Wylie | e-texts based on the ACIP/ALL ![]() ![]() |
། །།རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཱཾ་བིདྷཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཀྱི་ཆོ་ག། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་དང་པོར་གདོད་བཀྲུ་བ་ལ་སོགས
པ་བྱས་ལ། །བསམ་གཏན་གྱི་ཁང་པ་དྲི་དང་བྱུག་པ་ལ་སོགས་པས་བྱུགས་ལ། །སྟན་འཇམ་པོ་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། །བདག་དང་གཞན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱས་ལ
་ཨོཾ་སྭ་བྷཱ་བ་ཤུདྡྷཱདང་པའི་ཤེལ་སྒོད་ལྟ་བུར་དྲི་མ་མེད་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་ནམ་མཁའ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧལས་ཤེས་རབ་ཀྱི་རལ་གྲི་བསམས་ཏེ། །དེ་ཡོངས་སུ་གྱུར་པ་ལས་འཇམ་པའི་རྡོ་རྗེར་བདག་ཉིད་བསམ་པར་བྱ་སྟེ། །ཞལ་གཅིག་ཕྱག་གཉིས་པ། །སྟོན་ཟླ་བྱེ་བ་དང་འདྲ་བར་སྣང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ
གཏན་གྱིས་འཛུམ་པའི་སྤྱན་ཅན། །པདྨ་དང་སླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པ། །ཕྱག་གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་འཕྱར་བ། །གཡོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཐུགས་ཀར་འཛིན་པ་ཞལ་ཅུང་ཟད་བཞད་པ།
དེའི་ཐུགས་ཀའི་ནམ་མཁའ་ལ་ཨ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ། །དེའི་སྟེང་དུ་དེའི་ས་བོན་གྱུར་པ་ལས་ཟླ་བ་དེ་ལ་བླ་མའི་མན་ངག་གི་ཡི་གེ་ལྔ་བསམ་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། དེ་ལ་ཨ་ཡོངས་སུ
གྱུར་པ་ལས། །བཅོམ་ལྡན་འདས་མཉྫུ་ཤྲཱི་སྐུ་མདོག་དང་དབྱིབས་སྔར་བཤད་པ་ལྟ་བུ། ར་ལས་དྲ་བ་ཅན་གྱི་འོད། པ་ལས་ཟླ་འོད། ཙ་ལས་སྐྲ་ཅན། ན་ལས་ཉེ་སྐྲ་ཅན། ཐམས་ཅད་ཀྱང་བཅོམ་ལྡན་འདས་དང་འདྲ་བར་བསམ་པར་བྱའོ།
དེ་ནས་ལྷ་ལྔ་པོ་དེ་དག་ལས་ཡི་གེ་ལྔ་འབར་བའི་འོད་ཀྱི་ཚོགས་འཕྲོ་བའི་རང་བཞིན་དུ་བསམས་ལ། །རང་གི་སྙིང་གི་མི་ཤེས་པ་སྦྱང་བར་བྱ་ཞིང་སེམས་ཀྱི་རྒྱུད་དྲི་མ་མེད་པར་བྱའོ། །དེ་ནས་སྐད་ཅིག་གིས་འཁོར་ལོ་གཡས་སུ་འཁོར་བར
བསམས་ཞིང། །ལྷ་རྣམས་མི་གཡོ་བར་བསམས་ལ་གཏི་མུག་གི་མུན་པ་བཟློག་པར་བྱ་བའི་ཕྱིར། འཁོར་ལོ་དང་དེ་བཞིན་དུ་ཟླ་བའི་དཀྱིལ་འཁོར་ལས་འོད་ཀྱི་ཚོགས་མང་པོ་འབྱུང་ལ། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི
མི་ཤེས་པའི་སྒྲིབ་པ་སྦྱངས་ལ། །རྒྱུད་དྲི་མ་མེད་པར་བྱས་ཏེ། །སླར་འོངས་ནས་དེ་ཉིད་དུ་ཞུ་བར་གྱུར་པར་བསམ་པར་བྱའོ། །དེ་ནས་བསྒོམ་པ་ལ་སེམས་བརྟན་ཞིང། །བླ་མའི་མན་ངག་གི་སྤྲོ་བ་དང་བསྡུ་བའི་སྦྱོར་བས་བཟླས་བ
བྱ་སྟེ། ། ར་པ་ཙ་ན་དྷྲཱི?དུ་བཟླས་པར་བྱེད་ཅིང་བསྒོམས་ལ་དང་པའི་སེམས་དང་ལྡན་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་འཐོབ་པར་འགྱུར་རོ། །དེ་ལྟར་དུས་གསུམ་དུ་རྣལ་འབྱོར་བྱས་ན་རིང་པོ་མི་ཐོགས་པར་བློ་མཆོག་ཏུ་འགྱུར་རོ།།
་ར་པ་ཙ་ནའི་སྒྲུབ་ཐབས་ཀྱི་ཆོ་ག་། སློབ་དཔོན་ཤྲདྡྷ་ཀ་ར་ཝ་རྨམས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། བཅོམ་ལྡན་འདས་འཇམ་
པའི་དབྱངས་ལ་ཕྱག་འཚལ་ལོ།
CLOSE WINDOW