CLOSE WINDOW

N2512: ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

།རྡོ་རྗེ་གོས་སྔོན་གྱི་ཀླུ་གཏོར་ཆོ་ག་སློབ་དཔོན་འགྲོ་བཟང་སྙིང་བོས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ག་ན་ཙཀྲ་པྲ་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ། །གོས་སྔོན་ཅན་ལ་ཕྱག་འཚལ་ལོ།། གདུག་པ་འདུལ་བྱེད་རྡོ་རྗེ་ཅན། །དེ་ལ་རྟག་ཏུ་ཕྱག་འཚལ་ཏེ། །ཚོགས་གཉིས་ཡོངས་སུ་རྫོགས་བྱའི་ཕྱིར། །ཚོགས་ཀྱི་ཆོག་བཤད་པར་བྱ། །གནས་ཁང་དབེན་ཞིང་ཉམས་དགའ་བར། །ཕྱག་དང་ཕྱག་ཕྱག་བྱས་ནས་ནི། །དཀྱིལ་འཁོར་དང་ནི་རབ བཞེངས་ལ། །ཡང་ན་མཎྜལ་སྔོན་པོར་བྱ། །གདུགས་དང་བ་དན་ལ་སོགས་དབུལ། །རྡོ་རྗེ་ཅན་གྱི་རྟེན་རྣམས་དགྲམ། །མཆེད་པ་ལྔ་དང་ལྡན་པར་བྱ། །གཏོར་ཆོགས་རྣམས་ཀྱང་བཟང་དུ་བཤམ། །བདག་ཉིད་ཡི་དམ་ལྷར་ནི་བསྐྱེད། །མིག་གཉིས་དག་ཏུ་ཉི་ཟླ་བསྒོམ།། དེ་སྟེང་ཧཱུཾ་ནི་བསམ་པར་བྱ། །ཕྱོགས་རྣམས་ཀུན་ཏུ་བལྟས་པས་བསྲེག་།དེ་ནས་ནི་བསྲུང་བྱའི་ཕྱིར། །ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཤར་གྱི་ཕྱོགས་སུ་རབ་འཕྲོས་པས། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་སྟེ། །སྐུ་མདོག་དཀར་ལ་འཇིགས་པའི་གཟུགས། །ཕྱག་ན་མཚོན་ཆ་སྣ ཚོགས་ཐོགས། །དཔག་ཏུ་མེད་པས་གང་བ་བསྐྱེད། །ོཾ་གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། རིན་ཆེན་རིགས་ཀྱི་ཁྲོ་བོ་སྟེ། །སྐུ་མདོག་སེར་ལ་འཇིགས་པའི་གཟུགས། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དཔག་ཏུ་མེད་པས་གང་བ་བསྐྱེད། །ོཾ་གྲིཧྞ་པ་ཡ་གྲིཧྞཱ་པ་ཡ ཧཱུཾ་ཧཱུཾ་ཕཊ། པདྨ་རིགས་ཀྱི་ཁྲོ་བོ་སྟེ། །སྐུ་མདོག་དམར་ལ་འཇིགས་པའི་གཟུགས། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། དཔག་ཏུ་མེད་པས་གདབ་བསྐྱེད། །ོཾ་ཨཱ་ན་ཡ་ཧོ་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། །ལས་ཀྱི་རིགས་ཀྱི་ཁྲོ་བོ་སྟེ། །སྐུ་མདོག་སྔོ་ལ་འཇིགས་པ་གཟུགས། །ཕྱག་ན མཚོན་ཆ་སྣ་ཚོགས་ཐོགས། །དཔག་ཏུ་མེད་པས་གང་བར་བསྐྱེད། །ཕྱོགས་གསུམ་སྤྲོས་པ་ཤེས་པར་བྱ། །རྡོ་རྗེ་གུར་དང་རབ་བསམ། །དེ་ལ་མེ་དཔུང་འབར་བ་བསྐྱེད། །དེ་ནས་མགྲོན་རྣམས་སྤྱན་དྲངས་ལ། །བདུན་པོ་ཡོངས་སུ་དག་པར་བྱ། །དེ་ནས་གཏོར་མ་གཏོང ཆོག་བཞིན། །རྒྱས་པར་རབ་ཏུ་དབུལ་བར་བྱ། །དེ་ནས་ཚོགས་ལ་བགེགས་བསྐྲད་ལ། །གཏོར་མ་བྱིན་གྱིས་བརླབ་པ་ནི། །དེ་ནས་ཚོགས་བདག་བཀོད་པ་ནི། །ཚོགས་རྗེ་ཚོགས་ཀྱི་བདག་པོ་ནི། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །ཚོགས་ཀྱི་བདག་བ་གཞུགས་སུ གསོལ། །དུས་གསུམ་བླ་མ་རྣམས་དང་ནི། །ཇོ་བོ་དཀོན་མཆོག་གསུམ་པོ་དང། །བསྟན་པ་སྲུང་བའི་ཆོས་སྐྱོང་དང། །དཔལ་མགོན་བདུན་ཅུ་རྩ་གཉིས་སོགས། །ཚོགས་ཀྱི་བདག་པོར་བཞུགས་སུ་གསོལ། །དེ་ནས་ཚོགས་ནི་དབུལ་བ་ནི། །དུས གསུམ་བླ་མ་རྣམས་དང་ནི། །ཡི་དམ་ལྷ་ཚོགས་འཁོར་བཅས་ལ། །ཚོགས་ཀྱི་མཆོད་པ་དབུལ་ལགས་ན། །ཐུགས་རྗེ་ཆེར་དགོངས་དངོས་གྲུབ་གསོལ། ། ལ་ལ་ཏེ་མཆོད་པ་བཞེས། །ལྷ་རྣམས་འདུལ་ཕྱིར་གོས དཀར་དང། །སྐུ་ཡི་དཀྱིལ་འཁོར་འཁོར་བཅས་ལ། །ལྷ་སིན་འདུལ་ཕྱིར་གོས་དམར་ཅན། །གསུང་གི་དཀྱིལ་འཁོར་འཁོར་བཅས་ལ། །ཀླུ་རྣམས་འདུལ་ཕྱིར་གོས་དམར་ཅན། །ཐུགས་ཀྱི་དཀྱིལ་འཁོར་འཁོར་བཅས་ལ། །བླ་མེད་དཀོན་གསུམ པོ་ལ། །བསྟན་པ་བསྲུང་བའི་ཆོས་སྐྱོང་ལ། །ལྷག་མ་ཡུལ་བདག་རྣམས་ལ་སྦྱིན། །དེ་ནས་ཚོགས་ལ་ལོངས་སྤྱོད་པ། །ལྷག་མ་འབྱུང་པོའི་གཏོར་མ་བཏང། །གླུ་དང་གར་དང་བསྐོར་བ་སོགས། །མཆོད་པ་རྣམ་པ་སྣ་ཚོགས་དབུལ། །དེ་ནས འཇུག་གི་ལས་རྣམས་སུ། །མཆོད་བསྟོད་ཡི་གེ་བརྒྱ་པས་བཤགས། །བཟོད་པར་གསོལ་ཞེས་གཤེགས་པ་ནི། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྦྱངས་འདི་ལ་ཉེས་པ་གང། །དེ་ཀུན་མགོན་པོས་བཟོད་པར་མཛོད། །གཙོ་བོ ནུས་པ་མ་མཆིས་ཤིང། །མ་ཚང་བ་དང་མ་ཚོགས་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཧཱུཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །ཉིད་ཀྱི་ཡུལ་དུ་གཤེགས་སུ་གསོལ། །ཉིད་ཀྱི་ཡུལ་དུ་གཤེགས ནས་ཀྱང། །ཐུགས་ཀྱིས་བརྩེ་བར་སླར་དགོངས་ལ། །སླར་ཡང་བྱོན་པར་མཛད་དུ་གསོལ། །བཛྲ་མུརྒྱ་གར་སྐད་དུ།

CLOSE WINDOW