CLOSE WINDOW

N3102: རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

རང་གི་དབང་དུ་བྱའི་གནས་སུ་གཞག་པར་བྱའོ། །ཞེས་སོ། །དབང་དུ་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་ཏ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཡིས། །འདོད་པ་དོན་ཀུན་སྒྲུབ་བྱེད་པའི། རྡོ་རྗེ་སྒྲོལ་མ་སྒྲུབ་པའི་ཐབས། དེ་ནས་ཡང་དག་བཤད་པར་བྱ། དེ་ལ་སྔགས་ཀྱིས་ཚིག་ནི་འདི་རྣམས་སུ འགྱུར་སྟེ། །ན་མ་ཨཱརྱ་ཨ་བ་ལོ་ཀེ་ཏེ་ཤྭར་ཡོ་བོ་དྷི་སཏྭ་ཡ་མཧཱ་སཏྭ་ཨ་མཧཱ་ཀཱ་རུ་ཎི་ཀ་ཡ་ཏདྱ་ཐཱ། ཨོཾ་ཏྭ་རེ་ཏུད་ཏཱ་རེ་སརྦ་དུཥྚཾ་པྲ་དུཥྚཱཾ་མ་མ་ཀྲི་ཊེ་ཛི་མ་བྷ་ཡ་སྟཝཾ་བྷ་ཡ་མོ་ཧཱ་ཡ། བན་དྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། སརྦ་དུཥྚཱཾ་ཏཾ་བྷ་ནི་ཏཱ་རེ་སྭཱཧཱ། མ་མོའི་དཀྱིལ་འཁོར་དབུས་གནས་པའི། །ལྷ་མོ་སྒྲོལ་མ་བསྒོམ་པར་བྱ། །ཕྱག་བརྒྱད་ཞལ་གཅིག་དང་ལྡན་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡིས། །གསེར་གྱི་མདོག་ཅན་བསྒོམ་བྱ་སྟེ། །གཞོན་ནུ་མའི་མཚན་ལྡན་བརྗོད། །རྡོ་རྗེ་ཉི མས་དབང་བསྐུར་སྐྱེས། །སངས་རྒྱས་ལྔའི་ཅོད་པན་ཅན། །ལང་ཚོ་གཞོན་ཞིང་ཡིད་དུ་འོང། །གསེར་གྱི་རྣ་བརྒྱད་གཡོ་བ་ཅན། །འོད་ཟེར་དམར་པོས་རྣམ་བརྒྱན་ཅིང། །སྣ་ཚོགས་པདྨའི་གདན་ལ་བཞུགས་རྡོ་རྗེ་ཞགས་པ་དེ་བཞིན་དུང། མདའ་རྣམས་བསྣམས་པ་གཡས་ཀྱི་ཕྱག། རྡོ་རྗེ་ལྕགས་ཀྱུ་ཨཽདྤལ་གཞུ། །སྡིགས་འཛུབ་རྣམས་ནི་གཡོན་གྱི་ཕྱག། རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་གྱིས། །ས་གསུམ་པོ་ནི་སྒྲུབ་པར་བྱ། །མདུན་དུ་མེ་ཏོག་སྒྲོལ་མ་ནི། །དཀར་མོ་ཤིན་ཏུ་ཡིད་འོངས་མ།། ོཾ་ཡིག་རྣམ་པ་གཉིས་ལས་སྐྱེས། །མེ་ཏོག་ཕྲེང་བ་ཕྱག་ན་བསྣམས་ཞལ་ཅིག་ཕྱག་ནི་གཉིས་པ་སྟེ། །རྒྱན་རྣམས་ཀུན་གྱི་རྣམ་པར་བརྒྱན། །ལྷོ་ཕྱོགས་བདུག་སྤོས་སྤྲོལ་མ་སྟེ། །གཟུགས་མཛེས་སྐུ་མདོག་ནག་མོ་སྟེ། །བདུག་སྤོས་སྣོད་ནི་ཕྱག ན་བསྣམས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནུབ་ཕྱོགས་མར་མེའི་སྒྲོལ་མ་སྟེ། །རྒྱན་ཆེན་སྐུ་མདོག་སེར་མོ་སྟེ། །གསེར་གྱི་རྣ་ཆ་གཡོ་བ་ཅན། །ཕྱག་ན་མར་མེའི་སྡོང་བུ་བསྣམས། བྱང་ཕྱོགས་དྲི་ཟའི་སྒྲོལ་མ་ནི། །དྲིའི་དུང་ཆོས་ཕྱག་ན