CLOSE WINDOW

N3105: རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། བཛྲ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔགས་པས་དང་པོར་རེ་ཞིག་རང་གི་སྙིང་གར་ཨ་ཡིག་ཡོངས་སུ་ གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེ་ལ་གནས་པའི་ཏཱཾ་ཡིག་ཁ་དོག་སེར་པོའོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་མོ་དགུ་པ། དེའི་ལྟེ་བ་ལ་ཏཱཾ་ཡིག་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་ཨི་རང་བཞིན གདན་དྲང་བར་བྱ་སྟེ། བཅོམ་ལྡན་འདས་མ་འཆད་པར་འགྱུར་བའི་ཕྱག་མཚན་ལ་སོགས་པས་རྒྱན་བ། ཞལ་བཞི་ཕྱག་བརྒྱད་མ། རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་པ། ལྷ་མོ་བཅུའི་འཁོར་གྱིས་བསྐོར་བ་ནམ་མཁའ་ལ་བལྟས་ཏེ། རང་གི་སྙིང་གའི ས་བོན་ལས་འཐོན་ནས་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔའི་མཆོད་པས་ཡང་དག་བར་མཆོད་ནས་སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང། བཏང་སྙོམས་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ཀྱི་བདག་ཉིད་ཀྱང་དཔེར་ན་རྨི་ལམ་ལྟ་བུ་རང་བཞིན་མེད་པ་གདོད་མ་ནས་མ་སྐྱེས་ཤིང་ལྷག་པར་གྲོལ་བའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཤཱུ ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པར་བྱ་སྟེ། ནམ་མཁའ་ལ་རཾ་ཡིག་ཡོངས་སུ་གྱུར་བ་ལས་ཉི་མའི་དཀྱིལ་འཁོར། དེ་ནས་ཧཱུཾ་ཡིག་ཡི་གེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་གསུམ་པའོ། །དེའི་འོད་ཟེར་ལས ཡང་དག་པར་བྱུང་པ་ཇི་སྲིད་དུ་འདོད་པ་རྒྱ་ཆེ་བའི་འོད་ཟེར་གྱི་དྲ་བ་འཕྲོ་བའི་རྡོ་རྗེའི་ར་བའོ། །དེའི་འོད་ཟེར་ལས་བྱུང་བའི་རྡོ་རྗེའི་གུར། རྡོ་རྗེའི་ས་གཞི་དང། ཕྱི་རོལ་ཏུ་མཚམས་བཅིངས་ཡང་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་བགེགས རྣམས་བསྐྲད་ནས་གུར་གྱི་དབུས་སུ་ནམ་མཁའ་ཨི་རང་བཞིན་ཆོས་འབྱུང་ཨེ་ཡིག་གི་རྣམ་པ་སྨད་ཕྲ་བ་སྟེང་ཡངས་པ་དཀར་པོ་བསྒོམ་པར་བྱའོ། །དེའི་དབུས་སུ་ནམ་མཁའ་ཨི་རང་བཞིན་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་གནས་པ་རྡོ་རྗེ རྩེ་གསུམ་པ། དེའི་ཁྲིས་ཁྱབ་པའི་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་རྣམས་ནི་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་བ་ཕྱེད་པའི་རྣམ་པ་རྩེ་མོ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ རཾ་ཡིག་ལས་སྐྱེས་པའི་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ་ཟུར་རྣམས་སུ་རཾ་ཡིག་གིས་མཚན་པའོ། །དེའི་སྟེང་དུ་བཾ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དྲིལ་བུས་མཚན་པའོ། །དེའི་སྟེང་དུ་ལཾ་ཡིག་ལས་སྐྱེས པའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི་པའི་ཟུར་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་རང་བཞིན་རྨི་ལམ་ལྟ་བུར་ཤེས་པར་བྱས་ནས་ཁམས་གསུམ་ཁྱབ་པའི་སྟེགས་བུ་ལ་འབྱུང་པ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས ས་ཀྱེས་པའི་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་མདོར་བསྡུས་པའི་གཟུགས་ཐར་བའི་གྲོང་ཁྱེར་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་གཞལ་ཡས་ཁང་གྲུ་བཞི པ། སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ། སྟེགས་བུ་བཞིས་ཡོངས་སུ་བསྐོར་བ། རྟ་བབས་བཞིས་བརྒྱན་པ། དྲ་བ་དང། དྲ་བ་བྱེད་པ། དྲིལ་བུ་དང། མེ་ལོང་དང། རྔ་ཡབ་དང། བ་དན་སྣ་ཚོགས་པ་དང། དྲིལ་བུས་རྣམ་པར་བརྒྱན པ། དེའི་སྙིང་པོའི་དབུས་སུ་པདྨ་འདབ་མ་བརྒྱད་པ། གསེར་དང་བཅས་པའི་ཟེ་འབྲུའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་སྟེང་ཏཱཾ་ཡིག་སེར་པོ་ཉི་མའི དཀྱིལ་འཁོར་ལ་བཞུགས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ནས་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་དགུ་པ་གསེར་གྱི་མདོག་ལྟ་བུ་ས་བོན་གྱི་སྙིང་པོ་ཅན་ནོ་སོ་སོར་རྟོག་པའི་རང་བཞིན་ནོ། །དེ་ནས་བྱུང་བའི འོད་ཟེར་འཕྲོ་བས་ཕྱོགས་བཅུར་བཅོམ་ལྡན་འདས་མའི་རྣམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་སླར་ཡང་དེ་ལ་དེ་བཞིན་དུ་རྡོ་རྗེའི་རྟགས་ལ་སྡུར་པ་ནི་བྱ་བ་གྲུབ་པའི་རང་བཞིན་ཉིད་དོ། །དེ་ནས་ས་བོན་གྱི་རྟགས དང་ཟླ་བ་དང་ཉི་མ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་རྡོ་རྗེ་སྒྲོལ་མ་སྟེ། ཞལ་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བརྒྱད་པ་གསེར་གྱི་མདོག་ལྟ་བུ། གཞོན་ནུ་མའི་མཚན ཉིད་ཅན། གཟི་བརྗིད་དང་ལྡན་པ། ན་ཚོང་གཞོན་ནུ་འོད་དང་ལྡན་པ། གསེར་གྱི་རྣ་ཆ་གཡོ་བ་ཅན། སངས་རྒྱས་བཞིའི་ཅོད་པན་ཆེན་པོ་པདྨ་རཱ་གའི་འོད་དང་ལྡན་པ། ཕྱག་གཡས་ན་རྡོ་རྗེ་དང་ཞགས་པ་དང། མདའ་དང། དུང་བསྣམས པ། དེ་བཞིན་དུ་གཡོན་ན་ཨཽཏཔ་ལ་སེར་པོ་དང། གཞུ་དང། ལྕགས་ཀྱུ་དང། ཞགས་པ་དང་བཅས་པའི་སྡིགས་འཛུབ་པོ། །ཞལ་དང་པོ་གསེར་གྱི་མདོག་ལྟ་བུ་གཡས་དཀར་པོ། གཡོན་དམར་པོ། རྒྱབ་སྔོན་པོ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས པའོ། །སྔགས་པས་རང་གི་སྙིང་གའི་ས་བོན་ལས་ཡང་དག་པར་བྱུང་བའི་དཀྱིལ་འཁོར་བདག་པོའི་ཞལ་ནས་ཕྱུང་སྟེ། ལྷ་མོ་བཅུ་པོ་རྣམས་ཀྱི་དབྱེ་བ་ཏཱཾ་གྱི་ས་བོན་ལས་བྱུང་བ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །ཤར་ལ་སོགས་པའི་ཕྱོགས