CLOSE WINDOW

N3183: རིག་བྱེད་མའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིག་བྱེད་མའི་སྒྲུབ་ཐབས། །ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །ཀྱེའི་རྡོ་རྗེའི་རྒྱུད་རིམས་ལས། །འཇིག་རྟེན་གསུམ་པོ་དབང་བྱེད་པའི། རིགས་བྱེད་ཚན་མོ་ལ་བཏུང་ནས། །དེའི་སྒྲུབ་ཐབས་གསལ་བར་བརྗོད། །འདིར རྒྱུད་ལས་ལྷག་པར་བསྒོམ་པར་བྱ་སྟེ། །སྔགས་པས་སྔ་བར་ཉལ་བ་ལས་ལངས་ཏེ། །སྙིང་ཁར་རེ་ཡིག་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་ལ་ཧྲཱིབྱེད་མ་མདུན་དུ་བལྟས་ནས་ཉེར་སྤྱོད་ལྔའི་སྤྲིན་ཚོགས་ཀྱིས་ཡང་དག་པར་མཆོད་ནས། དེའི་མདུན་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ན་སྡུག་བསྔལ་གྱིས སྡུག་བསྔལ་པའི་སེམས་ཅན་རྣམས་ལ་དམིགས་ཏེ་དེ་རྣམས་སྡུག་བསྔལ་བ་ལས་འདོན་པའི་མཚན་ཉིད་ཀྱི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་ཆོས་དང་གང་ཟག་གོས་གཟུང་བ་དང་འཛིན་པའི་རང་བཞིན་དག་གི་དངོས་པོ་མེད་པའི་ངོ་བོ་ཉིད གཉིས་སུ་མེད་པར་བརྗོད་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་བསྒོམས་ལ་དེའི་སྔགས་ཀྱིས་བྱིན་གྱིས་བརླབ་བར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨད་མ་ཀེ་ཧཾ་ཞེས་སོ། །དེ་ནས་དེ་རྣམས་ལྷ་དང་ནམ་མཁའ་གཉིས་སུ་མེད་པར་བསམ་མོ། །ཉི་མའི་དཀྱིལ་འཁོར་བལྟས་ལ། ད་ཨེའི་དབུས་སུ་ཧྲཱིབར་བྱའོ། །ཆུ་སྐྱེས་དམར་མོ་འདབ་མ་བརྒྱད་པའི་དབུས་སུ་རོའི་སྙིང་ཀ་ཉི་མའི་སྟེང་དུ་དཀྱིལ་ཀྲུང་བྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཉི་མའི་དཀྱིལ་འཁོར་འོད་ལ་ཕྱོགས་འཚམས་བརྒྱད་དུ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། །སྐུ་མདོག་དམར མོ་ལོ་བརྒྱད་གཉིས་ལོན་པ་ལྟ་བུ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། །དབུལ་སངས་རྒྱས་ལྔའི་རང་བཞིན་ཐོད་པ་ལྔས་བརྒྱན་པ། །མགོ་བོ་རློན་པའི་དོ་ཤལ་གྱིས་བརྒྱན་པ། །ཞལ་ཆེ་བ་གཙིགས་པ། ལྗགས་སྒྲིལ་བ་སྤྱན་གསུམ་དམར་ཞིང་ཟླུམ ལ་གཡོན་དུ་ལྟ་བ། །ཁྲོ་ཞིང་སྒེག་པའི་ཉམས་ཅན་རུས་པའི་རང་བཞིན་གྱི་འཁོར་ལོ་དང། རྣ་རྒྱན་དང། མགུལ་རྒྱན་དང། ལག་གདུབ་དང། སྐེ་རགས་དང། དཔུང་རྒྱན་དང། རྐང་གདུབ་རྣམས་ཀྱིས་བརྒྱན་པ་རྩ་བའི་ཕྱག་གཉིས་ཀྱིས་མེ་ཏོག