CLOSE WINDOW

N3014: སྒྱུ་འཕྲུལ་དྲ་བའི་རིམ་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས
Wyliee-texts based on the ACIP/ALL Input

ཡང་ཆོ་ག་ནི་འདི་ཡིན་ཏེ། ཚེས་བརྒྱད་ནས་བཟུང་སྟེ་གསོ་སྤྱོད་དང་ལྡན་པར་བྱས་ལ། ཇི་སྲིད་ཟླ་བ་ཉའི་བར་དུ་ཐུན་མཚམས་བཞི་རུ་མཆོད་པ་དང། གཏོར་མའི་ཆོ་ག་སྔོན་དུ་འགྲོ བས། བཅོམ་ལྡན་འདས་མ་བསྒོམ་ཞིང་དེ་ལྟར་ཆོ་ག་བྱས་ན། ཆར་མེད་ན་ཆར་འབབ་པར་འགྱུར་རོ། །རྟག་ཏུ་བསྒོམ་པར་བྱེད་ནས་ལ་སོགས་པ་ཡང་འགྲུབ་བོ། །འཕགས་མ་དཀར་བ་ཉེ་བར་སྟོན་པའི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་རྫོགས་སོ། ། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ།། །།རྒྱ་གར་སྐད་དུ། མཱ་ཡཱ་རཱ་ལ་ཀྲ་མཱ་ཨ་བ་ལོ་ཀེ་ཏེ་སྭ་སཱ་ར་དྷ་ནཾ། བོད་སྐད་དུ། སྒྱུ་འཕྲུལ་དྲ་བའི་རིམ་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས། ། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ།། །།རྒྱ་གར་སྐད་དུ། མཱ་ཡཱ་རཱ་ལ་ཀྲ་མཱ་ཨ་བ་ལོ་ཀེ་ཏེ་སྭ་སཱ་ར་དྷ་ནཾ། བོད་སྐད་དུ། སྒྱུ་འཕྲུལ་དྲ་བའི་རིམ་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་ནམ་མཁའ་ལ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ འཁོར་ལ་ཧཱུཾ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་ནམ་མཁའ་ལ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ འཁོར་ལ་ཧཱུཾ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་ཡང་ངོ། །དེའི་ནང་དུ་མི་བཟད་པའི་དུར་ཁྲོད་རྣམ་པར་བསྒོམས་ནས། དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་དབུས་སུ་ཧྲཱིསྤྱན་རས་གཟིགས་དབང་ཕྱུག་མདོག་ནག་པོ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་ཡང་ངོ། །དེའི་ནང་དུ་མི་བཟད་པའི་དུར་ཁྲོད་རྣམ་པར་བསྒོམས་ནས། དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་དབུས་སུ་ཧྲཱིསྤྱན་རས་གཟིགས་དབང་ཕྱུག་མདོག་ནག་པོ། ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པར་བྱའོ། །ཞལ་ལྔ་པ་སྤྱན་གསུམ་པ། ཕྱག་བཅུ་གཉིས་པའོ། །དཀར་པོ་དམར་པོ་ནི་གཡས་ཀྱི་ཞལ་གཉིས་སོ། །དེ་བཞིན་དུ་སེར་པོ་དང། ལྗང་གུ་ནི་གཡོན་གྱི་ཞལ་གཉིས་སོ། ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པར་བྱའོ། །ཞལ་ལྔ་པ་སྤྱན་གསུམ་པ། ཕྱག་བཅུ་གཉིས་པའོ། །དཀར་པོ་དམར་པོ་ནི་གཡས་ཀྱི་ཞལ་གཉིས་སོ། །དེ་བཞིན་དུ་སེར་པོ་དང། ལྗང་གུ་ནི་གཡོན་གྱི་ཞལ་གཉིས་སོ། །གཡས་ཀྱི་ཕྱག་ན་རྡེའུ་ཆུང་དང། ཁ་ཊཝཱཾ་ག་དང། ལྕགས་ཀྱུ་དང། རྡོ་རྗེ་དང། མདའ?་བསྣམས་པའོ། །གཡོན་ན་སྡིགས་མཛུབ་དང། ཐོད་པ་དང། པདྨ་དམར་པོ་དང། ནོར་བུ་དང། འཁོར་ལོ་དང། གཞུ བསྣམས་པའོ། །གཡས་ཀྱི་ཕྱག་ན་རྡེའུ་ཆུང་དང། ཁ་ཊཝཱཾ་ག་དང། ལྕགས་ཀྱུ་དང། རྡོ་རྗེ་དང། མདའ?་བསྣམས་པའོ། །གཡོན་ན་སྡིགས་མཛུབ་དང། ཐོད་པ་དང། པདྨ་དམར་པོ་དང། ནོར་བུ་དང། འཁོར་ལོ་དང། གཞུ བསྣམས་པའོ། །ཞལ་ཐམས་ཅད་མཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་དང་ལྡན་པ། སྐུ་ལ་མགོ་བོ་རློན་པའི་ཕྲེང་བས་བརྒྱན་པ། གཅེར་བུ་གཡོན་བརྐྱང་བའི་ཞབས་ཀྱིས་བཞུགས་པ། ཡན་ལག་ཐམས་ཅད་མཛེས་པའི་བདག་ཉིད་དུ་སྐད་ཅིག་གིས་རབ་ཏུ བརྟགས་ལ། །ཞལ་ཐམས་ཅད་མཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་དང་ལྡན་པ། སྐུ་ལ་མགོ་བོ་རློན་པའི་ཕྲེང་བས་བརྒྱན་པ། གཅེར་བུ་གཡོན་བརྐྱང་བའི་ཞབས་ཀྱིས་བཞུགས་པ། ཡན་ལག་ཐམས་ཅད་མཛེས་པའི་བདག་ཉིད་དུ་སྐད་ཅིག་གིས་རབ་ཏུ བརྟགས་ལ། སྙིང་གར་ཟླ་བའི་དབུས་སུ་ཧྲཱིཔར་འགྱུར་རོ། སྙིང་གར་ཟླ་བའི་དབུས་སུ་ཧྲཱིཔར་འགྱུར་རོ། །སྒྱུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྒྱུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། (།།སྒྲུབ་ཐབས་ཀུན་ལས་བཏུས་པ་ཞེས་བྱ་བ་བཞུགས་སོ།)་།!། །རྒྱ་གར་སྐད་དུ། སཱ་དྷ་ན་ས་མུཙྪ་ཡ་ནཱ་མ། བོད་སྐད་དུ། སྒྲུབ་ཐབས་ཀུན་ལས་བཏུས་པ་ཞེས་བྱ་བ། སངས་རྒྱས་དང། བྱང་ཆུབ་སེམས། དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། (།།སྒྲུབ་ཐབས་ཀུན་ལས་བཏུས་པ་ཞེས་བྱ་བ་བཞུགས་སོ།)་།!། །རྒྱ་གར་སྐད་དུ། སཱ་དྷ་ན་ས་མུཙྪ་ཡ་ནཱ་མ། བོད་སྐད་དུ། སྒྲུབ་ཐབས་ཀུན་ལས་བཏུས་པ་ཞེས་བྱ་བ། སངས་རྒྱས་དང། བྱང་ཆུབ་སེམས། དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྲིད་དང་ངན་འགྲོས་དུབ་རྣམས་ལ། །བདེ་དང་ཕུན་ཚོགས་ཀུན་འབྱུང་ཞིང། །ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། །དཔལ་ལྡན་དམ་ཚིག་གསུམ་ཕྱག་འཚལ། །སློབ་དཔོན་སྔོན་བའི་སྒྲུབ་པའི་ཐབས། ། ཡང་དག་ཡོད་བཞིན་འདིའི་སྟོན་པ། །ཅི་སྟེ་མདས་པས་འཇིགས་རྣམས་ལ། །བསྡུས་ནས་ཉེ་བར་བསྟན་པར་བྱ། །འདི་ཉིད་དུ་དཔལ་ལྡན་དམ་ཚིག་གསུམ་གྱི་རྒྱལ་པོའི་རྒྱུད་ཆེན་པོའི་དཀྱིལ་འཁོར་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྤྱིར་དབང་བསྐུར་བ་ཐོབ་པ་དེ་ལས གསུངས་པ་རྣམས། །སྔགས་པ་དམ་ཚིག་དང་སྡོམ་པ་ལ་གནས་པས་སྔོན་དུ་བསྙེན་པ་བྱ་སྟེ། རི་དང་དགོན་པ་ལ་སོགས་པ་རྣམས་སུ་ཕུག་གམ། ཁྱིམ་མམ་བསྐྱེད་མོས་ཚལ་ལ་སོགས་པའང་རུང་སྟེ། གཙང་ཞིང་སྐྱེ་བོས་དབེན་པ་ཡིད་དུ་འོང་བ་རྣམས་སུ གནས་ནས།

CLOSE WINDOW