CLOSE WINDOW

N3136: ཙུནྡེའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

འཕགས་མ་ཙུན་དེ་ལ་ཕྱག་འཚལ་ལོ། །ལྷ་མོ་ཙུན་དེ་ལྷག་པར་ཆེ། །ཡང་དག་རྒྱལ་བ་དེ་བཏུད་ནས། །དངོས་གྲུབ་མྱུར་དུ་རབ་འགྲུབ་པ། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་བརྗོད། །དང་པོར་རེ་ཞིག་སྔགས པས་རང་གི་སྙིང་གར་ཟླ་བའི་དབུས་སུ་ས་བོན་སྡེ་ཚན་གསུམ་པའི་དང་པོ་ལ་དང་པོའི་ལྔ་པས་བརྒྱན་པ། ཟླ་ཕྱེད་དང་ཐིག་ལེས་སྤྲས་པ། སྟོན་ཀའི་ཟླ་བའི་འོད་ཟེར་གྱི་ཕྲེང་བ་ཅན་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས? ཀྱིས་མཛེས་པ། དེའི་འོད་ཟེར་ལས་སྐྱེས་པའི་བཅོམ་ལྡན་འདས་མ་དང། བླ་མ་དང་སངས་རྒྱས་ལ་སོགས་པ་བལྟས་ནས། མངོན་པར་ཕྱག་བྱས་ཏེ་སྔགས་ཀྱིས་མཆོད་པར་བྱའོ། །ོཾ་པུཥཔེ་ཧཱུཾ། ཨོཾ་བཛྲ་དྷུ་བེ་ཧཱུཾ། ཨོཾ་བཛྲ་དཱི་ཕེ་ཧཱུཾ། ཨོཾ བཛྲ་གནདྷE་ཧཱུཾ། ཨོཾ་བཛྲ་ནཻ་བེ་བྱ་ཧཱུཾ། དེ་ནས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །ཞེས་བརྗོད་པར་བྱའོ། །དེ་ནས་སྨོན་ལམ སྔོན་དུ་འགྲོ་བས་སྔགས་འདིས་ཆོས་ཐམས་ཅད་སྟོང་པ་ཉིད་བདག་མེད་པར་བསྒོམ་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་ཁམས་གསུམ་མ་ལུས་པ་ས་བོན་སྒྱུ་མའི་རྣམ་པར་བསམས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷད་ྷརྨཱཔ། ཕྱག་གཉིས་ཀྱིས་ལྷུང་བཟེད་བསྣམས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བ་ལ་གནས་པ་བསྒོམ་པར་བྱའོ། །ཕྱི་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། །སྙིང་ག་དང། མཛོད་སྤུ་དང། མགྲིན་པ་དང། སྤྱི་བོ་རྣམས་སུ་བསྲུང་བ་བྱས་ནས བཟླས་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་ཐལ་མོ་སྦྱར་ནས་སྡིགས་མཛུབ་གཉིས་གུང་མོའི་དཀྱིལ་དུ་འཁྱིལ་བའི་རྣམ་པར་སྦྱར་ཞིང་མཐེབ?་ཆེན་གཉིས་ལོགས་སུ་སྦྱར་བར་བྱ་སྟེ། འདི་ནི་ཙུན་དེའི་ཕྱག་རྒྱའོ། །སྔགས་ནི་འདི་ཡོན ཏེ། ཨོཾ་ཙ་ལེ་ཙུ་ལེ་ཙུནདེ་སྭཱཧཱ། ཙུན་དེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཙུནདེ་སཱ་དྷ་ནཾ། བོད་སྐད་དུ། ཙུན་དེའི་སྒྲུབ་ཐབས། འཕགས་མ་ཙུན་དེ་ལ་ཕྱག་འཚལ་ལོ། །དང་པོར་སྙིང་གར་ཟླ་བ་ལ་ཙུ་མ་ཡིག་དཀར་པོའི་ས་བོན བལྟས་ལ། ཨོཾ་ཙ་ལེ་ཙུ་ལེ་ཙུནདེ་སྭཱཧཱ། ཙུན་དེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཙུནདེ་སཱ་དྷ་ནཾ། བོད་སྐད་དུ། ཙུན་དེའི་སྒྲུབ་ཐབས། འཕགས་མ་ཙུན་དེ་ལ་ཕྱག་འཚལ་ལོ། །དང་པོར་སྙིང་གར་ཟླ་བ་ལ་ཙུ་མ་ཡིག་དཀར་པོའི་ས་བོན བལྟས་ལ། དེའི་འོད་ཟེར་གྱིས་སངས་རྒྱས་ལ་སོགས་པ་རྣམས་ལ་མཆོད་པ་དང། ཕྱག་འཚལ་བ་དང། ཡང་དག་པར་བསྟོད་པ་དང། སྡིག་པ་བཤགས་པ་ལ་སོགས་པ་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མཆོད་པའི་རྗེས་ལ་གསུམ ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བརྗོད་ནས་བཟོད་པར་གསོལ་ཏེ། དེའི་འོད་ཟེར་གྱིས་སངས་རྒྱས་ལ་སོགས་པ་རྣམས་ལ་མཆོད་པ་དང། ཕྱག་འཚལ་བ་དང། ཡང་དག་པར་བསྟོད་པ་དང། སྡིག་པ་བཤགས་པ་ལ་སོགས་པ་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མཆོད་པའི་རྗེས་ལ་གསུམ ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བརྗོད་ནས་བཟོད་པར་གསོལ་ཏེ། ཚད་མེད་པའི་གནས་བཞི་རྣམ་པར་བསྒོམ་ཞིང་སྟོང་པ་ཉིད་བསམ་པར་བྱའོ། །དེ་ནས་སྣ་ཚོགས་པདྨ་དང་ཟླ་བ་ལ་ཡང་རང་གི་ས་བོན་བསམ་ཞིང་དེ་ཡོངས་སུ་གྱུར་པ་ལས འཕགས་བཙུན་དེ་སྟོན་ཀའི་ཟླ་བ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ། ཚད་མེད་པའི་གནས་བཞི་རྣམ་པར་བསྒོམ་ཞིང་སྟོང་པ་ཉིད་བསམ་པར་བྱའོ། །དེ་ནས་སྣ་ཚོགས་པདྨ་དང་ཟླ་བ་ལ་ཡང་རང་གི་ས་བོན་བསམ་ཞིང་དེ་ཡོངས་སུ་གྱུར་པ་ལས འཕགས་བཙུན་དེ་སྟོན་ཀའི་ཟླ་བ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་པ་མཆོག་སྦྱིན། ཕྱག་གཡོན་པ་པོ་ཏིས་མཚན་པའི་པདྨ། ཕྱག་ལྷག་མ་དག་གིས་ལྷུང་བཟེད་བསྣམས་པ། རྒྱན་དང་ན་བཟའ་སྣ་ཚོགས་པས་རྣམ་པར་བརྒྱན པ་རྡོ་རྗེ་སེམས་དཔའ་ཨི་ཅོད་པན་ཅན། ཕྱག་གཡས་པ་མཆོག་སྦྱིན། ཕྱག་གཡོན་པ་པོ་ཏིས་མཚན་པའི་པདྨ། ཕྱག་ལྷག་མ་དག་གིས་ལྷུང་བཟེད་བསྣམས་པ། རྒྱན་དང་ན་བཟའ་སྣ་ཚོགས་པས་རྣམ་པར་བརྒྱན པ་རྡོ་རྗེ་སེམས་དཔའ་ཨི་ཅོད་པན་ཅན། སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པའི་སྐུའི་བདག་ཉིད་སྤྲོ་ཞིང་སྐད་ཅིག་གིས་བསྐྱེད་ནས་རང་གི་ས་བོན་སྙིང་གར་བསམ་ཏེ་ཕྱག་རྒྱ་གནས་གསུམ་དུ་དགོད་པར་བྱའོ། །ལག་པ་གཉིས་ཐལ་མོ་སྦྱར ནས་མཛུབ་མོ་གཉིས་གུང་མོའི་དཀྱིལ་དུ་འཁྱིལ་བའི་རྣམ་པར་སྦྱར་ཏེ་མཐེབ་ཆེན་གཉིས་ལོགས་སུ་སྦྱར་བའོ། སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པའི་སྐུའི་བདག་ཉིད་སྤྲོ་ཞིང་སྐད་ཅིག་གིས་བསྐྱེད་ནས་རང་གི་ས་བོན་སྙིང་གར་བསམ་ཏེ་ཕྱག་རྒྱ་གནས་གསུམ་དུ་དགོད་པར་བྱའོ། །ལག་པ་གཉིས་ཐལ་མོ་སྦྱར ནས་མཛུབ་མོ་གཉིས་གུང་མོའི་དཀྱིལ་དུ་འཁྱིལ་བའི་རྣམ་པར་སྦྱར་ཏེ་མཐེབ་ཆེན་གཉིས་ལོགས་སུ་སྦྱར་བའོ། །སྔགས་ནི། ཨོཾ་ཙ་ལེ་ཙུ་ལེ་ཙུནདེ་སྭཱཧཱ། ཞེས་སོ། །ཙུན་དེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཙུནདེ་སཱ་དྷ་ནཾ། བོད་སྐད་དུ། །སྔགས་ནི། ཨོཾ་ཙ་ལེ་ཙུ་ལེ་ཙུནདེ་སྭཱཧཱ། ཞེས་སོ། །ཙུན་དེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཙུནདེ་སཱ་དྷ་ནཾ། བོད་སྐད་དུ།

CLOSE WINDOW