CLOSE WINDOW

N3166: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

།ོཾ་ཨཱསྒྲུབ་ཐབས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་སྦྱར་བ་ཡིས། །གཞུང་ལམ་དག་ལ་དེའི་སྒྲ། །བྱང་ཆུབ་ས་བོན་བླ་ན་མེད ཤེས་རབ་ཕ་རོལ་ཕྱིན་བཏུད་ནས། །གཉིས་མེད་ཡེ་ཤེས་བསྒྲུབ་པའི་ཕྱིར། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །དང་པོར་རེ་ཞིག་སྔགས་པས་མཉམ་པར་བཞག་པར་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་པ་ཡིད་ལ་བྱས་ཏེ། ཙན དན་གྱི་མཎྜལ་བྱས་ནས་དེའི་ཡན་ལག་ངོ་བོ་ཉིད་མེད་པའི་རང་བཞིན་གྱིས་དེ་ལ་དབུས་སུ་མི་བསྐྱོད་པ་བལྟས་ནས་མེ་ཏོག་དབུལ་བར་བྱའོ། །སྔགས་འདིས་སོ། །ོཾ་ན་མོ་ཨཀྵོ་བྷཡ་ཡ་ཧཱུཾ་ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། །དེ་བཞིན་དུ་ཨཀྵོ་བྷཡ་ཡ་ཧཱུཾ ཞེས་པའི་ས་བོན་གྱི་ཡི་གེ་བརྗོད་པར་བྱའོ། །གཞན་རྣམས་ཀྱང་ངོ། །ོཾ་བཛྲ་དྷུ་པེ་ཧཱུཾ་སྭཱཧཱ། །ོཾ་བཛྲ་གནདྷེ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་དྷི་པེ་ཧཱུཾ་སྭཱཧཱ། །ོཾ་བཛྲ་ནཻ་པེ་དྱ་ཧཱུཾ་སྭཱཧཱ། ཞེས་པས་ཐམས་ཅད་དབུལ་བར་བྱའོ། །དེའི་མདུན་དུ་ཨོཾ་ན་མོ་བཻ་རོ་ཙ་ན་ཡ ོཾ། ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ་ཞེས་སོ། །དེ་བཞིན་དུ་གཡས་ཕྱོགས་ལོགས་སུ་ཨོཾ་ན་མོ་རཏན་ས་མ་བྷ་བཱ་ཡ་ཏྲཱཾ། ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། དེ་བཞིན་དུ་རྒྱབ་ཏུ། ཨོཾ་ན་མོ་ཨ་མི་ཏཱ་བྷཱ་ཡ་ཧྲཱི། ཨོཾ་བཛྲ་པུཥཔེ་ཡེ་ཧཱུཾ་སྭཱཧཱ། དེ་བཞིན་དུ་གཡོན་དུ་ཨོཾ ན་མོ་ཨ་མོ་གྷ་སིདྷི་ཡེ། ཨོཾ་ཨཱསྭཱཧཱ། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་དག་གི་དབུས་སུ། ཨོཾ་ན་མོ་མ་མ་ཀྱཻ་མཾ་ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། །ཡང་འོད་དཔག་མེད་དང། དོན་ཡོད་གྲུབ་པ་དག་གི་དབུས་སུ་ཨོཾ་ན་མོདོན་ཡོད་གྲུབ་པ་དང་རྣམ་པར་མཛད་དག་གི་དབུས་སུ་ཨོཾ་ན་མོ་སྟ་རཱ་ཡཻ་ཏཱཾ་ཨོཾ་བཛྲ་པུཥཔེ་ཧཱུཾ་སྭཱཧཱ། །དེ་ནས་མི་བསྐྱོད་པའི་གནས་སུ། ཨོཾ་ན་མསོགས་པ་ལན་གསུམ་དབུལ་བར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པས་ལྷའི་མཆོད་པ་རྣམ་པ་སྣ་ཚོགས་པས་མཆོད་པར་བྱའོ། ཞེས་པ་ནི་མཎྜལ་གྱི་ལས་སོ། །ད་ནི་དེ་ཉིད་བསམ་པར་བྱ་སྟེ། འདིར་སེམས་ཅན རྣམས་སྲིད་པའི་སྡུག་བསྔལ་གྱི་ཚོགས་ཀྱིས་མནར་ཞིང་ཡང་དང་ཡང་དུ་འཁོར་ཏེ། ཀྱེ་མ་འདི་རྣམས་སྡུག་བསྔལ་ལོ་ཞེས་སྙིང་རྗེའི་སེམས་བསྐྱེད་ཅིང་དེ་ཉིད་བསམ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་བརྙེས པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་དེ་རྣམས་ཀྱང་བདག་གིས་དེ་ལ་དགོད་ཅིང་ཇི་ལྟར་དེ་རྣམས་ཀྱང་སླར་ཡང་སྡུག་བསྔལ་མེད་ཅིང་འཁོར་བ་ལས་གྲོལ་ཞིང་བདེ་བར་ཡང་བྱའོ། །ཞེས་པ་ནི་སྨོན པ་སེམས་བསྐྱེད་པའི་མཚན་ཉིད་དོ། །དེ་ནས་རང་གི་སྙིང་གར་ན་བུན་གྱི་དོ་ཤལ་ཅན་དབང་ཕྱུག་དགོད་པ་ལྟ་བུར་དཀར་ཞིང་བདུད་རྩིའི་ཚོགས་ལྟ་བུའི་ཟླ་བའི་དཀྱིལ་འཁོར་བལྟས་ལ། དེ་ལ་དྷཱིདཔག་ཏུ་མེད་པ་བརྒྱ་སྟོང་གི་སྒྲོན་མས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དཔག་ཏུ་མེད་པས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་འཕྲོས་པ་བལྟས་ནས། འདིར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང། སྤྱན