Wylie | e-texts based on the ACIP/ALL ![]() ![]() |
།དུས་མི་རིང་བ་ཉིད་ན་འདི་ཛམྦྷ་ལ་དང་འདྲ་བར་འགྱུར་ཏེ། ནོར་དང་གསེར་ཕུན་སུམ་ཚོགས་པར་འགྱུར་བ་དང། ས་གཞི་རྫས་ཀྱིས་གང་བར་བྱེད་པར་འགྱུར་རོ། །ོཾ་ཛལུཾ?་ཙལུཾ?་སབརྗོད་ལ་ཁྱོད་བས་དབུལ་བར་བྱ་བའོ། །གྲུབ་པར་མ་གྱུར་ན་ནི་བདག་ཉིད་དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་ཏེ། ཛམྦྷ་ལའི་སྐུ་གཟུགས་དུག་དང་སྐྱེ་ཚེ་དང་ཤིང་ནིམ་པའི་འདབ་མ་དང་ཐང་ཕྲོམ་དང་དུར་ཁྲོད་ཀྱི་སོལ་བས་ལེགས་པར་བྱུགས་ལ
བསོ་ཞིང་བསྐམ་པར་བྱ་བའོ། །ཕྱི་ནས་ནི་ཁྲོས་པར་གྱུར་བས་བུར་ཁྲོད་ཀྱི་མེ་ལ་བསྡེ་བར་བྱ་སྟེ། ངེས་པར་འགྲུབ་པར་འགྱུར་རོ། །དཔལ་ཛམྦྷ་ལའི་སྒྲུབ་ཐབས་རྫོགས་སྟོ།། །།མཁས་པ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ
ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། ། །།རྒྱ་གར་སྐད་དུ། དྷ་ར་ཨཽ་པ་དེ་ཤ། བོད་སྐད་དུ། རྒྱུན་གྱི་གདམས་དག། སྲིན་ལག་གི་རྩེ་མོ་ལ་ཡི་གེ་ཛིཾ་སེར་པོ་བསྒོམ་པར་བྱ་ཞིང་རྫའི་གཞོང་བུ་ལ་སོགས་པར་ཛམྦྷ་ལ་བསྒོམས
ལ། ལག་པ་གཞན་གྱིས་ཆུ་རྒྱུན་སྲིན་ལག་གི་རྩ་བར་འབབ་པར་བྱས་པས་དེའི་དབུ་ཉིད་ལ་འབབ་པར་འགྱུར་བར་ཡི་གེ་ཛཾ་བརྒྱ་རྩ་བརྒྱད་བཟླས་པ་དང་ལྡན་པས་ལེགས་པར་བསམ་པར་བྱ་བའོ། །ཛམྦྷ་ལའི་རྒྱུན་འབབ་པའི་གདམས་དག་གོ།
་བྷ?་?་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། ། །།རྒྱ་གར་སྐད་དུ། ཛམྦྷ་ལ་སྱ་ཨཽ་པ་དེ་ཤ:། བོད་སྐད་དུ། ཛམྦྷ་ལའི་གདམས་ངག། ལག་པ་གཡས་པར་ཟླ་བ་ལ་གནས་པའི་ས་བོན་ཙལུཾ?་ལ་སོགས་པ་ལྔ
ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ལྔ་བསྒོམས་ལ། དེ་དག་རྣམས་ཀྱང་ཟླ་བ་དང་ལྷན་ཅིག་ཁུ་བར་བྱས་ཏེ། ཛཾ་ལས་བྱུང་བའི་ཛམྦྷ་ལ་རབ་ཏུ་གྲགས་པ་མདུན་དུ་བསྐྱེད་ལ། སྔར་བརྗོད་པའི་ཁུ་བ་དང་ཆུ་ལྷན་ཅིག་ཏུ་སྲིན་ལག་བརྒྱད?
