Wylie | e-texts based on the ACIP/ALL ![]() ![]() |
། །།*། །བསྲུང་བ་ལྔའི་མཆོད་པའི་ཆོ་ག་བཞུགས་སོ།། །རྒྱ་གར་སྐད་དུ། པཉྩ་རཀྵ་རྩཙན?་བི་དྷིབསྲུང་བ་ལྔའི་མཆོད་པའི་ཆོ་ག་། བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ལ་ཕྱག་འཚལ་ལོ། །ོཾ་ཨཱཉེར་འཚེ་ནད་དང་ཆུ་སྲིན་རྣམས་ཀྱིས་མནན་པའི་འགྲོ་བ་འདི་གཟིགས་ནས། །བརྩེར་ལྡན་ཐམས་ཅད་མཁྱེན་པ་ཡིས་ནི་སོ་སོར་འབྲང་མ་རྟག་ཏུ་བྱུང་བ་ཡིན་ནོ། བཅོམ་ལྡན་འདས་མ་མཆོག་གི་དབང་ཕྱུག་དོན་ཀུན་ཕུན་ཚོགས་མཛད་མ་དེ་ལ་འདུད། །ོཾ
ཱ་མའི་དཀྱིལ་འཁོར་དང་ལག་པ་གཡོན་པར་ཨཱ་ཡིག་གི་ཟླ་བའི་དཀྱིལ་འཁོར་རོ། །ལག་པའི་དུད་དག་ལ་ཧཱུཾ་ཡིག་གིས་རྡོ་རྗེ་རྩེ་ལྔ་པར་རྣམ་པར་བསྒོམས་ནས། པད་སྐོར་གྱིས་དུདུ་བྱིན་གྱིས་བརླབ་བོ། །ོཾ་མ་ཎི་དྷ་རི་བཛྲ་ཎི་མཧཱ་པྲ་ཏ་ས་དེ་རཀྵ་རཀྵ
ཧཱུཾ་ཧཱུཾ་སྭཱཧཱ། ཨོཾ་སརྦ་བིགྷྣཱན་ཨཽཏཔཱ་ར་ཡ་ཧཱུཾ། ཨོཾ་པུཥཔེ་ཞེས་པ་ལ་སོགས་པས་མེ་ཏོག་ལ་སོགས་པ་བྱིན་གྱིས་བརླབ་བོ། །ོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་པ་ལ་སོགས་པས་གཏོར་མ་བྱིན་གྱིས་བརླབ་བོ། །ོཾ་ཨཱོཾ་སྠ་ནཾ་མེ་རཀྵ་ཧཱུཾ། ཨོཾ་ཡོ་ག་མེ་རཀྵ་ཧཱུཾ། ཨོཾ་ཨཱཏྨ་ནཾ་མེ་རཀྵ་ཧཱུཾ། དེ་ནས་རང་གི་སྙིང་གར་ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པྲཾ་གྱི་ཡི་གེ་བསམས་ནས། དེའི་འོད་ཟེར་གྱིས་བླ་མ་དང་བྱང་ཆུབ་སེམས་དཔའ་ཨི་ལ་སོགས
པ་སྣང་བར་བྱས་ཤིང། སེམས་ཅན་གྱི་དོན་བྱས་ནས། འོག་མིན་གྱི་གནས་སུ་སོང་སྟེ། སོ་སོར་འབྲང་མ་ཆེན་མོ་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ཨི་གནས་སུ་བལྟས་ཤིང་དགུག་གོ་།ོཾ་བཛྲ་ཙཀྲེ་ཧཱུཾ། ཨོཾ་བཛྲཱ་ཀུ་ཤ་ཛཤ་ཧཱུཾ། ཨོཾ་བཛྲ་སཕོ་ཊ་པཾ། ཨོཾ་བཛྲཱ་བེ་ཤ་ཧོབ་རེ་པྲ་བ་ར་བི་ཤུདྡྷེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཤར་དུའོ། །ོཾ་ཨ་མྲི་ཏཱ་བི་ལོ་ཀི་ཎི་གརྦྷ་སཾ་རཀྵ་ནི་ཨ་ཀརཥ་ནི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ལྷོ་རུའོ། །ོཾ་བི་མ་ལེ་པི་བུ་ལེ་ཛ་ཡ་བ་རེ་ཛ་ཡ་ཧཱུཾ་ཧ་ནི་རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ནུབ་དུའོ། །ོཾ་བྷ་ར་བྷ་ར་སཾ་བྷ་ར།
སཾ་བྷ་ར་ཨཻནྡྲི་ཡ་བ་ལ་བི་ཤོ་དྷ་ནི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། བྱང་དུའོ། །གྲཝ་རྣམས་སུ། ཨོཾ་ཀཱ་ལཱི་ཡེ་སྭཱཧཱ། མེ་རོ། །ོཾ་ཀཱ་ལཱ་ར་ཏྲཱི་ཡེ་སྭཱཧཱ། བདེན་བྲལ་དུའོ། །ོཾ་ཀཱ་ལ་ཀརྞྞཱི་ཡེ་སྭཱཧཱ། རླུང་དུའོ། །ོཾ་ཤྭི་ཏཱི་ཡེ་སྭཱཧཱ། དབང་ལྡན་དུའོ། ཨོཾ་བཛྲཱཾ
ཀུ་ཤཱི་ཡེ་སྭཱཧཱ། ཤར་སྒོར་རོ། །ོཾ་བཛྲ་པཱ་ཤཱི་ཡེ་སྭཱཧཱ། ལྷོ་སྒོར་རོ། །ོཾ་བཛྲ་སཕོ་ཊཱི་ཡེ་སྭཱཧཱ། ནུབ་སྒོར་རོ། །ོཾ་བཛྲ་བེ་ཤཱི་ཡེ་སྭཱཧཱ། བྱང་སྒོར་རོ། །ོཾ་གནདྷ་རྦབ་བྷཡནུབ་ཏུའོ། །ོཾ་ཡཀྵེ་བྷཡོཾ་དྱོ་ཏི་ཀེ་ཏ་བེ་སྭཱཧཱ། ཨོཾ་ཀྲཾརྟྟ་ཀཱཡ་སྭཱཧཱ། ཨོཾ་རོ་ཧི་ཎྱེ་སྭཱཧཱ། ཨོཾ་མྲི་ག་ཤི་རཱ་ཡ་སྭཱཧཱ། ཨོཾ་ཨཱ་དྲ་ཡ་སྭཱཧཱ། ཨོཾ་བུ་ན་ར་བ་ས་བེ་སྭཱཧཱ། ཨོཾ་པུ་ཥྱཱ་ཡ་སྭཱཧཱ། ཨོཾ་ཨ་ཤལེ་ཥཱ་ཡ་སྭཱཧཱ། ཨོཾ་མ་གྷཱ་ཡ་སྭཱཧཱ། ཨོཾ་པུརྦ་ཕཱ་ལ་གུ་ཎྱེ་སྭཱཧཱ། ཨོཾ་ཨཽཏྟ་ར་ཕཱ་ལཱ་གུ་ཏྱཻ
སྭཱཧཱ། ཨོཾ་ཧསྟཱ?་ཡ་སྭཱཧཱ། ཨོཾ་ཙེ་ཏྲཱ་ཡ་སྭཱཧཱ། ཨོཾ་སྭཱ་ཏ་ཡེ་སྭཱཧཱ། ཨོཾ་བི་ཤཱ་ཥཱ་ཡ་སྭཱཧཱ། ཨོཾ་ཨ་ནུ་ར་དྷཱ་ཡ་སྭཱཧཱ། ཨོཾ་ཛཡེཥྛཱ་ཡ་སྭཱཧཱ། ཨོཾ་མཱུ་ལཱ་ཡ་སྭཱཧཱ། ཨོཾ་པུརྦཱ་ཥཱ་ཎ་ཡ་སྭཱཧཱ། ཨོཾ་ཨཽཏྟ་རཱ་ཥཱ་ཎ་ཡ་སྭཱཧཱ། ཨོཾ་ཨ་བྷི་ཛི་ཏྟ་ཡེ་སྭཱཧཱ། ཨོཾ་ཤྲཱ་བ་ཎཱ་ཡ་སྭཱཧཱ།
ོཾ་དྷ་ནིཥྛཱ་ཡ་སྭཱཧཱ། ཨོཾ་ས་ཏ་བྷི་ཥཱ་ཡ་སྭཱཧཱ། ཨོཾ་པུརྦབྷ་ར་ཡ་སྭཱཧཱ། ཨོཾ་ཨཽཏྟ་ར་གྷ་དྲཱ་ཡ་སྭཱཧཱ། ཨོཾ་རེ་བ་ཏྱེ་སྭཱཧཱ། ཨོཾ་ཨ་ཤྭ་ནྱེ་སྭཱཧཱ། ཨོཾ་བྷ་རི་ཎྱ་སྭཱཧཱ། ཨོཾ་ཨཻནྡྲ་ཡ་སྭཱཧཱ། ཨོཾ་ཡ་མཱ་ཡ་སྭཱཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱཧཱ། ཨོཾ་ཨ?
