CLOSE WINDOW

N2912: རྡོ་རྗེ་ཕག་མོའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

། བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྗེ་བཙུན་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། བློ་དམན?་འཇིགས་པར་མཛད་ལ་མཁས་ཤིང་ཚིག་དན་དག་གི་ཕྱོགས་འཇིགས་པ། །དུག་འཇོམས་སྐྱེ་བོའི་ཚོགས་ཀྱི་རྩེ་དགས་བརྙེས་པར་གྱུར་པའི་ཐར་པ་ཡིས། །རབ་ཞི་བདེ་བ་ཕུན་སུམ་ཚོགས་པ་ལྷ་མོ་རྡོ་རྗེ་ཕག་མོ་སྟེ། །ཀོ ག་ཏད་ཏོས་བཏུད་ལ་འདི་ནི་རབ་ཏུ་མཛེས་པར་བྲི་བར་བྱ། དེ་ལ་ཐུན་ཕྱེད་ལྷག་པའི་མཚན་མོ་ཆོ་ག་བཞིན་དུ་ལངས་ལ། དུར་ཁྲོད་ལ་སོགས་པ་ཡིད་ཀྱི་རྗེས་སུ་མཐུན་པའི་གནས་འགའ་ཞིག་ཏུ་ཙན་དན་དང་བཅས་པལ་སོགས་པས། ཉེ་པར་བྱུགས་ཤིང། མེ ཏོག་གི་བྱེ་བྲག་སྣ་ཚོགས་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱ་ཏེ། དངོས་སུ་རོའི་སྟན་ནམ་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་ལ། བྱམས་པ་ལ་སོགས་པ་བསྒོམ་པ་སྔོན་དུ་འགྲོ་བས་རང་གི་སྙིང་གར་ཡི་གེ་ཨཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ ཡ་ཨི་གེ་ཧྲཱིལས་ཀུན་ནས་བྱུང་བའི་རབ་ཏུ་གཏུམ་པའི་མིག་ཅན་དང། འོད་ལྡན་མ་དང། སྣ་ཆེན་མོ་དང། དཔའ་ཨི་བློ་གྲོས་མ་དང། བོང་ཐུང་མ་དང། ལང་ཀའི་དབང་ཕྱུག་མ་དང། ཤིང་གྲིབ་མ་སྟེ། ཐུགས་ཀྱི་འཁོར་ལོའི་བརྒྱན་དང། ས་སྐྱོད་མ་དང། འཇིགས བྱེད་ཆེན་པོ་དང། རླུང་གི་ཤུགས་ཅན་མ་དང། ཆང་ཐུང་མ་དང། ལྟ་མོ་སྔོ་བསངས་མ་དང། ཤིན་ཏུ་བཟང་མོ་དང། རྟ་རྣ་མ་དང། ཁྭ་གའི་ཞལ་ཏེ། གསུང་གི་འཁོར་ལོའི་བརྒྱད་དང། འཁོར་ལོའི་ཤུགས་དང། ཆར་འཚོད་མ་དང། འཁོར ལོའི་གོ་ཆ་མ་དང། ཤིན་ཏུ་དཔའ་མོ་དང། སྟོབས་ཆེན་མོ་དང། འཁོར་ལོའི་གོ་ཆ་མ་དང། བརྩོན་འགྲུས་ཆེན་མོ་དང། སྐུའི་འཁོར་ལོའི་ལྷ་མོ་བརྒྱད་དེ། ཁ་དོག་མཐིང་ནག་དང། དམར་མོ་དང། དཀར་མོ་རྣམས་དང། མི་བསྐྱོད་པ་དང། སྣང་བ མཛའ་ཡས་དང། རྣམ་པར་སྣང་མཛད་རྣམས་དབུ་ལ་བཞུགས་པ་དང། སྤྱན་གསུམ་ཕྱག་རྒྱ་ལྔ་དང་ལྡན་ཞིང་ཟླ་བའི་གདན་དང། རྡོ་རྗེ་དང། པདྨ་དང། འཁོར་ལོ་དང། ཐོད་པའི་ཕྲེང་བས་ལེགས་པར་བཅིངས་པས་དབུའི་ཟུར་ཕུད་གསུམ་བརྒྱན