CLOSE WINDOW

N2773: སྙིང་རྗེ་ཁྲོས་པའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། ཧཱ་ལཱ་ཧ་ལ་སཱ་དྷ་ནཾ། བོད་སྐད་དུ། སྙིང་རྗེ་ཁྲོས་པའི་སྒྲུབ་ཐབས། སྙིང་རྗེ་ཁྲོས་པ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོད་པ་ཉིད་ཀྱི་བར་དུ བསྒོམས་ལ། ། །།རྒྱ་གར་སྐད་དུ། ཧཱ་ལཱ་ཧ་ལ་སཱ་དྷ་ནཾ། བོད་སྐད་དུ། སྙིང་རྗེ་ཁྲོས་པའི་སྒྲུབ་ཐབས། སྙིང་རྗེ་ཁྲོས་པ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོད་པ་ཉིད་ཀྱི་བར་དུ བསྒོམས་ལ། ས་བོན་གྱི་ས་ཡི་གེ་ཧྲཱིཟ་ས་བོན་གྱི་ས་ཡི་གེ་ཧྲཱིཟ་ལ་བ་ཕྱེད་པ་དང་ལྡན་བའི་དབུ་ལ་ཐོད་པས་ཐོད་བྱས་པ་རལ་པའི་མཐབ་ན་རི་དག་ཀྱི་པགས་པ་རྒྱན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཤིན་ཏུ་དཀར་བའི་གངས་གྱི་རི་བོ་དང་མཚུངས་པར་སྣང་བ་སྒེག་པའི་ཉམས་དང་ལྡན་པས ཤིན་ཏུ་མཛེས་པའོ། ལ་བ་ཕྱེད་པ་དང་ལྡན་བའི་དབུ་ལ་ཐོད་པས་ཐོད་བྱས་པ་རལ་པའི་མཐབ་ན་རི་དག་ཀྱི་པགས་པ་རྒྱན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཤིན་ཏུ་དཀར་བའི་གངས་གྱི་རི་བོ་དང་མཚུངས་པར་སྣང་བ་སྒེག་པའི་ཉམས་དང་ལྡན་པས ཤིན་ཏུ་མཛེས་པའོ། །ཞལ་འཛུམ་པ་དང་ལྡན་ཞིང་ཕྱག་དྲུག་པ་སྟག་གི་པགས་པའི་ཤམ་ཐབས་མནབས་པ་སྟེ། ཕྱག་གཡས་པ་ནི་མཆོག་སྦྱིན་པའོ། །གཉིས་པས་ནི་ཕྲེང་བའོ། །གསུམ་པ་ནི་མདའ་གར་སྟབས་སུ་བསྣམས པའོ། །ཞལ་འཛུམ་པ་དང་ལྡན་ཞིང་ཕྱག་དྲུག་པ་སྟག་གི་པགས་པའི་ཤམ་ཐབས་མནབས་པ་སྟེ། ཕྱག་གཡས་པ་ནི་མཆོག་སྦྱིན་པའོ། །གཉིས་པས་ནི་ཕྲེང་བའོ། །གསུམ་པ་ནི་མདའ་གར་སྟབས་སུ་བསྣམས པའོ། །གཡོན་པ་ནི་བསྐྱོད་པ་དང་ལྡན་པའོ། །དེ་བཞིན་དུ་གཉིས་པས་ནི་པདྨ་དཀར་པོའོ། །གསུམ་པས་ནི་གཞུ་ཉིད་དོ། །པུས་མོ་གཡོན་པ་ནས་མདོག་དཀར་བའི་ལྷ་མོས་བརྟེན་པ་སྟེ། གཡོན་པས་པདྨ་འཛིན་པ་ཕྱག་གཡས་པས བཅོམ་ལྡན་འདས་ལ་ཆེད་དུ་འཁྱུད་པར་མཛད་པའོ། །གཡོན་པ་ནི་བསྐྱོད་པ་དང་ལྡན་པའོ། །དེ་བཞིན་དུ་གཉིས་པས་ནི་པདྨ་དཀར་པོའོ། །གསུམ་པས་ནི་གཞུ་ཉིད་དོ། །པུས་མོ་གཡོན་པ་ནས་མདོག་དཀར་བའི་ལྷ་མོས་བརྟེན་པ་སྟེ། གཡོན་པས་པདྨ་འཛིན་པ་ཕྱག་གཡས་པས བཅོམ་ལྡན་འདས་ལ་ཆེད་དུ་འཁྱུད་པར་མཛད་པའོ། །རལ་པའི་ཚོགས་ལ་མེ་ཏོག་གིས་མཛེས་པར་གྱུར་པའོ། །གཡས་ཀྱི་ཟུར་ན་སྤྲུལ་མཁྲིས་པའི་མདུང་རྩེ་གསུམ་པའོ། །གཡོན་གྱི་ཟུར་ན་པདྨ་ལ་གནས་པའི་ཐོད་པ་མེ་ཏོག་དྲི་ཞིམ པོ་སྣ་ཚོགས་ཀྱིས་ལེགས་བར་བཀང་བའོ། །རལ་པའི་ཚོགས་ལ་མེ་ཏོག་གིས་མཛེས་པར་གྱུར་པའོ། །གཡས་ཀྱི་ཟུར་ན་སྤྲུལ་མཁྲིས་པའི་མདུང་རྩེ་གསུམ་པའོ། །གཡོན་གྱི་ཟུར་ན་པདྨ་ལ་གནས་པའི་ཐོད་པ་མེ་ཏོག་དྲི་ཞིམ པོ་སྣ་ཚོགས་ཀྱིས་ལེགས་བར་བཀང་བའོ། །པདྨ་དམར་པོ་དང་ཟླ་བ་ལ་གཡོན་བསླང་བའི་ཕྱེད་ཀྲུང་གིས་བསྐྱོད་པར་གནས་པའོ། །བཅོམ་ལྡན་འདས་བསྒོམ་པར་བྱའོ། །དེ་ནས་གསང་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲེ་དྷེ་རྨཱ ཧྲཱི:ཧཱ་ལཱ་ཏ་ལ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐམས་རྫོགས་སོ། །པདྨ་དམར་པོ་དང་ཟླ་བ་ལ་གཡོན་བསླང་བའི་ཕྱེད་ཀྲུང་གིས་བསྐྱོད་པར་གནས་པའོ། །བཅོམ་ལྡན་འདས་བསྒོམ་པར་བྱའོ། །དེ་ནས་གསང་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲེ་དྷེ་རྨཱ ཧྲཱི:ཧཱ་ལཱ་ཏ་ལ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐམས་རྫོགས་སོ། ། །།པཎྜི་ཏ་ཆེན་པོའི་ཞལ་སྣ་ང་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་པའོ།། །།*། །རྒྱ་གར་སྐད་དུ། ཧཱ་ལཱ་ཧ་ལ་སཱ་དྷ་ནཾ། བོད་སྐད་དུ། སྙིང་རྗེ་ཁྲོས་པའི་སྒྲུབ་ཐབས། ། །།པཎྜི་ཏ་ཆེན་པོའི་ཞལ་སྣ་ང་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་པའོ།། །།*། །རྒྱ་གར་སྐད་དུ། ཧཱ་ལཱ་ཧ་ལ་སཱ་དྷ་ནཾ། བོད་སྐད་དུ། སྙིང་རྗེ་ཁྲོས་པའི་སྒྲུབ་ཐབས། བསམ་པ་ཐམས་ཅད་རྫོགས་མཛད་པའི། །སྙིང་རྗེ་ཁྲོས་ལ་གུས་པས་འདུད། །ཐུགས་རྗེའི་བདག་ཉིད་དེ་ཡི་ནི། །མདོར་བསྡུས་སྒྲུབ་ཐབས་བརྗོད་པར་བྱ། །དང་པོར་ཡིད་འོད་གནས་སུ་ནི། །ཙན་དན་སོགས་ཀྱིས་ལེགས བྱུགས་པ། །ཐང་ཀ་བཀྲམ་སོགས་ལ་བཞུགས་པའི། །བཅོམ་ལྡན་མཆོད་པར་བྱ་བ་ཡིན། །མེ་ཏོག་ལ་སོགས་དབུལ་བའི་སྔགས་ནི། །ོཾ་རྡོ་རྗེའི་མེ་ཏོག་ཧཱུཾ། ཨོཾ་རྡོ་རྗེའི་དུག་པ་ཧཱུཾ། ཨོཾ་རྡོ་རྗེའི་མར་མེ་ཧཱུཾ། །ཞེས་བྱ་བ་ལ་སོགས་པས་སོ།། ོཾ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་བདག་གིས་མཆོད་པའི་སྤྲིན་ཚོགས་འདིས་ཁྱབ་ནས་ནམ་མཁའ་ཨི་དབྱིངས་ཀུན་ཏུ་འཕྲོ་བར་ཧཱུཾ། མཆོད་པ་ཐམས་ཅད་དབུལ་བའི་སྔགས་སོ། །རབ་ཏུ་མཆོད་ནས་དེ་མདུན་དུ། །བདེ་བའི་སྟན་ལ གནས་ནས་ཀྱང། །བྱམས་པ་སྐྱེ་དགུ་རྣམས་ལ་བསྒོམ། །བརྩེ་ཆེན་གྱིས་ནི་སྙིང་རྗེ་ཡང། །སྙིང་གར་ཟླ་བའི་སྟེང་དུ་ནི། །སྔགས་ཡི་གེ་ཧཱུཾ:ནི་རྣམ་བཀོད་ལ། །སངས་རྒྱས་དང་བཅས་དེ་སྲས་རྣམས། །གསལ་བར་ནམ་མཁའ་གང་བར བལྟ། །ཧྲཱི:ཡི་གེའི?་ཟེར?་མཆོད་པ་ཡིས། །དེ་དག་ལེགས་མཆོད་འཁྲུལ་བྲལ་བར། །བསོད་ནམས་འཕེལ་བ་བསྒྲུབ་དོན་དུ། །དང་པོ་སྡིག་པ་བཤགས་སོགས་བྱ། །དཀོན་མཆོག་གསུམ་མདུན་ཀྱབས་སོང་ལ། །ཚེས་རྣམས་ཐམས ཅད་མཆོག་བདག་མེད། །གསལ་བྱེད་སྙིང་རྗེ་དྲི་མེད་པས། །སྔགས་འདི་ངེས་པར་བརྗོད་པར་བྱ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་བདག་རང་བཞིན་རྣམ་པར་དག་པའོ་ཞེས་སོ། །སྔགས་དོན་མངོན་དུ་བྱེད་པ་ན། གཟུང་འཛིན་ངག་ལས་ངེས་གྲོལ་བའོ།

CLOSE WINDOW