སྭཱཧཱ། ཨོཾ་ནི་རེ་ཏྱཱི་ཡ་སྭཱཧཱ། ཨོཾ་བ་ཡ་བེ་སྭཱཧཱ། ཨོཾ་ཨཻ་ཤཱ་ནཱ་ཡ་སྭཱཧཱ། ཨོཾ་བྲཧམ་ཎེ་སྭཱཧཱ། ཨོཾ་པྲི་ཐི་བྱེ་སྭཱཧཱ། ཨོཾ་བེ་མ་ཙི་ཏྲི་བྷཡམཛད་མ། །སོ་སོར་འབྲང་མ་ཁྱོད་ལ་འདུད། །ཁ་དོག་གནག་ཅིང་སྒྲ་ཆེན་མོ། །གདུག་པ་འཇིགས་ཤིང་འཇིགས་མཛད་མ། །གདུལ་དཀའ་ཨི་འབྱུང་པོ་སྡུད་པར་མཛད། །ཁྲོ་མོའི་རྒྱལ་ལ་བདག་ཕྱག་འཚལ། །ལྷ་མོ་ཡེ་ཤེས་ཆེ་ལས་བྱུང། །
གསེར་མདོག་གི་ནི་འོད་མཛད་མ། །ལྷ་མོ་ཆེན་མོ་རིག་སྔགས་རྒྱལ། །རྨ་བྱ་ལ་ཡང་བདག་ཕྱག་འཚལ། །ཁ་དོག་མཛེས་ཤིང་སྤྱན་རྒྱས་མ། །ཆུ་སྐྱེས་ཁ་བྱེ་བཞད་པ་མོ། །དམར་འབར་པདྨ་རཱ་ག་སྟེ། །འགྲོ་བའི་ཡུམ་ལ་ཕྱག་འཚལ་ལོ། །
བཻ་ཌཱུརྱ་ཡི་འོད་ལྟར་སྣང། །མྱོས་བྱེད་ལ་བརྩོན་རྣམ་པར་འཁོར། །ཀཱ་ཀོར་དྷ་ནི་གཅོད་མཛད་མ། །ལྷ་མོའི་གཟུགས་ཅན་ལ་ཕྱག་འཚལ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང། །བགྱིད་དུ་སྩལ་དང་ཡཾ
རང་བགྱིས་པ་གང། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ནི་སོ་སོར་བཤགས་པར་བགྱི། མ་ལུས་འགྲོ་བའི་དོན་རྣམས་སྒྲུབ་མཛད་པ། །ཟབ་ཅིང་གཏིང་མེད་བདེ་གཤེགས་སྲས་རྣམས་ཀྱི། །ཚོགས་གཉིས་དང་ནི་དེ་ལས
གཞན་ལ་ཡང། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ། །ཞེས་པ་ནི། དང་པོའི་རྣལ་འབྱོར་རོ། །དེ་མ་ཐག་ཏུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚངས་པའི་གནས་པ་བཞི་བསྒོམ་པར་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་གཱཏྨ་ཀོཉཧཾ། དེ་ནས་ཡཾ་རཾ་ལཾ་བཾ་སུཾ་ལས་གསེར་གྱི་རི་དང་གླིང་རྒྱ་མཚོས་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ། རཾ་ཡིག་གི་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ལས་འོད་ཟེར
འཕྲོས་པ་ལས་རྡོ་རྗེའི་ས་གཞི་དང་རྡོའི?་རབ་དང་རྡོའི་གུར་དང་རྡོ་རྗེའི་བླ་རེ་བསྒོམས་པར་བྱའོ། །དེའི་སྟེང་དུ་བྷྲུཾ་ཡིག་གིས་གྲུ་བཞི་བསྒོ་བཞི་པ་།རྟ་བབས་བཞིས་བརྒྱན་པའི་ཁང་པ་བརྩེགས་པ་བསྒོམ་པར་བྱའོ། །དེའི་དབུས་སུ་པཾ་ཡིག་ལས་སྐྱེས་པའི་སྣ
ཚོགས་ཆུ་སྐྱེས། དེའི་སྟེང་དུ་ཟླ་བའི་གཟུགས་བརྙན། དེའི་སྟེང་དུ་པྲཾ་ཡིག་གི་ས་བོན་ལས་སྐྱེས་པའི་འོད་ཟེར་ལས་སྐྱེས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་བསྒོམ་པར་བྱའོ། །རང་གི་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ
ལས་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དཀར་བ། ཞལ་བཞི་པ། གཡས་ནག་པོ། རྒྱབ་སེར་པོ། གཡོན་ལྗང་གུ། ཕྱག་བརྒྱད་པ་།གཡས་ཀྱི་ཕྱག་དང་པོས་འཁོར་ལོ། གཉིས་པས་རྡོ་རྗེ་།
གསུམ་པས་མདའ། བཞི་པས་རལ་གྲི་།གཡོན་གྱི་ཕྱག་དང་པོས་སྡིགས་མཛུབ་དང་རྡོ་རྗེའི་ཞགས་པ། གཉིས་པས་རྩེ་གསུམ། གསུམ་པས་གཞུ། བཞི་པས་དགྲ་སྟ་བསྣམས་པ། སྤྱན་གསུམ་པ། དབུ་ལ་མཆོད་རྟེན་གྱིས་བརྒྱན
ལ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སོ་སོར་འབྲང་མ་བསྒོམ་པར་བྱའོ། །དེའི་ཤར་ཏུ་ཧཱུཾ་ཡིག་ས་བོན་ལས་བྱུང་བའི་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། སྐུ་མདོག་ནག
མོ། སྐྲ་སེར་སྐྱ་གྱེན་དུ་བརྫེས་པ། མིའི་ཐོད་པའི་ཕྲེང་བ་ཕྲག་པར་འཕྱང་བ། སྨིན་མ་ཁྲི་གཉེར་ཅན། མཆེ་བ་གཙིགས་པའི་ཞལ། རྣ་བརྒྱན་དང། དཔུང་བརྒྱན་དང། མུ་ཏིག་གི་དོ་ཤལ་དང། གདུ་བུ་སྟེ་སྣ་ཚོགས་པས་བརྒྱན་པ།
ཞལ་བཞི་མ་། མདུན་ནག་པོ་།གཡས་དཀར་པོ། རྒྱབ་སེར་མོ། གཡོན་ལྗང་གུ་ཞལ་སཽ་ལ་སྤྱན་གསུམ་མ། ཕྱག་བརྒྱད་པ། གཡས་ཀྱི་ཕྱག་དང་པོས་མཆོས?་སྦྱིན། གཉིས་པས་ལྕགས་ཀྱུ། གསུམ་པས་མདའ། བཞི་པས་རལ་གྲི་།གཡོན་གྱི་ཕྱག་དང
བོས་སྡིགས་མཛུབ་དང། ཞགས་པ། གཉིས་པས་དགྲ་སྟ། གསུམ་པ་གཞུ། བཞི་པས་པདྨའི་སྟེང་དུ་རིན་པོ་ཆེ་ཆ་དྲུག་པ་བསྣམས་པ། སྣ་ཚོགས་པའི་རྒྱན་གྱི་བརྒྱན་པ། སྟོབས་ཆེན་མོ་ཕ་རོལ་གནོན་པ། དྲག་མོའི་ཆ་བྱད?
