CLOSE WINDOW

N2489: ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནོ་པི་ཀ་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་བསྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སངས་རྒྱས་འདུས་པའི་སྐུ། ། གདུག་པ་འདུལ་མཛད་སྤྲུལ་སོགས་བརྒྱན། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །བཅོམ་ལྡན་རྡོ་རྗེ་འཛིན་པ་ཡི། །སྒྲུབ་པ་ཡི་ནི་གོ་རིམ་རྣམས། །བླ་མས་ཇི་ལྟར་གསུངས་པ་ལྟར། །མན་ངག་བརྗེད་བྱང་དུ བཀོལ་བ། །ཁྲོ་བོའི་རྒྱལ་པོ་བསྙེན་འདོད་པས། །གནས་ནི་དུར་ཁྲོད་ཤིང་གཅིག་གམ། །ཡང་ན་རྡོ་རྗེ་འཛིན་པའི་ཁྱིམ། །བཀྲ་ཤིས་ཉམས་དགའ་ཨི་གནས་ངག་ཏུ། །མ་ཎ་ཌ་ལ་སྔོན་པོ་ལེགས་བྱས་ལ། །མེ་ཏོག་ལ་སོགས་མཆོད་རྫས་དགྲཾ། །བདེ་བའི་སྟན ལ་རབ་འདུག་སྟེ། །གདོད་ལ་སོགས་པ་ཁྲུས་བྱས་ལ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །ཧཱུཾ་ཡིག་ལས་ནི་མདོག་ནག་པ། །ཁྲོ་བོའི་རྒྱལ་པོ་རབ་བསྒོམས་ཏེ། །དཔལ་བའི་ཉམས་ཀྱིས་ཡུངས་ཀར་པ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །སྔགས བཟླས་ཁྲོ་བོའི་སྤྲུལ་པ་སྤྲོ། །གདུག་པ་ཚར་བཅད་ཚུར་འདུས་པས། །རྡོ་རྗེ་གུར་དང་ར་བར་གྱུར། །དེ་ནས་རང་གི་སྙིང་གར་ནི། ། དཀར་ཞུ་བས་ཟླ་བ་ཡི། །དཀྱིལ་འཁོར་ཉ་གང་ལྟ་བུར་བསམ། །དེ་སྟེང་ཧཱུཾ་སྔོན་ཞུ་བ་ལས། །རྡོ་རྗེ་སྔོན་པོ་རྩེ་ལྔ བསམ། །དེ་ཡི་བུམ་པར་ཧཱུཾ་སྔོན་པོ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷག་པ་ལྷ་དང་བླ་མ་རྣམས། །སྤྱན་དྲངས་མདུན་གྱི་མཁའ་ལ་བཞུགས། །བསོད་ནམས་ཚོགས་ནི་བསག་པའི་ཕྱིར། །ཕྱག་འཚལ་མཆོད ཅིང་སྡིག་བཤགས་རྣམས། །བདུན་པོ་ཡོངས་སུ་དག་པ་ཡིས། །ཚིག་ཏུ་བརྗོད་དེ་ཚོགས་བསགས་བྱ། །སྤྱན་དྲངས་རྣམས་ནི་གཤེགས་སུ་གསོལ། །དེ་ནས་ཡེ་ཤེས་ཆོགས་བསགས་ཕྱིར། །ཕྱི་ནང་སྣོད་བཅུད་འོད་ཞུ་ནས། །བདག་ཉིད་ཀྱི་ནི་ཐུགས་ཀར་ཐིམ། །དེ ཉིད་འོད་ཏུ་ཧཱུཾ་ལ་འདུས། །ཧཱུཾ་ཞུ་ཟླ་ཆོས་ཐིག་ལེར་ཐིམ། །ཆོས་རྣམས་རང་བཞིན་རྣམ་དག་པའི་ངོ་བོ་ཉིད་ལས་བྱུང་བ་ཡི། །སྔགས་འདི་ཡང་དག་བརྗོད་པར་བྱ། །ོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། ཚིག་གིས་དོན་དང་བཅས་པར་བསྒོམ། །ཆུ ལས་ཆུ་བུར་རྡོལ་པའི་ཚུལ། །ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ། །རཾ་ལས་མེ་ཡི་ཁ་དོག་ལྔ། །དབུས་སུ་པཾ་ལས་པདྨ་བསམ། ། ལས་ཟླ་བའི་དཀྱིལ་འཁོར་རོ། །དེ་ཡི་སྟེང་དུ་ཧཱུཾ་སྔོན་ལས། །དེ་ཞུ་རྡོ་རྗེ་སྔོན་པོ་ནི། འོད་ཟེར་སྔོན་པོ་འཕྲོ་བར་བསམ། །དེ་ཡི་བུམ་པར ཧཱུཾ་སྔོན་བསམ། །དེ་ལས་འོད་ཟེར་ཧཱུཾ་ཕྲ་མོ། །འཕྲོས་ནས་ཕྱི་ནང་སྣོད་བཅུད་སྦྱངས། །ཚུར་འདུས་རྡོ་རྗེ་ཕྲ་མོར་གྱུར། །སྔར་གྱི་གནས་སུ་ཐིམ་ལས། །དེ་ཞུ་རྡོ་རྗེ་སྔོན་པོ་ན། །ནམ་མཁའ་ཨི་མཛའ་དང་མཉམ་པར་བསམ། །དེ་ཡི་བུམ་དཀྱིལ་ཧཱུཾ་སྔོན་ལས། དེ་ལས་འོད་བྱུང བཅུར་སྤངས་ཏེ། །ཚུར་འདུས་ཕྱག་ན་རྡོ་རྗེ་ཡི། །སྐུ་ནི་ཕྲ་མོའི་ཚུལ་དུ་འདུས། །དེ་ལས་ཕྱག་ན་རྡོ་རྗེའི་སྐུ། །མདོ་ནས་ཇི་ལྟར་གསུངས་བཞིན་བསྒོམ། །དེ་ནས་དམ་ཚིག་སེམས་དཔའ་ཨི་སྐུ། །བསྙེན་པའི་དུས་སུ་བསྒོམ་པ་ནི། །སྐུ་མདོག་ནམ་མཁའ་འོད་ཅན། །ཞལ་གཅིག ཕྱག་ཀྱང་གཉིས་པ་སྟེ། །སྤྱན་དམར་མཆེ་བ་གཙིགས་པ་ལ། །ཕྱག་གཡས་རྡོ་རྗེ་གཡོན་སྡིག་མཛུབ། །ཤིན་ཏུ་གདུག་ཅིང་ཁྲོས་པ་སྟེ། །ཀླུ་ཆེན་བརྒྱད་ཀྱིས་རྣམ་པར་བརྒྱན། །སྟོད་གཡོགས་སྔོན་པོ་ལེགས་བསྣབས་ཤིང། །ན་བཟའ་ཆོས་གོས་སྔོན་པོ འཆང། །སྨད་གཡོགས་པ་ཏི་ཁྲ་བོ་འཆང། །སྟག་གི་སྨད་གཡོགས་སེང་སྟོང་གཡེགས། །ཉི་ཟླའི་སྟེང་ན་གར་བྱེད་དགྱེས། །བདག་ཉིད་དང་ནི་སྤྲུལ་རྒྱན་གྱི། །ཁ་ནས་ཧ་ཧའི་སྦྲ་སྒྲོགས་པས། །ལོག་འདྲེན་ཚོགས་རྣམས་འཇོམས་པར་བྱེད། །དེ་ལྟར་ཁྲོ བོའི་རྒྱལ་པོར་ནི། །བདག་ཉིད་རྣམ་པར་བསམ་པར་བྱ། །བདག་ཉིད་དམ་ཚིག་སེམས་དཔའ་ཡི། །ཐུགས་ཀར་ཟླ་བ་རྡོ་རྗེ་ཧཱུཾ། །འཕྲོ་འདུས་ཡེ་ཤེས་སེམས་དཔའ་བསྒོམ། །ཐུགས་ཀར་ཉི་མ་རྡོ་རྗེ་ཧཱུཾ། །སྲན་མ་ནས་ཚད་ཡུངས་འབྲུ་ལ། །རྩ་བའི སྔགས་ཀྱིས་བསྐོར་བསམ་མོ། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཡིས། །གནས་ལྔར་གཏུག་ཅིང་ལུས་བསྲུངས་བྱ། །ན་མཀྱུའི་ཕྱག་རྒྱ་བཅས་ནས་ནི། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །འོད་ཟེར་ལྕགས་ཀྱུའི་དབྱིབས་བྱུང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །འོག་མིན་གནས་མཆོག་དམ་པ་ཡི། །ལྕང་ལོ་ཅན་ཡི་ཕོ་བྲང་ནས། །སངས་རྒྱས་ཀུན་གྱིས་རྗེས་གནང་བའི