CLOSE WINDOW

N2603: ཀླུའི་གདོན་ལས་ཐར་པར་ངེས་པ
Wyliee-texts based on the ACIP/ALL Input

། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཤ་ཟའི་གདོན་ལས་ཐར་བར་འདོད་པས། སྔོན་དུ་མཚན་མ་བརྟགས་ཏེ། ཤ་སྐམ་ཤིང་ང་རྒྱལ་ཆེ། ཕྲ་མ་ལ་དགའ་འཛའ་ངོ་ཆེ། ནོར་འཕྲོག་པ་དང་ལུས་ཤེད་ཆུང་བའི་མི་ལ། ཡར་ངོའི་ཚེས་གཉིས་དང་གསུམ་དང་བརྒྱད་དང་བཅུ་གཅིག་ལ་འཇུག་སྟེ། ཞུགས་པའི་རྟགས་ནི་ཤ་མདོག་སྔོ་བས་རྩུབ་པ་དང། དྲི་རུལ་པ་ཅན ནམ་གཞན་མཐོང་ན་དྲག་ཏུ་རྒོད་ཅིང་གཤེའ་བར་བྱེད། ཕྱི་ས་ལ་ཁྲག་གི་བློ་ཅན་ནམ་ཤ་ཟའི་གདོན་མཚན་མ་གཉིས་པ་ནི། ལུས་འདར་རྒྱུག་དུ་ཞིང་གླུ་ལེན་རེས་གར་བྱེད། ཤ་དང་ཆར་ལ་དགའ་བ་ནི་སྤྲུལ་པའི་འདྲེ་ཞུགས་པའོ།། གསུམ་པ་ནམ་མཁའ་ལ་ལྟ་བར་བྱེད་ཅིང་ཁ་ཟས་འདོར་བར་བྱེད། ཆང་དང་ཤ་ལ་ངོམ་པ་མེད་པ་ནི་ཤ་ཟ་གཟུ་ལུམ་ཅན་གྱིས་ཟིན་པའོ། །དེ་དག་ལས་ཐར་པའི་ཐབས་ནི། ཀྲི་ས་ར་དང། ལ་ཕུག་སྡོག་སྐྱ་ཏིལ་མར་ཞོ་བཅོས་དང འབྲས་བུ་བཅས་པའི་བཱ་ལི་ནུབ་ཕྱོགས་སུ་བྱིན་ལ་དེ་ནས་བཅའ་སྒ་པི་པི་ལིང་ཤིང་རྩ་འབྲས་བུ་གསུམ་དང། སྒོག་སྐྱ་ཤུ་དག་ཤིང་ཀུན་ཤི་རི་ཁན་དའི་མེ་ཏོག་དེ་དག་ཆ་བསྙམས་ལ། ར་གཅིན་དུ་བཏགས་ལ་མར་ཕུལ་བཞི་དང། བ གཅིག་ཕུལ་བཅུ་དྲུག་དུ་བཙོས་ལ་ཁྲུས་ལ་སོགས་པ་བྱས་ལ་སྔ་མ་དང་འདྲ་བར་བསྐུས་པ་དང། བྱུག་པ་དང། ལྟོར་བཏང་བས་ཤ་ཟའི་གདོན་ལས་ངེས་པར་ཐར་རོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཀླུའི་གདོན་ལས་ཐར་བར་འདོད་པས་སྔོན་དུ་འཇུག་པའི་དུས་མཚན་མ་ཤེས་པར་བྱ་སྟེ། བྲམ་ཟེའི་རིགས་ལ་ཚེས་ལྔ་དང། ཉི་ཤུ་བདུན་ལ་འཇུག་སྟེ་ཞུགས་པའི་མཚན་མ་ནི། ལུས་ལྕི ཞིང་མགོ་འཁོར་ལས་ལ་འགྱེལ་བར་འགྱུར། །ཀླུའི་གདོན་ལས་ཐར་བར་འདོད་པས་སྔོན་དུ་འཇུག་པའི་དུས་མཚན་མ་ཤེས་པར་བྱ་སྟེ། བྲམ་ཟེའི་རིགས་ལ་ཚེས་ལྔ་དང། ཉི་ཤུ་བདུན་ལ་འཇུག་སྟེ་ཞུགས་པའི་མཚན་མ་ནི། ལུས་ལྕི ཞིང་མགོ་འཁོར་ལས་ལ་འགྱེལ་བར་འགྱུར། མིག་ཧ་རེ་བལྟ་ཞིང་ཁ་དོག་དམར། དབུགས་རྒོད་ལྕེ་འབྱིན་ཁྲོ་འདོད་འོ་མ་དང་མར་ལ་དགའ་། སོ་འཐམ་པ་ལ་ནི་བདག་ཉིད་ཁྲུས་བྱས་ལ་འབྲས་ཆན་བུ་རམ་དང། མེ་ཏོག་གི་ཕྲེང་བ་མང་པོ དང། མིག་ཧ་རེ་བལྟ་ཞིང་ཁ་དོག་དམར། དབུགས་རྒོད་ལྕེ་འབྱིན་ཁྲོ་འདོད་འོ་མ་དང་མར་ལ་དགའ་། སོ་འཐམ་པ་ལ་ནི་བདག་ཉིད་ཁྲུས་བྱས་ལ་འབྲས་ཆན་བུ་རམ་དང། མེ་ཏོག་གི་ཕྲེང་བ་མང་པོ དང། གུ་གུལ་དཀར་པོ་དང། ཐང་ཤིང་དང། སྐུད་པ་དམར་པོ་དང། ལྡན་པའི་གཏོར་མ་བྱང་ཕྱོགས་སུ་སྦྱིན་པར་བྱའོ། །དེ་ནས་ཤེ་ཏ་པ་ལ་སེང་ཕྲོམ་རྒྱ་སྤོས་ཡུངས་ཀར་ཏ་མ་ལ་དང། ཐང་ཤིང་རྣམས་བཙོས་ལ་ཆ་སྙམས་ལ་མར ཕུལ་བཞི་དང། གུ་གུལ་དཀར་པོ་དང། ཐང་ཤིང་དང། སྐུད་པ་དམར་པོ་དང། ལྡན་པའི་གཏོར་མ་བྱང་ཕྱོགས་སུ་སྦྱིན་པར་བྱའོ། །དེ་ནས་ཤེ་ཏ་པ་ལ་སེང་ཕྲོམ་རྒྱ་སྤོས་ཡུངས་ཀར་ཏ་མ་ལ་དང། ཐང་ཤིང་རྣམས་བཙོས་ལ་ཆ་སྙམས་ལ་མར ཕུལ་བཞི་དང། བའི་གཅིན་ཕུལ་བཞི་དང་ཆུང་བ་ལ་ཁྲུས་ལ་སོགས་པ་སྔ་མ་ལྟར་བྱས་ན་ཀླུའི་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འཇིག་རྟེན་བི་ན་ཡ་ཀའི?་གདོན་ལས་ཐར་བར་འདོད་པས། བའི་གཅིན་ཕུལ་བཞི་དང་ཆུང་བ་ལ་ཁྲུས་ལ་སོགས་པ་སྔ་མ་ལྟར་བྱས་ན་ཀླུའི་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འཇིག་རྟེན་བི་ན་ཡ་ཀའི?་གདོན་ལས་ཐར་བར་འདོད་པས། སྔོན་དུ་འཇུག་དུས་དང་མཚན་མ་ཤེས་པར་བྱ་སྟེ། རྨངས་རིགས་ཀྱི་ལུས་ལས་དྲི་མ་འབྱུང་བའམ། གོས་ངན་གོན་པའི་ཚེ་འམ། ཁ་ཟད་གཞན་གྱིས་ལྷག་མ་ཟ་བའི་ཚེ་འམ། བུད་མེད དང་བྱིས་བྱས་པའི་ཚེ་འམ། བཤད་གཅིའི་དུས་སམ། གཅེར་བུར་གནས་པའི་དུས་སམ། མར་དོ་ཚེས་ལྔ་དང་བཅུ་བཞི་འམ། གནམ་སྟོང་ལ་འཇུག་གོ་།ཞུགས་པའི་མཚན་མ་ནི་མཁུན་ཞིང་དུ་བ་དང། ནོར་རྣམས་ཆུད་གསོན་དུ་འགྲོ་བ་དང་? གྱིས་ཡི་དུ་མི་འོང་བ་དང། སྐྱེས་པ་ཡིན་ན་བུད་མེད་མི་རྙེད་པ་དང། དུད་མེད་ཡིན་ན་སྐྱེས་པ་མི་རྙེད་པ་དང། ཚོང་བྱས་ན་འཕམ་པ་དང། ཞིང་མི་སྐྱེ་གལ་ཏེ་བུད་མེད་རྙེད་ཀྱང་བུད་མེད་བསམས་པ་འགྱུ་བ་ནི་ལོག་འདྲེན་གྱི་གདོན་གྱིས་ཟིན་པ་སྟེ། དེ ལས་ཐར་བའི་ཐབས་སྒྲུབ་པ་ནི། གཏོར་མའི་བུམ་པ་བཞི་འབྲས་ཡོས་དང་ཤ་བཙོས་དང། རྗེན་དང་ཁུར་པ་དང། དྲི་དང་མེ་ཏོག་དཀར་པོའི་ཕྲེང་བ་དང། འབྲས་ཐུག་དང། སྤོས་སྣ་ཚོགས་དང་ལྡན་པའི་གཏོར་མ་ནུབ་ཏུ་སྦྱིན་ཏེ། དེ་ནས་ གུ་གུལ་དང་ཡུངས་ཀར་དང།

CLOSE WINDOW