པ་དང། གྲི་གུག་དང། ཐོད་པ་དང། ཁ་ཊཝཱཾ་ག་དང་ལྡན་ཞིང་མཆོད་པས་སྦྲེལ་བའི་ཕྱག་ལིམ་ལོག་དང་ལྡན་པར་ལེགས་པར་བལྟས་ལ། མཆོད་པའི་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ཅིང། ཕྱག འཚལ་བ་དང། སྡིག་པ་བཤགས་པ་དང། ཕྱིན་ཆར་མི་བྱེད་པར་ལེགས་པར་བསྡོམས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལམ་ལ་ལེགས་པར་བསྟེན་པ་དང། བདག་ཉིད་ཀྱི་དངོས་པོ་ཡོངས་སུ་བཏང་བ་དང། གསོལ་བ་དང། བསྐུལ་བ་རྣམས་ཀྱང་ཆོག་བཞིན་དུ་རྣམ་པར་བསྒྲུབས་ལ། །བསོད་ནམས་ཀྱང་ཡོངས་སུ་བསྔོས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་སྒྲུབ་པར་བྱ་བ་ལས། མགོ་ཐོག་ཏུ་ཐལ་མོ་ལེགས པར་ཁ་སྦྱར་ལ། ཚིགས་སུ་བཅད་པའི་དབྱངས་བརྗོད་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་གདབ་པར་བྱ་བའོ། །དེ་ལ་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། ཨ་དེ་བཞིན་གཤེགས་ཀུན་གྱིས་ནི་དབང་བསྐུར་བས། སེམས་ཅན་ཐམས་ཅད་ལ་ནི་དངོས་གྲུབ་ཀུན། །ཕུན་ཚོགས་འགྱུར་བས་དེ་བཞིན་གཤེགས་པ་ནི། །ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབ་ཏུ་གསོལ། །ོཾ་ཆོས་སྐུ་རང་བཞིན་དག་པ་ནི། །བདག་གི་རང་བཞིན་དག་པ་ཡིན། ཞེས་བྱ་བའོ།། དེའི་རྗེས་ཐོགས་ལ་མཆོད་པར་བྱ་བ་དང། མཆོད་པ་དང། མཆོད་པ་པོ་རྣམས་དང། ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པས་རྨི་ལམ་གྱི་རྐྱེན་བཞིན་དུ་སྟེ། སོ་སོ་རང་གིས་རིགས་པར བྱ་བར་ལྷག་པར་མོས་པར་བྱས་ལ། སྙིང་གའི་སྔགས་ཀྱི་འོད་ཟེར་སྤར་བའི་འབར་བས། ཀུན་ནས་སྣང་བ་མེད་པར་བྱས་ཏེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །ཞེས་བྱ་བའི་ང རྒྱལ་འདི་བསྐྱེད་དོ། །དེ་ནས་རང་གི་སེམས་ཡི་གེ་པཾ་དམར་པོའི་ངོ་བོར་གྱུར་པར་ཡོངས་སུ་གྲུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའི་སྟེང་དུ་ཡི་གེ་ཨཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་དཀར་པོ་ལས་ཉི་མའོ། །ཉི་མ་ལ་གནས་པའི་རྡོ་རྗེ རྩེ་ལྔ་པ་འོད་ཟེར་དང་ལྡན་པ། ཡི་གེ་ཧྲཱི:དཀར་པོས་བྱིན་གྱིས་བརླབས་པ་།སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས་བསྒོམ་པར་བྱ་བའོ། །དེ་དག་ཡོངས་སུ་གྱུར་པས་ལོ་བཅུ་དྲུག་མའི་སྐུར་གྱུར་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཞལ་མཆེ་བ་ཅུང་ཟད་རྣམ་པར་གཙིགས་པ། དབུ་སྐྲ་ལྷུག་པ་མེ་ཏོག་སྣ་ཚོགས་པ་རྣམས་ཀྱིས་མཛེས་པར་བྱས་ཤིང། ཕྱེད་བཅིངས་པས་ཀྱང་རྣམ་པར་མཛེས་པ། རྡོ་རྗེ་ནག་པོའི་ཕྲེང་བ་གཉིས་ཀྱི་བར་དུ་བཅུག་པའི་ཐོད་པའི་ཕྲེང་བས བཅིངས་པའི་ཟུར་ཕུད་གསུམ་?