CLOSE WINDOW

N2687.1: མཆོད་རྟེན་གདབ་པའི་ཆོ་ག
Wyliee-texts based on the ACIP/ALL Input

མཆོད་རྟེན་བརྒྱ་རྩ་བརྒྱད་བྱ་བ་རྫོགས་སོ།། །།མཆོད་རྟེན་གཅིག་གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་མ་དང་འདྲ། དཀྱིལ་འཁོར་གྱི་ཚང་ནི་ཁྲུ་གང་གྲུ་བཞི་པ་ཡན་ཆད་ལ། འཕང་ཡང ཁྲུ་གང་བྱས་ལ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་གཅིག་བྲི་སྟེ། དེའི་དབུས་སུ་བཞག་།ཙི་ཏི་དེའི་ནང་དུ་ཤ་རི་རམ?་དང་རིན་པོ་ཆེ་ཅི་འབྱོར་པ་ཡང་གཞུག་གོ་།མཆོད་རྟེན་གཅིག་གདབ་པའི་ཆོ་གའོ། །མཆོད་རྟེན་གཉིས་གདབ་པའི་ཆོ་ག་ལ་།ལས གཞན་ནི་གོང་མ་དང་འདྲ། དེ་ལ་དཀྱིལ་འཁོར་གྱི་སྟེགས་བུ་ནི་ཆུར་ཁྲུ་དོ་ཞེང་དུ་ཁྲུ་གང། འཕང་དུ་ཡང་ཁྲུ་གང་པ་ཞིག་བྱས་ལ། ཁྲུ་གང་གྲུ་བཞི་པའི་རེའུས་བཅད་དེ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་རེ་རེ་བྲིས་ལ་དེའི་དབུས་སུ་མཆོད་རྟེན་གཞག་། མཆོད་རྟེན་དེ་གཅིག་གི་དབུས་སུ་བིམ?་ལ་ཨཽཥྞཱི་ཥའི་སྔགས་མང་ཉུང་གཉིས་ཀ་གུར་ཀུམ་གྱིས་བྲིས་ཏེ་གཞུག་། མཆོད་རྟེན་གཅིག་གི་ནང་དུ་གཟུགས་དེ་གཉིས་ཀ་ཡང་གཞུག་པའི་སྟེང་དུ། དེའི་བུམ་པཱི་ནང་དུ་ཤ་རི་རམ་གཅིག་བཅུག་ལ་དབྱུང་དུ རུང་བར་བྱས་ཏེ་མཆོད་པ་ཟིན་ནས་ཕྱིར་ཡང་དབྱུང་བར་བྱའོ། །མཆོད་རྟེན་གཉིས་གདབ་པའི་ཆོ་གའོ། །མཆོད་རྟེན་གསུམ་གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་དང་འདྲ། དཀྱིལ་འཁོར་གྱི་ཚད་ནི་ཆུར་ཁྲུ་གསུམ། ཞེང་དུ་ཁྲུ་གང། འཕང་དུ་ཁྲུ གང་བྱས་ལ། ཁྲུ་གང་གི་རེའུ?་གསུམ་ཐིག་གིས་བསྙམས་ཏེ། དེ་གསུམ་གྱི་དབུས་སུ་པདྨ་འདབ་བརྒྱད་པ་རེ་རེ་བྲིས་ལ། དེའི་སྟེང་དུ་མཆོད་རྟེན་བཞག་།དེ་ལ་བཞག་པའི་གོ་རིམས་ནི། དང་པོར་དབུས་སུ་བཞག་གོ་།མཆོད་རྟེན་གསུམ་གདབ་པའི་ཆོ? གའོ?། །མཆོད་རྟེན་ལྔ་གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་མ་དང་འདྲའོ། །དེ་ལ་དཀྱིལ་འཁོར་གྱི་ཚད་ནི་སྟེགས་བུ་ཁྲུ་གང་གྲུ་བཞི་པ་འཕང་དུ་ཡང་ཁྲུ་གང་པ་ཞིག་བྱས་ལ། དེའི་གྲཝ་བཞིར་ཡང་དེ་དང་འདྲ་བ་རེ་རེ་བྱས་ལ། དབུས་ཀྱི་སྟེགས་བུ་གྲུ?