Wylie | e-texts based on the ACIP/ALL ![]() ![]() |
། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། བཛྲ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ
སྒྲོལ་མའི་སྒྲུབས་པའི་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྦྱིན་བསྲེག་ལས་ཀྱི་ཆོ་ག་ཡིས། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྡོ་རྗེ་སྒྲོལ་མའི་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་བྱ་བ།།
དེ་ལ་སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ན་མཕཊ་ཕཊ་ཕཊ། སརྦ་དུཥྚཱ་སྟཾ་བྷ་ནི་ཏཱ་རེ་སྭཱཧཱ། །དེ་ལ་དང་པོར་རེ་ཞིག་རང་གི་སྙིང་གར་ཟླ་བ་ལ་ས་བོན་ཏྲཾ་བསམས་ཏེ། དེ་ཡི་འོད་ཀྱིས་བླ་མ་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་སྤྱན་དྲངས་ཏེ། མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་ཡང་དག
པར་མཆོད་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། གསུམ་པ་སྐྱབས་སུ་འགྲོ་བའི་ཚིགས་བཅད་བརྗོད་པར་བྱའོ། །དེ་ནས་ཚངས་པའི་གནས་བཞི་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་སྔགས
བརྗོད་པར་བྱའོ། །དེ་ནས་པཾ་ལས་སྐྱེས་པའི་པདྨ་དང་ཟླ་བའི་སྟེང་དུ་ཡང་ཏཾ་གི་ས་བོན་ཡང་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་མ་མོའི་དཀྱིལ་འཁོར་དབུས་གནས་པའི། །ལྷ་མོ་སྒྲོལ་མ་བསྒོམ་པར་བྱ། །ཞལ་བཞི་མ་ལ་ཕྱག་བརྒྱད
མ། །རྒྱན་རྣམས་ཀྱིས་ནི་བརྒྱན་པ་ཡི། །གསེར་གྱི་མདོག་ཅན་བསྒོམ་པར་བྱ། །གཞོན་ནུ་མ་ཡི་མཚན་ཉིད་འབར། །སྣ་ཚོགས་པདྨའི་གདན་གནས་པའི། །ཟླ་བའི་གདན་ལ་ཡང་དག་བཞུགས། །སེར་དང་ནག་དང་དཀར་དང་དམར། །གཡས
བསྐོར་དུ་ནི་ཞལ་བཞིའོ། །སྤྱན་གསུམ་རྡོ་རྗེ་སྐྱིལ་ཀྲུང་གནས། །འོད་དམར་སངས་རྒྱས་བཞི་ཡི་དབུ་རྒྱན་ཅན། །རྡོ་རྗེ་མདའ་དང་དུང་ད?་མཆོག་སྦྱིན་ནི། །གཡས་ཀྱི་ཕྱག་ན་བསྣམས་པའོ། །ཽཏཔལ་གཞུ་དང་རྡོ་རྗེ་ལྕགས་ཀྱུ་ཞགས། །སྡིགས་མཛུབ