་འཁོར་ལོ་དང། རྣ་གདུབ་དང། མགུལ་རྒྱན་དང་སྨད་ཀས་བརྒྱན་པ། རྣམ་པར་དག་པའི་བ་དན་ལྕེ་གསུམ་པ་མཆོག་ཏུ་འབར་བ་ཕྱག་གཡས་པ་བསྐྱོད་པ་ན་གནས་པ་དང། སྔར་བཤད་པའི་རྡོ་རྗེས་ཡེ་ཤེས་ཀྱི་སྐྱེས་བུ འཇིགས་པ་རྗེས་སུ་བསྒྲུབ་པར་མཛད་པ། ཕྱག་གཡོན་པས་ནི་འོག་རྩེ་གཅིག་པ་ལ་སྟེང་ནག་པོ་རྩེ་ལྔ་བའི་དབྱུག་པ་དཀར་པོ་དང་རྗེས་སུ་འགྲོགས་པའི་སྐམ་པོ་འཛག་པ་དང་བཅས་པའི་མགོ་བོ་དང། སྣ་ཚགས་རྡོ་རྗེ་དང། གསེར་གྱི་བུམ་པའི ཞབས་ནས་དང་འབྲེལ་བའི་དྲིལ་བུ་ཆུང་དུ་སྒྲ་འཁྲོལ་བ་དང་ལྡན་པ། བ་དན་ཁྲུ་པོ་རྣམ་པར་མཛེས་པའི་དབྱུག་གུ་དཔུང་པ་ལ་ཁ་ཊཝཱཾ་ག་དང། དཀྲིས་པ་དང། བདུད་བཞིའི་ཁྲག་དང་ཞག་གི་ལེགས་པར་གང་བའི་པདྨའི་སྣོད་བསྣམས་པར་མཛད པའོ། །འཛག་པ་དང་ལྡན་པའི་རྒྱུ་མས་བརྒྱུས་པའི་མགོ་བོ་ཁྲག་འཛག་པར་གྱུར་པ་ལྔ་ཅུའི་ཕྲེང་བ་རབ་ཏུ་ཁྱད?་བ་པདྨ་དམར་པོའི་སྟེང་ན་ཉི་མ་ལ་གནས་པའི་ཡེ་ཤེས་ཀྱི་སྐྱེས་བུ་མ། གཡོན་བསྐུམ་པའི་ཞབས་ཀྱིས་བཞུགས་པ། གོས་མེད་པར་རབ་ཏུ་གདུག་པའི་ཉི་མའི་འོད་དང་ལྡན་མ། བ་སྤུའི་ཚོགས་རྣམས་ལས་འོད་ཟེར་སྤྲོ་བར་མཛད་མ། གཟུགས་རྒྱན་དང་མཚུངས་པར་གྱུར་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་ཕ། སྣ་ཚོགས པ་ཨའི་སྤྲུལ་པ་རྣམས་ཀྱིས་ཕྱོགས་བཅུར་སྐྱེ་དགུ་རྣམས་ཀྱི་དོན་ཆེད་ཆེར་མཛད་པ་ཉི་མ་ལ་གནས་པའི་ཡི་གེ་ཧྲཱིདེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་ཀྱི་དྲ་བས་སེམས་ཅན་ཐམས་ཅད་སྐུ་དེ་དང་ལྡན་པར་ངེས་པར་བསྒྲུབས་ལ། བདག་ཉིད་ལ་ལེགས་པར་བཅུག་སྟེ། ད་རང་ཁོ་ན་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར བྱ་བའོ། །དེའི་རྗེས་ལ་རང་གི་ལྟེ་བར་སྣ་ཚོགས་པདྨ་ལ་འོད་ཟེར་དཀར་པོ་དང་ལྡན་པའི་ཉི་མའི་དཀྱིལ་འཁོར་དུ་ཡི་གེ་ཧྲཱིབས་ཁའི་སྒོ་ནས་ངེས་པར་བྱུང་ནས། སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་དང། ནོར་བུ་དང་སྔགས་དང། སྨན་དང། ཟླ་བ་དང། སྐར་མ་དང། ཡི་གེ་དང། བསྟན་བཅོས་དང། རིག་པ་ལ་སོགས་པ་རྣམས་ཀྱི་གཟི་བརྗིད་ཀུན་ནས་བླངS