བའི་ལག་བ་ཁུ་ཚུར་ཕྱེད་དུ་བྱས་པའི་ཁྱོར་བས་དེའི་དབུས་ལ་བརྒྱ་རྩ་བརྒྱད་བླུགས་པར་བྱའོ། །ཕུན་སུམ་ཚོགས་པ་ལྷག་མ་མ་ལུས་འབྱུང་པར་འགྱུར་རོ། །འདི་ནི་ཛམྦྷ་ལའི་གདམས་ངག། དཱ་དང་ཨའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས
བསྒྱུར་བའོ། ། །།རྒྱ་གར་སྐད་དུ། ཨཽ་པ་དེ་ཤ་བི་ཥེ་ཤ:བོད་སྐད་དུ། གདམས་དག་གི་ཁྱད་པར། རྒྱལ་བ་རྣམ་སྣང་ཞེས་གྲགས་དང། །རིན་ཆེན་འབྱུང་ལྡན་ཉིད་དང་ཡང། །སྣང་མཛའ་དང་ནི་དོན་ཡོད་གྲུབ། །མི་བསྐྱོད་པར་ཡང
རབ་ཏུ་བསྒྲགས། །འདི་དག་མདོག་ནི་དཀར་དང་སེར། །དམར་དང་ལྗང་ཁུ་མཐིང་ནག་ཡིན། །བྱང་མཆོག་མཆོད་སྦྱིན་མཉམ་བཞག་དང། །མི་འཇིགས་ས?་གནོན་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བོན་ནི་བྲུཾ། ཨོཾ། ཛྲི། ཁཾ། ཧཱུཾ་?། །དེ་བཞིན
གཤེགས་པ་ལྔའི་གདམས་ངག་གི་ཁྱད་པར་ཨ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་པའོ། ། །།རྒྱ་གར་སྐད་དུ། བི་ཥེ་ཤ་ཨ་མ་ན་ཡ། བོད་སྐད་དུ། ཁྱད་པར་གྱི་གདམས་དག། ལག་གཡས་ཟླ་བ་ལ་གནས་པའི། །ཡི་གེ
ལྔ་ལས་ལེགས་བྱུང་བར། ། །།རྒྱ་གར་སྐད་དུ། བི་ཥེ་ཤ་ཨ་མ་ན་ཡ། བོད་སྐད་དུ། ཁྱད་པར་གྱི་གདམས་དག། ལག་གཡས་ཟླ་བ་ལ་གནས་པའི། །ཡི་གེ
ལྔ་ལས་ལེགས་བྱུང་བར། །དེ་བཞིན་གཤེགས་ལྔ་བསྒོམས་བྱས་ལ། །ཁུ་བའི་གཟུགས་སུ་རྣམ་པར་བསྒོམ། །ཛི་ལས་སྨད་བྱུང་ཛམྦྷ་ལ། །བསྒོམས་ལ་ཁྱོར་བས་རབ་གུས་པས། །དེ་སྔགས་བཟློས་པས་བརྒྱ་རྩ་བརྒྱད། །ཆུ་ནི་སྦྱིན་པར
བྱ་བ་ཡིན། །དེ་བཞིན་གཤེགས་ལྔ་བསྒོམས་བྱས་ལ། །ཁུ་བའི་གཟུགས་སུ་རྣམ་པར་བསྒོམ། །ཛི་ལས་སྨད་བྱུང་ཛམྦྷ་ལ། །བསྒོམས་ལ་ཁྱོར་བས་རབ་གུས་པས། །དེ་སྔགས་བཟློས་པས་བརྒྱ་རྩ་བརྒྱད། །ཆུ་ནི་སྦྱིན་པར
བྱ་བ་ཡིན། །ཛམྦྷ་ལའི་ཁྱད་པར་གྱི་གདམས་ངག་ཏཱ་དང་ཨ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧ་ཡ་གྷི་བྷ་ས་དྷ་ནི། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས། །སྔར་བཤད་པཱི
ཆོ་གའི་རིམ་པས་སྣ་ཚོགས་པདྨ་དང་ཉི་མ་ལ་ཡི་གེ་ཧཾ་དམར་པོའི་ཡེ་ཤེས་ཡོངས་སུ་རྫོགས་པ་ལས་འཕགས་པ་རྟ་མགྲིན་ཏེ། །ཛམྦྷ་ལའི་ཁྱད་པར་གྱི་གདམས་ངག་ཏཱ་དང་ཨ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧ་ཡ་གྷི་བྷ་ས་དྷ་ནི། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས། །སྔར་བཤད་པཱི
ཆོ་གའི་རིམ་པས་སྣ་ཚོགས་པདྨ་དང་ཉི་མ་ལ་ཡི་གེ་ཧཾ་དམར་པོའི་ཡེ་ཤེས་ཡོངས་སུ་རྫོགས་པ་ལས་འཕགས་པ་རྟ་མགྲིན་ཏེ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནི་མཐིང་ནག་དང། དཀར་པོ
སྟེ།
CLOSE WINDOW