གཡོན་པའི་རྣམས་འཆད་པའོ། །རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་གྱིས། །ས་གསུམ་པོ་ཡང་བསྒྲུབ་པར་བྱ། །དེ་ཡི་མདུན་དུ་མེ་ཏོག་སྒྲོལ་མ་ནི། །མདོག་ནི་དཀར་ཞིང་ཡིད་འོང་མ། །ོཾ་ཡིག་ལས་ནི་ཡང་དག་རྫོགས། །མེ་ཏོག་ཕྲེང་བ
ཕྱག་ན་བསྣམས། །ཞལ་གཅིག་ཕྱག་ནི་གཉིས་བ་སྟེ། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །ལྷོ་ཕྱོགས་བདུག་སྤོས་སྒྲོལ་མ་ནི། །གཟུགས་མཛེས་མདོག་ནི་ནག་པོ་སྟེ། །བདུག་སྤོས་སྣང་ནི་ཕྱག་བསྣོམས་ཤིང
རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནུབ་ཕྱོགས་མར་མེ་སྒྲོལ་མ་ཡང། །མདོག་ནི་སེར་ཞིང་ཡིད་འཕྲོག་མ། །བཟང་པོ་མར་མེ་སྣོད་བསྣམས་ཤིང། །གསེར་གྱི་རྣ་ཚ་རབ་ཏུ་གཡོ། །བྱང་ཕྱོགས་དྲི་ཡི་སྒྲོལ་མ་ནི། །དྲི་ཡི་དུང
ཆོས་ཕྱག་ན་བསྣམས། །ལྷ་མོ་མདོག་ནི་དམར་འདྲ་བ། །སྙིང་པོ་དཀྱིལ་འཁོར་ལ་བསྒོམ་བྱ། །འདི་ཀུན་ཞལ་གཅིག་ཕྱག་གཉིས་པ། །རྒྱན་རྣམས་ཀྱིས་ནི་རྣམ་པར་བརྒྱན། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་སཾ། །ལྷ་མོ་དྲུག་པོ་འདི་ཀུན
ནི། །ཅུང་ཟད་ཞལ་ནི་གཙིགས་པ་སྟེ། །འགྱིད་བག་བཅས་པས་ཡང་དག་གནས། །འདི་དག་དཀྱིལ་འཁོར་གྱི་འཁོར་ལོ། །ཐམས་ཅད་ཤར་སྒོར་བསམ་པ་ནི། །རྡོ་རྗེ་ལྕགས་ཀྱུ་འོད་འབར་མ། །ཕྱག་ན་རྡོ་རྗེ་ལྕགས་ཀྱུས་མཚན། །ཡིད
འོང་མ་ཡི་བདག་ཉིད་དོ། །ལྷོ་སྒོར་རྡོ་རྗེ་ཞགས་པ་མ། །ནག་ཅིང་ཤིན་ཏུ་འདོད་ལ་དགའ་། །བཟང་པོ་རྒྱན་གྱིས་བརྒྱན་པའི་ལུས། །རྡོ་རྗེ་ཞགས་པ་འཆད་བའི་མཆོག་།རྡོ་རྗེ་ལྕགས་སྒྲོག་མདོག་སེར་མ། །རྡོ་རྗེ་ལྕགས་སྒྲོག་ཕྱག
བསྣམས་ཤིང། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ནི། །ནུབ་ཀྱི་སྒོ་རུ་བསམ་པར་བྱ། །བྱང་སྒོར་རྡོ་རྗེ་དྲིལ་བུ་མ། །རྡོ་རྗེ་དྲིལ་བུ་རབ་བསྣམས་པའི། །མདོག་དམར་བཟང་པོ་ཡི་ནི་གཟུགས། །དགེ་ཞིང་རྟག་པར་བལྟ་བར་བྱ། །སྟེང་དུ་གཙུག
ཏོར་རྣམ་རྒྱལ་མ། །གཟུགས་བཟང་མདོག་ནི་སེར་བ་སྟེ། །བྱང་ཆུབ་འབྲས་བུ་སྦྱིན་བྱེད་བསམ། །དེ་ནས་སྔགས་པས་འཁོར་ལོ་འཆད། །སྙིང་པོ་དཀྱིལ་འཁོར་འོག་ཏུ་ནི། །དགེ་ཞིང་འོད་འབར་བ་ཡི་གཟུགས། །ཀླུ་ཡི་ཞབས་པ
ཕྱག་ན་བསྣམས། །ཞལ་གཅིག་ཕྱག་ནི་གཉིས་མ་སྟེ། །ཐམས་ཅད་མཁྱེན་པ་ཡིད་འོང་མ། །མདོག་ནག་རྣམ་པར་བསྒོམ་པར་བྱ། །ཡི་གེ་བཅུ་ཡིས་ལྷ་མོ་བཅུ་ནི་རྣམ་པར་སྦྲུལ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཆོས་ཀུན་རབ་ཏུ་འགྲུབ་པར་བྱའོ། །
དེ་ལ་ཡི་གེ་བཅུ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །རང་གི་སྙིང་གའི་ས་བོན་གྱི་འོད་ཀྱི་ཡེ་ཤེས་ཀྱིས་འཁོར་ལོ་སྤྱན་དྲངས་ཏེ། ཛདབང་བསྐུར་བ་དང། ཐིག་ལེ་དང། ཕྲ་མོ་དང། བཟླས་པ་ལ་སོགས་པ་བསྒོམ་པར་བྱའོ། །སངས་རྒྱས་ཀུན་གྱི་ཕྱག་བྱས་པ། །སྔགས་མཆོག་འདི་ནི་གཙོ་བོ་སྟེ། །བཟང་པོ་སྤྱོད་པས་གྲུབ་འགྱུར་བ། །རྡོ་རྗེ་གུར་ལས་གསུངས་པའོ། །འདིར་སྔགས
ནི་ཉེ་བར་སྤྱོད་པ་ནི། །སྔགས་འདིས་གོས་ཀྱི་ཐུབ་ནས་བཟུང་སྟེ་ལན་བདུན་བསྔགས་ལ་མདུད་པ་བྱས་ཏེ་འཇིགས་པ་དང་བཅས་པའི་ས་གང་དུ་འགྲོ་ཡང་འཇིགས་པར་མི་འགྱུར་རོ། །སྟག་དང། རྐུན་མ་དང། ཆུ་སྲིན་དང། སེང་གེ་དང། སྤྲུལ་དང། གླང་
པོ་དང། མ་ཧེ་ཤ་དང། དྲེད་དང། རྟ་ལ་སོགས་པས་ཀྱང་གནོད་པར་མི་བྱེད་དོ། །དེ་བཞིན་དུ་སྔགས་འདིས་ཨཽཏཔ་ལ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀེ་མེ་བ་ཤ་མཱ་ན་ཡ་སྭཱཧཱ། །དེ
བཞིན་དུ་སྔགས་འདིས་ཁྲུའི་སྒོ་ལ་ལན་སུམ་ཅུ་རྩ་གཉིས་སྔགས་ལ། དགྲ་བོའི་ཁང་བར་སྦས། ཞག་བདུན་གྱིས་སྐྲོད་པར་འགྱུར་རོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། ཙ་ལ་ཤྲཱི་བྷྲཾ་གཱ་མི་ནི་དེ་བ་དཏྟ་མུཙྪ་ཏ་ཡ་ཧཱུཾ་ཕན་ཅེས་བྱ་བ་ནི་བསྐྲད་པའི་ཆོ་གའོ། །
དེ་བཞིན་དུ་སྦྱོར་བ་གཞན་ཡང་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་ཨ་བྷཱི་དྷཱ་ནཱཾ། ཀུ་མཱ་རིཾ་མ་ཧཡེ་མུདབཱ?་ཧེ་ན། ཏ་སྱལྔ་ནི་སྦྱིན་བསྲེག་བྱ། །མར་དང་སྦྲང་རྩི་བུ་རམ་གྱིས། །སྦྱིན་སྲེག་བུ་མོ་འགྲུབ་ལ་སྔགས། །དེ་ནས་ཞག་བདུན་སྤྱོད་པ་ཡིས། །རང་འདོད་བུ་མོ་ཐོབ་པར་འགྱུར། །དེ་ནས་སྦྱོར་བ་གཞན་ལ་ཡང། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ
ཀ་བྷཱི་དྷཱ་ནཾ། སྭ་བྷཱ་ན་ཏ་ཨ་ཀརཥ་ཡ་མ་མ་ཨནྟི་ཀེ་ཛསྦྱོར་བ་འདི་ཡིན་ཏེ། རང་བྱུང་གི་མེ་ཏོག་བསྐུས་པའི་ལས་ལ། བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་མ། ལྕགས་ཀྱུ་དང། ཨཽཏཔ་ལའི་ཞགས་པ་ཕྱག་ན་བསྣམས་པ་བྲིས་ལ། དེའི་མདུན་དུ་ལ་རྫས་མེ་ཏོག་བཟང་པོ་འདི་ཞེས་བྱ་བ
ལ་སོགས་པས་མཆོད་པ་བྱས་ལ། བསྒོམ་པ་དང་ལྡན་པས་བཟླས་པ་བྱའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་མ་མེ་པ་སི་ཧཾ་སྭ་པཾ་ནཾ་ཀ་ཐ་ཡ་ཧཱུཾ་ཕཊ། སྟོང་ཕྲག་ལྔ་བཟླས་པས་འོད་བར་འགྱུར་རོ། །ཞགས་པས་སྐེ་བ་ནས་བཅིངས
ཏེ། ལྕགས་ཀྱུས་ཕུག་ལ་རྐང་པ་གཉིས་ནས་ཨཽཏཔ་ལ་ཡིས་བཅིངས་ཏེ། བསྒྲུབ་བྱ་མདུན་དུ་བཀུག་སྟེ། རྐང་པའི་འོག་ཏུ་བསམས་ལ་བྲན་མོའི་གཟུགས་ཀྱིས་ལོངས་སྤྱད་པར་བྱའོ། །དེ་ནས་སྦྱོར་བ་གཞན་ཡང་སྒྲོལ་མའི
གཟུངས་ཀྱིས་ལན་བདུན་བསྔགས་པ་སྟེ། བདག་ཉིད་ཀྱི་མིག་གཉིས་ལ་བྱུགས་ལ་རྒྱལ་པོའི་རིགས་ཀྱི་ནང་དུ་ཞུགས་ན། རྒྱལ་པོ་དང་བཅས་པས་བླ་མར་བྱེད་ཅིང་གཅིག་ཏུ་དབང་དུ་བྱེད་པར་འགྱུར་རོ། །དེ་ནས་གཞན་ཡང
སྦྱོར་བ་ནི་སྒྲོལ་མའི་གཟུངས་བརྒྱ་རྩ་བརྒྱད་བརྗོད་ལ། སྦྲུལ་གྱི་རྒྱལ་པོ་མགོ་བོ་གཉིས་པའི་མགོ་ཐལ་བར་བྱ་སྟེ། བ་དམར་མའི་མར་ལ་ཨརྒའི་སྤྲ་བ་ལ་སྡོང་བུ་བྱས་ཏེ། མེ་སྤར་ལ་དུད་པ་བསགས་པར་བྱའོ། །དུད་པ་དེ་དག་རྡོ
རྗེ་ཉི་མ་དང། རྡོ་རྗེ་ཆོས་གཉིས་དང། བསྲེས་ཤིང་མཉེས་ལ་རྟ་མཆོག་གིས་བདུག་པར་བྱའོ། །དེ་ནས་ཐལ་བ་དང་ལྷན་ཅིག་ཏུ་མིག་ལ་བསྐུས་ན་གང་རྡོ་རྗེ་མིག་གིས་བལྟས་པ་དེ། པདྨ་གར་དབང་འཛག་པར་འགྱུར་རོ། །དེ་ལྟར་མ་གྱུར་ན
བདག་ཉིད་སྒྲོལ་མས་བཅོམ་ལྡན་འདས་ངེས་པར་བཀྲོངས་པ་ཡིན་ནོ། །དེས་ནས་སྦྱོར་བ་གཞན་ཡང་ལྟོ་བའི་སྲིན་བུ་ལ་གཟུངས་ཀྱིས་ལན་བདུན་བསྔགས་པ། རྡོ་རྗེ་ཆོས་དང་ལྷན་ཅིག་ཏུ་བྱས་ལ། སོ་རྩི་དང་སྦྱོར་ལ་སྦྱིན་ནོ། །དེ་ལོངས?