བསྒོམ་པར་བྱའོ། །ལྷོ་རུ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། མི་ཡིག་ལས་བྱུང་བའི་རྨ་བྱ་ཆེན་མོ་སེར་མོ། །སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། ཞལ་གསུམ་མ། ཞལ་སོ་སོ་ལ་སྤྱན་གསུམ་པ། རྩ་བའི་ཞལ་སྣང?
མོ། གཡས་ནག་མོ། གཡོན་དམར་མོ། ཕྱག་བརྒྱད་པ། གཡས་ཀྱི་ཕྱག་དང་པོས་མཆོག་སྦྱིན། གཉིས་པས་རིན་པོ་ཆེའི་རྒྱུན་གྱི་བུམ་པ། གསུམ་པས་འཁོར་ལོ། བཞི་པས་རལ་གྲི་།གཡོན་གྱི་ཕྱག་དང་པོས་སྣོད་ཀྱི་སྟེང་དུ་དགེ
སློང། གཉིས་པས་རྨ་བྱའི་མདོངས། གསུམ་པས་བུམ་པའི་སྟེང་དུ་སྣ་ཚོགས་རྡོ་རྗེ། བཞི་པས་རིན་པོ་ཆེའི་རྒྱལ་མཚན་བསྣམས་པ། རིན་པོ་ཆེའི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་བསྒོམས
བར་བྱའོ། ནུབ་ཏུ་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཏྲཾ་ཡིག་ལས་བྱུང་བའི་གསང་སྔགས་རྗེས་སུ་འབྲང་བ་ཆེན་མོ་དམར་བ། ཞལ་གསུམ་པ། ཞལ་སོ་སོ་ལ་སྤྱན་གསུམ་མ། རྩ་བའི་ཞལ་དམར་མོ། གཡས
ནག་མོ། གཡོན་དཀར་མོ་ཕྱག་བཅུ་གཉིས་མ། ཕྱག་དང་པོ་དག་གིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བྱས་མ། གཉིས་པ་དག་གིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ། གསུམ་པ་དག་གིས་མཆོག་སྦྱིན་དང། ཞགས་པ་འཛིན་པ། བཞི
པ་དག་གིས་མི་འཇིགས་པ་དང་པདྨས་མཚན་པའི་བུམ་པ་འཛིན་པ། ལྔ་པ་དག་གིས་རྡོ་རྗེ་དང་རིན་པོ་ཆེ་འཛིན་པ། དྲུག་པ་དག་གིས་མདའ་དང་གཞུ་འཛིན་པ། སེམས་དཔའ་ཨི་སྐྱིལ་ཀྲུང་རིན་པོ་ཆེའི་ཅོད་པན་ཅན། རྒྱན་ཐམས
ཅད་ཀྱིས་བརྒྱན་པ། དར་ལ་བབ་པའི་ལང་ཚོ་དང་ལྡན་པ། །དོ་ཤལ་དང་གདུབ་བུས་རྒྱན་པ་བསྒོམ་པར་བྱའོ། །བྱང་དུ་སྣ་ཚོགས་པདྨའི་སྟེང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཤཾ་ཡིག་ལས་བྱུང་བའི་བསིལ་བའི་ཚུལ་ཆེན
མོ་ལྗང་གུ། ཞལ་གསུམ་མ། ཞལ་སོ་སོ་ལ་སྤྱན་གསུམ་མ། རྩ་བའི་ཞལ་ལྗང་གུ། གཡས་དཀར་མོ། གཡོན་དམར་མོ། གཡས་ཀྱི་ཕྱག་དང་པོས་མི་འཇིགས་པ། གཉིས་པས་རྡོ་རྗེ། གསུམ་པས་མདའ། གཡོན་གྱིས
ཕྱག་དང་པོས་སྡིགས་མཛུབ་དང་རྡོ་རྗེ་ཞགས་པ། གཉིས་པས་རྒྱལ་མཚན། གསུམ་པས་གཞུ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྒོམ་བར་བྱའོ། །མེར་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་ནག་མོ་གནག་ཅིང་ཕྱག
