Wylie | e-texts based on the ACIP/ALL ![]() ![]() |
། །།*། །རྒྱ་གར་སྐད་དུ། བཛྲ་བ་ཏི་རཱ་ཛ་ཏུ་ཎ་ཌེ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་སྒྲུབ་པའི་ཐབས་ཞེས
བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོ་དབེན་པའི་གནས་སུ། །རིག་པ་འཛིན་པ་དེས་ཁྲུས་བགྱིས་ཏེ་གཙང་མར་བགྱིས་ལ། གོས་གསར་པ་བགོས། དམ་ཚིག་དང་སྡོམ་པ་ལ
གནས་ཤིང། །གཙང་སྦྲའི་སྤྱོད་པ་དང་བཅས་པས་མཎྜལ་བའི་རྣམ་ལྔས་བྱུགས་ལ། སྤོས་ཀྱི་དཀྱིལ་འཁོར་བགྱིས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཟུགས་སམ། མཆོད་རྟེན་སྐུ་གདུང་དང་བཅས་པ་དཀྱིལ
འཁོར་དེའི་དབུས་སུ་གཞག་སྟེ། སྤོས་ཆབ་ཀྱིས་བཀྲུ་བར་བྱའོ། །མེ་ཏོག་དང་བདུག་པ་ལ་སོགས་ཏེ། མཆོད་རྫས་རྣམས་བཤམས་ལ་སྟན་བདེ་བ་ལ་འདུག་སྟེ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་དེའི་རང་བཞིན་ཨ་ལས་ཟླ
བའི་སྟེང་དུ་ཧཱུཾ་ཡོངས་སུ་བསམ་པར་བྱའོ། །དེའི་འོད་ཟེར་གྱིས་བླ་མ་དང་ལྷག་པའི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཀུག་སྟེ། ཕྱག་བཙལ་བ་དང། མཆོད་ཅིང་བཤགས་པ་དང། རྗེས་སུ་ཡི་རང་ཞིང་ཆོས
ཀྱི་འཁོར་ལོ་བསྐོར་བ་དང། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང། དེ་དག་དགེ་བའི་རྩ་བར་བསྔོས་ཏེ་གཤེགས་སུ་གསོལ། ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་མཚན་དང་དཔེ
བྱད་ལྡན་པར་བསྐྱེད་ལ། སྙིང་རྗེ་དང་བྱམས་པ་དང། བཏང་སྙོམས་ཆེན་པོའི་དང་གིས་སྔགས་འདི་བརྗོད་པར་བྱའོ། །ན་མོ་བྷ་ག་པ་ཏེ་ཤཱཀྱ་མུ་ནཱ་ཡེ། ཏ་ཐཱ་ག་ཏཱ་ཡ། ཏ་དྱ་ཐཱ། བྷུ་ཛ་ས་མ་ཡེ། བྷུ་ཛེ་ཏ་ཐ་བྷུ་ཛེ། པྲ་བ་ར་བྷུ་ཛེ། ས་མནྟ
་ཀ་བྷུ་ཛ། ཏུ་རུ་ཏུ་རུ་སྭཱཧཱ། ས་མ་ཡ་པཱ་ལཱ་ཡ་སྭཱཧཱ། ན་སརྦ་ས་ཙ་ནཱ་ད་སྭཱཧཱ། ཀླུ་མི་བགྲུངས་པ། དམ་ཚིག་མི་འཚལ་བ་རྣམས་སླར་བཟློག་ཅིང་བསྐྲད་པའི་ཕྱིར་ལན་བདུན་བརྗོད་དོ། །སྭ་བྷཱ་བ་བི་ཤུད་དྷ་སརྦ་དྷརྨམཱ་སྭ་བྷ་པ
བི་ཤུད་དྷོ་ཧཾ་ཞེས་བརྗོད་པས་དེ་ཉིད་ཀྱི་དང་ལས་བཛྲ་བ་ཏི་ག་རུ་ཌ་ཞེས་སྒྲའི་རྣམ་པ་དང་བཅས་ཏེ་ཧཱུཾ་ངོ་བོར་གནས་པ་ལས་དེ་ཉིད་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་འབར་བ་ཧཱུཾ་གིས་མཚན་པ། འོད་ཟེར་གྱི་ཕྲེང་བ་རྣམ་པར