ཏེ། ལྟེ་བའི་བུ་གར་ལེགས་པར་ཞུགས་པས་བདག་དང་གཞན་གྱི་གཏི་མུག་ཐམས་ཅད་སྐྲག་པར་བྱེད་པའི་བདག་ཉིད་ཅན་དུ་བསྒོམ་པར་བྱ་བའོ། །དེ་ནས་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བས་ནམ་མཁའ་ལ་གནས་པའི ཡེ་ཤེས་ཀྱི་ལྷ་མོ་མདུན་དུ་བལྟས་ལ། སྔར་བརྗོད་པའི་ལྷ་མོའི་ཚོགས་ཀྱི་མཆོད་ལོན་ལ་སོགས་པ་སྔོན་དུ་བདར་བས་མཆོད་ཅིང། ཡི་གེ་ཕེཾ་གི་སྔགས་བརྗོད་པ་སྔོན་དུ་འགྲོ་བས། དྲ་བའི་ཕྱག་རྒྱ བཅིངས་ཏེ། དཔྲལ་བར་གཡོན་སྐོར་དུ་བསྐོར་བས་དེ་སྤྱན་དྲང་བར་བྱ་བའོ། །དེ་དང་གཅིག་ཏུ་གྱུར་པས་སྔགས་ཀྱི་ང་རྒྱལ་བསྐྱེད་པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་རྣལ་འབྱོར་པ་དག་པས་ཆོས་ཐམས་ཅད་ཀྱི་རྣལ་འབྱོར དག་པ་ནི་ང་ཡིན་ནོ། །སྙིང་གའི་ས་བོན་ངེས་ཡང་དག་པར་བསྐུལ་བར་གྱུར་པས། ནམ་མཁའ་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། དེ་དག་གིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད ཀྱི་བདུད་རྩི་ལྔས་གང་བའི་བུམ་པ་བསྣམས་ཤིང། དེ་རྒྱུ་མཚན་གྱིས་རྔ་སྒྲ་དང། དུང་དང། རྫ་རྔ་དང། པི་ཝང་དང། འཁར་རྔ་དང། གླིང་བུ་དང། གླུ་དབྱངས་སྣ་ཚོགས་པ་རྣམས་དང། ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་ཀྱང་རྒྱལ་བར་གྱུར ཅིག། རྒྱལ་བར་གྱུར་ཅིག་ཅེས་ཆེད་ཆེར་བྱེད་པ་དང། གུར་གུམ་དང། ག་བུར་དང། གླ་རྩི་དང། མེ་ཏོག་དྲི་ཞིམ་པོའི་ཆར་རབ་ཏུ་འབེབས་པས་ཀྱང་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་མཛད་པ། །ལྷ་ཡི་ཆུ་ནི དག་པ་ཡིས། །དེ་བཞིན་བདག་ཀྱང་ཁྲུས་བགྱིའོ། །བྱ་བའི་ཚིགས་སུ་བཅང་པ་བརྗོད་པས་བདག་ཉིད་ལ་དབང་བསྐུར་རོ། །ོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་པའི་དམ་ཚིག་གི་དཔལ་གྱི་ཧཱུཾ། བྱ་བ་འདིས་བྱིན་གྱིས་ཀྱང བརླབ་པར་བྱ་བའོ། །དེ་དག་ལས་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་མི་བསྐྱོད་པས་མགོ་ལ་བྱིན་གྱིས་བརླབས་པར་བསམ་པར་བྱ་བའོ། །དེ་ནས་དེའི་རྒྱུ་མཚན་དུ་རབ་ཏུ་གཏུམ་པའི་མིག་ཅན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། དེའི