དམར་པོའི་གཞུ་དང་ཨཽད་པ་ལའི་མདེའུ་ཅན་གྱི་མདའ་རྣ་བའི་རྩ་རེ་འགེངས་བ། ཕྱག་ལྷག་མ་གཉིས་ཀྱིས་ཨཽད་པ་ལའི་ཞགས་པ་དང། ལྕགས་ཀྱུ་བསྣམས་པ་བསམ་པར་བྱའོ། །དེའི་སྤྱི་བོ་དང། མགྲིན་པ་དང་སྙིང་ཁ་རྣམས་སུ་ཨོཾ་ཨཱ་ཧཱུཾཡི་གེ་རྣམས་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་ཁར་ཉི་མ་ལ་གནས་པའི་ཨཽད་པ་ལ་དམར་པོའི་ཟེ་འབྲུ་ལ་ཉི་མ་ལ་ཧྲིགསོལ་བ་གདབ་པར་བྱ་སྟེ། བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་ཞིང་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་དབུ་བརྒྱན་པའོ། །དེ་ནས་རང་གི་སྙིང་ཁར་ས་བོན་བརྒྱད་ལས་ལྷ་མོ་བྱུང་སྟེ། རང་རང་གི་བྱང་ཆུབ ཀྱིས་སེམས་ཀྱི་ཁུ་བས་ཡང་དག་པར་མཆོད་ནས་དེ་ལ་དེ་བཞིན་དུ་ས་བོན་སྤྲོས་པར་བྱའོ། །སྔགས་དང་ཡི་གེ་རྣམ་པར་སྤངས། །ཐིག་ལེ་མ་ཡིན་སེམས་མ་ཡིན། །འདི་ནི་མཆོག་གི་བདེ་ཆེན་ཏེ། །དོར་བར་མེད་ཅིང་བླང་དུ་མེད། །ཅེས་པ་འདིས་བསྟོད ནས། །དེ་ནས་བདུད་རྩི་མྱང་བའི་ཆོ་གས་བདུད་རྩི་རྣམ་པ་ལྔ་རབ་ཏུ་འབར་ཞིང་རྫོགས་པས་ཧཱུཾ་ཡིག་དཀར་པོ་ལས་ལྕེ་རྡོ་རྗེའི་རང་བཞིན་དུ་བྱས་པ་ཡི་གེ་གསུམ་གྱིས་བྱིན་གྱིས་རླབས་ནས་བདག་ཉིད་ཀུ་རུ་ཀུལླེའི་སྐུར་བསྒོམ་མོ། །བསྒོམ་པས་སྐྱོ ན་སྔགས་པས་སྔགས་བཟླས་པར་བྱའོ། ། །།དེ་བཞིན་དུ་ཧྲིཕུལ་བ་ལ་སོགས་པའི་སྐྱོན་རྣམས་དང་བྲལ་ཞིང་ཙན་དན་དམར་པོའི་ཕྲེང་བས་བཟླས་པར་བྱའོ། །བྱེ་བ་དྲུག་བཟླས་ནས་འགྲོ་བ་དྲུག་འཁོར་ལོས་བསྒྱུར་ཞིང་སེམས་ཅན་རྣམས་དབང་དུ་བྱེད་དོ། །ཐུན་འཚམས་ཀྱི་ནང་དུ་སྐད་ཅིག་གིས་བདག་ཉིད ཀུ་རུ་ཀུལླེའི་སྐུར་བསྐྱེད་པར་བསམས་ནས་མཆོད་པ་དང་བསྟོད་པ་ལ་སོགས་པར་བྱའོ། །ཉན་བཤད་ལ་སོགས་པ་བྱ་བ་ཐམས་ཅད་བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་དེ་བཞིན་དུ་བྱའོ། །དེ་ནས་སྨོན་ལམ་གདབ་པ་ལ་སོགས་པ་བྱས་ནས་ཅི་བདེར ཉལ་བར་བྱའོ། །མན་ངག་འདི་ཡང་བླ་མ་རྒྱུད་བའི་?