སྤྱད་ན་སྦྱོར་བའི་མཆོག་འདིས་རང་གི་ཆུང་མ་བཞིན་དུ་གཏོང་བར་མི་འགྱུར་རོ། །དེ་ནས་སྦྱོར་བ་གཞན་ཡང་འདི་ཡིན་ཏེ། སོ་མ་སྐྱེས་པའི་བུ་ཆུང་གི་ལྕེ་བླངས་ལ་སྒྲོལ་མའི་གཟུངས་ཀྱིས་ལན་བདུན་བསྔགས་ལ་འབྲེ་ངག་ར་ཐ་མ
འགེའུ་ཝཾ་དང་གཅིག་ཏུ་བྱས་ཏེ་དཔྲལ་བར་ཐིག་ལེ་བྱས་ཏེ་གང་ལ་ལྟས་པ་དེ་དབང་དུ་འགྱུར་རོ། །སྦྱོར་བ་གཞན་ནི་ཞག་ཆེན་པོས་རང་གི་ལུས་ལ་བྱུགས་ཏེ་བསྒོམས་པ་དང་ལྡན་པས་སྒྲོལ་མའི་གཟུངས་ཁྲི་ཆོ་གཅིག་བཟླས་པ་བྱའོ། །བཟླས
པའི་མཐར་འབྲས་སཱ་ལུའི་ཟན་གྱིས་དྲིལ་ཕྱིས་བྱས་ལ་དྲིས་ཕྱིས་དེ་བསྡུས་ཏེ་གང་ལ་བྱིན་པ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །སྦྱོར་བ་གཞན་ཡང་ཟླ་བ་གཟས་ཟིན་པའི་དུས་སུ་སྒྲོལ་མའི་གཟུངས་བཟླས་ཤིང་སྔོན་དུ་བསྙེན
པ་བྱས་ན། དེ་ལས་འབྱུང་བའི་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཏུ་དུང་གི་ཕྱེ་མ་སྦྱོར་བར་བྱའོ། །དེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་རྗེས་སུ་འཇུག་པར་འགྱུར་རོ། །སྦྱོར་བ་གཞན་ཡང་སྒྲོལ་མའི་གཟུངས་སྨྱོ་བྱེད་ཀྱི་འབྲས་བུ
ལ་ལན་བརྒྱ་རྩ་བརྒྱད་བསྔགས་ཏེ་འབྲས་བུ་དེ་དང། རྟ་མགྲིན་དང་ལྷན་ཅིག་ཏུ་གང་ལ་བྱུགས་པ་དེ་དབང་དུ་འགྱུར་རོ། །སྦྱོར་བ་གཞན་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་སྱ་བནདྷ་ན་མུཀྟིཾ་ཀུ་རུ་སྭཱཧཱ། །སྔགས་འདིས་ཨརྐའི་འདབ་མ་ལ་སྒྲུབ་བྱའི་མིང་བར་དུ་བཅུག་སྟེ
བྲིས་ལ། སྲིན་པུ་ཀ་ཀ་རུའི་ཁུང་བུར་བཅུག་སྟ་སྦས་ན། བཅིངས་བ་ལས་གྲོལ་བར་འགྱུར་རོ། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་པའི་ས
བསྒྱུར་ཅིང་ཞུས་སོ། ། །།རྒྱ་གར་སྐད་དུ། ཨཱརྱ་རཱ་ག་ཏ་ཡ་མར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་གཤིན་རྗེ་དམར་པོའི་སྒྲུབ་པའི་ཐབས། འཕགས་པ་གཤིན་རྗེ་དམར་པོ་ལ་ཕྱག་འཚལ་ལོ། །དེ་ཁོ་ན་བཞིན་དུ་སྡིག་པ་བཤགས
པ་ལ་སོགས་པ་སྔོན་འགྲོ་བས་སྟོང་པ་ཉིད་དུ་རྣམ་པར་བསམས་ལ།
CLOSE WINDOW