དག་གིས་དུང་འཛིན་པ། བདེན་བྲལ་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་དུས་མཚན་མ་སེར་མོ་ཕྱག་དག་གིས་དགྲ་སྟ་འཛིན་པ། རླུང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་རྣ་བ་ནག་མོ་དམར་བ། ཕྱག་དག་གིས་རྒྱལ་མཚན་འཛིན་པ། དབང་ལྡན
དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་དཀར་མོ་དཀར་བ། ཕྱག་དག་གིས་རྩེ་གསུམ་འཛིན་པ། བཞི་པ་འདི་རྣམས་རྡོ་རྗེའི་སྐྱིལ་ཀྲུང་དང། རིན་པོ་ཆེའི་ཅོད་བན་ཅན། སྤྱན་གསུམ་མ། དར་ལ་བབ་པའི་ལང་ཆོ་དང་ལྡན་པ་བསྒོམ་པར་བྱའོ། །ཤར་སྒོར
ད་ཟདམར་མོ་ཕྱག་གཡས་རྡོ་རྗེའི་ལྕག་སྐྲོག་གིས་མཚན་པ། བྱང་དུ་ཧོ་ཡིག་ལས་བྱུང་བའི་རྡོ་རྗེ་འབེབས་མ་སྔོ་བསངས་ཕྱག་གཡས་ཀྱི་རྡོ་རྗེ་དྲིལ་བུ་འཛིན་པ། བཞི་པོ་འདི་རྣམས་སྣ་ཚོགས་པདྨ་དང་ཉི་མ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ།
སྤྱན་གསུམ་མ། དར་ལ་བབ་པའི་ལང་ཚོས་བརྒྱན་པ། རྣམ་བར་བཀྲ་བའི་རིན་པོ་ཆེའི་རྒྱན་ཅན་བསྒོམ་བར་བྱའོ། །ཤར་ལུས་འཕགས་པོར་ལྷ་ཡུལ་བའི་རྣམ་པ་སྣ་ཚོགས་པའི་ཁ་དོག་གི་ཆ་བྱད་དང་ལྡན་པའི་དྲི་ཟ་རྣམས་སོ། །འཛམ
བུ་གླིང་དུ་སྲིན་པོ་ལྟར་སྣང་ཞིང་གཙིགས་བ་སྣ་ཚོགས་བའི་ཆ་བྱང་ཅན་གྱི་གྲུལ་བུམ་རྣམས་སོ། །ནུབ་པ་ལང་སྦྱོར་དུ་གདངས་ཀས་མཚན་པའི་མགོ་བོ་སྣ་ཚོགས་པའི་ཆ་བྱད་ཅན་གྱི་རྒྱན་འཛིན་བའི་ཀླུ་རྣམས་སོ། །བྱང་སྒྲ་མི་སྙན་དུ་གནོད
སྦྱིན་གྱི་གཟུགས་སྣ་ཚོགས་པའི་ཆ་བྱད་འཛིན་བའི་ལུས་ངན་རྣམས་བསྒོམ་པར་བྱའོ། །དེ་ནས་ཕྱི་རོལ་དུ་ཤར་གྱི་ཕྱོགས་སུ་རྟ་བདུན་པའི་ཤིང་རྟ་ལ་གནས་པའི་ཉི་མ་དམར་པོ་གཡས་དང་གཞན་གྱི་ཕྱག་དག་གིས་པདྨ་འཛིན་པ། དེའི
གཡོན་དུ་ཟླ་བ་དང་པ་ལ་ཞོན་པ་གཡས་དང་གཞན་གྱི་ཕྱག་དག་གིས་ཀུ་མུ་ཏ་འཛིན་པ། མེར་མིག་དམར་བསྐྱེས་ལ་ཞོན་པ་གཡས་གྲི་ཀཊཊཱ་ར། གཡོན་གྱི་མིའི་མགོ་བོ་འཛིན་པ། ལྷོ་རུ་གཟའ་ལྷག་སེར་པོ་པདྨ
ལ་གནས་པ་མདའ་དང་གཞུ་འཛིན་པ། བདེན་བྲལ་དུ་ཕུར་བུ་མདོག་དཀར་པོ་གླང་པོ་ཆེ་ལ་ཞོན་པ་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ནུབ་ཏུ་པདྨ་ལ་པ་བསངས་དཀར་པོ་ཕྲེང་སྐུད་དང་སྤྱི་བླུགས་འཛིན་པ། རླུང་དུ་རུས་སྤལ་ལ་སྦེན་པ་ནག
པོ་དབྱུག་པ་དང་ཕྲེང་བ་འཛིན་པ། བྱང་དུ་སྒྲ་གཅན་དམར་ནག་ཉི་མ་དང་ཟླ་བ་འཛིན་པ། དབང་ལྡན་དུ་མཇུག་རིངས་གནག་ཅིང་དུ་བའི་མདོག་རལ་གྲི་དང་སྦྲུལ་ཞགས་འཛིན་པའོ། །དེ་ནས་ཕྱི་རོལ་གྱི་ཁོར་ཡུག་ལ་ཤར་གྱི་ཕྱོགས
