CLOSE WINDOW

N3203: འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

ཕྱག་དྲུག་པ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ། ནག་པོ་དང་དཀར་པོ་དག་ནི་གཡས་དང་གཡོན་གྱི་ཞལ་ལོ། །ཕྱག་གཡས་པ་གསུམ་གྱིས་གོ་རིམས་ཇི་ལྟ་བ་བཞིན་དུ་རྨ་བྱའི་སྒྲོ་དང། མདའ་དང། མཆོག་སྦྱིན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ཕྱག་གཡོན པ་གསུམ་ན་རིན་པོ་ཆེའི་ཆུན་པོ་དང། གཞུ་དང། པདྨ་གནས་པའི་བུམ་པའོ། །རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལང་ཚོ་གཞོན་ཞིང་སྒེག་པའི་ཉམས་དང་ལྡན་པ། ཟླ་བའི་གདན་ལ་ཟླ་བའི་འོད་ཟེར་དང་ལྡན་ཞིང་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་དོན་ཡོད་གྲུབ་པའི དབུ་རྒྱན་ཅན་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེའི་སྤྱི་བོ་དང། མགྲིན་པ་དང། སྙིང་ག་དང། ལྟེ་བ་ལ་གནས་པའི་ཟླ་བ་རྣམས་ལ་གོ་རིམས་བཞིན་དུ་ཨོཾ་ཨཱཔར་བྱའོ། །ོཾ་མ་ཧཱ་མཱ་ཡུ་རཱི་བིདྱ་རཱ་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། རྨ་བྱ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་སཱ་ཧཱ་སྭ་པྲ་དམ་དྷ་ནཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས། འཕགས་མ་སྟོང་ཆེན་མོ་རབ ཏུ་འཇོམས་མ་ལ་ཕྱག་འཚལ་ལོ། །ོཾ་མ་ཧཱ་མཱ་ཡུ་རཱི་བིདྱ་རཱ་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། རྨ་བྱ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་སཱ་ཧཱ་སྭ་པྲ་དམ་དྷ་ནཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས། འཕགས་མ་སྟོང་ཆེན་མོ་རབ ཏུ་འཇོམས་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྣ་ཚོགས་པདྨ་དང་ཟླ་བ་ལ་བྷྲུཾ་ཡིག་ལས་བྱུང་བའི་སྟོང་ཆེན་མོ་རབ་ཏུ་འཇོམས་མར་བདག་ཉིད་བསྒོམ་པར་བྱ་སྟེ། སྐུ་མདོག་དཀར་མོ། ཞལ་གཅིག་པ། ཕྱག་དྲུག་པ། གཡས་ཀྱི་ཕྱག་གསུམ་ན རལ་གྲི་དང། །སྔོན་དུ་གསུངས་པའི་ཆོ་གས་སྣ་ཚོགས་པདྨ་དང་ཟླ་བ་ལ་བྷྲུཾ་ཡིག་ལས་བྱུང་བའི་སྟོང་ཆེན་མོ་རབ་ཏུ་འཇོམས་མར་བདག་ཉིད་བསྒོམ་པར་བྱ་སྟེ། སྐུ་མདོག་དཀར་མོ། ཞལ་གཅིག་པ། ཕྱག་དྲུག་པ། གཡས་ཀྱི་ཕྱག་གསུམ་ན རལ་གྲི་དང། མདའ་དང། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་གྱི་ཕྱག་གསུམ་ན་གཞུ་དང། ཞགས་པ་དང། དགྲ་སྟའོ། །རྒྱན་སྣ་ཚོགས་པས་བརྒྱན་པ། ལང་ཚོ་གཞོན་ཞིང་སྒེག་པའི་སྐུ་ཉམས་དང་ལྡན་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་པདྨ་དང་ཟླ་བའི་གདན ལ་བཞུགས་ཤིང་འོད་དང་ལྡན་པའོ། མདའ་དང། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་གྱི་ཕྱག་གསུམ་ན་གཞུ་དང། ཞགས་པ་དང། དགྲ་སྟའོ། །རྒྱན་སྣ་ཚོགས་པས་བརྒྱན་པ། ལང་ཚོ་གཞོན་ཞིང་སྒེག་པའི་སྐུ་ཉམས་དང་ལྡན་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་པདྨ་དང་ཟླ་བའི་གདན