་པས་ཤེས་བཞིན་རང་གི་སྙིང་ཁའི་ས་བོན་ལས་བདུད་རྩིའི་ཁུ་བ་འཛག་བཞིན་པ་སྙིང་ཁ་ལས་ལངས་ནས་མགོ་བོ་ལ་གཡོན་དུ་འཁོར་ཞིང་དཀྲིས་ནས་རྣ་བ་གཡས་ཀྱིས་བུ་གར་ཞུགས་ཤིང་ལག པ་གཡས་པས་གཞུའི་རྒྱུད་ལ་གནས་པའི་མདའ་ལྟོང་གི་བུ་ག་ནས་མདེའུ་རྩེ་མོར་ཞུགས་ཤིང་དེའི་འོད་ཟེར་འཕྲོ་ཞིང་བསལ་པས་སྲིད་པ་གསུམ་དུ་སོང་ནས་སེམས་ཅན་རྣམས་ཀྱི་སྙིང་ལ་ཞུགས་ཏེ། དེའི་ནུ་སྐྱེས་རྣམས་ཡང་དག་པར་བསྐུལ་ནས་བཀུག་སྟེ། སླར ཡ་ཨང་དེ་ལ་དེ་བཞིན་དུ་ཞུགས་ནས་མདའི་མདེའུ་ལས་རྣ་བའི་བུ་ག་ནས་མགོ་ལ་གཡས་སུ་བསྐོར་བས་སྨིན་མའི་དབུས་སུ་གནས་ནས་ཨ་བ་དྷུ་ཏིའི་ལམ་ནས་མགྲིན་པ་དང་སྙིང་ག་དང་ལྟེ་བའི་མཐར་ཐུག་པ་བདེ་བ་ཆེན་པོའི་སྣང་བའི་གནས་ལ་མན་ངག་ཇི་ལྟ་བ་བཞིན དུ་རབ་ཏུ་གཞུག་པར་བྱའོ། །དེ་ན་ཐབས་དང་ཤེས་རབ་དྲི་མ་མེད་པའི་ཏིང་ནེ་འཛིན་ལས་ཡང་དག་པར་བྱུང་བ་དེའི་བདེ་བ་ཆེན་པོས་གང་བ་བཞིན་དུ་རང་གི་ལུས་དང་ཁམས་གསུམ་ཡང་བལྟ་བར་བྱའོ། །དེའི་སྐད་ཅིག་ལ་ཚིགས་སུ་བཅད་པ་འདི་ཡིད་དོན་དྲན་པར བྱ་སྟེ། ཐོག་མ་དབུས་མཛའ་མེད་པ་སྟེ། འཁོར་བ་དང་ནི་མྱང་འདས་མིན། །དེ་ནི་བདེ་བ་ཆེན་པོ་སྟེ། །བདག་མིན་གཞན་ཡང་མིན་པའོ། །དེ་བཞིན་དུ་སླར་ཡང་ཇི་སྙེད་པའི་སེམས་ཅན་རྣམས་དབང་དུ་བྱས་ནས་དེ་ལ་བྱང་ཆུབ་ཆེན་པོ་མངོན་སུམ་དུ་བྱས་ཏེ། དེ་བཞིན དུ་སྦྱོར་བས་བཟོད་པར་བྱའོ། །དེ་བཞིན་དུ་སྒྲུབ་པ་དང་བསྒྲུབ་བྱེད་མོ་ཀུ་རུ་ཀུལླེའི་སྐུར་བསྒོམས་ནས་གང་དུ་དེའི་ས་བོན་ལ་དེ་བཞིན་དུ་སྒྲུབ་པ་པོའི་མདའ་ལས་བསྒྲུབ་བྱའི་ལག་ན་གནས་པའི་མདའི་མདེའུ་འོད་ཟེར་གྱིས་རྣམ་པར་སད་ནས། དེ་བཞིན་དུ་རྣ བ་གཡས་པ་ན་བཞུགས་ཏེ། དེ་བཞིན་དུ་སོང་ཞིང་དེ་བཞིན་དུ་གནས་ནས་དེ་བཞིན་དུ་ཞུགས་ཤིང་དེའི་གནས་ལ་སོན་ནས་དེ་བཞིན་དུ་གནས་པར་བྱའོ། །དཔལ་ཀུ་རུ་ཀུལླེའི་རྟོག་པ་ལས་ཧྲཱིངེས་པར་སྒྲུབ་བྱས་བསྒྲུབ་པ་པོའི་གཞན་དབང་དུ་གྱུར་ནས་ཡིད་སྤྲོ་བར་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད། །ཆོ་ག་འདི་བསྒྲུབ་བསོད་ནམས་གང། །དེའི་སྐྱེ་བོ་མ་ལུས་པ། དབང་ཕྱུག་བྱང་ཆུབ་ཐོབ་པར་ཤོག་།དཔ ཀྱེའི་རྡོ་རྗེའི་རྒྱུད་ལས་རང་བྱིན་གྱིས་བརླབ་པའི་རིམ་པའོ། །རིག་བྱེད་མའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་རོལ་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཧེ་བཛྲ་ཀྲ་མ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀྱེའི་རྡོ་རྗེའི་རིམས་པའི་རིག་བྱེད མའི་སྒྲུབ་ཐབས།

CLOSE WINDOW