སུ་མེ་ཐབས་ཀྱི་སྟན་ལ་གནས་པའི་སྨིན་དྲུག་སྔོ་སངས། ཁྱུ་མཆོག་ལ་ཞོན་བའི་སྣར་མ་དཀར་མོ། རི་དགས་ལ་ཞོན་པའི་མགོ་ནག་མོ། སྦྲུལ་ཆེན་ལ་གནས་པའི་ལག་སེར་པོ། པདྨ་ལ་གནས་པའི་ནམ་སོ་སེར་མོ། བུམ་པ་ལ
གནས་པའི་རྒྱལ་སྔོ་བསངས། བྱ་རོག་གི་སྟན་ལ་སྐག་དཀར་མོ། ལྷོ་རུ་མ་ཏེའི་སྟན་ལ་མཆུ་གུར་ཀུམ་ལྟ་བུ། རྡོའི་སྟན་ལ་གྲེ་ལྗང་གུ། རྡོའི་སྟན་ལ་སྒོ་ལྗང་གུ། གླང་པོ་ཆེ་ལ་ཞོན་པའི་མེ་བཞི་དཀར་མོ། རྨ་བྱ་ལ་གནས
པའི་ནག་པ་ལྗང་གུ། ཁྱོགས་ལ་ཞོན་པའི་ས་རི་སེར་མོ། ལུག་ལ་གནས་པའི་ས་ག་ནག་མོ། ནུབ་ཏུ་དང་པ་ལ་གནས་པའི་ལྷ་མཚམས་སྔོ་བསངས། རུས་སྦལ་ལ་གནས་པའི་སྣོན་སེར་མོ། ལ་ཕུག་ལ་གནས་པའི་སྣུབས
སེར་མོ། སྟན་ནང་ཚངས་ཅན་ལ་གནས་པའི་ཆུ་སྟོད་ནག་མོ། ཤིང་ཤ་ར་ལ་གནས་པའི་ཆུ་སྨད་དཀར་མོ། སེང་གེའི་སྟན་ལ་གྲོ་བཞིན་སྔོ་བསངས། རོལ་གནས་པའི་ཕྱི་བཞིན་དཀར་མོ། འཁོར་ལོ་ལ་གནས་པའི་ནམ་གྲུ
སེར་སྐྱ། རྟ་ལ་ཞོན་པའི་དབྱུ་གུ་དཀར་མོ། ཡི་དགས་ཀྱི་སྟན་ལ་བྲ་ཉེ་ལྗང་གུ་སྟེ། ལྷ་མོ་ཉི་ཤུ་རྩ་བརྒྱད་པོ་འདི་རྣམས་གཡོ་བའི་སྟོད་གཡོགས་གྱོན་པ། ཐལ་མོ་སྦྱར་བ་དག་ཏུ་བསྒོམ་པར་བྱའོ། །དེའི་ཕྱི་རོལ་འཁོར་ཡུག་གསུམ་པ་ལ་ཤར་དུ།
ས་བསྲུངས་དཀར་པོ་ལ་ཞོན་པའི་དབང་པོ་དཀར་པོ་རྡོ་རྗེ་འཛིན་པ། ལྷོ་རུ་མ་ཧོ་ལ་ཞོན་པའི་གཤིན་རྗེ་ནག་པོ་དབྱུག་པ་འཛིན་པ། ནུབ་ཏུ་ཆུ་སྲིན་ལ་ཞོན་པའི་ཆུ་ལྷ་དཀར་པོ་གདེངས་ཀ་བདུན་དང་ལྡན་པ། སྤྲུལ་ཞགས་དང་དུད་འཛིན་པ། བྱང་དུ་མི
ལ་ཞོན་པའི་ཀུ་བེ་ར་སེར་པོ་ལྕགས་ཀྱུ་དང་བེ་ཅོན་འཛིན་པ། མེ་རར་སྐྱེས་ལ་ཞོན་པའི་མེ་ལྷ་དམར་པོ་བླུགས་གཟར་དང་སྤྱི་བླུགས་འཛིན་པ། བདེན་བྲལ་དུ་རོ་ལ་ཞོན་བའི་སྲིན་པོའི་བདག་པོ་སྔོན་པོ་རལ་གྲི་དང་ཕུབ་འཛིན་པ། རླུང་དུ་རི་དགས་ལ་ཞོན
པའི་རླུང་ལྟ་སྔོན་པོ་རླུང་རས་འཛིན་པ། དབང་ལྡན་དུ་ཁྱུ་མཆོག་ལ་ཞོན་པའི་དབང་ལྡན་དཀར་པོ། ཕྱག་ན་རྩེ་གསུམ་དང་ཐོད་པ་འཛིན་པ། འདིའི་གཡོན་ལོགས་སུ་དང་པ་ལ་ཞོན་བའི་ཚངས་པ་སེར་པོ་གདོང་བཞི་པ་ཕྱག་བཞི་པ་ཐལ་མོ་སྦྱར་བའི་ཕྱག
དག་གིས་བགང་ཕྲེང་འཛིན་ཞིང་དབྱུག་པ་དང་སྤྱི་བླུགས་འཛིན་པ། བདེན་བྲལ་དང་ཆུ་ལྷ་དག་གི་བར་དུ་ནོར་འཛིན་མ་སེར་མོ་ཕྱག་ན་གསེར་གྱི་བུམ་པ། དེའི་གཡོན་ལོགས་སུ་གཤིན་རྗེའི་བྲན་མོ་སྔོ་བསངས་རལ་གྲི་དང་ཕུབ་འཛིན་བའོ། །དེ་ནས་ཡན