གསང་བདག་འཕགས་པ་གོས་སྔོན་ཅན། །འཁོར་བཅས་མ་ལུས་སྤྱན་འདྲེན་གྱིས། །འདིར་གཤེགས་མཆོད་པ་དམ་པར་བཞེས། །ོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ས་མ་ཡ་མཎྜལ་མ་དྷ་ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཏིཥྛ་ཡ་ཏིཥྛ ཡ། ཨ་བ་ལོ་ཀཱ་ཡ་ཧཱུཾ་ཛདྱེ་ཧཱུཾ། བཛྲ་གཱི་ཏི། ག་ཏ་ག་ཏ་ཧཱུཾ་སྭཱ་ཧཱ། སྔགས་དང་ཚིགས་བཅད་རབ་བརྗོད་པས། །དངོས་སམ་ཡིད་ཀྱིས་མཆོད་པ་དབུལ། །དེ་ནས་བསྟོང་དང་ཕྲིན་ལས་བཅོལ། །མདུན་དུ་རྟ་ཡི་གཏོར་མ་ལ། ། ལཱ་བནདྷ་གཞལ་ཡས་ཁང། །ཐུན་མོང་གདན དང་མ་ཡིན་ཏེ། །ཧཱུཾ་ཡིག་ལས་ནི་མདོག་གནག་པ། །ལས་ཀྱི་སེམས་དཔར་བསྐྱེད་པར་བྱ། །རི་རབ་ཆེན་པོའི་ལྷོ་ཤར་ནས། །ལྕང་ལོ་ཅན་གྱི་སྐུལ་ཚིག་དང། །སྔགས་དང་ཕྱག་རྒྱས་སྤྱན་དྲངས་བསྟིམ། །མཆོད་དང་སྡིག་བཤགས་ལ་སོགས བྱ། །ཛབ་ཨཱཏྨ་ཀོ་ཧཾ། སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །མི་བསྐྱོད་སངས་རྒྱས་བྱེ་སྙེད་རྣམས། །སྤྱན་དྲངས་མཆོད་དང་སྡིགས་བཤགས་ཏེ། །རྗེས་སུ་གནང་བ་གསུམ་ལྡན་གྱིས། །དབང་བསྐུར་བྱིན་བརླབས་གཉིས མེད་ཐམ། །ོཾ་ཤྲཱི་བཛྲ་བཱ་ཎི་ཧཱུཾ་མཧཱ་ཙཎྜ་སརྦ་དུཥྚན་སརྦ་བུདྡྷ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཧཱུཾ། ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཐུགས་ཀའི་ཏིང་འཛིན་སེམས་དཔའ་ལ། །གཏད་དེ་སྔགས་ཀྱི་ཕྲེང་བས་བསྐོར། ། བདག་དང་ལས་ཀྱི་སེམས་དཔའ་ལ། །སྤྲོ་དང་བསྡུ་བའི་རིམ་པ་རྣམས། །ཇི་ལྟ་བར་ནི་གསལ་བར་བསྒོམ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །གསང་སྔགས་སྐྱོན་སྤངས་བཟླས་པར་བྱ། །བསྙེན་དུས་ལྷ ལ་གཏད་དེ་བཟླས། །སྒྲུབ་པའི་དུས་སུ་སྔགས་ལ་གཏད། །བཟླས་དུས་གཟས་བ་པོ་རྣམས་ལ། །གཏད་དེ་སྔགས་ཀྱི་འཕྲོ་འདུ་བྱ། །དེ་ནས་བདག་དང་རྒྱན་ཆ་ཡིས། །སྦྲུལ་གྱི་ཁ་ནས་སྔགས་བཟླས་པས། །མེ་ཡི ཚུབ་མ་དམར་ནག་དང། །ཁྲོ་བོ་གྲངས་མེད་འཕྲོས་པ་ལས། །དེ་ཡིས་དེ་དག་བསྲེངས་ནས་ཀྱང། །ལྷག་མ་ལས་པར་གྱུར་པ་རྣམས། །སྦོགས་པ་ཡི་ནི་སྒྱོར་བས་བསྲེད། །དེ་ལྟར་བྱས་ནས་བསྒོམ་ཞིང་བཟླས། །དེ ནས་དང་པོའི་ཐུན་ཐོན་ནས། །སྐྱོ་འམ་དུབ་ན་མཆོད་བྱས་ཏེ། །གཏོར་མ་བྱིན་གྱིས་བརླབས་དེ་དབུལ། །བསྟོད་དང་ཕྲིན་ལས་བཅོལ་བར་བྱ། །ཇི་ལྟར་ཉེ་བར་མ་གྱུར་བར། །ཡེ་ཤེས་སེམས་དཔའ་གཤེགས་མི་གསོལ། མཆོད་རྟེན་སྔོན་པོ་དག་ལའོ། །ཐུན་ནི་གཉིས་དང་གསུམ་པ་ལ། །ཡེ་ཤེས་སེམས་དཔའ་མཆོད་པ་དང། །ཐུན་ནི་ཐ་མ་བསྒོམ་པའི་ཚེ། །དང་པོའི་ཐུན་ནི་མཐུན་པར་གསུངས། །ཡི་གེ་བརྒྱ་པས་བརྟན་པར་བྱ། །དེ་ནས