CLOSE WINDOW

N3019: རྡོ་རྗེ་གདན་གྱི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

།ོཾ་ཨཱལ་ཕྱག་འཚལ་ལོ། །དང་པོར་ཁ་ལ་སོགས་པ་བསང་བའི་ཆོ་ག་བྱས་ནས་རིང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པ་ལས། ཟླ་བ་ལ་ཧཱུཾ་ཡིག་བཟླ་བར་བྱའོ། །དེའི་འོད་ཟེར་གྱི་བླ་མ་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ ལ་སོགས་པ་རྣམས་བཀུག་ནས་མཆོད་པར་བྱའོ། །དེ་ནས་ཡང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། སྟོང་པ་ཉིད་མངོན་དུ་བྱས་ཏེ་དེའི་སྔགས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་གྱིས་ཡང་དག་པར་བསྐུལ ནས་གཟུགས་ཀྱི་སྐུ་མངོན་པར་སྤྲུལ་ནས་སེམས་ཅན་གྱི་དོན་གྱི་ཕྱིར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་སེར་པོ་བལྟས་ནས། ཨ་ཡིག་ལ་སོགས་པའི་དབྱངས་དཀར་པོ་བཅུ་དྲུག་གིས་བསྐོར་ཏེ། དེ་ནས་ཕྱི་རོལ་དུ་ཀ་ཡིག་ལ་སོགས པའི་ཚོགས་དཀར་པོ་རྣམས་ཀྱིས་བསྐོར་བའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེར་པོའི་གདན་གྱི་བདག་ཉིད་བསྒོམ པར་བྱའོ། །དེའི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་ཕྱག་གཡས་པས་གནོན་གྱི་ཕྱག་རྒྱ། གཡོན་པ་པད་དུ་བཞག་པ། སྐུ་ལ་དུར་སྨྲིག་གི་ན་བཟའ་བསྣམས་པ། སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་དང། བདུད་བཞིའི སྟེང་དུ་སྣ་ཚོགས་པདྨ་དང། རྡོ་རྗེ་ལ་བཞུགས་པ། ཞི་ཞིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྐུའོ། །བཅོམ་ལྡན་འདས་དེའི་གཡས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་སེར་པོ་ཕྱག་གཉིས་པ་རལ་པའི་ཅོད་པན་བཅིངས་པ། ཕྱག་གཡས ན་རིན་པོ་ཆེའི་རྔ་ཡབ་བསྣམས་པ། གཡོན་པ་ན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའོ། །དེ་བཞིན་དུ་གཡོན་ན་འཇིག་རྟེན་དབང་ཕྱུག་དཀར་པོ་ཕྱག་གཡས་ན་རྔ་ཡབ་བསྣམས་པ། ཕྱག་གཡོན་ན་ཆུ་སྐྱེས་བསྣམས པ། བཅོམ་ལྡན་འདས་ལ་ཞལ་ལྟ་བ་གཞན་དེ་དག་བསྒོམ་པར་བྱའོ། །དེ་ནས་ཡན་ལག་དྲུག་ཏུ་ཡི་གེ་དགོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་དག་ལ་ཟླ་བ་ལ་གནས་པའི་ཀྵིཾ་ཡིག་དཀར་པོའོ། །སྙན་ངག་ལ་རི་བོང་འཛིན་པ་ལ གནས་པའི་ཛི་ཡིག་སྔོན་པོའོ། །ཤངས་ཀྱི་བུ་ག་ལ་ཟླ་བ་ལ་གནས་པའི་ཁཾ་ཡིག་སེར་པོའོ། །ལྗགས་ལ་ཟླ་བ་ལ་གནས་པའི་གཾ་ཡིག་དམར་པོའོ། །དཔྲལ་བ་ལ་ཟླ་བ་གནས་པའི་སྐམ་ཡིག་སྔོན་པོའོ། །ནུ་མ་ལ་གནས་པའི་དབུས་སུ་ཟླ་བ་ལ་གནས་པའི སཾ་ཡིག་དཀར་པོ་བསམ་པར་བྱའོ། །དེའི་རྗེས་སུ་ཡེ་ཤེས་སེམས་དཔའ་བསྒོམས་ནས་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཡིག་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའོ། །དེའི་སྟོང་དུ་ཟླ་བ་ལ་གནས་པའི་ཨོཾ ཡིག་གོ། མགྲིན་པར་ཟླ་བའི་སྟེང་དུ་ཨཱལུས་དང་ངག་དང་ཡིད་རྣམ་པར་དག་པ་གསུམ་པོ་བསྒོམ་པར་བྱའོ། །ཇི་སྲིད་དུ་བཅོམ་ལྡན་འདས་བསྒོམ་པས་སྐྱོན་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨཱརྒྱ་གར་སྐད་དུ།

CLOSE WINDOW