ལག་དགོད་པ་ནི། ཨོཾ་ཨཱསེམས་དཔའ་དང་དམ་ཚིག་སེམས་དཔའ་ལྷན་ཅིག་ཏུ་འོ་མ་དང་ཆུ་ལྟར་རོ་གཅིག་ཏུ་གྱུར་པར་བལྟས་ནས། ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏཱ་ཞེས་པས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་ཞིང། ཇི་ལྟར་བལྟམས་པ་ཙམ་གྱིས་ནི་ཞེས་པ་ལ་སོགས
བས་ཆུའི་དབང་བསྐུར་བར་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་བྱ་སྟེ། སངས་རྒྱས་ཐམས་ཅད་བསྐྱེད་མཛད་ཅིང། །སེམས་ཅན་ཀུན་ལ་ཕན་མཛད་མ། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། བསྲུང་བ་ལྔ་ལ་ཕྱག
བགྱིའོ། །གང་རྣམས་ཚིམ་པ་ཙམ་གྱིས་ནི། །སེམས་ཅན་དགེ་ཞིང་རྒྱལ་བར་མཛད། །ཕུན་ཚོགས་ཐམས་ཅད་སྦྱིན་མཛད་པའི། །གཟའ་རྣམས་དགུ་བོ་ཁྱོད་ལ་འདུད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །ཕྱོགས་རྣམས་སུ་ནི་བདུན་བདུན་གནས།།
ནད་ཀུན་ཉེ་བར་ཞི་པའི་ཕྱིར། །དེ་རྣམས་ལ་ནི་གུས་ཕྱག་འཚལ། །གང་གིས་བསྲུང་བའི་ཆོ་ག་ཡིས། །སེམས་ཅན་བདེ་ཞིང་རྒྱལ་བར་མཛད། །ཕྱོགས་དང་ཕྱོགས་བྲལ་བཞུགས་པ་ཡི། །འཇིག་རྟེན་སྐྱོང་ལ་ཕྱག་བགྱིའོ། ཞེས་པ་ནི་རྣལ
འབྱོར་གཉིས་པའོ། །དེ་ནས་དཔྲལ་བ་དང་མགྲིན་པ་དང་སྙིང་ག་རྣམས་སུ་དཀར་པོ་དང་དམར་པོ་དང་ནག་པོའི་ཨོཾ་ཨཱབཀུག་བའི་དམ་ཚིག་སེམས་དཔའ་ཨི་དཀྱིལ་འཁོར་ལྟ་བུའི་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་ཨི་ཕྱོགས་སུ་བཞུགས་པར་བལྟས་ནས་དགུག་པ་ལ་སོགས་པ་ནི་སྔར་བཞིན་དུ་བྱའོ་ཞེས་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེའི
རྗེས་སུ་བཟླས་པ་བྱ་སྟེ། དགུག་པ་ལ་སོགས་པ་ཅན་སྔར་བཞིན་དུ་ཤེས་པར་བྱའོ། །ཞེས་པ་ནི་བཟླས་པའི་རྣལ་འབྱོར་རོ། །བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ཡིག་ལས་བཟའ་བ་ལ་སོགས་པ། ཨོཾ་ཨཱདེ་རྣམས་ཀྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བཀུག་ནས་དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ། །དེ་ནས་འཇིག་རྟེན་སྐྱོང་བ་རྣམས་དགུག་པའི་ཕྱག་རྒྱ་བསྟན་ལ། མཆོད་ཡོན་ལ་སོགས་པ་མཆོད་དེ། ཨོཾ།
མཧཱ་པྲ་ཏི་ས་རཱ་ཡཻ་སྭཱཧཱ། ཨོཾ་མཧཱ་སཱ་ཧ་སྲ་པྲ་མརྡྷ་ནྱཻ་སྭཱཧཱ། ཨོཾ་མཧཱ་མཱ་ཡུ་རྱཻ་སྭཱཧཱ། ཨོཾ་མཧཱ་ཤཱི་ཏ་བ་ཏྱཻ་སྭཱཧཱ། ཨོཾ་མཧཱ་མནྟྲ་ནུ་སཱ་རི་ཎྱཻ་སྭཱཧཱ། སངས་རྒྱས་བདག་ཉིད་ཆེན་པོ་ཉིད། །རིག་པའི་ལྷ་མོ་སྟབས་ཆེན་མོ། །བདག་གི་ཁྲོ་གཉེར་ཅན་ཉིད་དང།།