གྱི་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་ཏཱ་རེ་ཏུ་རེའི་ཡི་གེ་རྣམས་སོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་སྒོ་རྣམས་ལ་ཉི་མ་ལ་གནས་པའི་ཏཱ་རེ་ཏུ་རེའི་ཡི་གེ་རྣམས་སོ། །སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས པའི་སྭཱ་ཡིག་གོ་། འོག་ཏུ་ཉེ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱ་ཡིག་གོ་།དེའི་ས་བོན་གྱི་ཡི་གེ་རྣམས་ཡོངས་སུ་གྱུར་པ་ལས་མཚན་མ་ས་བོན་གྱི་སྙིང་པོ་ཅན་བསྒོམས་ན། དེའི་འོད་ཟེར་གྱིས་སྤྲོ་བ་དང་བསྡུ་བ་བྱས་ནས་དེའི་ས བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་ལྷ་མོ་རྣམས་ཏེ། ལྷ་མོ་བཅུ་ནི་ས་བཅུ་ཡི། །རང་བཞིན་ཉིད་དུ་ཤེས་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་མ། །ཞལ་གཅིག་པ་ལ་ཕྱག་གཉིས་མ། །ཤར་ཕྱོགས་སྒྲོལ་མ་སྐུ་མདོག་དཀར། །ཟླ་བ་ལ་གནས རྒྱན་གྱིས་བརྒྱན། །ཕྱག་ན་མེ་ཏོག་ཕྲེང་བ་བསྣམས། །ོཾ་ཡིག་ལས་བྱུང་བསྒོམ་པར་བྱ། །ལྷོ་ཕྱོགས་བདུག་སྤོས་སྒྲོལ་མ་ནི། །ཟླ་བ་ཏཱ་ཡིག་ལས་བྱུང་གཅིག་།ཕྱག་ན་སྤོས་ཀྱི་སྡོང་བུ་བསྣམས། །རྒྱན་རྣམས་ཀྱིས་ནི་རྣམ་པར་བརྒྱན ནུབ་ཏུ་མར་མེའི་སྒྲོལ་མ་ནི། །སྐུ་མདོག་སེར་མོ་ལེགས་པར་བརྒྱན། །མར་མེའི་སྡོང་བུ་ཕྱག་ན་བསྣམས། །ཟླ་བ་རེ་ཡིག་ལས་བྱུང་མ། །བྱང?་དུ་དེ་བཞིན་དྲིའི་སྒྲོལ་མ། །ཟླ་བ་ཏུ་ཡིག་ལས་བྱུང་མ། །ཕྱག་ན་དྲིའི་དུང་ཆོས་བསྣམས། །སྐུ མདོག་དམར་མོ་ལེགས་པར་བརྒྱན། །མི་བསྐྱོད་ལ་སོགས་དབྱེ་བ་ཡིས། །རྡོ་རྗེ་འཁོར་ལོ་དེ་བཞིན་དུ། །བད་དུ་དེ་ཡི་ཁ་དོག་དབྱེ། །དེ་ནས་སྒོ་སྐྱོང་མ་རྣམས་བསྒོམ། །ཉི་མ་ལ་གནས་རྒྱན་ཀུན་ལྡན། །ཤར་གྱི་སྒོ་རུ་ལྕགས་ཀྱུ་མ། ཏཱ་ཡིག་ས་བོན་ལས་བྱུང་དཀར། །ཕྱག་གཡས་ན་ནི་ལྕགས་ཀྱུ་བསྣམས། །གཡོན་པ་གདུག་ལ་སྡིགས་འཛུབ་མཛད། །ལྷོ་ན་ཞགས་པས་རེ་མོ་སྟེ། །རེ་ཡིག་ས་བོན་ལས་བྱུང་མ། །ཞགས་པ་དང་བཅས་སྡིགས་མཛུབ་ཕྱག དཀྱིལ་འཁོར་དམར་པོ་ལ་བརྟེན་མ། །ནུབ་ཏུ་ལྕགས་སྒྲོག་དམར་མོ་སྟེ། །ཏུ་ཡིག་ས་བོན་ལས་བྱུང་མ། །རྡོ་རྗེ་ཕྲེང་བ་སྡིགས་མཛུབ་ཕྱག་།རྡོ་རྗེ་དཀྱིལ་འཁོར་ལ་གནས་མ། །བྱང་དུ་ལྗང་གུ་དྲིལ་བུ་མ། །རེ་ཡིག་ས་བོན་ལས བྱུང་མ། །ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས། །གཡོན་པ་སྡིགས་མཛུབ་འོད་ལ་གནས། །མཚམས་ཀྱི་ཆ་ལ་མཚན་མ་རྣམས། །མཱ་མ་ཀཱི་སོགས་རྣམ་དག་པའི། །བྱང་ཆུབ་སེམས་ཀྱི་བུམ་པ་དང། །རི་རབ་མེ་ཐབ་རྒྱལ་མཚན་ཆེ སྟེང་དུ་གཙུག་ཏོར་རྣམ་རྒྱལ་མ། །ཉི་མ་སྭཱ་ཡིག་ལས་བྱུང་མ། །དཀར་མོ་རྡོ་རྗེ་དཀར་མོ་བསྣམས། །གཡོན་པ་དགྲ་ལ་སྡིགས་མཛུབ་ཅན། །ཉི་མ་ཧཱ་ཡིག་ལས་བྱུང་བའི། །སྔོན་མོ་སྦྲུལ་གྱི་ཞགས་པ་བསྣམས། །ཕྱག གཡོན་སྡིགས་མཛུབ་མི་བཟད་པ། །འོག་ཏུ་གནོད་མཛེས་མ་བསྒོམ་བྱ། །མིག་སོགས་ཐམས་ཅད་བྱིན་བརླབས་ནས། །གཏི་མུག་རྡོ་རྗེ་སྤྱན་ལ་དགོད། །ཞེ་སྡང་རྡོ་རྗེ་སྙན་ངག་ལ། །ཤངས་ལ་དེ་བཞིན་སེར་སྣ་སྟེ། །ཞལ་ལ་འདོད་ཆགས