་བཞི དང་ཐ་མའི་སྟེགས་བུ་བཞིའི་གྲུ་བཞི་དང་སྦྱར་བར་བྱ། དེ་ནས་སྟེགས་བུ་དབུ་མའི་དབུས་སུ་པདྨ་འདབ་མ་བཅུ་དྲུག་པ་འམ། བཅུ་གཉིས་པ་གཅིག་བྲིས་ཏེ་གྲུ་བཞིའི་སྟེགས་བུའི་དབུས་ཀྱི་པདྨ་འདབ་མ་གྲངས་བཅུ་དྲུག་པ་ཞིག་ན་ནི། པདྨ་འདབ་མ་བཅུ གཉིས་པ་བྲི། དབུས་ཀྱི་བཅུ་གཉིས་པ་ཞིག་ན་ནི། མཐར་བརྒྱད་པ་བྲིས་ཏེ། དེའི་དབུས་སུ་མཆོད་རྟེན་བཞག་།མཆོད་རྟེན་བཞག་པའི་གོ་རིམས་ནི། དང་པོ་དབུས་སུ་གཞག་ནས། ཐ་མ་བཞི་ནི་ཤར་ནས་ལྷོར་བསྐོར་ཐབས་སུ་བཞག་གོ་།ཡང རྣམ་པ་གཞན་དུ་ན་དཀྱིལ་འཁོར་གྲཝ་མ་སྦྱར་བར་ཕྱོགས་བཞི་ངོས་ངོས་སྦྱར་ཏེ་བྱའོ། །གྲཝ་བཞིར་དཀྱིལ་འཁོར་གྱི་སྟེང་དུ་ལྷུང་བཟེད་རི་སྤོས་ཆུས་བཀང་སྟེ། མཆོད་དོ། །མཆོད་རྟེན་ལྔ་གདབ་པའི་ཆོ་གའོ། །མཆོད་རྟེན་དགུ གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་མ་དང་འདྲ། དེ་ལ་དཀྱིལ་འཁོར་གྱི་ཚད་ནི་ངོས་གཅིག་ལ་ཁྲུ་གསུམ་གྲུ་བཞི་འཕང་དུ་ཁྲུ་གང་པ་ཞིག་བྱས་ཏེ། ཁྲུ་གང་གྲུ་བཞི་པའི་རེའུ་ཐིག་གིས་བཅད་ལ། དང་པོར་དབུས་སུ་དེ་ནས་ཤར་ནས་ལྷོར བསྐོར་ཐབས་སུ་མཛའ་ཨི་བཞག་པར་བྱའོ། །མཆོད་རྟེན་དགུ་གདབ་པའི་ཆོ་གའོ། །མཆོད་རྟེན་བྱེ་བ་གདབ་པའི་ཆོ་ག་ལ། སྔག་བྱེ་བ་བྲིས་པ་འམ། ཕྱག་རྒྱར་བཏབ་ལ་མཆོད་རྟེན་བྱེ་བ་བཏབ་པའི་ནང་དུ་བཅུག་ན་མཆོད་རྟེན་ཐམས་ཅད འབར་རོ། །དེ་ནས་མཆོད་རྟེན་གཅིག་ནས་བྱེ་བའི་བར་དུ་སྔ་ཕྱིར་བཏབ་པ་དེ་དག་མཆོད་རྟེན་ཆེན་པོ་གཅིག་གི་ནང་དུ་བཅུག་སྟེ། འཕན་ཤིང་ལ་འཕན་རིངས་བསྒྲེང་བ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན འཕུལ་བ་ཞེས་བྱའོ། །མཆོད་རྟེན་བྱེ་བ་གདབ་པའི་ཆོ་ག་སྟེ། མཆོད་རྟེན་གདབ་པའི་ཆོ་གའོ།། །།མཆོད་རྟེན་དང་ཚ་ཚ་གདབ་པ་ཡན་ཆད་ནས་བྱེ་བ་གདབ་པ་ལ་སོགས་ཀུན་ཀྱང། བསམ་པའི་རྒྱུད་དང་སྔགས་ནི་འདྲ་སྟེ། དང་པོར རྡོ་རྗེ་གནོད་སྦྱིན་གྱི་ཆ་བྱད།

CLOSE WINDOW