བསྣམས། །ལྷ་མོ་སྐུ་མདོག་དམར་འབར་མ། སྙིང་པོའི་དཀྱིལ་འཁོར་གསལ་བསྒོམ་བྱ། །ལྕགས་ཀྱུ་ལ་སོགས་དབྱེ་བ་ཡིས། །དེ་ནས་སྒོ་སྐྱོང་བསྒོམ་པར་བྱ། །ཤར་སྒོ་རྡོ་རྗེ་ལྕགས་ཀྱུ་མ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། སྐུ་མདོག་ནག་མོ་བཞིན མཛེས་མ། །རྡོ་རྗེ་ལྕགས་ཀྱུ་ཨཽཏཔལ་ཕྱོགས། ལྷོ་སྒོར་རྡོ་རྗེ་ཞགས་པ་མ། །སྐུ་མདོག་སེར་མོ་བཞིན་འཇིགས་མ། ཞལ་ཅིག་ཕྱག་ནི་གཉིས་པ་སྟེ། ཕྱག་ན་རྡོ་རྗེ་ཞགས་པ་བསྣམས་ནུབ་སྒོར་རྡོ་རྗེ་ལྕགས་སྒྲོགས་མ། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། སྐུ མདོག་དཀར་མོ་འཛིན་འཇིགས་མ། རྡོ་རྗེ་ལྕགས་སྒྲོག་ཕྱག་ན་བསྣམས། བྱང་སྒོར་རྡོ་རྗེ་དྲིལ་བུ་མ། ཞལ་ཅིག་ཕྱག་ནི་གཉིས་པ་སྟེ། སྐུ་མདོག་དཀར་མོ་བཞིན་འཇིགས་མ། ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས། འདི་རྣམས་གཡས་རྐྱང་ཞབས་ཀྱིས་བཞུགས། ཉི་མའི གདན་ལ་ཉི་འོད་བཞིན། འབར་བའི་ཕྲེང་བས་ཀུན་ནས་འཁྲིགས། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་བལྟ། །སྟེང་དུ་གཙུག་ཏོར་རྣམ་རྒྱལ་མ། །འོག་ཏུ་གནོད་མཛེས་མ་ཉིད་བསྒོམ། །འཁོར་ལོ་སྤྲུལ་གྱིས་ཞགས་བསྒོམ་ན། །སྔགས་ན་འཕྲོ་ཞིང་བཟླས པ་བྱ། །ོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱཧཱ། །ཡི་གེ་བཅུའི་ལྷ་མོ་བཅུ། །ཕ་རོལ་ཕྱིན་པ་བཅུ་ལ་བརྟེན། བསྒོམ་པ་རབ་ཏུ་སྦྱོར་བ་ཡིས། །དོན་རྣམས་ཐམས་ཅད་རབ་ཏུ་འགྲུབ། །སངས་རྒྱས་ཀུན་གྱི་ཕྱག་མཛད་པའི། །སྔགས་མཆོག་འདི་ནི་གཙོ་བོ་སྟེ། །བཀླགས་པ དེ?་ནི་དོན་འགྲུབ་འགྱུར། །མྱུར་དུ་རྡོ་རྗེའི་གུང་བསྡམ་ནས། སྔགས་འདིས་གོས་ཀྱི་སྣ་ལ་ལན་བདུན་མངོན་པར་སྔགས་བྱས་ནས། བསྟོད་པ་བྱས་ན་འཇིགས་བཅས་གང་དུ་འགྲོ་ཡང་འཇིགས་མི་འགྱུར། །སྟག་དང་ཆོམ་པོ་ཆུ་སྲིན་སེང་གེ་གླང་ཆེན མཧེ་སྦྲུལ། །དོམ་དང་དྲེ་དེ་སོགས་རྣམས་ལ་མིང་དྲན་ཙམ་གྱིས་འཇིགས་མེད་འགྱུར། །སྔགས་འདིས་ཨཽད་པ་ལ་བརྒྱ་རྩ་བརྒྱད་སྦྱིན་བསྲེག་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །ོཾ་ཏཱ་རེ་ཏུད་ཏཱ་རེ་ཨ་མུ་གི་མེ་བྷ་བ་ཤ་མ་ན་ཡ་སཱཧཱ ཞེས་སོ། དེ་བཞིན་དུ་སྔགས་འདིས་བྱ་རེག་གི་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་བཟླས་ཏེ་ཁང་པར་བཟླས་ན་ཞག་བདུན་གྱིས་བསྐྲོད་པར་འགྱུར་རོ། །ོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤི་གྷཾ་ག་མི་ནི་དེ་བ་ད་ཏཾ། ཨཽ་ཙྪ་ཏྲ་ཡ་ཧཱུཾ་ཧཱུཾ་ཕཊ དེ་ནས་གཞན་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་ཨ་མུ་ཀ་ཨ་བྷི་དྷ་ནཱ་རིམ་ཧཡ་བྷཡི་བ་ཧ་ན་ཏྱཾཕྲག་ལྔ་བྱས་ཏེ། མར་དང་སྦྲང་རྩི་བུ་རམ་གྱིས། སྦྱིན་སྲེག་བུ་མོ་སྒྲུབ་ལ་སྔགས། །ད་ནི་ཞིག་བདུན་སྦྱོར་བའི་ས། །རང་འདོད་བུ་མོ་ཐོབ་པར་འགྱུར། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་སྟེ། ཨོཾ་ཏཱ་རེ་ཏུད་ཏཱ་ར་ཏུ་རེ་ཨ་མུ་ཀ་ཨ་བྷི་དྷ་ནཾ་སྭ་སྠི་ན་ཏ་ཨ་ཀར་ཥ ཡ་ཨ་མ་མ་ན་ཏི་ཀེ་ཛཏོག་གིས་བཀུས་པའི་རས་ལ་བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་པ་ལྕགས་ཀྱུ་དང་ཨཽད་པ་ལ་ཞགས་པ་བསྣམས་པ་བྲིས་པ། དེའི་མདུན་དུ་ལྷ་རྣམས་རྫས་ལ་མེ་ཏོག་དམ་པ་འདི་བཞེས་ལ་སོགས་པས་མཆོད་པ་ཡང་བྱས་ལ། ཕྱི་ནས བསྒོམས་པ་དང་ལྡན་པས་བཟླས་པ་བྱའོ། །ོཾ་ཏཱ་རེ་ཏུད་ཏཱ་རེ་ཨ་མུ་གི་མ་མ་ཨཻ་པ་ཆི་ཏཾ་སྭཾ་སྣན་ཀ་ཐ་ཡ་ཧཱུཾ་ཕཊ་སྟོང་ཕྲག་ལྔས་འོང་བར་འགྱུར་རོ། །ཞགས་པས་སྒེ་བཅིངས་ཏེ། ལྕགས་ཀྱུས་ཕུག་ནས་སྒྲུབ་བྱ་རྐང་པའི་མཐིལ་དུ་བསམ་ཏེ་བྲན་མོའི གཟུགས་ཀྱིས་སྤྱད་པར་བྱའོ། །དེ་ནས་གཞན་ཡང་རབ་ཏུ་སྤྱོད་པར་འགྱུར་ཏེ། སྒྲོལ་མའི་གཟུངས་ལན་བདུན་དུ་མངོན་པར་སྔགས་ཏེ་བདག་ཉིད་ཀྱི་མིག་གཉིས་ལ་བྱུགས་ནས་རྒྱལ་པོའི་རིགས་ཀྱི་ནང་དུ་ཞུགས་དེ་ནས་རྒྱལ་པོ་དང་བཅས་པ་སློབ་མར གྱུར་ནས་མི་གུས་པར་བྱེད་པར་མི་འགྱུར་རོ། །འགལ་བས་སྨྲ་བར་མི་འགྱུར་རོ། །དད་པས་འདུལ་བར་འགྱུར་རོ། །དགའ་བའི་གཏམ་བྱེད་པར་འགྱུར་རོ། །དེའི་གཡོག་བྱེད་པར་འགྱུར་རོ། །ཁྲོ་བ་ཡང་དབང་དུ་འགྱུར་རོ། །མཐོང་བའི་རྐྱེན་དུ་ཡང་དག་པར་འགྱུར་རོ། །དེ་ནས གཞན་ལ་ཡང་སྦྱོར་པར་འགྱུར་རོ། །སྒྲོལ་མའི་གཟུངས་ལན་བརྒྱ་བཟླས་ན་སྦྲུལ་གདོང་གཉིས་པའི་མགོ་ཐལ་བར་བྱས་ཏེ། བ་དམར་མོའི་མར་ལ་ཨ་ཀའི་བལ་ལ་སྡོང་བུ་བྱས་ཏེ་རབ་ཏུ་སྦར་ནས་མིག་སྨན་བྱས་ཏེ། དེའི་མིག་སྨན་དང་རྡོ་རྗེའི་ཉི་མ་དང