རྒྱུ་མཚན་གྱིས་མཆོད་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས། བདག་ཉིད་ལ་མངོན་པར་མཆོད་པ་དང། འཆང་པར་འགྱུར་བའི་རིམ་པས་བདུད་རྩི་མྱང་བ་ཡང་བྱ་སྟེ། སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བ་ཅན་གྱི་ཇི་སྲིད་ཀྱི་བར་དུ་བསྒོམ་པར་བྱ་ བའོ། །མྱུར་བ་ལ་སོགས་པའི་སྐྱོན་དང་བྲལ་བས་སྔགས་བཟླས་པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཧྲཱིག་ཨེ་ཧཱིཐམས་ཅད་ཀྱང་དེའི་གཟུགས་དང་ལྡན་པར་བལྟ་བར་གྱུར་པས་ཇི་ལྟར་བདེ་བའི་སྤྱོད་ལམ་བྱ་བའོ། །དེ་ལ་ཡི་གེ་བརྒྱ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨཱམེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་པ། སུ་བོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམམེ་པྲ་ཡཙྪ། སརྦ་ཀརྨ་སུ་ཅོ?་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཧཱུཾ་ཞེས་བྱ་བའོ། །ཐུན་ཚོད་གཞན་ལ་ཡང་སྐད་ཅིག་གིས་ལྷ་མོའི་རྣམ་པ་སྔོན་དུ་བྱས་ལ། མཆོད་པ་ལ་སོགས་པ་སྔོན་དུ་བཏང་བས་ཇི་སྲིད་འདོད་ཀྱི་བར་དུ་རྣམ་པར་བསྒོམས་ཤིང། སྔར་བཞིན་སྔགས་ཀྱང་བཟླས་ཏེ། སྔར ཀྱི་བཞིན་དུཐམས་ཅད་བྱ་བའོ། །ནམ་བྱེད་ཀྱི་ཐུན་ལ་ཡང་ཐམས་ཅད་སྔར་བཞིན་དུ་བྱས་ལ། ཉལ་བའི་དུས་སུ་མགོའི་ཕྱོགས་སུ་བླ་མ་དང། སངས་རྒྱས་དང། བྱང་ཆུབ་སེམས་རྣམས་བལྟས་ཏེ། ལེགས་པར་མཆོད་ཅིང། ཡན་ལག་བརྒྱད་གཏུགས་པས་ཕྱག་འཚལ་བའི་བསམ་པས་སེང་གེའི་ཉལ་སྟངས་ཀྱིས་ཉལ་བར་བྱ་བའོ། །དེ་ནས་ནམ་མཁའ་འབྱུང་བའི་ཚོད་ལ་ནི་ལྷ་མོ་ལངས་པར་གྱུར་པས་སྔར་བཞིན་དུ་ཐམས་ཅད་བྱ་བའོ། །གང་ཡང་རིམ བ་བཞིན་དུ་ས་ཕྱོགས་འགའ་ཞིག་ཏུ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བདེ་བའི་སྟན་ལ་ཉེ་བར་གནས་ལ། སེམས་ཅན་རྣམས་ཐམས་ཅད་ལ་ཡང། སྙིང་རྗེས་དམིགས་ཏེ། སྡིག་པ་བཤཌ་པ་ནS?་བརྩཾས་ནས། ཇི་སྲིད་དུ་བྱང་ཆུབ་ཏུ་སེམས་སྐྱེད པ་ཡང་སྔོན་དུ་བཏང་པས། ཡི་གེ་ཨཱཡང་བྱས་ཏེ། བརྒྱ་ཕྲག་བྱེད་ཀྱི་རི་ལུའི་ཕྲེང་བའི་བགྲང་ཕྲེང་གིས་ཐུན་ཆོད་གསུམ་མམ། ཐུན་ཚོད་བཞིར་ཡང་རུང་སྟེ། རྣལ་འབྱོར་པས་བཟླས་པར་བྱ་བའོ། །ལེགས་པར་ཉལ་བ་ཡང་སྔར་གྱི་ཆོ་གས་ཉལ་བར་བྱ་པའོ། །དེ ལྟར་བཟླས་པ་དང། བསྒོམ་པའི་བདག་ཉིད་ཅན་ཆོ་ག་བཞིན་དུ་རྗེས་སུ་སྣང་བ་ཐོབ་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་གྲོལ་བ། དད་པ་དང་ལྡན་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། སྙིང་རྗེ་དང་ལྡན་ཞིང་དགེ་བའི་བཤེས