Wylie | e-texts based on the ACIP/ALL ![]() ![]() |
། །།རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་ནཱ་ག་ར་བ་ལིཾ་བི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཀླུ་གཏོར་གྱི་ཆོ་ག་།བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ
ཅན་ལ་ཕྱག་འཚལ་ལོ། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཡང་ནས་ཡང་དུ་བསྒོམ་བྱས་ནས། །མདུན་དུ་པཾ་ལས་པདྨ་ནི། །ཁ་དོག་དམར་པོ་འདབ་བརྒྱད་དེ། །ཕུ་བརྒྱད་ལས་ནི་ཀླུ་བརྒྱད་བསྐྱེད། །དེ་ནས
སྙིང་གའི་འོད་ཟེར་དང། །ོཾ་ཕེ་ཕུཾ་ཞེས་པས་ཀླུ་ཆེན་བརྒྱད། །འཁོར་དང་བཅས་པ་བཀུག་ལ་བསྟིམ། །དཀར་གསུམ་མངར་གསུམ་བདུད་རྩིར་བཅས། །དམ་ཚིག་ཡི་ཤེས་ཀླུ་རྣམས་མཆོད། །དེ་ནས་གཏོར་མ་བྱིན་བརླབས
ཏེ། །སྣོད་ནི་ཁཾ་ལས་རིན་པོ་ཆེ། །ཤིན་ཏུ་མཛེས་ཤིང་བལྟ་ན་སྡུག་།ཡངས་ལ་རྒྱ་ནི་ཆེ་བར་བསྒོམ། །རིན་ཆེན་སྣོད་མཆོད་དེ་ནང་དུ། །དཀར་གསུམ་མངར་གསུམ་བདུད་རྩིར་བཅས། །སྣོད་ནི་ཤིན་ཏུ་གང་བར་བསམ། །དེ་ཡི་སྟེང་དུ་ཡི་གེ
གསུམ། །ཁ་དོག་དྲི་དང་རོ་སྦྱངས་དང། །བདུད་རྩི་རོ་མཆོག་བརྒྱ་དང་ལྡན། །གཡས་པ་མཆོག་སྦྱིན་ཕྱག་རྒྱ་ལ། །ཧ་ཧོ་ཧི་བཾ་དག་ལས་ནི། །དཔག་བསམ་ཤིང་ཆེན་བསམ་བྱས་ལ། །ལོ་མ་ཡལ་ག་ཐམས་ཅད་ལ། །རིན་ཆེན་བུམ་པ་བདུད་རྩིས
གང། །དཔག་ཏུ་མེད་པ་བསམས་ནས་ནི། །བྲུཾ་ལས་བདུད་རྩིར་ཆར་བབས་པས། །གཏོར་མ་ཡོངས་སུ་གང་བར་བསམ། །ོཾ་ཨཱཀི་ཨཻ་མཾ་བི་ལཾ་ཏ་ཁ་ཁ་ཁཱ་ཧ་ཁཱི་ཧི། ཨོཾ་ཏཀྵ་ཀ་ཨོཾ་མཾ་བ་ལིཾ་ཏ་ཁ་ཁ་ཨོཾ་ཀརྐོ་ཊ། ཨོཾ་ཧུ་ལུཏཎ་ཀ། ཨོཾ་པདྨ། ཨོཾ་མཧཱ་པདྨ། ཨོཾ་ཤཾ་ཥ་པཱ་ལ། ཨོཾ་ཀོ་ལི་ཤ་ཡ། ཨོཾ་ནཱ་ག་པ་ན་སཾ་ཁྲུ་ཧ་ར་ཧ་རེ་ཨཻ་མཾ་བ་ལིཾ་ཊ། ཁ་ལ་ཁཱ་ཧི་ཁཱ་ཧི།
ཻ་མཾ་བི་ལཾ་ཙ་ལ་གདགས། ཨོཾ་ཕེཾ་ཀླུའི་རྒྱལ་པོ་སོག་མ་མེད། ཨཻ་མཾ་བི་ལཱཾ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མཛའ་ཡས་དང་ནི་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང། །དུང་སྐྱོང་དང་ནི་རིགས་ལྡན་དང། །ལྷ་མོ་ལྷ་མོ
