CLOSE WINDOW

N2329: འཕགས་པ་ངག་གི་དབང་ཕྱུག་ལ་བསྟོད་པ
Wyliee-texts based on the ACIP/ALL Input

ཨཱརྱ་བཱ་གཱི་ཤྭ་ར་སྟོ་ཏྲ། བོད་སྐད་དུ། འཕགས་པ་ངག་གི་དབང་ཕྱུག་ལ་བསྟོད་པ། །འཕགས་པ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གཞོན་ནུ་ཡིད་འོང་མཛེས་པའི་ཆ་ལུགས་ཅན། །ཉོན་མོངས་རྣམ་དག་པུཎྜ་རཱི་ཀའི་མདོག་།ཟླ བ་ཕྱེ་བའི་མདོག་ཅན་མཚུངས་མེད་སྐུ། །འཇམ་དབྱངས་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ངག་གི་ཉེས་སྤངས་ཀ་ལ་པིངྒའི་གསུང། །སྟོང་ཉིད་ཟབ་མོའི་སྒྲ་ནི་བསྒྲགས་པ་ཡིས། །འགྲོ་ཀུན་མ་རིག་གཉིད་ལས་སད་མཛད་པ། །འཇམ་དབྱངས་དག པའི་གསུང་ལ་ཕྱག་འཚལ་ལོ། །གཉིས་མེད་བདེ་ཆེན་མཛའ་དང་བྲལ་བའི་ཐུགས། །མཁའ་ལྟར་ཚད་མེད་འགྲོ་བ་ཀུན་ལ་གཟིགས། །སྒྱུ་མའི་ཚུལ་གྱིས་འགྲོ་དོན་རྫོགས་མཛད་པ། །འཇམ་དབྱངས་སྤྲོས་དྲལ་ཐུགས་ལ་ཕྱག་འཚལ་ལོ། །མི་རྟོག་ཡེ ཤེས་དོན་གྱི་འཁོར་ལོ་དང། །དམིགས་མེད་ཐུགས་རྗེ་དྲ་བས་འབྲེལ་བ་ཡིས། །སྲིད་གསུམ་འཁོར་བའི་དྲ་བ་གཅོད་མཛད་པའི། །མགོན་པོ་དྲ་བ་ཅན་ལ་ཕྱག་འཚལ་ལོ། །ཤེས་རབ་མིག་གིས་འགྲོ་བ་ཀུན་ལ་གཟིགས། །འོད་གསལ་དྲི་མེད ཤེས་རབ་ཟླ་འོད་ཀྱིས། །མ་རིག་མུན་ནག་ཐིབས་པོ་སེལ་མཛད་པའི། །མགོན་པོ་ཟླ་འོད་དེ་ལ་ཕྱག་འཚལ་ལོ། །བདེ་ཆེན་དོན་མཚོན་ཤེས་རབ་མ་ཡི་གཟུགས། །འགྲོ་ལ་ཆགས་པའི་སྤྱན་ནི་ཟུར་གྱིས་ལྟ། །བདག་མེད་སེང་གེའི་སྒྲ་ཆེན་སྒྲོགས མཛད་པའི། །ལྷ་མོ་སྐྲ་ཅན་མ་ལ་ཕྱག་འཚལ་ལོ། །གཟུགས་དང་ལང་ཚོས་རྣམ་སྒེག་བུད་མེད་ཚུལ། །ཐབས་དང་ཤེས་རབ་ཡོངས་རྫོགས་ནུ་མ་རྒྱས། །གཞན་དོན་མཛད་ལ་ཉེ་བའི་དགོངས་པ་ཅན། །ཉེ་བའི་སྒྲ་ཅན་མ་ལ་ཕྱག་འཚལ་ལོ། ། ཀྱེ་མ་མགོན་པོ་འཇམ་པའི་དབྱངས། །མི་དགེའི་སེམས་ལས་བཟློག་ཏུ་གསོལ། །རྨི་ལམ་དཱུང་སྡིག་པའི་སེམས། །ཕྱིན་ཆད་འབྱུང་བར་མ་གྱུར་ཅིག། བདག་ནི་ཚེ་རབས་ཐམས་ཅད་དུ། །འཇམ་དབྱངས་ཁྱོད་ལ་རྩེ་གཅིག གིས། །བསམ་པ་གུས་པས་གསོལ་འདེབས་ཤིང། །རྟག་ཏུ་སྒྲུབ་པས་མཉེས་བྱེད་ཤོག། ཁྱེད་མ་འཇམ་དབྱངས་སྙིང་རྗེ་ཅན། །དུས་གསུམ་གཤེགས་པའི་ལམ་ཆེན་ནས། །བྱང་ཆུབ་སེམས་ཀྱི་ཤིང་རྟ་དག། འདྲེན་པའི་བཤེས གཉེན་ཁྱོད་ཀྱིས་མཛོད། །འཕགས་པ་དག་གི་དབང་ཕྱག་གཙོ་འཁོར་ལྔ་པའི་བསྟོད་པ། པཎྜི་ཏ་ཐིག་ལེ་བུམ་སྤོན་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ན་པ་ཀུ་ཀུ་མོསྟ་པ། བོད་སྐད་དུ། གུར་གུམ་གཞོན་ནུ་ལྟ བུའི་བསྟོད་པ།

CLOSE WINDOW