Wylie | e-texts based on the ACIP/ALL ![]() ![]() |
།སངས་རྒྱས་དང་མཚུངས་ཐེ་ཚོམ་མེད། །རལ་པ་གཅིག་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཨེ་ཀ་ཛཱ་ཊི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་རལ་གཅིག་མའི་སྒྲུབ་ཐབས། འཕགས
མ་རལ་གཅིག་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱི་དང་ནང་གི་མཆོད་པ
རྣམས་ཀྱིས་ཡང་དག་པར་མཆོད་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་ཤིན་ཏུ་བརྟན་པའི་བྱང་ཆུབ་སེམས་བསྐྱེད་དེ། ཨོཾ་ཞེས་ཡི་གེ་བརྗོད་ནས་ཆོས་ཐམས་ཅད་སྟོང་པ་ཉིད་མངོན
དུ་བྱས་ཏེ། སླར་ཡང་ཨ་ཡིག་བརྗོད་པ་དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་བསྒོམ་པར་བྱའོ། །དེའི་དབུས་སུ་ཊཾ་ཡིག་ལས་སྐྱེས་པའི་པདྨའི་སྣོད་དུ་ཆུ་ཤེལ་གྱི་འོད་དང་མཚུངས་པ། དེའི་དབུས་སུ་འོད་ཟེར་འཕྲོ་བས་འཇིག་རྟེན་གྱི་ཁམས
མཛའ་ཡས་པ་སྣང་བར་མཛད་པ་ཨཻནད་ནི་ལའི་འོད་དང་ལྡན་པའི་ཧཱུཾ་ཡིག་རྣམ་པར་བསམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས། །རིན་ཆེན་ཨཻནྡྲ་ནཱི་ལ་ཡི། །འོད་ལྡན་འགྲོ་བ་གསུམ་པོ་ཁྱབ། ཕྱག་བཞི་འཇིགས་པ་ཆེན་མོ་སྟེ། །དམར
ཞིང་འཇིགས་པའི་སྤྱན་གསུམ་མ། །སྟག་གི་པགས་པའི་ན་བཟའ་མནབས། །པདྨ་སྣོད་ཀྱིས་རབ་བརྒྱན་མ། །རུས་པའི་དོ་ཤལ་གྱིས་བརྒྱན་ཅིང། །གཏུམ་མོ་ཡི་ནི་གཟུགས་ཅན་མ། །ལོ་བརྒྱད་གཉིས་ཀྱི་རྣམ་པ་ཅན། །དཀར་འཛིན
མཐོ་ཞིང་མཁྲེགས་པ་སྟེ། །ཀུན་ནས་ཁམ་པའི་རལ་བ་ཅན། །སྦྲུལ་ནག་རྒྱན་གྱིས་རྣམ་པར་བརྒྱན། །ཞལ་ནི་ཅུང་ཟད་མཆེ་བ་གཙིགས། །ལྗགས་སྒྲིལ་འཇིགས་པར་བྱེད་མ་སྟེ། །ལྟོ་ནི་འཕྱང་ཞིང་བྱམས་ཆེན་མ། །སྙིང་རྗེས་ཀུན་ཏུ་ཡིད་ཁྱབ
མ། །དོ་ཤལ་རྐང་གདུབ་དབུ་བརྒྱན་དང། །གཡེར་ག་སྐེ་རགས་ལ་སོགས་པས། །བརྒྱན་ཅིང་གཏུམ་མོ་ཧཱུཾ་མཛད་མ། །བདུད་ཀྱི་དཔུང་ཆེན་ལས་རྒྱལ་མ། །ཕྱག་གཡོན་ཆུ་སྐྱེས་སྣོད་བསྣམས་མ། །གཡས་ཀྱི་ཕྱག་ན་སོར་བཞིན་པའི། །བདུད་རྣམས་སྐྲག
པར་མཛད་པ་ཡི། །རྡོ་རྗེ་དང་བཅས་གྲི་གུག་བསྣམས། །སླར་ཡང་གཡོན་པའི་ཕྱག་ན་ནི། །སྡོང་བུ་དང་བཅས་ཨཽདྤ་ལ་བསྣམས། །ཕྱག་གཡས་ན་ནི་རལ་གྲི་བལྟ། །དེ་ནི་ཡོངས་སུ་གྱུར་པ་ལས། །སྐར་མའི་ཕྲེང་བའི་འོད་འཕྲོ་བའི། །བགྲང་ཕྲེང་རྣམ
པར་བསྒོམ་པར་བྱ། །ཐོད་པ་ཁྲག་གིས་གང་པའི་དབུས། །གཡས་བརྐྱང་གིས་ནི་ཡང་དག་གནས། །བསྐལ་པའི་མེ་དང་མཚུངས་པ་ཡི། །འོད་ཟེར་འབར་བས་འཁོར་བའི་སྐུ། །ལྷ་མོ་རལ་པ་གཅིག་པ་བསམ། །འགྲོ་བའི་སྔགས་བཟླས་དེ་ནས
ནི། །བསམ་མེད་སྔགས་ཀྱི་ནུས་པ་མི། ཕྱེད་བཅས་ཡི་གེ་བཞི་པ་ཡིས། །འགྲོ་བ་གཡོ་ཞིང་དབང་བྱེད་དང། །འབེབས་ཤིང་སྐྲག་མཛད་སངས་རྒྱས་གསུང། །བསྒྲུབ་བྱའི་སྤྱི་བོར་རྐང་པ་དག་།གཡས་བརྐྱང་ཞབས་ཀྱིས་ཀུན་ནས་མནན། །
དེ་བཞིན་པདྨའི་སྣོད་ལ་བསྒོམ། །རྣལ་འབྱོར་སྔགས་ནི་སྤྲོ་ཞིང་ཟླ། །སྔགས་གསུངས་པ་ལས་དངོས་གྲུབ་ནི། ཡང་དག་ལྷ་མོ་རབ་ཏུ་རྟོགས། །དང་པོ་མ་ཡི་ཤིང་རྟ་ཞོན། །ས་མཛའ་ཨའི་ཡི་དབྱངས་ཀྱིས་བརྒྱན། །ཕྱི་ནས་ཟླ་ཕྱེད་ཐིག་ལེ་ཡིས།།
དབུ་ཡི་སྟེང་དུ་ཡང་དག་རྒྱན། །གཉིས་པ་ཡང་ནི་དེ་བཞིན་ཏ། །འོན་ཀྱང་ཎ་མཛའ་ཨི་གཟུགས་ཀྱིས་དབྱེ། །ས་མཛའ་དེ་བཞིན་གསུམ་པ་ཡང། །དྲུག་པའི་དབྱངས་དང་ཡང་དག་ལྡན། །སྔོན་མ་བཞིན་དུ་དབུལ་མཛེས། །བཞི་པ་ཕཊ་ཀྱི་མཛའ་ཅན
ཏེ། །སྔགས་པས་སྔགས་འདི་བཟླས་པར་བྱ། །ཧྲཱིཾ་ཏྲཱིཾ་ཧཱུཾ་ཕཊ་འདི་བཞིན་ཞེས། །འཕགས་མར་ཁ་གཅིག་མིའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊི་སཱ་དྷ་ནཾ། བོད་སྐད་དུ། རལ་པ་གཅིག་མའི་སྒྲུབ
ཐབས།
CLOSE WINDOW