CLOSE WINDOW

N3145: ཨོ་ཌི་ཡཱ་ནའི་འོད་ཟེར་ཅན་གྱི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་པ་ཨོཾ་ཊི་ཡཱ་ནའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨོ་ཌི་ཡཱ་ན་མཱ་རི་ཙཡཻ་སཱ་དྷ་ནཾ། བོད་སྐད་དུ། ཨོ་ཌི་ཡཱ་ནའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར ཅན་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམས་ཏེ། སྣ་ཚོགས་པདྨ་དང་ཉི་མ་ལ་མཾ་ཡིག་དམར་པོའི་ས་བོན་ཡོངས་སུ་གྱུར་པ་ལས། ཨོ་ཌི་ཡཱ་ནའི་འོད་ཟེར་ཅན སྐུ་མདོག་དམར་པོ་ཞལ་དྲུག་པ། ཕྱག་བཅུ་གཉིས་པ། ཞལ་སོ་སོ་ལ་སྤྱན་གསུམ་པ་དམར་པོ་དང། །ནག་པོ་དང། དཀར་པོ་དང། ལྗང་གུ་དང། སེར་པོ་རྣམས་གཡས་བསྐོར་གྱི་ཞལ་ལྔའོ། །སྟེང་དུ་ཕག་པའི་ཞལ་ནག་པོའོ། །གཡས ཀྱི་ཕྱག་དྲུག་རྣམས་ན་རིམ་པ་བཞིན་དུ་རལ་གྲི་དང། འཁོར་ལོ་དང། གཏུན་ཤིང་དང། མདའ་དང། དགྲ་སྟ་དང། རྡོ་རྗེ་རྩེ་གཅིག་པ་རྣམས་སོ། །ཕྱག་གཡོན་པ་རྣམས་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ཁ་ཊཝཱཾ་ག་དང་ཐོད་པ དང། མྱ་ངན་མེད་པའི་ཡལ་ག་དང། ཚངས་པའི་མགོ་བོ་དང། གཞུ་དང། རྩ་གསུམ་རྣམས་སོ། །མཆོད་རྟེན་གྱི་ནད་ན་གནས་པ། ཀླུའི་དབང་པོ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང། ཞལ་མཆེ་བ གཙིགས་པ། མགོ་བོ་སྐམ་པོ་བརྒྱད་ཀྱིས་དབུ་བརྒྱན་པ། མགོ་བོ་རློན་པའི་ཕྲེང་བ་ཕྲག་པ་ལ་འཕྱང་བ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ཤིང་རྟའི་འོག་ཏུ་སྣ་ཚོགས་པའི་ཕག་བརྒྱད་ཀྱིས་ཤིང་རྟ་ལ་ཞུགས་པ། ཕྱི་རོལ་ཏུ་དུར ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། ཤིང་རྟའི་དབུས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྡོ་རྗེ་དང། ཁབ་དང། མྱ་ངན་མེད་པའི་ཤིང་དང། སྡིགས་མཛུབ་མཛད་པ་འོད་ཟེར་ཅན་སྐུ་མདོག་དམར་མོ་ཤ འགག་སེར་པོ་ཅན། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ན་བཟའ་ཅན། དེ་བཞིན་གཤེགས་པ་ལྔའི་འོད་ཟེར་དམར་པོ་འཕྲོ་བ་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཉི་མ་ལ་མཱཾ་ཡིག་གི་ས་བོན་ལས རྣམ་པར་བྱུང་བའི་འོད་ཟེར་བརྒྱས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་གདན་དྲངས་ཏེ་དབང་བསྐུར་བ་བླངས་པ་ནས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའི་བདག་ཉིད་རྣམ་པར་བསམ་པར་བྱའོ? ད་ཨེ་ནས་རང་གི་ས་བོན་ལ་རབ་ཏུ་བསྒྲུབས་པའི་ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་དང་བསྙེན་བ་སྔོན་དུ་འགྲོ་བས་སྔགས་པས་དེའི་ས་བོན་ལས་རྣམ་པར་བྱུང་ནས་ཡི་གེ་རྣམས་ཕྲེང་སྐུད་ཀྱི་རྣམ་པས་སྙིང་ག་ནས་འཐོན་ཏེ ལྟེ་བ་ལྟེ་བ་ནས་སླར་ཡང་སྙིང་ག་ལ་སོགས་པར་འཁོར་ལོ་འཁོར་བ་ལྟར་སྦྱོར་བས་སྔགས་བཟླས་པར་བྱའོ། །ོཾ་མཱ་རཱི་ཙཡཻ་མཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བཟླས་པར་བྱས་ནས་ཕྱིས་ཀྱི་དུས་སུ་ཏིང་ངེ་འཛིན་ལ་ཉེ་བར་བསྡུས་ལ། དེ་ཉིད་ཀྱིས་ཇི ལྟར་བདེ་བར་གནས་པར་བྱའོ། །སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་པ་ཨོ་ཌི་མཱ་ནའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་དོ།། །།རྒྱ་གར་སྐད་དུ། སྭཱ་དྷཱཥྛི་ན་ཀྲ་མ མཱ་རཱི་ཙཡཻ་སཱ་དྷ་ནཾ།

CLOSE WINDOW