྒྲུབ་པའི་ཆོ་ག་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཡཱ་པ་ཤྱ་བི་དྷི། བོད་སྐད་དུ། རྡོ་རྗེ་ཕག་མོའི་དབང་དུ་བྱ་བའི་ཆོ་ག་།རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་དབང་དུ་བྱ་བ་འཕགས་པའི བདེན་པ་བཞི་ལ་བཞུགས་ནས་དབང་གི་ཆོ་ག་བརྗོད་པར་བྱ་སྟེ།

CLOSE WINDOW