Wylie | e-texts based on the ACIP/ALL ![]() ![]() |
།ཕྱི་ནས་བསྒོམ་པ་དང་ལྡན་པས་སྔགས་བཟླས་པར་བྱའོ། །ོཾ་ཀུ་རུ་ཀུལླེ་སྭཱཧཱ། རིག་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་མ་ཏཱི་ཀུ་རུ་ཀུལླེ་སཱ་དྷ
ནཾ། བོད་སྐད་དུ། དཔལ་ལྡན་འཕགས་མ་རིགས་བྱེད་མའི་སྒྲུབ་ཐབས། །འཕགས་མ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིམཚན་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་འཕགས་མ་རིག་བྱེད་མ་སྐུ་མདོག་དམར་མོ་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ། །འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། ན་བཟའ་དམར་པོ་སྣ་ཚོགས་པའི་སྟོད་གཡོགས་ཅན
འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། ཕྱག་བཞི་པ་རྩ་བའི་ཕྱག་དག་གིས་ཨཽད་པ་ལ་དམར་པོའི་མདེའུས་རྣམ་པར་མཛེས་པའི་མངའ་དང་བཅས་པའི་མེ་ཏོག་གིས་གཞུ་རྣ་པའི་རྩར་འགེངས་པ། གཡོན་སྡོང་བུ་དང་བཅས་པའི་ཨཽད
པ་ལ་དམར་པོ་ཁ་ཕྱེ་བ་བསྣམས་ཤིང། །གཡས་པ་མཆོག་སྦྱིན་མཛད་པའོ། །སྒེག་མའི་ཉམས་ཆེན་པོས་རོལ་པར་བལྟས་ཏེ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ནས་རང་གི་ལུས་ཀྱི་འོད་ཟེར་དམར་པོའི་ལྕགས་ཀྱུས་བཀུག་པའི་ལྷ་དང
ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། གནོད་སྦྱིན་དང། སྐྱེས་པ་དང། བུད་མེད་བརྒྱ་སྟོང་ལ་སོགས་པའི་ཚོགས་ཤིན་ཏུ་གུས་པར་འདུད་ཅིང་མཆོག་ཏུ་དབང་དུ་གྱུར་པར་ཕྱོགས་བཅུ་རྣམས་སུ་ཡང་དག་པར
བལྟའོ། །ོཾ་ཀུ་རུ་ཀུ་ལླེ་ཧྲཱིབཟླས་པ་འབུམ་བྱས་ནས་གུས་ཤིང་འདུད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་དབུས་སུ་འཇུག་ཅིང་རང་གི་ལུས་ཀྱིས་འོད་ཟེར་གྱིས་ལྕགས་ཀྱུས་སྒྲུབ་བྱ་བཀུག་ལ་མདུན་དུ་བཀོད་ནས། རང་གི་སྙིང་ཁར་ཨཽད་པ་ལ་དམར་པོ
འདབ་མ་བཅུ་དྲུག་པ་དེའི་སྙིང་ཁར་ཡང་བསམས་ནས་འཕགས་པ་ཡན་ལག་མེད་པའི་རྡོ་རྗེས་གསུངས་པའི་རིམ་པས་བུང་བའི་ལྕགས་ཀྱུ་བསྒོམས་ལ། །དེའི་མིང་གི་ཡི་གེ་རང་གི་སྙིང་ཁའི་སྔགས་ཀྱིས་ཤིན་ཏུ་མནན་ནས་དེ་བཞིན་དུ
མདས་སྙིང་ཁར་ཕུག་སྟེ་ཆགས་པ་ཆེན་པོས་རྒྱལ་ཞིང་གཞུ་རྒྱུད་ཀྱིས་རྐང་པ་བཅིངས་ཤིང་སྐེ་ཨཽད་པ་ལའི་ཞགས་པས་བཅིངས་ནས་ཡང་དག་པར་བཀུག་སྟེ་རང་གི་རྐང་པ་དག་གིས་དྲུང་དུ་བསྒྱེལ་ལ། སྐྱེས་པ་ཡིན་ན་ལྕགས་ཀྱུས་སྙིང་ཁར་དབུག
པར་བྱའོ། །བུད་མེད་ཀྱི་ཆོས་འབྱུང་ལའོ། །ོཾ་ཀུ་རུ་ཀུལླེ་ཆེ་གེ་འམ་ཆེ་གེ་མོ་ཨཱ་ཀ་རཱ་ཡ་ཧྲིཔོ་དང། བློན་པོའི་ཚོགས་ཕལ་པ་དབང་དུ་འཕྱུར་རོ། །ཁྲི་བཟླས་པས་མངའ་རིས་ཀྱི་འཇིག་རྟེན་ནོ། །འབུམ་བཟླས་པས་རྒྱལ་པོའོ། །འབུམ་ཕྲག་བདུན་གྱིས་ལྷ་དང་ལྷ་མ་ཡིན་གྱི་བུ་མོའོ། །བྱེ་བས་ནི་ནམ་མཁའ་ཨི་ལྡིང་དང་གློང་པོ་ཚ་ས་སྲུང་གི་བུ་ལ
སོགས་པ་ལྷའི་བདུད་འགྲོ་རྣམས་དང། དུད་འགྲོ་ཕལ་པ་རྣམས་ཀྱང། །གུས་བས་རྒྱུན་མ་ཆད་པར་དུས་རིང་པོ་དཔག་ཏུ་མེད་པར་བཟླས་ནས་གསུམ་ཡང་དབང་དུ་བྱེད་པར་འགྱུར་རོ། །དཔལ་ལྡན་འཕགས་མ་རིག་བྱེད་མའི་སྒྲུབ་ཐབས་རྫོགས་སོ།།
རྒྱ་གར་སྐད་དུ།
CLOSE WINDOW