འཁྲུག་པར་གྱུར། དེ་དག་ཡོངས་སུ་གྱུར་པ་ལས་རཱི་ཛ་སྲི་ཛ་ཧཱུཾ་ཞེས་པས་ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་གྱི་འདབ་མ་ཅན། རྡོ་རྗེའི་མཆུ་ཅན་བདག་ཉིད་ཆེན་པོའི་ལུས་འབར་བ་རྡོ་རྗེའི་རང་བཞིན། ཁྲོ་བོ་འཇིགས་སུ་རུང་བའི་རྩལ་ཅན། རིན
པོ་ཆེ་ཐ་དད་པ་སྣ་ཚོགས་དང། མུ་ཏིག་དང། མན་ཤེལ་དང། གསེར་གྱིས་སྤྲས་པའི་རྒྱན་མགོ་ལ་ཐོགས་པ། གསེར་གྱིས་ཀླུབས་པ། དྲེགས་པའི་གཟུགས་ཅན་འགྱིང་བར་ལྟ་བ། ཀླུ་ཆེན་པོ་བརྒྱད་གདན་དུ་བཅས་པ། ཀླུ་མགོ
དགུ་པ་བརྒྱན་དུ་བྱས་པ། ཀླུ་མགོ་གསུམ་པ་གཡས་ན་ཐོགས་པ། ནོར་བུའི་རིན་པོ་ཆེའི་དབྱུག་པ་གཡོན་ན་ཐོགས་པ། ལུས་ཐམས་ཅད་རྡོ་རྗེ་འབར་བ་གསོར་གྱི་རང་བཞིན་གཤོག་པའི་འདབ་མ་བརྐྱང་བས་ཀླུ་རིགས་དབང་དུ་བསྡུད་པ།
གཡོག་འཁོར་ནམ་མཁའ་ལྡིང་གི་ཚོགས་ཀྱིས་བསྐོར་བ་ཞིག་ཏུ་བསམ་པར་བྱའོ། །དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོའི་ཕྱག་རྒྱ་བཅས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲ་དུནྟི་མི་ལི་མི་ལི་སྭཱཧཱ། དེ་ནས་བརྟན་པར་བྱས་ཏེ་ལུས་བསྲུང་བར་བྱའོ། །དེ་དང
འདྲ་བའི་ནམ་མཁའ་ལྡིང་གི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཡང་དག་པར་མཆོད་ཅིང་བསྟོད་ལ་དེ་ཉིད་ཀྱི་རྟེན་ལ་བསྟིམ་པར་བྱའོ། །དེ་ནས་ཇི་ལྟར་སྐྱོང་བར་མ་གྱུར་གྱི་བར་དུ་སྤྲོ་བ་དང་བསྡུ་བའི་རིམ་པ་བྱའོ། །དེ་ཉིད
གསལ་བར་མ་གྱུར་ན་སྐྱོན་སྤངས་པའི་བཟླས་པ་བྱའོ། །ོཾ་བཛྲ་བ་ཏི་ག་རུ་ཌ་བེ་ག་ཏ་ཧཱུཾ་ཧཱུཾ་ཛ་ཛ་རཱ་ཛ་ཧཱུཾ་ཕཊ་ཅེས་ཉིན་གཅིག་བཞིན་སྔགས་སྟོང་ངམ་ཁྲི་བརྗོད་དོ། །ནམ་ལུས་ཀྱི་མི་ཐུབ་པར་སྐྱོ་བར་གྱུར་པའི་ཚེ་ཁ་ཟས་དཀར་པོ་བཟའ་བར་བྱ་སྟེ། ཡང
ཁྲུས་བྱས་ལ་བསྒྲུབ་པར་བྱའོ། །གུ་གུལ་གྱི་དུང་པས་བདུག་གོ་།མེ་ཏོག་དང། བདུག་པ་དང། ཡོན་ཆབ་དང། མར་མེ་དང། བཤོས་གཙང་ལ་སོགས་ཏེ། གཏོར་མའི་རྫས་ཅི་འབྱོར་པས་མཆོད་ཅིང། ཡང་དག་པར་བསྟོད་ནས་ཉལ
ན། དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་ཞིང་ལས་ཐམས་ཅད་འགྲུབ་པར་འགྱུར་ལ། མཆོག་དང་ཐུན་མོང་ཐམས་ཅད་སྦྱིན་པར་འགྱུར་རོ། །ཅི་བསྒོ་བ་དེས་བྱེད་པ་འགྱུར། གྲུབ་ནས་ཀྱང་རྟག་ཏུ་མཆོད་པར་བྱའོ། །ནམ
མཁའ་ལྡིང་གི་རྒྱལ་པོ་སྔོན་པའི་ཆོ་ག་། སློབ་དཔོན་བཱིརྱ་ཙཎྜས་མཛད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ། ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།།
དྲག་པོའི་སྟོབས་ཀྱིས་གདུལ་དཀའ་འདུལ།
CLOSE WINDOW