གཉེན་མཉེས་པར་བྱེད་པ་ལ། ཆེད་ཆེར་འཛིན་པའི་རྣལ་འབྱོར་པས་ནི་འབུམ་ཕྲག་བདུན་བཟླས་པས་བཟོ་དང། རིག་པ་དང། བསྟན་བཅོས་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཡིད་གཞུངས་པ་དང། དཔའ་བ་དང། འཇིགས་པ མེད་པ་འཁོར་རྣམ་ཀྱིས་ཟིལ་མི་ནོན་པ་དང། རྩོད་པ་པོར་ཡང་འགྱུར་རོ། །ཚ་བ་དང། བད་ཀན་དང། དུག་དང། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་ཀྱང་ཉེ་བར་འཚེ་བར་མི་འགྱུར་རོ། །གང་དག་ཟོས་པ་དེ་དག་ཀྱང་བདུད་རྩིར འགྱུར་རོ། །སྔགས་འདིའི་བཟླས་པ་གྲུབ་པར་གྱུར་པ་ན། སྔགས་དེས་སྔགས་པའི་ཐོད་ལོ་ཀོར་གང་གི་ལག་དུ་ཕྱིན་པར་གྱུར་པ་དེ་ལྐུགས་པ་ཡིན་ཡང་སྙན་དངགས་མཁན་དུ་འགྱུར་རོ། །དེའི་དྲི་ཙམ་གྱིས་གང་དག་ཀླུ་ལ སོགས་པ་རྣམས་ཉེ་བར་ཡང་མི་འགྱུར་རོ། །ཉེ་བར་འཚེ་བ་འདི་དག་གིས་ཉེ་བར་འཚེ་བར་བྱེད་པ་འཁོར་རྣམས་དང། གཞན་དག་རྣམས་ཐམས་ཅད་ཀྱང་ཉེ་བར་ཕན་འདོགས་པའི་ནུས་པ་དང་ལྡན་པར་འགྱུར་རོ། །མང་དུ་སྨས ལ་ཅི་བྱ། བསྟན་བཅོས་ལ་དགའ་བ་མ་སྤྱད་ཅིང། སེམས་རྣམ་པར་གཡེང་བ་དང་བཅས་བའི་བློ་གྲོས་བླུན་པོ་དག་གིས་ཀྱང། སྔགས་འདི་འབུམ་ཕྲག་གཉིས་བཟླས་པས། །ཤེས་རབ་ཀྱི་སྣང་བའི་སྒྲུབ་ཐབས་འདི་བྱས་པ་ཡིན་ན། གང་ཡང་སེམས་བརྟན་པ་དང་ལྡན་ཞིང་བཤད་མ་ཐག་གི་ཡོན་ཏན་དང་ལྡན་པར་གྱུར་པ་དེ་དག་ལ་དངོས་གྲུབ་ཆེས་མྱུར་བ་ཉིད་དུ་འགྱུར་རོ། །ཤེས་རབ་ཀྱི་སྣང་བའི་སྒྲུབ་ཐབས་ཀྱི་ཆོ་གའོ།། །། སེམས་ཅན་དབང་དུ་བྱས་ནས་འཕགས་པའི་བདེན་པ་བཞི་ལ་འཇུག་པ་རྣམས་ལ། དབང་དུ་བྱ་བའི་ཆོ་ག་བཤད་པར་བྱ་བའོ། །དེ་ནི་སྔོན་བཤད་པའི་རིམ་པས་བཅོམ་ལྡན་འདས་མ་ཡོངས་སུ་རྫོགས་པར་བྱ་བ་ལས། གཞན ཡང་ས་བོན་དང་ཕྱག་མཚན་དམར་པོ་ཡོངས་སུ་གྱུར་བ་ལས་སྐུ་མདོག་དམར་མོར་རྣམ་པར་བསྒོམས་ཤིང། ལེགས་པར་མཆོད་དེ། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་པ་ཡང་བྱས་ལ། དེ་ཁོ་ན་ཉིད གསུམ་ལS་ངེས་པར་གྲུབ་པའི་ཐོད་པ་ཁ་སྤུབ་པ་གསུམ་གྱི་སྟེང་དུ་ཡི་གེ་ཨཱ་དམར་པོ་ལས་བྱུང་བའི་པདྨའི་སྣོད་ཀྱི་སྟེང་དུ་དམ་ཚིག་བཅུ་དང། དབྱངས་བཅུ་དྲུག་དང། ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་བཞིས་ཀྱང་བྱིན་གྱིས བརླངས་པར་བལྟས་པའོ། །འོག་ཏུ་ཡཾ?