ལྷ་མོ་སྒྲོལ་མ་དེ་བཞིན་སྐྱོ། །རྡོ་རྗེ་ལྕགས་སྒྲོག་དཀར་མོ་གང། །དཀར་མོ་ཆེན་མོ་དེ་བཞིན་ཉིད། །རྡོ་རྗེ་ནག་མོ་ཕོ་ཉ་མོ། །དེ་བཞིན་རྡོ་རྗེའི་ཕོ་ཉ་གཞན། །ཞགས་བཟང་རྡོ་རྗེ་ཞགས་པ་མ། །རྡོ་རྗེ་ཞགས་པ་སྟོབས་ཆེན་མོ། །དེ་བཞིན་ནོར་ཅན་སྐལ་ཆེན་མ
པདྨ་འཁྱིལ་པ་ཉིད་དང་ཡོད། །མེ་ཏོག་སོ་མ་ནོར་བུའི་གཙུག་།གསེར་གྱི་སྐྲ་མ་སེར་སྐྱ་མ། །གཟི་བརྗིད་ཆེན་མོ་དེ་བཞིན་དུ། །ནོར་ཅན་ལྷ་མོ་གློག་ཕྲེང་མ། །སྲིན་མོ་དང་ནི་རལ་གཅིག་མ། །སངས་རྒྱས་ཞིང་གི་འདྲེན་པ་མོ། །ཐོད་པ་ཅན་མ་སྐལ་ཆེན་མ
དེ་བཞིན་ནོར་ཅན་ལང་ཀའི་དབང། །གཞན་ཡང་སེམས་ཅན་རྗེས་འཛིན་བའི། །རིག་མ་མང་པོ་འདི་ལྟ་སྟེ། །ནག་མོ་གཙིགས་མ་གྲུལ་བུམ་མ། །དུང་ཅན་མ་དང་པདྨའི་མཚན། །འཕྲོག་མ་སྐྲ་ལྗང་དཔལ་ལྡན་མ། །སེར་སྐྱ་མོ་ནི་ལྗང་གུ་སྟེ། །འཕྱང
མ་རབ་ཏུ་འཕྱང་བ་མོ། །ལྷ་མོ་ཞགས་ནག་བུཾ་ལྟོ་མ། །གཤིན་རྗེའི་ཕོ་ཉ་གཤིན་རྗེའི་སྲིན། །འབྱུང་བོ་ཟ་མ་འབྱུང་མོ་རྣམས། །གཏོར་མ་མེ་ཏོག་བདུག་པ་བྲི། །སྒྲོན་མའི་ད་ནི་སོ་སོར་བཞེད། །ཞལ་ཟས་དག་ཀྱང་དབུལ་བགྱི་ཞིང། །དུས་ཀུན་དུ་ནི
བསྲུང་བར་མཛོད། །རྣམ་པ་ཀུན་ནི་བདག་དང་ནི། །འཁོར་བཅས་མ་ལུས་སེམས་ཅན་གྱི། །ཉེ་བར་འཚེ་ཉིད་ཐམས་ཅད་དང། །འཇིགས་པ་ཐམས་ཅད་ཉམས་པར་གྱིས། །དེ་བཞིན་རྟག་ཏུ་མྱུར་བར་ནི། །འཆི་ལྟས་ཀུན་དང་ཆེར་འབབ་བའང། །ལོ
བརྒྱ་རུ་ནི་འཚེ་གྱུར་ཅིག་། རྟག་ཏུ་སྟོན་བརྒྱ་མཐོང་བར་ཤོག་།རྟག་ཏུ་གྲུབ་པའི་སྔགས་ཀྱི་གཞི། །བདེ་ལེགས་དང་ནི་གཞི་ཚུགས་གྱུར། །སླར་ཡང་མཆོད་ཏེ། མ་རྙེད་ཅེས་པ་ལ་སོགས་པས་བཟད་པར་གསོལ་ཏེ་གཤེགས་སུ་གསོལ་བར་བྱའོ།།
སྲུང་བ་ལྔའི་ཆོ་ག་རྫོགས་སོ། ། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ། ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང། གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། །།
འདི་ནི་ཛཻ?་ཏཱ་རིའི་རྗེས་སུ་འབྲང་བ་ཡི་ནོ་ཞེས་གསུངས་སོ། ། །།གཟའ་དགུའི་མཆོད་པའི་ཆོ་ག་བཞུགས་སོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །ཏིང་ངེ་འཛིན་གསུམ་གྱི་དེ་མ་ཐག་ཏུ། བསྒོམ་པ་དང། དགུག་པ་དང། མཆོད་ཡོན་སྦྱིན་པ་དང། སྤྱད
པ་དང།
CLOSE WINDOW