Wylie | e-texts based on the ACIP/ALL ![]() ![]() |
། །།སྙན་ངག་མཁན་ཆེན་པོ་བརྩེ་བ་ཅན་ཞེས་པས་འདིས་ཚིགས་སུ་བཅད་པར་བསྡེབས་པའོ།། །།རྒྱ་གར་སྐད་དུ། ཥ་ན་བྷུ་ཛ་ཀུ་རུ་ཀུལླེ་བྷཱ་ཊ་ར་ཀ་ཡཱ། སཱ་དྷ་ནཾ། བོད
སྐད་དུ། རྗེ་བཙུན་ཀུ་རུ་ཀུལླེ་ཕྱག་དྲུག་པའི་སྒྲུབ་ཐབས། ལྷ་མོ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་རིག་བྱེད་མའི། །སྒྲུབ་པའི་ཐབས་ནི་བཤད་པར་བྱ། །དང་པོར་རེ་ཤིག་སྔགས་པས་བདེ་བའི་སྟན་ལ་ཉེ་བར་འདུག
སྟེ། རིགས་བྱེད་མའི་བྲིས་སྐུ་ལ་སོགས་པ་བཀྲམ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་དམིགས་ནས་ཡིད་ཀྱི་རང་བཞིན་གྱིས་མཆོད་པའི་རྣམ་པས་མཆོད་ཅིང་ཕྱག་འཚལ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས
བ་བྱའོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །བྱང་ཆུབ་མཆོག་ཏུ་སེམས་ནི་སྐྱེད་བར་བགྱི། །སེམས་ཅན་ཐམས་ཅད
མགྲོན་དུ་བདག་གིས་གཉེར། །བྱང་ཆུབ་མཆོག་ཏུ་མངོན་འདོད་སྦྱར་བར་བགྱི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།ོཾ་སྭ་བྷཱ་བ་ཤུདྡྷབྱ་ཞིང་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །རང་གི་སྙིང་ཁར་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ལས་འོད་ཟེར་གྱི་ཕྲེང་བ་རྣམ་པར་བསམ་པར་བྱའོ། །དེ་ལས་བྱུང་བའི་འོད་ཟེར་གྱིས་ཚོགས་ཀྱིས་ཕྱོགས་བཅུའི་འཇིག
རྟེན་གྱི་ཁམས་རྣམས་སྣང་བར་མཛད་ནས་སེམས་ཅན་ཐམས་ཅད་དབང་དུ་བྱས་ཏེ། དེའི་ས་བོན་མཛའ་དག་ལས་ཀུ་རུ་ཀུལླེ་བདག་ཉིད་ཀྱི་ལུས་ལ་རབ་ཏུ་ཞུགས་ཤིང་བདག་ཉིད་ཀྱང་ཀུ་རུ་ཀུལླའི་སྐུར་བལྟ་བར་བྱའོ། །པདྨ་ཁ་དོག་དམར་པོ་དང
ཉི་མའི་སྟན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། །རབ་ཏུ་གསལ་བའི་དཀྱིལ་འཁོར་ལ་ཕྱག་དྲུག་པ་གཡས་པ་གཡོན་གྱི་ཕྱག་དང་པོ་དག་གིས་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱག་རྒྱ་འཛིན་པའོ། །གཉིས་པའི་གཡས་དང
གཡོན་པ་དག་གིས་ལྕགས་ཀྱུ་དང་ཨཽད་པ་ལ་དམར་པོ་བསྣམས་པ། །ཕྱག་ལྷག་མ་གཉིས་ཀྱིས་མདའ་དང་གཞུ་རྣ་བའི་རྩར་འགེངས་པའོ། །སྒེག་པའི་ཉམས་དང་ལྡན་པ། ཕྱག་གསེར་གྱི་རྒྱན་གྱིས་བརྒྱན་པ། ལང་ཚོ་གཞོན་ཞིང་ན་བཟའ་དམར་པོས
བརྒྱན་པ། །ཤ་འགག་དམར་པོ་མནབས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པ། ཐུགས་ཀར་ཨཽད་པ་ལ་དམར་པོའི་ཟེ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ལ་བན་དྷུ་ཛི་བ་ཀའི་མེ་ཏོག་ལྟ་བུའི་རཾ་ཡིག་བཀོད
ལ། དེ་བཞིན་དུ་བསྒོམས་ལ་ང་རྒྱལ་བྱ་སྟེ་བདག་ནི་རྗེ་བཙུན་མ་རིག་བྱེད་མའོ་ཞེས་སོ། །དེ་ནས་ལྷ་རྣམས་ཀྱིས་མཆོད་པའི་རྣམ་པ་སྣ་ཚོགས་པ་ལག་ན་འཚང་བ་བརྒྱང་བ་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ་རླུང་གི་དཀྱིལ་འཁོར་ལ་གནས་པར
བལྟས་ལ། །སྙིང་ཁར་ལྕགས་ཀྱུས་ཕུག་ལ་སྒྲུབ་བྱའི་སྙིང་ཁར་ཉེ་བར་འདུག་ལ་ལྕགས་གིས་བྲབ་པར་བྱའོ། །ཽད་པ་ལ་དམར་པོའི་མདེའུ་ཅན་གྱི་མདའ་བསྒྲུབ་བྱ་འགུགས་ཤིང་ཡང་ནས་ཡང་དུ་རྣམ་པར་བཅིང་བར་བྱའོ། །དེ་ལ་འདི་ནི་སྔགས་སོ། །ོཾ
ཀུ་རུ། ཀུལླེ་ཧྲཱིབསྙེན་པ་བྱས་ནས་རི་མོ་མཁན་པོ་སྐྲ་ལ་སོགས་པ་ཁྲུས་བྱས་ཏེ་གསོ་སྦྱོང་བླངས་ནས་རི་མོ་སར་པ་གཙང་ཞིང་དབེན་པའི་ཕྱོགས་བྲིས་པར་བྱའོ། །དེ་བཞིན་དུ་རྫོགས་པ་དང་སྦྱར་ལ་དགེ་བའི་ཉི་མ་ལ་རབ་ཏུ་གནས་པར་བྱ་ཞིང། དེའི་མདུན
དུ་ཅན?་རན?་དཀར་པོས་མཎྜ་ལ་མངོན་པར་བྱུགས་ལ་མར་གྱི་མར་མེ་རབ་ཏུ་སྦར་ཏེ། ཉེར་སྤྱོད་ལྔས་བཅོམ་ལྡན་འདས་མ་ཡང་དག་པར་མཆོད་པར་བྱས་ནས་འདིའི་སྔགས་ཁྲི་བཟླས་སོ། །ོཾ་ཀུ་རུ་ཀུལླེ་ཧྲིནུས་པར་འགྱུར་རོ། །རྗེ་བཙུན་མ་ཀུ་རུ་ཀུལླེ་ཕྱག་དྲུག་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཥ་ཊ་བྷུ་ཛ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་སྔགས
པས་སྟན་བདེ་པ་ལ་འདུག་སྟེ།
CLOSE WINDOW