Wylie | e-texts based on the ACIP/ALL ![]() ![]() |
བསད་ནས་སེམས་ཅན་དམྱལ་བར་ལྟུང། །སེམས་ནི་ཁྲོ་བར་མི་བྱ་ཞིང། །ནམ་ཡང་ཤེས་རབ་ཉམས་མི་བྱ། །རྟག་ཏུ་ཁྱོད་ནི་ད་ལྟར་བསྲུངས། །ཞེས་བརྗོད་པར་བྱའོ། །སློབ་དཔོན་པདྨས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར
འཇོམས་པ་ལ་ཕྱག་འཚལ་ལོ། །ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་དཀྱིལ་འཁོར་བཞེངས་ཏེ། ཐོག་མར་སའི་ཆོ་ག་ཇི་ལྟ་བ་བཞིན་རྫོགས་པར་བྱས་ལ། དེ་ནས་སྟེ
གོན་གྱི་ཆོ་ག་ཇི་ལྟར་རིགས་པར་བྱས་ལ། དེ་ནས་ཐིག་དང་ཚོན་གྱི་ཆོ་ག་མ་ནོར་བར། རྫོགས་པར་བྱས་ལ་བུམ་པ་དགུ་ལ་ལྷ་སོ་སོའི་མཚན་མ་གདབ། དཀྱིལ་འཁོར་རྩིབས་བརྒྱད་པ་སེར་པོ་བྲི། །ལྟེ་བ་ལྔར་གུ་རྩིབས་འཆན་དམར་པོ་མུ་ཁྱུད་དཀར་པོ་ལ་རྡོ་རྗེར་བ་ནང?།
པོར་བྱའོ། །གྲུ་ཆད་ལྗང་གུར་བྱ། །སྒོ་རིགས་དང་འདྲ་བ་ལ་མེ་རི་དང། རྡོ་རྗེའི་ར་པ་མཛེས་པས་བསྐོར་བ་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་ལྟེ་བར་རྡོ་རྗེ་རྣམ་པར་འཇོམས་པའི་མཚན་མ་བྲི། རྩིབས་ལ་ཁྲོ་བོ་བརྒྱད་ཀྱི་མཚན
མའོ། །གོ་རིམས་མ་ནོར་བར་བྲི་བར་བྱའོ། །དེ་ནས་བུམ་པ་རྣམས་ལྷ་སོ་སོའི་གནས་སུ་བཞག་།སྟེ་མཆོད་པ་དབུལ་བར་བྱའོ། །སོ་སོའི་བུམ་པ་ལ་ཁྲོ་བོ་སོ་སོའི་ཕྱག་རྒྱ་བཅིང། སྤྱན་དྲངས་ལ་སྔགས་ཀྱི་གཉིས་སུ་མེད་པར་བསྟིམས་ལ། དེ་ནས་ཡེ་ཤེས་སེམས
དཔའ་དང་གཉིས་སུ་མེད་པར་བསྲེ་བར་བྱས་ལ་དེ་དག་གི་སྐུ་མདོག་དང། ཕྱག་མཚན་དཀྱིལ་འཁོར་གྱི་བི་དྷི་ནས་འབྱུང་བ་བཞིན་གསལ་བར་བྱའོ། །ལྷ་སོ་སོའི་ཐུགས་ཀ་ནས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་ན་ཉི་མའི་དཀྱིལ་འཁོར་དེ་གཉིས་ཀྱི་བར་ན་སྔགས་སོ་སོའི་རང་སྒྲ
དང་བཅས་པས་དམིགས་ལ་དབུས་ཀྱི་གཙོ་བོ་རྡོ་རྗེ་རྣམ་པར་འཇོམས་པ། ཤར་མཛའ་ཡས། ཤར་ལྷོ་བདུད་རྩི་འཁྱིལ་པ། ལྷོར་གནོད་མཛེས། ལྷོ་ནུབ་དུ་ཁྲོ་བོ་མངོན་མཐོ་།ནུབ་དུ་རྟ་མགྲིན། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། བྱང་དུ་གཏུམ་པོ། བྱང་ཤར་དུ་གཤིན་རྗེ།
སྒོ་རྣམས་སུ་སྒོ་མ་གཞན་དང་འདྲའོ། །དེ་ལྟར་སོ་སོར་བུམ་པའི་ནང་དུ་གསལ་བར་བསྐྱེད་ལ། སྒྲུབ་པ་པོ་བདག་ཉིད་ཀྱིས་ཁྲུས་བྱས་གོས་སར་པ་གྱོན་ལ་ཉེ་རེག་དང་འཐོར་འཐུང་ལ་སོགས་པ་བྱས་ལ་བཟླས་པ་ལ་འཇུག་པར་བྱའོ། །ལྷ་སོ་སོའི་ཐུགས་ཀའི་ཉི་ཟླའི་བར་གྱི་སྔགས་ཀྱི་རབ?