རྡོ་རྗེ་མ། །སྐུ་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་རྣལ་འབྱོར་བདག་མེད་མ། །ཞེས་པས་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་བྱས་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་ཨོཾ་ཡིག་གིས་སྐུ་བྱིན་གྱིས་བརླབ་པར་བྱའོ། །ཱགིས་གསུང་བྱིན་གྱིས་བརླབ་པར་བྱའོ། །ཧཱུཾ་ཡིག་གིས་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ལྷ་མོ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རང་རང་གི་ས་བོན་བལྟ་བར་བྱའོ། །དེའི་འོད་ཟེར་གྱིས་ཡེ་ཤེས སེམས་དཔའ་ཨི་དཀྱིལ་འཁོར་གདན་དྲངས་ཏེ། མེ་ཏོག་སྒྲོལ་མ་ལ་སོགས་པའི་ལྷ་མོ་རྣམས་སྤྲོས་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་སྒོ་སྐྱོང་མ་རྣམས་ཀྱིས་རབ ཏུ་སྦྱོར་བས་དམ་ཚིག་སེམས་དཔའ་ཨི་དཀྱིལ་འཁོར་ལ་རབ་ཏུ་གཞུག་པར་བྱའོ། །ོཾ་བཛྲ་ཨཾ་ཀུ་ཤ་ཨཱ་ཀརཥ་ཡ་ཛས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་རྣམས་གདན་དྲངས་ནས་ཡུམ་རྣམས་ཀྱིས་ཡང་དག་པར་མཆོད་ནས་རྗེས་སུ་མགོན་དུ་བྱེད་པ་སྟེ། ཨ་བི་ཥིཉྩ་ན་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏཱ བུདྡྷ་ཛྙཱ་ན་ན་ཞེས་སོ། །དེ་ནས་སངས་རྒྱས་ཧེ་རུ་ཀའི་གཟུགས་ཀྱིས་བདུད་རྩི་ལྔ་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བུམ་པ་ལྔས་དབང་བསྐུར་ནས། དབང་བསྐུར་བའི་དུས་སུ་མེ་ཏོག་དང་གུར་ཀུམ་གྱིས་ཆར་འབབ་ཅིང་རྔ་བོ་ཆེའི སྒྲ་ལ་སོགས་པ་འབྱུང་བ་དང། ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་ཡང་འགྱུར་རོ། །དབང་བསྐུར་བས་རིན་ཆེན་འབྱུང་ལྡན་གྱིས་རབ་ཏུ་བརྒྱན་པའོ། །སྙིང་པོའི་དབུས་སུ་ལྷ་མོ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམ་པར་སྣང མཛད་དང། མི་བསྐྱོད་པ་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པ་རྣམས་སྒོ་སྐྱོང་མ་རྣམས་ལ་དབུ་རྒྱན་དུ་འགྱུར་རོ། །གཙུག་ཏོར་ལ་རིན་དབང་པོའོ། །གནོད་མཛེས་ལ་མི་བསྐྱོད་པས་དབུ་བརྒྱན་པའོ། །དེ་ནས་བཅོམ་ལྡན་འདས་མའི་སྤྲུལ་པའི སྐུས་ཕྱོགས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་བལྟ་ཞིང་སྔགས་བཟླས་པར་བྱའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །སྔགས་མཆོག་འདི་ནི་རབ་མཆོག་སྟེ། །སངས་རྒྱས་ཀུན་གྱི་ཕྱག་བྱས་པ། །བཀླགས་པ་ཡིས་ནི་དངོས་གྲུབ་བྱེད། གསལ་པོར་རྡོ་རྗེ་གུར་ལས་གསུངས། །དེ་ནས་བཟུངས་གཞན་ཡང། ན་མཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་རེ་སྭཱཧཱ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།པནཌི་ཏ་ཆེན་པོ་ཆོས་འབྱུང་སློབ་དཔོན་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་ཏཱ་ར་སཱ་དྷ་ནཾ། བོད་སྐད དུ།

CLOSE WINDOW