ལྔར་བའི་དུས་དག་ཏུ། །རིག་སྔགས་ལས་ཀྱི་ལྷ་ལ་གཏད། །དེ་ལྟར་མ་ནོར་བསྒོམ་བྱས་ན། །དངོས་གྲུབ་དམ་པ་ཅི་འདོད་པ། །གང་ལ་དམིགས་དེ་འགྲུབ་པར་འགྱུར། །བསྙེན་རྫོགས་མཚན་མ་བཟང་བ་དང། །ཡེ་ཤེས སེམས་དཔའ་གཤེགས་མི་གསོལ། །གཤེགས་ན་དངོས་གྲུབ་ཡལ་འགྱུར་བས། །ལྷ་ནི་རྒྱུན་དུ་འཁོར་བ་ཡི། །མན་ངག་ཞལ་ལས་ཤེས་པར་བྱ། །གཏོར་མ་བཀའ་ལས་ཕབ་ནས་ནི། །གཏའ་ཡི་བདག་པོ་མཆོད་བྱས་ནས། །གཏའ གཏོར་བསྐུལ་ཚིག་བཅས་ལ་གཏང། །བསྒྲུབ་བྱའི་ཕྱོགས་སུ་དམར་ལ་མ་བརྟན། །གཏའ་ཡི་བདག་པོ་གཤེགས་སུ་གསོལ། །ལས་ཀྱི་སེམས་དཔའ་བདག་ལ་བསྡུ། །ཧཱུཾ་ཧཱུཾ་ཞེས་བསྡུ་མི་དམིགས་བསྒོམ། ། སྐད་ཅིག་མ་ཡིན་ང་རྒྱལ་གྱིས། །སྤྱོད་ལམ་ཅི་བདེར་གནས་པར་བྱ། །བསྙེན་རྫོགས་མཚན་མ་བཟང་གྱུར་ནས། །དྲག་པོ་ལས་ལ་སྦྱར་བྱས་ཏེ། །མཆོད་རྟེན སྔོན་པོ་སྐུ་གདུང་ལྡན། །མེ་ཏོག་སྔོན་པོ་དྲིར་བསྙུགས་ཀྱིས། །ཉི་ཤུ་རྩ་གཅིག་ཏུ་མཆོད་ཅིང། །བདག་ཉིད་གོས་སྔོན་ཆས་གོན་ལ། །རཀྵ་རུས་པའི་ཕྲེང་བ་བགྲང། །སྔགས་ནི་བརྒྱ་དང་བརྒྱ་ལྔ་བཅུས། །ཐུན བདུན་གྱི་ནི་རྣལ་འབྱོར་བྱ། །རྡོ་རྗེ་འམ་སེང་ལྡེང་ཕུར་བ་ལ། །གཟུགས་སྔགས་སྟོང་རྩ་བརྒྱད་བཟླས་ཏེ། །བསམ་གཏན་རྡོ་རྗེ་ཐོགས་པ་ཡི། །དྲག་སྔགས་ལྔ་བཅུ་རྩ་གཅིག་བཟླས། །གཟས་པ་པོ་ལས་བསྣུན་གྱུར་ན། ། དེས་ནི་ལས་རྣམས་ཐམས་ཅད་འགྲུབ། །བདག་གིས་འདི་བྱས་དགེ་བ་ཡིས། །བློ་ཆུང་རྣམས་ཀྱིས་དོན་རྟོགས་ཏེ། །འབད་པས་ཚོགས་གཉིས་བསགས་ནས་ནི། །ཕྱག་ན་རྡོ་རྗེ་ཐོབ་པར་ཤོག་།ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་མན་ངག་། སློབ་དཔོན་སུ་བཱ་གཱི་ཤྭ་ར་ཀཱིརྟིས་གཟུངས་ཀྱི་འགྲེལ་པ་ལྟར་མཛད་པ་འགྲེལ་པ་ལས་གཟུངས་སྒྲུབ་ཐབས་སུ་མཛད་པ་རྫོགས་སོ། ། །།རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང། ལོ་ཙ་བ་རྒྱ་བརྩོན འགྲུས་སེང་གེས་བསྒྱུར་པའོ། ། །།རྒྱ་གར་སྐད་དུ། །།ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། ཕྱག་ན རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ།

CLOSE WINDOW