སྒྲ་དང། བདག་ཉིད་ཀྱིས་བརྗོད་པའི་སྒྲ་དང་འཁོར་བར་དམིགས་ཏེ་བཟླས་སོ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ:ཤཙཎྜ་བཛྲ་པཱ་ན་ཡེ། མཧཱ་ཡཀྵ་སེན་པ་ཏ་ཡེ། ཨོཾ་མ་ཐ་མ་ཐ་བཛྲ་ཧཱུཾ་ཕཊ། ཨོཾ་དྷུ་ན་དྷུ་ན་བཛྲ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་བཛྲ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་བཛྲ་ཧཱུཾ་ཕཊ། ཨོཾ་དྷཱ་ར་དྷཱུ་ར་བཛྲ
ཧཱུཾ་ཕཊ། ཨོཾ་དྷ་ར་ཡ་དྷ་ར་ཡ་བཛྲ་ཧཱུཾ་ཕཊ། ཨོཾ་དྷཱ་རུ་ན་དྷཱ་དུ་ན་བཛྲ་ཧཱུཾ་ཕཊ། ཨོཾ་ཙྪིན་ད་ཏསྩིན་ད་བཛྲ་ཧཱུཾ་ཕཊ། ཅེས་བུམ་པ་རེ་རེ་ལ་སྟོང་ཕྲག་རེ་བཟླས་ཏེ། བརྒྱ་བརྒྱའི་བར་དུ་པཱུ་ཛ་ལྔ་ལྔ་དབུལ་ལོ། །ཏིང་ངེ་འཛིན་གྱི་ལྷ་འོད་དུ་ཞུ་ཆུ་དང་གཉིས་སུ་མེད་པར་བསྲེ་བར་བྱའོ། །དེ་ཉིད་ལས་འོད
འཕྲོས་པས་རང་གཞན་གྱི་དོན་རྫོགས་པར་བྱའོ། །དེ་ནས་དབང་བསྐུར་བའི་ཆོ་ག་ནས་འབྱུང་བ་བཞིན་དུ་བསྐུར་རོ། །བཀྲ་ཤིས་གསོལ། བགེགས་རྣམས་ལས་རྒྱལ་པར་བྱ་བའི་ཕྱིར་ཆུས་བྲབ་པ་དང། རྨ་བྱའི་སྒྲོས་བྱབ་པ་དང། མེ་ལོང་གི་ཕྱེ་བ་དང། དུར་བས་བརྡེག་པར་བྱའོ། །སརྦ
གྲ་ཧེ་སྭཱཧཱ། སརྦ་བུར་སྭ་བ་སྭཱ་ཧཱ། སརྦ་བྷི་ཀལྤ་སྭཱཧཱ། སརྦ་ཛཝ་རེ་སྭཱཧཱ། དེ་ལྟར་འདི་དཀྱིལ་འཁོར་དུ་དབང་བསྐུར་ནས་ནད་དང་གདོན་ལ་སོགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སློབ་དཔོན་དཔལ་མར་མེ་མཛད་ཀྱི་རྒྱུད་ལ་བརྟེན་ནས
མཛད་པ་རྫོགས་སོ། ། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པས་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ཏེ།
ས་མཆོག་དང་སྟ་གོན་ལ་སོགས་པ་རྫོགས་པར་བྱ་སྟེ།
CLOSE WINDOW