CLOSE WINDOW

N2433: སྤྱན་རས་གཟིགས་དྲི་མ་འཇིག་པའི་བུམ་པའི་ཆོ་ག
Wyliee-texts based on the ACIP/ALL Input

།གང་དག་རྣམ་པར་མི་གཡེང་བས། །ཐུན་གསུམ་དུ་ནི་རྟག་ཏུ་དྲན། །སྙིང་རྗེ་ཆེན་པོས་ཀུན་སྤྱོད་པ། །ཁ་ན་མ་ཐོ་མེ་འགྲུབ་རྒྱུ། །པདམོའི་སྡོང་བུ་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།། དཔལ་ཐུགས་རྗེ་ཆེན་པོ་དྲི་མ་འཇིག་པ ལ་ཕྱག་འཚལ་ལོ། །ཡང་འདིར་བཤད་པར་བྱ་བའི་དུས། །སྔ་དྲོ་འདབ་ཆགས་སྒྲ་སྒྲོག་ཚེ། །དཔལ་ལྡན་པོ་ཏ་ལ་རྒྱལ་བ། །དད་པ་དྲག་པོས་དམིགས་ནས་ནི། །མེ་ཏོག་དམར་པོ་དྲི་དང་བཟང་པོ་བསུང་བ་ཇི་སྙེད་ཚོགས་བ་བཏུས་ལ། གསེར་གྱི་སྣོད་དམ ཁམས་སའི་སྣོད་ཡོལ་མོར་སྤུངས་ཏེ། །ཟངས་སམ་མཚལ་གྱིས་བྱུགས་པའི་བུམ་པ་རྒྱན་དང་བཅས་པ་ལྔ་ཚན་ལྔས་གདབ་དཀར་པོའི་ཆུ་དང་སྦྱར་བས་ཡོག་པ་ལྷག་མའི་རྒྱུན་མཆུ་བཏེག་ནས་འབབ་པ་སྟེང་དུ་གཞག་པར་བྱའོ། །ལྡོང་རོས དང་གླ་རྩི་དང་ག་བུར་ལ་སོགས་པ་དྲི་དམ་པས་བྱུགས་པའི་སྐུ་གཙུག་ཏོར་དུ་བཞུགས་སོ། །ཤར་དང་ལྷོ་དང་ནུབ་བྱང་རིམ། །མེ་ལོང་དབྱུག་པ་རྔ་ཡབ་རྒྱན། །བཏགས་ལ་ཐུན་མཚམས་ཕྲིན་ལས་དབུལ། །ཐལ་སྦྱར་མི་གཡེང་གུས་བསྟོད་མཆོད། །དེ་ནས་ གཏོར་མ་དང་མཆོད་པའི་ཁྱད་པར་རྣམ་པ་ཐམས་ཅད་ཀྱིས་རྒྱ་ཆེར་ཕུང་དུང་དུ་བྱས་ཏེ། སྙན་པའི་དབྱངས་དང་ལྷན་ཅིག་བའི་རོལ་མོ་ཕུལ་ལ་བསྟོད་ནས། ལག་པ་རྡོ་རྗེའི་ཁུ་ཚུར་བཅངས་པས་རྡོ་རྗེ་བྱིན་གྱིས་བརླག་ཅིང། རྡོ་རྗེ་དང་པདྨ་མཚོན་པའི་པི ཝང་བསྒྲེང་ཞིང་སྙན་པའི་ང་རོ་གསང་བསྟོད་པས་སྔགས་ནི་བཟླའོ། །ོཾ་ཨ་ཨཻ་ཨཽ་ཨེ་ཨོ་ཨཾ་ཧྲིཆད། །རྒྱ་མཚོ་ལ་ནི་ཆར་རྒྱུན་བཞིན། །བདག་ཉིད་དྲི་མ་འཇིག་པ་ཡི། །སྤྱན་རས་གཟིགས་ཀྱི་ང་རྒྱལ་གྱིས། །ཡེ་ཤེས་བསྟིམས་པའི་རྗེས་ལ་བུམ་པ་སྟེང་གི་ལྷ་བདག་ཉིད་ཇི་བཞིན་དུ་སྐྱེད་དེ། བདག་དང་དེའི་སྲིན་ལག་ནས་འབབ་པར་རིག་པར བྱའོ། །དངོས་སམ་ཉམས་སམ་རྨི་ལམ་ན། །ལྷ་མཐོང་བ་དང་ལུས་བཀྲུས་དང། །བུམ་ནང་པི་ཝང་སྒྲ་སྒྲོག་པ། །གྲུབ་པའི་ལྟས་ཡིན་དེ་ནས་སྤྱད། སྤྱན་རས་གཟིགས་དྲི་མ་འཇིག་པའི་བུམ་པའི་ཆོ་ག་རྫོགས་སོ།། །།འཕགས་པ་ཐུགས་རྗེ ཆེན་པོ་ཀུན་ནས་འབར་བའི་མཚན་མ་ཅན་ལ་ཕྱག་འཚལ་ལོ།

CLOSE WINDOW