ལ་བཞུགས་ཤིང་འོད་དང་ལྡན་པའོ། །འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མནྟྲ་ཨ་ནུ་དྷཱ་རི་ཎཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྒྲུབ་ཐབས། འཕགས མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་ལ་ཕྱག་འཚལ་ལོ། །འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མནྟྲ་ཨ་ནུ་དྷཱ་རི་ཎཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྒྲུབ་ཐབས། འཕགས མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་ལ་ཕྱག་འཚལ་ལོ། །གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་ཞལ་གཅིག་པ། ཕྱག་བཞི་པ། སྐུ་མདོག་ནག་མོ་ཕྱག་གཡས་པ་གཉིས་ན་རྡོ་རྗེ་དང། མཆོག་སྦྱིན་གྱི་ཕྱག་རྒྱ། ཕྱག་གཡོན་པ་གཉིས་ན་དགྲ་སྟ་དང། ཞགས་པ་བསྣམས་པ། ཧཱུཾ་གི་ས་བོན་ཅན། མི་སྐྱོད་པས་དབུ་བརྒྱན་པ། ཉི་མའི་གདན་ལ་འོད་ཟེར་དང་ལྡན་པའོ་ཞེས་སོ། །འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། མ་ཧཱ་ཤྲཱི་ཏྲ་བ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། བསིལ་བ་ཚལ་ཆེན་མོའི་སྒྲུབ་ཐབས། འཕགས་མ་བསིལ་བ་ཚལ ཆེན་མོ་ལ་ཕྱག་འཚལ་ལོ། །བསིལ་བའི་ཚལ་ཆེན་མོ་ཞལ་གཅིག་མ། ཕྱག་བཞི་པ། སྐུ་མདོག་དམར་མོ། ཕྱག་གཡས་པ་གཉིས་ཀྱིས་བགྲང་ཕྲེང་དང་མཆོག་སྦྱིན་གྱི་ཕྱག་རྒྱ་གཡོན་པ་གཉིས་ཀྱིས་རྡོ་རྗེའི་ལྕགས་ཀྱུ་དང། ཐུགས་ཀར་པོ་ཏི་བསྣམས་པ་ཛཾ་ལས འཕྲུངས་ཤིང་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཉི་མའི་གདན་ལ་འོད་ཟེར་དང་ལྡན་པའོ། །འཕགས་མ་བསིལ་བའི་ཚལ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། པཉྩ་དེ་བ་ཏཱི་སཱ་དྷ་ན་མུདྡེ་ཤ། བོད་སྐད་དུ། ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྟན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་ཁྲུས་བྱས་པའི་ལྷ་མོ་ལྔ་མདོར་བསྟན་པ་ནི་དེ་ལ་སོ་སོར་འབྲང་མ་ཆེན་མོ་ནི་སྐུ་མདོག་སེར་མོ ཞལ་གསུམ་པ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་པ། ཕྱག་བཅུ་པའོ། །ནག་པོ་དང། དཀར་པོ་དག་ནི་གཡས་དང། ཅིག་ཤོས་ཀྱི་ཞལ་ལོ། །གཡས་ཀྱི་ཕྱག་ལྔ་རྣམས་ནི་གོ་རིམས་བཞིན་དུ་རལ་གྲི་དང། རྡོ་རྗེ་དང། མདའ་དང། མཆོག་སྦྱིན་དང། ཕྱག་ཐུགས་ཀར་གནས་པ ལ་གདུགས་རྣམས་སོ། །དེ་བཞིན་དུ་གཡོན་གྱི་ཕྱག་ལྔ་རྣམས་ན་གཞུ་དང། རྒྱལ་མཚན་དང། རིན་པོ་ཆེའི་ཆུན་པོ་དང། དགྲ་སྟ་དང། དུད་རྣམས་སོ། །རིན་ཆེན་འབྱུང་གནས་ཀྱི་དབུ་རྒྱན་ཅན། ཤ་འགག་ནག་པོ་ཅན། སྟོད་གཡོགས་དམར་པོས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་འགྱིང ཞིང་བཞུགས་པ།

CLOSE WINDOW