CLOSE WINDOW

N2808: སྒྲོལ་མའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པར་རྣམ་པར་བསྒོམས ལ། པདྨ་དང་ཟླ་བ་ལ་ས་བོན་ཏཱུཾ་ཡོངས་སུ་གྱུར་པ་ལས་ས་བོན་ཏཱཾ་གི་སྙིང་པོ་དང་ལྡན་པའི་ཨཽཏཔ་ལའི་མཆོག་གོ། དེ་དག་ལས་ཡོངས་སུ་གྲུབ་པའི་སྔོན་པའི་སྔོན་མངོན་ཡོད་གྲུབ་པ་དབུ་བརྒྱན་ལ་གནས་པ་ཕྱག་གཡས་དང་གཡོན་གྱི མཆོག་སྦྱིན་པ་དང་ཨཽཏཔ་ལ་བསྣམས་པ། མྱ་ངན་མེད་ལ་དགའ་མ་དང་འོད་ཟེར་ཅན་དང་རལ་གཅིག་མ་མདུན་དང་གཡས་དང་གཡོན་གྱི་སའི་ཆ་ལ་སྟེ། ལྷའི་བུ་མོ་གཞོན་ནུ་རྒྱན་རྣམས་དང་ལྡན་པར་བསྒོམས་ལ། ཡེ་ཤེས་སེམས དཔའ་དང་ལྷན་ཅིག་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུ་ཏདྲཱ་རེ་ཏུ་རེ་སྭཱཧཱ། ཞེས་བྱ་བའི་སྔགས་བཟླས་ལ། དེ་ཡིད་ལ་བྱེད་པ་དང་ལྡན་པ་ཉིད་ཀྱིས་ཇི་ལྟར་འདོད་པར་བརྒྱུ་བར་བྱ་བའོ། །འཕགས་མ་སེར་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་སོ། ། ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། ། །།རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་སྙིང་གའི་ཟླ་བའི་དཀྱིལ་ན གནས་བའི་ཏཱཾ་གི་ས་བོན་ལས།

CLOSE WINDOW