ཆེན་མོ་དང། །ཟླ་བ་ཟླ་བ་སྤྱི་གཙུག་ཆེ། །སྙིང་པོ་མེད་དང་འགུ་ལིང་ཏ། །དགའ་བོ་དང་ནི་ཉེར་དགའ་དང། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །གདུང་བ་དང་ནི་གདུང་བ་ཆེ། །དཔལ་གྱི་འོད་དང་འོད་བོ་ཆེ། །རིན་ཆེན་འོད་དང་གཟུགས་བཟངས་དང། །གཟུགས
ཆེན་འོད་དང་སྤྲུལ་བཟངས་ལྟོ་འཕྱེ་ཆེ། །སྨིག་རྒྱུ་དང་ནི་སྨིག་རྒྱུ་ཆེ། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས་སོ། །མཛེས་པའི་དཀར་གསུམ་གཏོར་མ་འདི། །མངར་གསུམ་འོ་མའི་རྒྱ་མཚོར
བཅས། །རིན་ཆེན་ཕྲེང་བའི་ཐེམ་སྐས་ཅན། །ཀླུ་ཡི་གནོད་པ་སྐྱོབ་བྱེད་པ། །མཐུན་པའི་རྫས་སུ་འདི་གྱུར་ཅིག་།མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་རྣམས་ལ། ཀླུ་ལས་གྱུར་པའི
ནད་རྣམས་ལ། །མཐོང་བའི་དུག་དང་ཁ་རླངས་དུག་།བསམ་པའི་དུག་ལ་སོགས་པ་ཀུན། །དེ་དག་ཐམས་ཅད་ཞི་གྱུར་ཅིག་།བདག་བསག་ཅེས་པའི་རྫས་ཁྱེར་ལ། །བདག་ལ་གནོད་པ་མ་བྱེད་པར། །རྟག་ཏུ་བྱམས་པའི་སེམས་དང་མི་ཐ་མ་བུའི་སེམས་ཀྱིས
ལྟོས། །གཞན་ཡང་ལས་ལས་སྐྱེས་པ་ཡི། །བཀའ་དང་དམ་ལས་ཐོགས་པ་ཡི། །གདུག་པ་ཅན་གྱི་ཚོགས་རྣམས་ཀུན། །བཀའ་ཡི་ཕ་བབས?་འདི་སྣམས་ལ། །སོ་སོ་རང་རེའི་གནས་སུ་དེངས། །ཉོན་ཅིག་ཉོན་ཅིག་རིགས་ཀྱི་བུ། །ཇི་ལྟར
ས་བོན་ཚ་བ་ལ། །མྱུ་གུ་ཆ་བ་འབྱུང་བ་ལྟར། །སོ་སོ་རང་རེའི་གནས་ལ་སྤྱོད། །འབྱུང་བཞི་སོ་སོའི་གྱུར་ཡང་སྲིད། །བདེ་གཤེགས་བཀའ་ལས་འགྱུར་བ་མེད། །ལས་འབྲས་འགྱུར་ཞིང་སླུ་མི་སྲིད། །དེ་ལས་ཁྱོད་སྡིག་མ་བྱེད་པར། །དགེ
བའི་བསམ་པས་གནས་པར་གྱིས། །བདེན་པ་བདར་ལ་ཆོས་བཤད་བྱ། །རྡོ་རྗེས་ཡི་གེ་བརྒྱ་བ་བརྗོད་དོ། །ཡེ་ཤེས་ཀླུ་རྣམས་གཤེགས་སུ་གསོལ། །དམ་ཚིག་པ་ནི་མ་དམིགས་བསམ། །གཏོར་མ་རྒྱ་མཚོ་ཆེན་པོ་འམ། །ཡང་ན་གནོད་པའི་ཕྱོགས་སུ
བཏང། །རྡོ་རྗེ་གོས་སྔོན་གྱི་ཀླུ་གཏོར་ཆོ་ག་སློབ་དཔོན་འགྲོ་བཟང་སྙིང་བོས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ག་ན་ཙཀྲ་པྲ་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ། །གོས་སྔོན་ཅན་ལ་ཕྱག་འཚལ་ལོ།།
གདུག་པ་འདུལ་བྱེད་རྡོ་རྗེ་ཅན།
CLOSE WINDOW