མ་ལ་སོགས་པའི་ལྷ་མོ་རྣམས་དང། དགེ་བའི་བཤེས་གཉེན་རྣམས་ཀྱང་དཔག་ཏུ་མེད་པའི་མེ་ཏོག་དང། སྤོས་དང། མར་མེ་དང། དྲི་དང། ཞལ་ཟས་དང། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། བུད་མེད་རིན པོ་ཆེ་དང། སྐྱེས་བུ་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱིས་ཀྱང་འདི་རྣམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང། ལྷ་མོ་རྣམས་དང། དགེ་བའི་བཤེས་གཉེན་རྣམས་ཀྱང་ནམ་མཁའ་ལ་ཡིད་ལས་སྐྱེས་པའི་མེ་ཏོག་ལ་སོགས་པ རྣམས་ཀྱིས་མཆོད་པར་བྱའོ། །བདག་ཉིད་དབུལ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་རྣམས་བྱའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དང། སྤྱན་མ་ལ་སོགས་པ་རྣམས ཀྱང་ནམ་མཁའ་ལ་སྤྲོ་ཞིང་བསྡུ་བ་ཐུན་མཚམས་མེད་པར་བྱའོ། །དེ་བཞིན་དུ་བསྒོམ་བ་ནི་འཇུག་པའི་སེམས་བསྐྱེད་པའི་མཚན་ཉིད་དོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷགཅིག་པུ་བཞིན་དུ་བལྟ་ཞིང་བར་སྣང་ལ་འཕྲོ་བཞིན་པའི་བདུད་རྩིའི་ཚོགས་པ་བཞིན་དུ་དྲི་མ་མེད་ཅིང་ཟླ་བ་ཡོངས་སུ་གང་བལྟ་བུ་ཆ་ཤས་ཀྱི་ཚོགས་པ་ཐམས་ཅད་ཡོངས་སུ་གང་བ་འབར་ཞིང་འབར་བ་བལྟས་ནས། དེ་ནས་ཨོཾ་ཤཱུ་ ནྱ་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་བ་ཨཱདམ་གོ་ཧཾ་ཞེས་བརྗོད་པར་བྱའོ། །བདག་ཉིད་བལྟས་ནས་གཟུགས་མེད་ཅིང་འདུ་ཤེས་ཀྱི་རང་བཞིན་མེད་པ་སྟེ། འོན་ཀྱང་འོད་ཟེར་གྱི་ཚོགས་པ་ལྟ་བུ་འབའ་ཞིག་འཕྲོ་བ་ཞེས་དེ་བཞིན ད་ཨུ་བསམས་ནས་ཡང་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལ་དེ་ནས་དྷཱིཔ་དབྱངས་ཡིག་བཅུ་དྲུག་གིས་བསྐོར་བ་ལ་དེ་བཞིན་དུ་ཀ་ཡིག་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་གཉིས་ཧ་ཡིག་ལ་སོགས་པ་ཐམས་ཅད་ཀྱང་དཀར་པོའོ། །དེ་བཞིན་དུ་དེའི་འདབ་མ་ལ་སྒེག་མོ་དང། ཕྲེང་བ་མ་དང། ཀླུ མ་དང། གང་མ་དང། མེ་ཏོག་མ་དང། བདུག་སྤོས་མ་དང། མར་མེ་མ་དང། དྲི་མ་སྟེ་རྣལ་འབྱོར་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །དེ་ཐམས་ཅད་ཀྱང་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཟླ་བ་བསྐྱེད་དེ། དེ་ལས་སྐྱེས་པའི་པདྨ་ལ དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིའོ། །སླར་ཡང་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ། དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་གཉིས་པའོ། །སླར་ཡང་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་ལ་བཞུགས པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་གསེར་གྱི་མདོག་ལྟ་བུ་ཡན་ལག་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་དུ་མཛད་པ། ཡང་གཡོན་དང་གཡས་ན་ཨཽཏ་པ་ལ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི པོ་ཏི་གཉིས་བསྣམས་པ། དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྲས་ཀྱིས་ཡོངས་སུ་བསྐོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་འཁྲུངས་པ་སྟེ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ ཏུ་ཕྱིན་པ་བསྒོམ་པར་བྱའོ། །གང་གི་ཚེ་བསམ་གཏན་མི་ནུས་ན་དེའི་ཚེ་སྔགས་བཟླས་པར་བྱའོ། །ོཾ་ཨཱ་དྷཱིཔོའོ། །ཡང་ཐུགས་ཀར་དྷཱིརབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།དང་པོའི་དུམ་བུའོ།། །།རྒྱ་གར་སྐད་དུ། ཨཱརྱ་བཛྲ་སཱ་ར་སྭ་སྟི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་རྡོ་རྗེ་དབྱངས ཅན་མའི་སྒྲུབ་ཐབས།

CLOSE WINDOW