་དང་རཾ?་ཡོངས་སུ་གྱུར་པ་ལས་རླུང་དང། མེའི་དཀྱིལ་འཁོར་གཉིས་ཀྱི་སྦར་ཞིང། བསྐོལ་ཏེ། དམ་ཚིག་རྣམས་དང། ས་བོན་དེ་དག་གི་འོད་ཟེར་གྱིས་ཀྱང་བསྐུལ་བའི་དེ་བཞིན་གཤེགས་པའི ཚོགས་སྤྱན་དྲངས་ལ་དེའི་ནང་དུ་བསྟིམ་མོ། །དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་ཞིང། དེས་བྱིན་གྱིས་བརླབས་ཤིང། ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ལྡན པའོ། །རྡོ་རྗེ་འཛིན་པ་ཡང་ཟླ་བ་དང་རྡོ་རྗེ་ལ་ལེགས་པར་བཞུགས་པར་བྱ་བའོ། །མ་སྨིན་པ་དང་ཡིད་གཉིས་ལ་སོགས་པའི་སྐྱོན་དག་པར་བྱེད་པ་དེའི་སྟེང་དུ་ཡི་གེ་ཨོཾ་བསྒོམ་པར་བྱ་སྟེ། དེའི་འོད་སྤྲོས་པས་བདུད་རྩིའི་སྐུ་མངའ་བའི་དེ བཞིན་གཤེགས་པ་རྣམས་དང། འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་གནས་པའི་བདུད་རྩི་ཡང་དེ་ལ་བཞུགས་པར་བྱ་བའོ། །རང་སྔགས་ཀྱང་རབ་ཏུ་གཞུག་པར་བྱ་བའོ། །ཇི་ལྟ་བ་བཞིན་དུ་བདུད་རྩི་གྲུབ་པ་མཐོང་བ་དང། དེ་ཁོ་ན་ཉིད གསུམ་གྱིས་བྱིན་གྱིས་བརླབས་ལ། ཆོ་ག་བཞིན་དུ་བདུད་རྩི་མྱང་བར་བྱ་སྟེ། ཇི་སྲིད་འདོད་བའི་བར་དུ་རྣམ་པར་བསྒོམ་པར་བྱ་ཞིང། རང་གི་མིང་གི་ཡི་གེ་ཡོངས་སུ་གྱུར་པ་ལS་བསྒྲུབས་བྱ་མདུན་དུ་སྔོན་དུ་ཕྱོཌ་པར་བལྟས་ལ། སྔགས་ཀྱི ཕྲེང་བ་དེ་དག་ལས་ཀུན་ནས་བྱུང་བའི་འོད་ཟེར་གྱིས་དེ་བཀུག་ལ་དེ་ལ་བསྟིམ་པར་བྱ་བའོ། །དེའི་སེམས་ཀྱིས་ཨ་ཡོངས་སུ་གྱུར་པ་ལས་ཤིན་ཏུ་དམར་བའི་ཟླ་བའི་དཀྱིལ་འཁོར་ལ་ཨ་བསྒོམས་ལ། སྔགས་ཀྱི་ཕྲེང་བ་དེ་དག་ལས ན་གེས་པར་བྱུང་བའི་ལྷ་མོ་མདོག་དམར་མོ་ཕྱག་གཡོན་བས་ཡི་གེ་ཧྲིསྟེ། རྣལ་འབྱོར་བས། ཨོཾ་ཨཱཞིང་ལྕགས་ཀྱུས་བསྐུལ་བར་གྱུར་པས་ཇི་བལྟ་བཞིན་དུ་ལེགས་པར་བཀུག་ནས་རང་གི་སེམས་ལ་ལེགས་པར་བཅུག་པ་དང། ལྷ་མོ་ཡང་སྔགས་ཀྱི་ཕྲེང་བ་ལ་ནང་དུ་ཐིམ་པར་བལྟ་བར་བྱ་བའོ། །དེ་ནས་དེ སྐྲ་ཞིག?་བ་མྱོས་ཤིང་ལུས་དང་དབང་མེད་བར་དགའ་བར་བྱ་འདོད་པས་གཅིག་དུ་མཆོག་ཏུ་དབང་དུ་གྱུར་པར་བྱས་པས་ལག་པ་ཐལ་མོ་སྦྱོར་བ་དང་ལྡན་པས་ཅི་བགྱི་བ་ཉིད་དུ་བསྒྲུབ་པ་པོ་ལ་མངོན་དུ་ཕྱོགས་པར་བྱ་བ་ཡིན་ནོ། །རྡོ་རྗེ་ཕག མོའི་སྒྲུབ་ཐབས་རྫོགས་སོ། ། །། བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག མོའི་སྒྲུབ་ཐབས།

CLOSE WINDOW