རྡོ་རྗེ་ཆོས་དག་མཉེས་ཤིང་རྟ་མཆོག་གི་བདུག་པར་བྱའོ། །ཐལ་བ་དང་ལྷན་ཅིག་མིག་སྨན་བྱས་ནས་གང་ལ་རྡོ་རྗེའི་མིག་གིས་བལྟས་བ་དེའི་གལ་ཏེ་པདྨ་གར་དབང་འཛག་པར་མ་གྱུར་ན་དེའི་ཚེ་སྒྲོལ་མ་བདག་གིས་བཅོམ་ལྡན་འདས་ངེས་པར བསླུམ་པ་ཡིན་ནོ། །དེ་ནས་གཞན་ལ་རབ་ཏུ་སྦྱོར་བར་འགྱུར་རོ། །སོ་མ་སྐྱེས་པའི་བུ་ཆུང་གི་ཁ་ཆུ་བླངས་ནས་སྒྲོལ་མའི་གཟུངས་ལན་བདུན་མངོན་པར་བསྔགས་ཏེ། བྷྲིད་ག་ར་ཛའི་རྩ་བ་དང། འགི་ཝང་དང་ལྷན་ཅིག་ཏུ་བྱས་ནས་དབྲལ་བར་ཐིག ལེ་བྱས་ན་གང་དང་གང་ལ་བལྟས་པ་དེ་དང་དེ་དབང་དུ་འགྱུར་ཏེ་གཞན་ལ་དགའ་བར་མི་འགྱུར་རོ། །གཞན་ལ་མི་འགྲོ་ཞིང་རང་སྤོང་བར་མི་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ལྟོ་བའི་སྲིན་བུ་ལ་སྒྲོལ་མའི་གཟུངས ལན་བདུན་མངོན་པར་བསྔགས་ཏེ་རྡོ་རྗེའི་ཆོས་དང་བཅས་ཏེ་སོ་རྩི་གཞོན་ནུ་མ་ལ་བྱིན་ནས་དེས་ལོངས་སྤྱད་ན་སྦྱོར་བའི་མཆོག་འདི་མི་སྤོང་ཞིང་གཞན་ལ་དགའ་བར་མི་འགྱུར་ལ། གཞན་ལ་མི་འགྲོ་བར་རང་གི་བདག་པོ་ཡང་སྤོང་བར་བྱེད དོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཞག་ཆེན་པོ་རང་གི་ལུས་ལ་བྱུགས་ཏེ། སྒྲོལ་མའི་བཟུངས་ཁྲི་ཕྲག་གཅིག་བཟླས་ཏེ་བསྒོམ་པ་དང་ལྡན་པས་བཟླས་པའི་མཐར་འབྲས་ས་ལུའི་ཟན་གྱི་དྲིལ་ཕྱིས་བྱས་པའི་དྲི མ་བསྡུས་ཏེ་གང་ལ་བྱིན་བ་དེ་ཇི་སྲིད་འཚོའི་བར་དུ་གཏོང་བར་མི་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཟླ་བ་གཟས་གཟིན་པའི་དུས་སུ་སྒྲོལ་མའི་གཟུངས་བཟླས་ཤིང་བསྙན་པ་བྱས་ལ། དེ་ལས་བྱུང བའི་འཇིག་རྟེན་དབང་ཕྱུག་བླངས་ལ་དུང་གི་ཕྱེ་མར་སྤང་བར་བྱའོ། །དེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་རྗེས་སུ་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། སྒྲོལ་མའི་གཟུངས་མྱོས་བྱེད་ཀྱི་འབྲས་བུ་ལ་ལན་བརྒྱད་ཡོངས་སུ བཟླས་ཏེ་འབྲས་བུ་རྟ་མགྲིན་དང་ལྷན་ཅིག་ཏུ་བྱས་ན་དེ་དབང་དུ་འགྱུར་རོ། །དེ་ལས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་ཆེ་གེ་མོའི་བནདྷ་མུཀྵི་ཀུ་རུ་མུསྟེ་ཡང་དག་པར་བྲིས་ནས་སྲིན་བུ་སྡིག་པའི་ཚང་དུ་སྦས་ན་བཅིངས་པ་ལས་གྲོལ་བར་འགྱུར་རོ། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ སྒྲོལ་མ་ལ་ཕྱག་འཚལ་ལོ།

CLOSE WINDOW